༄༅། །ལྷོ་ཁའི་དམངས་ཁྲོད་གླུ་གཞས་ལས་མཛའ་གཞས་ཀྱི་སྐོར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-27
ཀློག་གྲངས།:
༡
ཆུང་འདྲིས་ཧ་ལོའི་མེ་ཏོག
ཆོས་ཅིག་གནང་བར་ཕེབས་ན།
དམན་ཆུང་བུ་མོ་ང་ཡང་།
ཆོས་ལ་ཁྲིད་རོགས་གནང་དང་།
ཀ་ཅིའི་རས་གོས་མཐོང་དུས།
ལྷ་ཆོས་བྱས་ན་བསམས་བྱུང་།
ཡིད་འཕྲོག་ལྷ་མོ་མཐོང་དུས།
འཇིག་རྟེན་བྱས་ན་བསམས་བྱུང་།
ཆུང་འདྲིས་བྱམས་པའི་བཞུགས་ས།
བྲག་རི་དངུལ་དཀར་མེ་ལོང་།
སེམས་པ་བཏང་ན་མ་གཏོགས།
ལུས་པོ་ཐར་ས་མ་རེད།
འདི་ནས་ལྷ་ས་གཞུང་ལ།
སྨྱུག་མས་སྙོབ་རོགས་བྱས་ན།
བུ་མོའི་སེམས་ཀྱི་སྐད་ཆ།
སྨྱུག་མའི་ནང་ལ་དྲངས་ཆོག
སྒོ་དང་སྒེའུ་ཁུང་གཉིས་ལ།
ཡབ་ཡུམ་དམ་བཅའ་གནང་ས།
ཆུང་འདྲིས་རིག་པ་ཡོད་ན།
ཨ་ཤིང་ཁབ་ཀྱིས་ཕྱེ་དང་།
བྱམས་པས་བྱིའུ་ལ་བརྫུས་ནས།
གོང་ལའི་འོག་ལ་ཕེབས་དང་།
དེ་དུས་བུ་མོ་ང་རས།
འོས་ལ་འོས་འཚམ་ཞུས་ཆོག
གང་ཟག་རྣ་བ་ཉོན་དང་།
གཅུས་ཙིས་སྙིང་གཏམ་བཤད་ཡོང་།
དུ་བ་འཇའ་མཚོན་སྣ་ལྔ།
འཁོར་བར་འཁྱམ་དུ་མ་འཇུག
༢
དེ་རིང་མཇལ་བའི་དགའ་ཚོར།
སང་ཞོག་བྲལ་བའི་སྡུག་བསྔལ།
མཇལ་བའི་དགའ་ཚོར་ལས་ནི།
བྲལ་བའི་སྡུག་བསྔལ་ཆེ་བ།
གསེར་སྲང་བརྒྱ་ལ་བརྡུངས་པའི།
ཚིགས་ཁེབས་གཡུ་ཡི་ཕྲ་རྒྱན།
གོན་འདོད་བློ་ལ་ཡོད་ནའི།
ལས་འགྲོའི་ཚིག་གིས་བཀག་སོང་།
དཀར་ཚད་ལུས་ཚད་ལྡན་པ།
སྙིང་སྡུག་མཛེས་ལྡན་ལྷ་མོ།
ཕྲ་སྦོམ་སྐྱེ་གཟུགས་སྙོམས་པ།
སྟེང་ཕྱོགས་ལྷ་ཡི་སྲས་མོ།
ཤར་སྒོ་བྱེ་མས་བཀག་ནའི།
ནུབ་སྒོ་རླུང་གིས་ཕྱེ་ཡོང་།
ལས་འགྲོས་སྐོར་བ་བསྐོར་ནས།
ག་རུ་མཇལ་མིན་མི་ཤེས།
ཟོན་པ་གཙང་ཟོན་སྒང་ལ།
རྡོག་ལེན་གཏོང་འཕྲོ་ལུས་སོང་།
ང་དང་ཆུང་འདྲིས་བྱམས་པ།
སྙིང་གཏམ་ཤོད་འཕྲོ་ལུས་སོང་།
༣
ཤར་ཕྱོགས་རི་མགོ་མཐོ་ནའི།
ཉི་ཟླ་བཀག་པས་མི་ཐུབ།
ཡབ་ཡུམ་བཀའ་དབང་བཙན་ནའི།
ལས་འགྲོ་བཀག་པས་མི་ཐུབ།
རི་མགོ་མཐོ་བར་མ་བལྟས།
རི་ཆས་ཡག་པར་བལྟས་ཡོད།
བུ་མོ་མཛེས་པར་མ་བལྟས།
སེམས་པ་དྲང་བར་བལྟས་ཡོད།
བསྒོམས་པའི་བླ་མའི་ཞལ་རས།
ཡིད་ལ་འཁོར་རྒྱུ་མི་འདུག
མ་བསྒོམས་བྱམས་པའི་ཞལ་རས།
ཡང་སེ་ཡང་སེ་འཁོར་བྱུང་།
ཁྱེད་ཞལ་བཅོ་ལྔའི་ཟླ་བ།
ང་ལ་ཤར་འདོད་ཡོད་ན།
བྲལ་མེད་ཉ་ཆུའི་བརྩེ་དུང་།
བུ་མོ་ང་རས་ཞུས་ཆོག
སེམས་གཉིས་ལྕགས་ཀྱི་ཨ་ལོང་།
ནད་མེད་གཅོང་ལ་ཚུད་སོང་།
སྨན་པ་བརྒྱ་ཡིས་མི་ཕན།
ཆུང་འདྲིས་བྱམས་པ་ཁྲིད་ཤོག
སེམས་པས་ལུས་པོ་མ་བཞག
སྒོ་མཆོར་འོག་ལ་ཕྱིན་པས།
སྔར་སོང་གཤིབ་པའི་ཆུང་འདྲིས།
སྒོ་མཆོར་འོག་ནས་མཇལ་བྱུང་།
བུ་མོས་འགྱུར་བ་མེད་པའི།
དམ་བཅའ་ཞོག་གི་ཡོད་ན།
སེང་གེའི་གཡུ་རལ་བཀོག་ནས།
བུ་མོའི་རྒྱན་ཆར་བསྒྲོན་ཆོག
༤
བསམ་བློ་སེམས་ཀྱི་གཏིང་ལ།
ཞོག་པ་གནང་རེས་བྱུང་ན།
ལོ་དང་ཟླ་བ་སོང་ནའི།
ཞལ་འཛོམས་ཡོང་བ་ཞུས་ཆོག
ཁྱེད་ལ་ག་རེ་དགོས་ནའི།
འདི་དགོས་དེ་དགོས་གསུངས་དང་།
ཆུ་ལ་ཤེལ་སྒོ་བཙུགས་ནས།
ཉ་མོ་དགོས་ནའི་ཕུལ་ཆོག
ཙ་རིའི་གནས་ཀྱི་ནང་ལ།
ཆོས་གྲོགས་ཚེ་རིང་སྒྲོལ་མ།
བྱུང་ན་ལག་པ་ཐོངས་དང་།
མ་བྱུང་ཕྱི་ལྟས་སློགས་དང་།
ཆུང་འདྲིས་བྱམས་པའི་དོན་ལ།
མ་བྱས་འགྱོད་དགོས་མེད་དེ།
ཉིན་མོ་ར་ལུག་འཚོ་འཚོ།
མཚན་མོ་བླ་མ་སྒོམ་སྒོམ།
ཆུང་ཆུང་ཆུང་ནས་གཤིབས་པའི།
ཆུང་འདྲིས་སྒོག་པ་དཀར་པོ།
ཕ་མས་སྒོག་པགས་བཤུས་ནའི།
ང་གཉིས་བྲལ་ཤེས་མི་འདུག
༥
ཆུ་ལ་ཆར་པའི་སྐྱོ་རོགས།
བྲག་ལ་འུག་པའི་སྐྱོ་རོགས།
ང་ལ་ལུང་ཆུང་འདི་རུ།
སྐྱོ་རོགས་མེད་པས་ལན་སོང་།
ཚིག་ཁེབས་གཡུ་ཕྲ་བསྐོངས་ན།
ད་ལྟ་བསྐོངས་རན་འདུག་སྟེ།
ཨ་མའི་གཡུ་ཆུང་གྲོ་དཀར།
ཡུན་རིང་སྡོད་རྩིས་མེད་དོ།
བྲག་ལ་འཛེགས་རྒྱུ་ཡིན་ཏོ།
བྲག་ལམ་གཡར་པོ་གནང་དང་།
བློ་གཏད་བཅོལ་རྒྱུ་ཡིན་ཏོ།
བྱམས་སྐྱོང་གནང་རོགས་གནང་དང་།
ཁྱེད་རང་ག་རེ་བསམས་པ།
ང་ལ་ཤོད་རོགས་གནང་དང་།
ང་ནི་བླ་མ་དཀོན་མཆོག
ཁྱེད་རང་བསམས་ནས་བསྡད་ཡོད།
ཨ་ཙི་བཀའ་བཀྱོན་མ་གནང་།
སྙིང་སྙིང་མེ་ཏོག་ལྷ་མཛེས།
བྱང་ཐང་ཐབ་རྡོ་གསུམ་ལ།
མཐོ་དམན་ག་རེ་ཡོག་རས།
༦
ཆུང་འདྲིས་བྱམས་པས་བསྐུར་བའི།
ཡིག་ཆུང་ཨ་ཀྱོག་པ་ཀྱོག
ང་རས་ཀློག་ནི་མི་ཤེས།
མི་ལ་བསྟན་ཡང་མ་ནུས།
ཆུང་འདྲིས་ང་གཉིས་ལས་དེ།
རྫ་མ་རོང་གི་རྫ་ཆུ།
ཤང་ཤང་རྣ་བས་ཐོས་ནའི།
མཇལ་ཕྲད་གསེར་ལས་དཀོན་པ།
དབུ་ཞྭ་རྒྱ་སེའི་འོག་གི།
སྤྱན་མིག་ཀྲི་ཀ་ཤིག་ཤིག
གཟིགས་ནི་ང་ལ་གཟིགས་ཀྱིས།
གཏན་དུ་གཟིགས་རོགས་གནང་དང་།
༧
ལོ་མང་བསྒུགས་པའི་སྙིང་གཏམ།
ཉི་མ་དེ་རིང་བཤད་བྱུང་།
ནམ་མཁའི་བླ་མ་དཀོན་མཆོག
གཉིད་ལམ་མིན་པ་ཤོག་ཅིག
ཁུ་བྱུག་མོན་ནས་སླེབས་སོང་།
འབྱུང་བ་དྲོ་རུ་ཕྱིན་སོང་།
ཆུང་འདྲིས་བྱམས་པ་ཕེབས་བྱུང་།
ལུས་སེམས་བདེ་རུ་ཕྱིན་སོང་།
ཁ་མེད་ལན་སྐྱེལ་བཏང་ཡོད།
ལག་ལ་སོན་པ་ཨེ་བྱུང་།
རྐང་མེད་བང་ཆེན་བཏང་ཡོད།
གཉིད་ལམ་བཏང་བ་ཨེ་བྱུང་།
ང་ཡི་ཆུང་འདྲིས་བྱམས་པ།
སེར་བྱ་ངང་པའི་རྒྱུད་རེད།
ལྟོ་ལ་འདམ་ལས་མེད་ནའི།
མཉམ་ཟ་མཉམ་འཐུང་བྱས་ཡོད།
ཤིང་བཟང་སྦྱག་པའི་རྩེ་ཡི།
བྱིའུ་ཆུང་སྐལ་བཟང་ཆོས་སྒྲོན།
བྱ་བ་མཐའ་ལ་ཐུག་ནའི།
སྙིང་གཏམ་མི་ལ་མ་ཤོད།
༨
སརྦ་ཏ་ཐ་ག་ཏ།
བུ་མོའི་ལུས་ལ་འཁོར་བྱུང་།
རྡོ་རྗེ་དྲིལ་བུ་བཙོངས་ནས།
སྐྱེ་གོས་འཐག་རོགས་གནང་དང་།
སྐྲ་ལོ་སྐྲ་ལོ་ཡིན་ཟེར།
ང་ལ་ངོམས་རྒྱུ་མེད་དའི།
བློ་རྒྱུ་འདོམ་པར་འཇལ་འཇལ།
ང་ལ་འཇལ་རྒྱུ་ཡོད་དོ།
ཆུང་འདྲིས་ལ་མོ་བརྒྱབ་པའི།
སེམས་སྡུག་དེ་ལ་བསམས་ན།
སྤགས་ཁུར་མར་ཁུ་བླུགས་ནའི།
བྲོ་བ་ཡོང་ས་མ་རེད།
གྲོ་མོ་རིན་ཆེན་སྒང་ལ།
ཕེབས་མཁན་མི་ཅིག་བྱུང་ན།
ཆེན་པོའི་ལག་བཏགས་མེད་ནའི།
སེམས་པའི་ཡིག་ཆུང་བསྐུར་ཆོག
ང་རང་ལུང་པའི་ཕུ་རེད།
ཁྱེད་རང་ལུང་པའི་མདའ་རེད།
སེམས་པ་ཆུ་ལ་བསྐུར་ཡོད།
ཆུ་ཕུད་བཞེས་རོགས་གནང་དང་།
དང་པོ་མ་མཐོང་ཆོག་ག
སེམས་པ་ཤོར་དོན་མི་འདུག
གཉིས་པ་མ་འདྲིས་ཆོག་ག
སེམས་གཅོང་གཞུག་དོན་མི་འདུག
༩
བསམ་ཡས་བྱ་ཕོ་དཀར་པོ།
བྱ་སྐད་སྔ་པོ་མ་རྒྱག
ང་དང་འོད་ཟེར་སྒྲོལ་མ།
སྙིང་གཏམ་ཤོད་རྒྱུ་བསྡད་ཡོད།
ཁྱེད་སེམས་ང་ལ་གནང་དང་།
ང་སེམས་ཁྱེད་ལ་ཕུལ་ཆོག
ཕུབ་མའི་འོག་གི་ཆུ་དོང་།
མིན་པ་ཁྱེད་ཀྱིས་གནང་དང་།
སོར་གདུབ་ཕྲ་ཡིས་ཁེངས་སོང་།
གཡུ་ཡི་ལྗགས་གོང་བསྐྱོན་དང་།
བུ་མོ་འགྲོ་དགོས་ཐུག་སོང་།
ཚིག་གི་རྡོག་རྩ་གཡུགས་ཤོག
པང་གདན་དཀར་ཁྲ་རལ་སོང་།
ལྗང་ཁྲ་འཐག་རོགས་གནང་དང་།
སྐྲ་ལོས་སྒལ་པ་ཁེབས་སོང་།
གཡུ་ཆུང་རྒྱག་རོགས་གནང་དང་།
༡༠
སེམས་རྟེན་བཞག་པའི་དཀྱིལ་ནས།
ཚིག་ཁེབས་ཁྱེད་ལས་སྐྱོ་བ།
ལག་པ་འཁྲུ་ཐེངས་རེ་ལ།
མཆི་མ་རེ་རེ་ཤོར་བྱུང་།
ཆུ་ལ་ཡི་གེ་བསྐུར་པས།
ཡིག་ལན་འདི་ཡིན་མ་བྱུང་།
ཡིན་ནའི་སེམས་པའི་ཁྱད་བྱས།
ཆུ་མགོ་ཡེ་ནས་ཀློག་ཆོག
ཁྱེད་སེམས་ང་ལ་མ་གཏོང་།
ཁྱེད་ཀྱི་བྱ་བ་འཕྱུགས་ཡོང་།
ང་ནི་རི་མགོ་མཐོ་པོའི།
ཉི་མ་གང་ཤར་ཡིན་ཏོ།
སེམས་པ་བཟང་བ་ཅིག་གིས།
ལ་རྩེ་ཡེ་ལ་སྐྱོལ་དང་།
དེ་ནས་ཕར་ལ་འགྲོ་དུས།
ལས་འགྲོ་ཅན་གྱིས་བསྐྱལ་ཡོང་།
ལྷམ་གྱི་མཐིལ་ནས་མ་ཟད།
ལྷམ་གྱི་རི་ནས་ཟད་སོང་།
བྱམས་པ་བརྩེ་དུང་མ་ཟད།
དབང་ཆེན་དཔོན་པོས་ཁྲིད་སོང་།
རྟ་ལ་མ་བཞོན་གོང་ནས།
སྒ་གློ་བཅགས་བཅགས་གནང་ཤོག
ལུས་པོ་མ་འདྲེས་གོང་ནས།
ཏན་ཏན་ཏིག་ཏིག་གནང་ཤོག
༡༡
ང་གཉིས་གཉིས་པོའི་ལས་དེ།
ཕག་པའི་ཟེ་ལས་རྩུབ་པ།
ལས་འགྲོ་ཡོད་མེད་གང་ཤེས།
མགོ་གཞུག་བྱས་ནས་ཉལ་ཏོ།
ཆུང་འདྲིས་བྱམས་པའི་ཕྱོགས་ལ།
གང་ཡང་ཞུ་རྒྱུ་མེད་དའི།
བྱམས་པའི་གཉེན་ལ་ཉེ་འཁོར།
དམར་པོའི་མེ་ལས་ཚ་བ།
ང་ལ་ཆུང་འདྲིས་དགོས་ཡོད།
སྟར་ཁའི་མེ་ཏོག་དགོས་ཡོད།
སྲོད་ལ་ཤར་བ་དགོས་ཡོད།
ཐོ་རེངས་ཡལ་བ་དགོས་ཡོད།
༡༢
ཁུག་ཀྱོག་ཉི་མ་དྲོ་བྱུང་།
བྱམས་པའི་སྙིང་གཏམ་སྙན་བྱུང་།
སེམས་པ་དགོས་ན་ཕུལ་ཆོག
ལུས་པོ་གནས་སྐབས་མི་འདུག
དངུལ་དེ་སྒོར་མོ་གཅིག་ལ།
མི་བསམས་རྒུ་བསམས་བསམས་བྱུང་།
བྱམས་པའི་ཚིགས་ཁེབས་བསམ་བྱུང་།
ང་རའི་མཆོད་ཆང་བསམས་བྱུང་།
རང་ཡུལ་རྒྱབ་ལ་བསྐྱུར་ནས།
མི་ཡུལ་པང་དུ་བླངས་ཡོད།
ཕར་གིའི་གངས་རི་མཐོང་དུས།
མ་སྐྱེས་ཨ་མ་དྲན་བྱུང་།
༡༣
ཐག་རིང་ཡུལ་ནས་ལོག་པའི།
ཆུང་འདྲིས་ཟླ་བ་བུ་ཁྲིད།
བྱམས་པ་སེམས་བཟང་ང་ལ།
བརྩེ་བའི་སྤྱན་ཅིག་གཟིགས་དང་།
གདན་ས་མཐིལ་གྱི་བྱིའུ་ཆུང་།
ཐུགས་སེམས་སྐྱོ་བ་མ་གནང་།
བ་ལུའི་མེ་ཏོག་ཡལ་ནའི།
སུ་ལུའི་མེ་ཏོག་ཡོག་རེད།
ཆུང་འདྲིས་བྱམས་པ་གསན་དང་།
དཀར་གསལ་ཟླ་བ་གསན་དང་།
ལུས་པོ་མི་གླའི་དཀྱིལ་ནས།
ཐོན་པའི་ཐབས་ཤེས་གནང་དང་།
བྱམས་པ་འཁྲིས་ལ་ཡོད་དུས།
ངོ་ཚ་བལྟ་བར་ཟད་སོང་།
བྱམས་པ་རྗེས་ལ་ལུས་དུས།
ཕྱི་ལྟས་བལྟ་བར་ཟད་སོང་།
༡༤
གནམ་དེ་སྔོན་མོ་ཁྱེད་ཀྱིས།
ཆར་པ་གཏོང་བ་གནང་ན།
སྦྱག་སྡོང་སྐམ་པོ་ང་ལ།
ཡལ་ག་རྒྱས་རྒྱུ་བསྡད་ཡོད།
ན་ནིང་རྟ་ཡིས་གཡུགས་བྱུང་།
རྐང་ཆག་ལག་ཆག་མ་བྱུང་།
ད་ལོ་བྱམས་པས་གཡུགས་བྱུང་།
སྙིང་གི་རུས་པ་གས་སོང་།
བལྟས་བལྟས་བལྟས་པའི་ལ་མོ།
ཉག་ཉག་ཉག་ལ་ཕྱིན་སོང་།
སྒུག་སྒུག་སྒུག་པའི་ཆུང་འདྲིས།
ཕེབས་མཁན་གཏན་ནས་མི་འདུག
སྒོ་ལ་རུ་བཞི་འདུག་དའི།
བཙན་པོ་ཨ་ཤིང་མི་འདུག
ང་གཉིས་ལས་འགྲོ་འདུག་དའི།
གཤིབ་པའི་དབང་ཆ་མི་འདུག
༡༥
ཁྱེད་སེམས་ཟླ་བ་དཀར་པོ།
གཞན་སེམས་སྤྲིན་པས་མ་སྒྲིབ།
ང་སེམས་དར་གྱི་མདུད་པ།
བཀྲོལ་ནའི་གྲོལ་ས་མ་རེད།
ཤར་ཕྱོགས་སྤྲིན་པ་དཀར་པོ།
འཇམ་པོའི་བལ་ལ་འགྱུར་ན།
ས་ཐག་འགྱངས་པའི་བྱམས་པར།
གོས་སྣ་རེ་རེ་བཟོས་ཆོག
ཇ་དང་རྩི་མར་ནང་བཞིན།
ལུས་སེམས་འདྲེས་པའི་ཆུང་འདྲིས།
དགྲ་ལ་མི་རྟག་འཆི་བས།
བར་ཆད་གཏོང་བ་མ་གནང་།
ཕོ་རོག་ནམ་མཁའི་མཐོངས་ནས།
ཀོ་དོང་ཀོ་དོང་ཟེར་གྱིས།
ང་རའི་བྱམས་པ་མ་སླེབས།
སེམས་པ་གཏིང་ནས་སྐྱོ་བྱུང་།
༡༦
ཆུ་འགོ་སྔོ་ཞིང་དྭངས་པ།
བན་བཀྱག་སྟེར་བཟོ་དོད་པ།
དེ་ནས་ཆུ་ཅིག་བླངས་ན།
བཀའ་བཀྱོན་གནང་མཁན་ཨེ་ཡོད།
སེམས་ལ་སེམས་ཀྱི་སྡུག་བསྔལ།
འདུག་ན་འདུག་ཟེར་གསུངས་དང་།
བུ་མོར་སྙུན་གྱི་གོད་ཆགས།
མི་འདུག་གསུང་རོགས་གནང་དང་།
དབྱར་ཟླ་བརྒྱད་པ་ཤར་སོང་།
སྤང་ལ་སྤང་རྒྱན་ཤར་སོང་།
སྤང་རྒྱན་ཞལ་ཁ་བྱེ་དུས།
བརྩེ་བའི་ཆུང་འདྲིས་དྲན་བྱུང་།
ལྕང་མ་མགོ་གྲ་སྙོམས་པ།
རྒྱ་དྲུག་གླིང་གི་ལྕང་མ།
ང་ནི་རྒྱ་དྲུག་གླིང་གི་
བྱིའུ་ཆུང་ཡིན་ན་དགའ་ལ།
༡༧
ཁྱེད་ཀྱིས་ད་ལོ་གསུང་གསུང་།
ན་ནིང་གསུངས་པ་གནང་ན།
སྣམ་བུ་དཀར་པོའི་ཚོས་མདོག
ག་པར་བསྒྱུར་བསྒྱུར་ཡིན་འགྲོ།
ཤྭ་བ་ལ་མོ་མ་རྒྱག
སྤང་སྟོད་སྟེང་ལ་བཞུགས་དང་།
སྤང་ལ་རྭ་ཅོ་བཙུགས་ནས།
སྙིང་གཏམ་ཡོད་ན་ཤོད་དང་།
ད་ལྟ་ཀྲན(སྲན)མའི་སྒང་རེད།
ལག་གདང་གཏོང་བའི་སྒང་རེད།
ལྒང་བུ་སྤོ་ཏོ་ཆགས་དུས།
ལག་གདང་གློད་པ་མ་གནང་།
༡༨
བུ་ཆུང་ང་ལས་སྐྱོ་བ།
ས་ཕྱོགས་གཞན་ལ་ཨེ་ཡོད།
བློ་ལ་ཡོད་པའི་བྱམས་པ།
ཕ་མའི་ཐུགས་ལ་མི་འདུག
བྱ་ཕོ་གང་ཕེབས་ས་ལ།
བྱ་མོ་ཁྲིད་རོགས་གནང་དང་།
བྱ་ཕོས་ཀོ་ཀོ་ཟེར་དུས།
བྱ་མོས་རམ་སྐྱོགས་ཞུས་ཆོག
ཆུ་མོ་ཉ་ལ་བྱམས་པ།
ཉ་མོ་ཆུ་ལ་བརྩེ་བ།
དེ་འདྲའི་ཉ་ཆུའི་བརྩེ་དུང་།
ང་དང་བྱམས་པ་འདྲ་ལ།
སེམས་པ་བཏང་ནི་ཚར་སོང་།
ལུས་པོ་ཀྲེ(བསྲེ)རོགས་གནང་དང་།
ལུས་པོ་ཀྲེས་པའི་རྗེས་ལ།
བྱམས་སྐྱོང་གནང་རོགས་གནང་དང་།
སེམས་པ་སྐྱོ་རང་དྲགས་ནས།
སྐྱོ་གླུ་ཚིག་གསུམ་བཏང་བས།
ཆུང་འདྲིས་བྱམས་པའི་ཐུགས་ལ།
གནས་བཟོད་བདེ་ལ་བསམས་སོང་།
༡༩
སེམས་པ་འདི་ལ་མངོན་ཤེས།
རྟ་རྔ་ཙམ་ཞིག་བྱུང་ན།
འགྲོ་ཞོར་ལམ་བུའི་སྙིང་སྡུག
མ་བཙལ་ན་ཡང་ཡོང་ང་།
པང་གདན་བྱམས་པས་གནང་བྱུང་།
སྒྲོག་གདན་ཟུར་པས་གནང་བྱུང་།
བུ་མོའི་སྐུ་པང་ལྗང་ཆུང་།
ཐུགས་སེམས་གཉིས་ལ་བྲལ་སོང་།
ཨ་བ་བྱམས་པས་གནང་བའི།
སེམས་རྟེན་གཡུ་ཡི་ཚིགས་ཁེབས།
དགོང་མོ་སེམས་པའི་སྐྱོ་རོགས།
ཉི་མོ་ལས་ཀའི་ལས་རོགས།
ཁྲ་འབྲུག་སྒྲོལ་མ་གསུང་བྱོན།
ཁྱེད་རང་མངོན་གསུམ་ཡིན་ན།
ཨོ་ལོའི་སེམས་ཀྱི་ན་ཚར།
ཡེ་ཤེས་སྤྱན་གྱིས་གཟིགས་དང་།
དཀའ་ལས་འདི་འདྲ་རྒྱག་ཡས།
ཡིད་འཕྲོག་མཛེས་མའི་དོན་ཡིན།
ཡིད་འཕྲོག་མཛེས་མ་མེད་ན།
དཀའ་ལས་རྒྱག་འདོད་མི་འདུག
ལྕང་མ་རྒྱ་ལྕང་ཡིན་ཟེར།
དབུ་ལ་ཞུས་ཙམ་གནང་དང་།
བྱིའུ་ཆུང་འཇོལ་མོ་ཡིན་ཟེར།
གཤོག་པ་བསྐུངས་ནས་སླེབས་ཡོང་།
སྔར་སོང་གཤིབ་པའི་ཆུང་འདྲིས།
བསམ་བློ་ཞིབ་མོ་ཐོངས་དང་།
ལན་ཆགས་ཕྲུ་གུའི་ཨ་ཕ།
བར་དོའི་ཕྲང་ལས་ཁག་ག
ཟོན་པ་ཕོ་ཟོན་བཏབ་པས།
མོ་ཟོན་ཅིག་ལ་འགྱུར་སོང་།
ཚེ་གང་གཏན་གྲོགས་བཙལ་པས།
ཞག་གསུམ་སྙིང་སྡུག་ཆགས་སོང་།
ཆུང་འདྲིས་ཧ་ལོའི་མེ་ཏོག
ཆོས་ཅིག་གནང་བར་ཕེབས་ན།
དམན་ཆུང་བུ་མོ་ང་ཡང་།
ཆོས་ལ་ཁྲིད་རོགས་གནང་དང་།
ཀ་ཅིའི་རས་གོས་མཐོང་དུས།
ལྷ་ཆོས་བྱས་ན་བསམས་བྱུང་།
ཡིད་འཕྲོག་ལྷ་མོ་མཐོང་དུས།
འཇིག་རྟེན་བྱས་ན་བསམས་བྱུང་།
ཆུང་འདྲིས་བྱམས་པའི་བཞུགས་ས།
བྲག་རི་དངུལ་དཀར་མེ་ལོང་།
སེམས་པ་བཏང་ན་མ་གཏོགས།
ལུས་པོ་ཐར་ས་མ་རེད།
འདི་ནས་ལྷ་ས་གཞུང་ལ།
སྨྱུག་མས་སྙོབ་རོགས་བྱས་ན།
བུ་མོའི་སེམས་ཀྱི་སྐད་ཆ།
སྨྱུག་མའི་ནང་ལ་དྲངས་ཆོག
སྒོ་དང་སྒེའུ་ཁུང་གཉིས་ལ།
ཡབ་ཡུམ་དམ་བཅའ་གནང་ས།
ཆུང་འདྲིས་རིག་པ་ཡོད་ན།
ཨ་ཤིང་ཁབ་ཀྱིས་ཕྱེ་དང་།
བྱམས་པས་བྱིའུ་ལ་བརྫུས་ནས།
གོང་ལའི་འོག་ལ་ཕེབས་དང་།
དེ་དུས་བུ་མོ་ང་རས།
འོས་ལ་འོས་འཚམ་ཞུས་ཆོག
གང་ཟག་རྣ་བ་ཉོན་དང་།
གཅུས་ཙིས་སྙིང་གཏམ་བཤད་ཡོང་།
དུ་བ་འཇའ་མཚོན་སྣ་ལྔ།
འཁོར་བར་འཁྱམ་དུ་མ་འཇུག
༢
དེ་རིང་མཇལ་བའི་དགའ་ཚོར།
སང་ཞོག་བྲལ་བའི་སྡུག་བསྔལ།
མཇལ་བའི་དགའ་ཚོར་ལས་ནི།
བྲལ་བའི་སྡུག་བསྔལ་ཆེ་བ།
གསེར་སྲང་བརྒྱ་ལ་བརྡུངས་པའི།
ཚིགས་ཁེབས་གཡུ་ཡི་ཕྲ་རྒྱན།
གོན་འདོད་བློ་ལ་ཡོད་ནའི།
ལས་འགྲོའི་ཚིག་གིས་བཀག་སོང་།
དཀར་ཚད་ལུས་ཚད་ལྡན་པ།
སྙིང་སྡུག་མཛེས་ལྡན་ལྷ་མོ།
ཕྲ་སྦོམ་སྐྱེ་གཟུགས་སྙོམས་པ།
སྟེང་ཕྱོགས་ལྷ་ཡི་སྲས་མོ།
ཤར་སྒོ་བྱེ་མས་བཀག་ནའི།
ནུབ་སྒོ་རླུང་གིས་ཕྱེ་ཡོང་།
ལས་འགྲོས་སྐོར་བ་བསྐོར་ནས།
ག་རུ་མཇལ་མིན་མི་ཤེས།
ཟོན་པ་གཙང་ཟོན་སྒང་ལ།
རྡོག་ལེན་གཏོང་འཕྲོ་ལུས་སོང་།
ང་དང་ཆུང་འདྲིས་བྱམས་པ།
སྙིང་གཏམ་ཤོད་འཕྲོ་ལུས་སོང་།
༣
ཤར་ཕྱོགས་རི་མགོ་མཐོ་ནའི།
ཉི་ཟླ་བཀག་པས་མི་ཐུབ།
ཡབ་ཡུམ་བཀའ་དབང་བཙན་ནའི།
ལས་འགྲོ་བཀག་པས་མི་ཐུབ།
རི་མགོ་མཐོ་བར་མ་བལྟས།
རི་ཆས་ཡག་པར་བལྟས་ཡོད།
བུ་མོ་མཛེས་པར་མ་བལྟས།
སེམས་པ་དྲང་བར་བལྟས་ཡོད།
བསྒོམས་པའི་བླ་མའི་ཞལ་རས།
ཡིད་ལ་འཁོར་རྒྱུ་མི་འདུག
མ་བསྒོམས་བྱམས་པའི་ཞལ་རས།
ཡང་སེ་ཡང་སེ་འཁོར་བྱུང་།
ཁྱེད་ཞལ་བཅོ་ལྔའི་ཟླ་བ།
ང་ལ་ཤར་འདོད་ཡོད་ན།
བྲལ་མེད་ཉ་ཆུའི་བརྩེ་དུང་།
བུ་མོ་ང་རས་ཞུས་ཆོག
སེམས་གཉིས་ལྕགས་ཀྱི་ཨ་ལོང་།
ནད་མེད་གཅོང་ལ་ཚུད་སོང་།
སྨན་པ་བརྒྱ་ཡིས་མི་ཕན།
ཆུང་འདྲིས་བྱམས་པ་ཁྲིད་ཤོག
སེམས་པས་ལུས་པོ་མ་བཞག
སྒོ་མཆོར་འོག་ལ་ཕྱིན་པས།
སྔར་སོང་གཤིབ་པའི་ཆུང་འདྲིས།
སྒོ་མཆོར་འོག་ནས་མཇལ་བྱུང་།
བུ་མོས་འགྱུར་བ་མེད་པའི།
དམ་བཅའ་ཞོག་གི་ཡོད་ན།
སེང་གེའི་གཡུ་རལ་བཀོག་ནས།
བུ་མོའི་རྒྱན་ཆར་བསྒྲོན་ཆོག
༤
བསམ་བློ་སེམས་ཀྱི་གཏིང་ལ།
ཞོག་པ་གནང་རེས་བྱུང་ན།
ལོ་དང་ཟླ་བ་སོང་ནའི།
ཞལ་འཛོམས་ཡོང་བ་ཞུས་ཆོག
ཁྱེད་ལ་ག་རེ་དགོས་ནའི།
འདི་དགོས་དེ་དགོས་གསུངས་དང་།
ཆུ་ལ་ཤེལ་སྒོ་བཙུགས་ནས།
ཉ་མོ་དགོས་ནའི་ཕུལ་ཆོག
ཙ་རིའི་གནས་ཀྱི་ནང་ལ།
ཆོས་གྲོགས་ཚེ་རིང་སྒྲོལ་མ།
བྱུང་ན་ལག་པ་ཐོངས་དང་།
མ་བྱུང་ཕྱི་ལྟས་སློགས་དང་།
ཆུང་འདྲིས་བྱམས་པའི་དོན་ལ།
མ་བྱས་འགྱོད་དགོས་མེད་དེ།
ཉིན་མོ་ར་ལུག་འཚོ་འཚོ།
མཚན་མོ་བླ་མ་སྒོམ་སྒོམ།
ཆུང་ཆུང་ཆུང་ནས་གཤིབས་པའི།
ཆུང་འདྲིས་སྒོག་པ་དཀར་པོ།
ཕ་མས་སྒོག་པགས་བཤུས་ནའི།
ང་གཉིས་བྲལ་ཤེས་མི་འདུག
༥
ཆུ་ལ་ཆར་པའི་སྐྱོ་རོགས།
བྲག་ལ་འུག་པའི་སྐྱོ་རོགས།
ང་ལ་ལུང་ཆུང་འདི་རུ།
སྐྱོ་རོགས་མེད་པས་ལན་སོང་།
ཚིག་ཁེབས་གཡུ་ཕྲ་བསྐོངས་ན།
ད་ལྟ་བསྐོངས་རན་འདུག་སྟེ།
ཨ་མའི་གཡུ་ཆུང་གྲོ་དཀར།
ཡུན་རིང་སྡོད་རྩིས་མེད་དོ།
བྲག་ལ་འཛེགས་རྒྱུ་ཡིན་ཏོ།
བྲག་ལམ་གཡར་པོ་གནང་དང་།
བློ་གཏད་བཅོལ་རྒྱུ་ཡིན་ཏོ།
བྱམས་སྐྱོང་གནང་རོགས་གནང་དང་།
ཁྱེད་རང་ག་རེ་བསམས་པ།
ང་ལ་ཤོད་རོགས་གནང་དང་།
ང་ནི་བླ་མ་དཀོན་མཆོག
ཁྱེད་རང་བསམས་ནས་བསྡད་ཡོད།
ཨ་ཙི་བཀའ་བཀྱོན་མ་གནང་།
སྙིང་སྙིང་མེ་ཏོག་ལྷ་མཛེས།
བྱང་ཐང་ཐབ་རྡོ་གསུམ་ལ།
མཐོ་དམན་ག་རེ་ཡོག་རས།
༦
ཆུང་འདྲིས་བྱམས་པས་བསྐུར་བའི།
ཡིག་ཆུང་ཨ་ཀྱོག་པ་ཀྱོག
ང་རས་ཀློག་ནི་མི་ཤེས།
མི་ལ་བསྟན་ཡང་མ་ནུས།
ཆུང་འདྲིས་ང་གཉིས་ལས་དེ།
རྫ་མ་རོང་གི་རྫ་ཆུ།
ཤང་ཤང་རྣ་བས་ཐོས་ནའི།
མཇལ་ཕྲད་གསེར་ལས་དཀོན་པ།
དབུ་ཞྭ་རྒྱ་སེའི་འོག་གི།
སྤྱན་མིག་ཀྲི་ཀ་ཤིག་ཤིག
གཟིགས་ནི་ང་ལ་གཟིགས་ཀྱིས།
གཏན་དུ་གཟིགས་རོགས་གནང་དང་།
༧
ལོ་མང་བསྒུགས་པའི་སྙིང་གཏམ།
ཉི་མ་དེ་རིང་བཤད་བྱུང་།
ནམ་མཁའི་བླ་མ་དཀོན་མཆོག
གཉིད་ལམ་མིན་པ་ཤོག་ཅིག
ཁུ་བྱུག་མོན་ནས་སླེབས་སོང་།
འབྱུང་བ་དྲོ་རུ་ཕྱིན་སོང་།
ཆུང་འདྲིས་བྱམས་པ་ཕེབས་བྱུང་།
ལུས་སེམས་བདེ་རུ་ཕྱིན་སོང་།
ཁ་མེད་ལན་སྐྱེལ་བཏང་ཡོད།
ལག་ལ་སོན་པ་ཨེ་བྱུང་།
རྐང་མེད་བང་ཆེན་བཏང་ཡོད།
གཉིད་ལམ་བཏང་བ་ཨེ་བྱུང་།
ང་ཡི་ཆུང་འདྲིས་བྱམས་པ།
སེར་བྱ་ངང་པའི་རྒྱུད་རེད།
ལྟོ་ལ་འདམ་ལས་མེད་ནའི།
མཉམ་ཟ་མཉམ་འཐུང་བྱས་ཡོད།
ཤིང་བཟང་སྦྱག་པའི་རྩེ་ཡི།
བྱིའུ་ཆུང་སྐལ་བཟང་ཆོས་སྒྲོན།
བྱ་བ་མཐའ་ལ་ཐུག་ནའི།
སྙིང་གཏམ་མི་ལ་མ་ཤོད།
༨
སརྦ་ཏ་ཐ་ག་ཏ།
བུ་མོའི་ལུས་ལ་འཁོར་བྱུང་།
རྡོ་རྗེ་དྲིལ་བུ་བཙོངས་ནས།
སྐྱེ་གོས་འཐག་རོགས་གནང་དང་།
སྐྲ་ལོ་སྐྲ་ལོ་ཡིན་ཟེར།
ང་ལ་ངོམས་རྒྱུ་མེད་དའི།
བློ་རྒྱུ་འདོམ་པར་འཇལ་འཇལ།
ང་ལ་འཇལ་རྒྱུ་ཡོད་དོ།
ཆུང་འདྲིས་ལ་མོ་བརྒྱབ་པའི།
སེམས་སྡུག་དེ་ལ་བསམས་ན།
སྤགས་ཁུར་མར་ཁུ་བླུགས་ནའི།
བྲོ་བ་ཡོང་ས་མ་རེད།
གྲོ་མོ་རིན་ཆེན་སྒང་ལ།
ཕེབས་མཁན་མི་ཅིག་བྱུང་ན།
ཆེན་པོའི་ལག་བཏགས་མེད་ནའི།
སེམས་པའི་ཡིག་ཆུང་བསྐུར་ཆོག
ང་རང་ལུང་པའི་ཕུ་རེད།
ཁྱེད་རང་ལུང་པའི་མདའ་རེད།
སེམས་པ་ཆུ་ལ་བསྐུར་ཡོད།
ཆུ་ཕུད་བཞེས་རོགས་གནང་དང་།
དང་པོ་མ་མཐོང་ཆོག་ག
སེམས་པ་ཤོར་དོན་མི་འདུག
གཉིས་པ་མ་འདྲིས་ཆོག་ག
སེམས་གཅོང་གཞུག་དོན་མི་འདུག
༩
བསམ་ཡས་བྱ་ཕོ་དཀར་པོ།
བྱ་སྐད་སྔ་པོ་མ་རྒྱག
ང་དང་འོད་ཟེར་སྒྲོལ་མ།
སྙིང་གཏམ་ཤོད་རྒྱུ་བསྡད་ཡོད།
ཁྱེད་སེམས་ང་ལ་གནང་དང་།
ང་སེམས་ཁྱེད་ལ་ཕུལ་ཆོག
ཕུབ་མའི་འོག་གི་ཆུ་དོང་།
མིན་པ་ཁྱེད་ཀྱིས་གནང་དང་།
སོར་གདུབ་ཕྲ་ཡིས་ཁེངས་སོང་།
གཡུ་ཡི་ལྗགས་གོང་བསྐྱོན་དང་།
བུ་མོ་འགྲོ་དགོས་ཐུག་སོང་།
ཚིག་གི་རྡོག་རྩ་གཡུགས་ཤོག
པང་གདན་དཀར་ཁྲ་རལ་སོང་།
ལྗང་ཁྲ་འཐག་རོགས་གནང་དང་།
སྐྲ་ལོས་སྒལ་པ་ཁེབས་སོང་།
གཡུ་ཆུང་རྒྱག་རོགས་གནང་དང་།
༡༠
སེམས་རྟེན་བཞག་པའི་དཀྱིལ་ནས།
ཚིག་ཁེབས་ཁྱེད་ལས་སྐྱོ་བ།
ལག་པ་འཁྲུ་ཐེངས་རེ་ལ།
མཆི་མ་རེ་རེ་ཤོར་བྱུང་།
ཆུ་ལ་ཡི་གེ་བསྐུར་པས།
ཡིག་ལན་འདི་ཡིན་མ་བྱུང་།
ཡིན་ནའི་སེམས་པའི་ཁྱད་བྱས།
ཆུ་མགོ་ཡེ་ནས་ཀློག་ཆོག
ཁྱེད་སེམས་ང་ལ་མ་གཏོང་།
ཁྱེད་ཀྱི་བྱ་བ་འཕྱུགས་ཡོང་།
ང་ནི་རི་མགོ་མཐོ་པོའི།
ཉི་མ་གང་ཤར་ཡིན་ཏོ།
སེམས་པ་བཟང་བ་ཅིག་གིས།
ལ་རྩེ་ཡེ་ལ་སྐྱོལ་དང་།
དེ་ནས་ཕར་ལ་འགྲོ་དུས།
ལས་འགྲོ་ཅན་གྱིས་བསྐྱལ་ཡོང་།
ལྷམ་གྱི་མཐིལ་ནས་མ་ཟད།
ལྷམ་གྱི་རི་ནས་ཟད་སོང་།
བྱམས་པ་བརྩེ་དུང་མ་ཟད།
དབང་ཆེན་དཔོན་པོས་ཁྲིད་སོང་།
རྟ་ལ་མ་བཞོན་གོང་ནས།
སྒ་གློ་བཅགས་བཅགས་གནང་ཤོག
ལུས་པོ་མ་འདྲེས་གོང་ནས།
ཏན་ཏན་ཏིག་ཏིག་གནང་ཤོག
༡༡
ང་གཉིས་གཉིས་པོའི་ལས་དེ།
ཕག་པའི་ཟེ་ལས་རྩུབ་པ།
ལས་འགྲོ་ཡོད་མེད་གང་ཤེས།
མགོ་གཞུག་བྱས་ནས་ཉལ་ཏོ།
ཆུང་འདྲིས་བྱམས་པའི་ཕྱོགས་ལ།
གང་ཡང་ཞུ་རྒྱུ་མེད་དའི།
བྱམས་པའི་གཉེན་ལ་ཉེ་འཁོར།
དམར་པོའི་མེ་ལས་ཚ་བ།
ང་ལ་ཆུང་འདྲིས་དགོས་ཡོད།
སྟར་ཁའི་མེ་ཏོག་དགོས་ཡོད།
སྲོད་ལ་ཤར་བ་དགོས་ཡོད།
ཐོ་རེངས་ཡལ་བ་དགོས་ཡོད།
༡༢
ཁུག་ཀྱོག་ཉི་མ་དྲོ་བྱུང་།
བྱམས་པའི་སྙིང་གཏམ་སྙན་བྱུང་།
སེམས་པ་དགོས་ན་ཕུལ་ཆོག
ལུས་པོ་གནས་སྐབས་མི་འདུག
དངུལ་དེ་སྒོར་མོ་གཅིག་ལ།
མི་བསམས་རྒུ་བསམས་བསམས་བྱུང་།
བྱམས་པའི་ཚིགས་ཁེབས་བསམ་བྱུང་།
ང་རའི་མཆོད་ཆང་བསམས་བྱུང་།
རང་ཡུལ་རྒྱབ་ལ་བསྐྱུར་ནས།
མི་ཡུལ་པང་དུ་བླངས་ཡོད།
ཕར་གིའི་གངས་རི་མཐོང་དུས།
མ་སྐྱེས་ཨ་མ་དྲན་བྱུང་།
༡༣
ཐག་རིང་ཡུལ་ནས་ལོག་པའི།
ཆུང་འདྲིས་ཟླ་བ་བུ་ཁྲིད།
བྱམས་པ་སེམས་བཟང་ང་ལ།
བརྩེ་བའི་སྤྱན་ཅིག་གཟིགས་དང་།
གདན་ས་མཐིལ་གྱི་བྱིའུ་ཆུང་།
ཐུགས་སེམས་སྐྱོ་བ་མ་གནང་།
བ་ལུའི་མེ་ཏོག་ཡལ་ནའི།
སུ་ལུའི་མེ་ཏོག་ཡོག་རེད།
ཆུང་འདྲིས་བྱམས་པ་གསན་དང་།
དཀར་གསལ་ཟླ་བ་གསན་དང་།
ལུས་པོ་མི་གླའི་དཀྱིལ་ནས།
ཐོན་པའི་ཐབས་ཤེས་གནང་དང་།
བྱམས་པ་འཁྲིས་ལ་ཡོད་དུས།
ངོ་ཚ་བལྟ་བར་ཟད་སོང་།
བྱམས་པ་རྗེས་ལ་ལུས་དུས།
ཕྱི་ལྟས་བལྟ་བར་ཟད་སོང་།
༡༤
གནམ་དེ་སྔོན་མོ་ཁྱེད་ཀྱིས།
ཆར་པ་གཏོང་བ་གནང་ན།
སྦྱག་སྡོང་སྐམ་པོ་ང་ལ།
ཡལ་ག་རྒྱས་རྒྱུ་བསྡད་ཡོད།
ན་ནིང་རྟ་ཡིས་གཡུགས་བྱུང་།
རྐང་ཆག་ལག་ཆག་མ་བྱུང་།
ད་ལོ་བྱམས་པས་གཡུགས་བྱུང་།
སྙིང་གི་རུས་པ་གས་སོང་།
བལྟས་བལྟས་བལྟས་པའི་ལ་མོ།
ཉག་ཉག་ཉག་ལ་ཕྱིན་སོང་།
སྒུག་སྒུག་སྒུག་པའི་ཆུང་འདྲིས།
ཕེབས་མཁན་གཏན་ནས་མི་འདུག
སྒོ་ལ་རུ་བཞི་འདུག་དའི།
བཙན་པོ་ཨ་ཤིང་མི་འདུག
ང་གཉིས་ལས་འགྲོ་འདུག་དའི།
གཤིབ་པའི་དབང་ཆ་མི་འདུག
༡༥
ཁྱེད་སེམས་ཟླ་བ་དཀར་པོ།
གཞན་སེམས་སྤྲིན་པས་མ་སྒྲིབ།
ང་སེམས་དར་གྱི་མདུད་པ།
བཀྲོལ་ནའི་གྲོལ་ས་མ་རེད།
ཤར་ཕྱོགས་སྤྲིན་པ་དཀར་པོ།
འཇམ་པོའི་བལ་ལ་འགྱུར་ན།
ས་ཐག་འགྱངས་པའི་བྱམས་པར།
གོས་སྣ་རེ་རེ་བཟོས་ཆོག
ཇ་དང་རྩི་མར་ནང་བཞིན།
ལུས་སེམས་འདྲེས་པའི་ཆུང་འདྲིས།
དགྲ་ལ་མི་རྟག་འཆི་བས།
བར་ཆད་གཏོང་བ་མ་གནང་།
ཕོ་རོག་ནམ་མཁའི་མཐོངས་ནས།
ཀོ་དོང་ཀོ་དོང་ཟེར་གྱིས།
ང་རའི་བྱམས་པ་མ་སླེབས།
སེམས་པ་གཏིང་ནས་སྐྱོ་བྱུང་།
༡༦
ཆུ་འགོ་སྔོ་ཞིང་དྭངས་པ།
བན་བཀྱག་སྟེར་བཟོ་དོད་པ།
དེ་ནས་ཆུ་ཅིག་བླངས་ན།
བཀའ་བཀྱོན་གནང་མཁན་ཨེ་ཡོད།
སེམས་ལ་སེམས་ཀྱི་སྡུག་བསྔལ།
འདུག་ན་འདུག་ཟེར་གསུངས་དང་།
བུ་མོར་སྙུན་གྱི་གོད་ཆགས།
མི་འདུག་གསུང་རོགས་གནང་དང་།
དབྱར་ཟླ་བརྒྱད་པ་ཤར་སོང་།
སྤང་ལ་སྤང་རྒྱན་ཤར་སོང་།
སྤང་རྒྱན་ཞལ་ཁ་བྱེ་དུས།
བརྩེ་བའི་ཆུང་འདྲིས་དྲན་བྱུང་།
ལྕང་མ་མགོ་གྲ་སྙོམས་པ།
རྒྱ་དྲུག་གླིང་གི་ལྕང་མ།
ང་ནི་རྒྱ་དྲུག་གླིང་གི་
བྱིའུ་ཆུང་ཡིན་ན་དགའ་ལ།
༡༧
ཁྱེད་ཀྱིས་ད་ལོ་གསུང་གསུང་།
ན་ནིང་གསུངས་པ་གནང་ན།
སྣམ་བུ་དཀར་པོའི་ཚོས་མདོག
ག་པར་བསྒྱུར་བསྒྱུར་ཡིན་འགྲོ།
ཤྭ་བ་ལ་མོ་མ་རྒྱག
སྤང་སྟོད་སྟེང་ལ་བཞུགས་དང་།
སྤང་ལ་རྭ་ཅོ་བཙུགས་ནས།
སྙིང་གཏམ་ཡོད་ན་ཤོད་དང་།
ད་ལྟ་ཀྲན(སྲན)མའི་སྒང་རེད།
ལག་གདང་གཏོང་བའི་སྒང་རེད།
ལྒང་བུ་སྤོ་ཏོ་ཆགས་དུས།
ལག་གདང་གློད་པ་མ་གནང་།
༡༨
བུ་ཆུང་ང་ལས་སྐྱོ་བ།
ས་ཕྱོགས་གཞན་ལ་ཨེ་ཡོད།
བློ་ལ་ཡོད་པའི་བྱམས་པ།
ཕ་མའི་ཐུགས་ལ་མི་འདུག
བྱ་ཕོ་གང་ཕེབས་ས་ལ།
བྱ་མོ་ཁྲིད་རོགས་གནང་དང་།
བྱ་ཕོས་ཀོ་ཀོ་ཟེར་དུས།
བྱ་མོས་རམ་སྐྱོགས་ཞུས་ཆོག
ཆུ་མོ་ཉ་ལ་བྱམས་པ།
ཉ་མོ་ཆུ་ལ་བརྩེ་བ།
དེ་འདྲའི་ཉ་ཆུའི་བརྩེ་དུང་།
ང་དང་བྱམས་པ་འདྲ་ལ།
སེམས་པ་བཏང་ནི་ཚར་སོང་།
ལུས་པོ་ཀྲེ(བསྲེ)རོགས་གནང་དང་།
ལུས་པོ་ཀྲེས་པའི་རྗེས་ལ།
བྱམས་སྐྱོང་གནང་རོགས་གནང་དང་།
སེམས་པ་སྐྱོ་རང་དྲགས་ནས།
སྐྱོ་གླུ་ཚིག་གསུམ་བཏང་བས།
ཆུང་འདྲིས་བྱམས་པའི་ཐུགས་ལ།
གནས་བཟོད་བདེ་ལ་བསམས་སོང་།
༡༩
སེམས་པ་འདི་ལ་མངོན་ཤེས།
རྟ་རྔ་ཙམ་ཞིག་བྱུང་ན།
འགྲོ་ཞོར་ལམ་བུའི་སྙིང་སྡུག
མ་བཙལ་ན་ཡང་ཡོང་ང་།
པང་གདན་བྱམས་པས་གནང་བྱུང་།
སྒྲོག་གདན་ཟུར་པས་གནང་བྱུང་།
བུ་མོའི་སྐུ་པང་ལྗང་ཆུང་།
ཐུགས་སེམས་གཉིས་ལ་བྲལ་སོང་།
ཨ་བ་བྱམས་པས་གནང་བའི།
སེམས་རྟེན་གཡུ་ཡི་ཚིགས་ཁེབས།
དགོང་མོ་སེམས་པའི་སྐྱོ་རོགས།
ཉི་མོ་ལས་ཀའི་ལས་རོགས།
ཁྲ་འབྲུག་སྒྲོལ་མ་གསུང་བྱོན།
ཁྱེད་རང་མངོན་གསུམ་ཡིན་ན།
ཨོ་ལོའི་སེམས་ཀྱི་ན་ཚར།
ཡེ་ཤེས་སྤྱན་གྱིས་གཟིགས་དང་།
དཀའ་ལས་འདི་འདྲ་རྒྱག་ཡས།
ཡིད་འཕྲོག་མཛེས་མའི་དོན་ཡིན།
ཡིད་འཕྲོག་མཛེས་མ་མེད་ན།
དཀའ་ལས་རྒྱག་འདོད་མི་འདུག
ལྕང་མ་རྒྱ་ལྕང་ཡིན་ཟེར།
དབུ་ལ་ཞུས་ཙམ་གནང་དང་།
བྱིའུ་ཆུང་འཇོལ་མོ་ཡིན་ཟེར།
གཤོག་པ་བསྐུངས་ནས་སླེབས་ཡོང་།
སྔར་སོང་གཤིབ་པའི་ཆུང་འདྲིས།
བསམ་བློ་ཞིབ་མོ་ཐོངས་དང་།
ལན་ཆགས་ཕྲུ་གུའི་ཨ་ཕ།
བར་དོའི་ཕྲང་ལས་ཁག་ག
ཟོན་པ་ཕོ་ཟོན་བཏབ་པས།
མོ་ཟོན་ཅིག་ལ་འགྱུར་སོང་།
ཚེ་གང་གཏན་གྲོགས་བཙལ་པས།
ཞག་གསུམ་སྙིང་སྡུག་ཆགས་སོང་།
འབྲེལ་ཡོད་འོས་སྦྱོར།