༄༅།།སྣང་ས་འོད་འབུམ་གྱི་རྣམ་ཐར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-05-08
ཀློག་གྲངས།:
དགེ་རྒན། གཞུང༌། སྔོན་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་མཛད་པའི་མཛད་ཚུལ་ལ། དང་པོ་རྔོན་པའི་ས་བཅག་དང༌། གཉིས་པ་རྒྱ་ལུའི་སྦྱིན་འབེབས། གསུམ་པ་ལྷ་མོའི་གླུ་གར་ལ་སོགས་པའི་གཞུང་བཟང་པོ་མང་པོ་འདུག་ཀྱང་མང་ཉུང་ཚིག་ལ་འདུས་པར་བྱས། དེའང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དགོངས་དོན་ལ་རྒྱལ་རབས་གསལ་བའི་མེ་ལོང་ཇི་སྙེད་ཅིག་ཡོད་པ་ལས། ཉི་མ་དེ་རིང་གི་སྐབས་སུ་བབ་པ་ནི་བུ་མོ་སྣང་ས་འོད་སྡེ་འབུམ་པའི་རྣམ་ཐར་ནས་འབུལ་རྒྱུ་ཡིན་ཅིང༌། དེའང་བོད་འདིར་སྟོད་མངའ་རིས་སྐོར་གསུམ་དང༌། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ལས། གཡས་རུ་གཙང་གི་ཡ་གྱལ། མྱང་སྟོད་རྒྱལ་རྩེ་ཞེས་བྱ་བརཡུལ་མཆོག་ལྗང་ཕད་ཁུད་ནང་པ་ཞེས་བྱ་བ་ལ་ཡབ་ཀུན་བཟང་བདེ་ཆེན་དང་ཡུམ་མྱང་ཚ་གསལ་སྒྲོལ་དེ་གཉིས་བཀའ་ཞལ་མཐིལ་དུ་ཕྱག་ཕེབས་ཤིག
ཡབ། གཞུང༌། ཡུམ་ཨ་མ་ལགས་ལ་ཞུ་རྒྱུར། ང་གཉིས་རྒན་རྒོན་གཉིས་བཀའ་ཞལ་མཐིལ་དུ་སྐལ་པ་བཟང་པོ་གང་འདྲ་ར་ཞིག་མིན་འདུག་གམ།
ཡུམ། གཞུང༌། སྐལ་པ་དེ་རིང་ལས་བཟང་བ་ག་རུ་བཟང༌། ཉམས་བཟང་འདི་རུ་མ་སྟོན་ག་རུ་སྟོན།
ཡབ། གཞུང༌། སྐལ་པ་བཟང་པོ་འདིའི་དུས་གཅིག་རྒྱག གཉིས་རྒྱག་མེད་པར་གསུམ་རྒྱག་དེ་ཚོ་ཀླད་ལ་བཀར་ནས་རྒྱོབས་ཤོག་ཨང་།(རྒན་རྒོན་གཉིས་ཞབས་བྲོ་རྒྱག་སྟངས་བྱེད་པ།)
ཡུམ། རྣམ་ཐར། རྒྱལ་ཀུན་འཕྲིན་ལས་ལྷ་མོའི་སྐུར་བསྟན་པ། སེང་ལྡེང་ནགས་ཀྱི་སྒྲོལ་མར་ཕྱག་འཚལ་ལོ།
དགེ་རྒན། གཞུང༌། ཁོ་མོ་མདང་གསུམ་ཉལ་བའི་རྨི་ལམ་དུ། ངོ་མཚར་ཆེ་བའི་ཁྱད་ཆོས་འདི་འདྲ་བྱུང༌། རྒྱལ་ཡུམ་སྒྲོལ་མའི་ཐུགས་ཀའི་ཏམ་ཡིག་ལས། འོད་འཕྲོས་བདག་གི་སྤྱི་བོར་ཐིམས་པ་རྨིས། ཞེས་གསུངས་ཡབ་ཐུགས་ཤིན་ཏུ་སྤྲོ་བར་རྒྱུར།
(ལྡབ་སྐྱོར་རྣམ་ཐར། )
ཡབ། རྣམ་ཐར། ཚེ་རབས་ཀུན་གྱི་གཏན་གྲོགས་བཞིན་བཟང་མ། ཡུམ་ཆེན་མྱང་ཚ་གསལ་སྒྲོན་བདག་ལ་གསོན།
དགེ་རྒན། གཞུང༌། རྨི་ལམ་མི་རྟག་འཁྲུལ་བ་ཡིན་མོད་ཀྱང༌། ད་རེས་རྨིས་པའི་རྨི་ལམ་ཤིན་ཏུ་བཟང༌། ན་གཞོན་སོ་དཀར་དུས་སུ་བུ་མེད་ཀྱང༌། རྒས་དུས་བུ་མོ་འཁྲུངས་པའི་བརྡ་རུ་གོ ཞེས་གསུངས་ཡར་དཀོན་མཆོག་ལ་མཆོད་པ་འབུལ། མར་ངན་སློང་ལ་སྦྱིན་པ་བཏང༌། བར་དགེ་འདུན་ལ་བསྙེན་བཀུར་བཅས་ཞུས་པས། བུ་མོ་ཁྱད་དུ་འཕགས་པ་ཞིག་འཁྲུངས། མཚན་ལ་སྣང་ས་འོད་འབུམ་ཞེས་གསོལ། བུ་མོ་སྣང་ས་དང་གཡོག་མོ་འཛོམས་པ་སྐྱིད་ཕྱག་ཕེབས་ཤིག
(ལྡབ་སྐྱོར་རྣམ་ཐར། )
སྣང་ས། རྣམ་ཐར། དུས་གསུམ་རྒྱལ་ཀུན་སྐྱེས་པའི་ཡུམ་མཆོག་མ། རྗེ་བཙུན་སྒྲོལ་མར་མཆོད་ཅིང་ཕྱག་ཀྱང་འཚལ། ང་ནི་འགྲོ་བའི་དོན་དུ་སྣང་བ་ཡིན། ས་སྟེང་འདི་ན་བཀྲ་ཤིས་བདེ་ལེགས་ཤོག
དགེ་རྒན། གཞུང༌། བུ་མོ་སྣང་ས་སྐྱེས་འབྲས་མཚར་བ་དང༌། ཐུགས་རྒྱུད་བཟང་ཞིང་ཡ་རབས་སྤྱོད་པ་ལྡན། ཕ་མར་གུས་ཤིང་ཕྱག་ལས་འཇོན་པ་དང༌། བུ་བརྒྱ་ལས་ཀྱང་ལྷག་པའི་བུ་མོ་ཡིན། སློང་མི་མང་ཡང་སུ་ལའང་སྟེར་བ་མིན། (དཔོན་སྒྲ་ཆེན་གཡོག་འཁོར་དང་བཅས་པ་ཕྱག་ཕེབས་ཤིག)
སྒྲ་ཆེན། རྣམ་ཐར། ད་ཡང་མི་སྡོད་ད་ཡང་བཏང་ནས་འགྲོ། ད་ཡང་བཀའ་ཞལ་མཐིལ་དུ་བཏང་ནས་འགྲོ།
(ལྡབ་སྐྱོར་རྣམ་ཐར། )
དགེ་རྒན། གཞུང༌། བུ་མོ་སྣང་ས་དང༌། གཡོག་མོ་འཛོམས་པ་སྐྱིད་གཉིས་ཀྱང་རྒྱན་གོས་ལེགས་པར་སྤྲས་ཏེ་གནས་རྙིང་གཟུངས་སྒྲུབ་མཇལ་བར་ཕྱག་ཕེབས་ཤིག དཔོན་སྒྲ་ཆེན་ཡབ་སྲས་རྣམས་གནས་རྙིང་དགོན་པའི་རབ་གསལ་ནང་དུ་བཞུགས། ཞྭ་ནག་རྣམས་ཕྱག་ཕེབས་ཤིག
(བསོད་ནམས་དཔལ་སྐྱིད་དང་ཨ་དྲུང་གིས་ཞྭ་ནག་རྣམས་ལ་མཇལ་དར་བསྒྲོན)
སྒྲ་ཆེན། རྣམ་ཐར། མ་གི་བརྒྱ་སྡེ་ཁྲོམ་པའི་དཀྱིལ་གྱི་ལྷ་ཡི་སྲས་མོ་འདྲ་བ་དེ། ད་ལྟ་ཉིད་དུ་དཔོན་པོ་ང་ཡི་དྲུང་དུ་ཁྲིད་ལ་ཤོག
བསོད་ནམས་དཔལ་སྐྱིད། སྐད་ཆ། བུ་མོ་སྣང་ས་ཞེས་པ་དེ་གང་འདྲ་ཞིག་ཡོད་པ་ཡིན་ནམ།
སྒྲ་ཆེན། སྐད་ཆ། བུད་མེད་ཀྱི་སྐྱོན་ལྔ་སྤངས་ཤིང་མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པ་ཞིག་ཡོད།
བསོད་ནམས་དཔལ་སྐྱིད། རྣམ་ཐར། ཚུར་ལ་ཉོན་དང་གཟུགས་མཛེས་ཡིད་འོང་མ། བསོད་ནམས་དཔལ་སྐྱིད་ཕྱོགས་ལ་ཚུར་ཉོན་དང༌།
སྒྲ་ཆེན། རྣམ་ཐར། གཟུགས་མཛེས་སྐད་སྙན་དྲི་ཞིམ་རོ་མཆོག་མངར། རེག་བྱ་འཇམ་པ་འདོད་ཡོན་ལྔ་ལྡན་ཁྱོད།
སྣང་ས། རྣམ་ཐར། ཕལ་པའི་བུ་མོ་ཁ་འབྲས་མཚར་ན་ཡང༌། མི་ཆེན་དཔོན་པོའི་བཙུན་མོ་ག་ནས་ཡོང༌།
བསོད་ནམས་དཔལ་སྐྱིད། སྐད་ཆ། མི་དགའ་དགའ་མདོག་བྱེད་པ་དེ། ཕོ་གསར་དམག་ལ་འགྲོ་བའི་རྟགས། མི་སྡུག་སྡུག་མདོག་བྱེད་པ་དེ། བུ་མོ་བག་མར་འགྲོ་བའི་རྟགས། (མདའ་དར་ཡར་བླངས་ནས་རྒྱལ་པོར་ཕུལ།)
སྒྲ་ཆེན། གཞུང༌། མཐོ་བ་ནམ་མཁའི་དགུང་གི་ཉི་ཟླ་དང༌། དམའ་བ་ས་སྟེང་སྐྱེས་པའི་པད་མ་གཉིས། མཐོ་དམའ་མི་འདྲ་ཁྱད་པར་ཡོད་ན་ཡང༌། ལས་དབང་མཐུན་པས་ཕན་ཚུན་མཛའ་གྲོགས་བྱེད། རི་ནང་དཔོན་པོ་གྲགས་པ་བསམ་གྲུབ་དང༌། ཕལ་པའི་བུ་མོ་སྣང་ས་འོད་འབུམ་གཉིས། དབང་ཐང་མི་གཅིག་ཁྱད་པར་ཡོད་ནའང༌། ལས་དབང་མཐུན་པས་ཕན་ཚུན་མཛའ་གྲོགས་བྱེད། ལག་ཏུ་འཁྱེར་བའི་གཙུག་གཡུ་མདའ་དར་འདི། བུ་མོའི་སྤྱི་བོའི་སྟེང་དུ་བཙུགས་ནས་ནི། མྱང་སྟོད་དཔོན་པོའི་ཁྱིམ་དུ་བག་མར་ལེན།(སྣང་ས་དང་འཛོམས་པ་སྐྱིད་ཁྱིམ་དུ་ལོག)
འཛོམས་པ་སྐྱིད། རྣམ་ཐར། ཚུར་ལ་གསོན་དང་སྣང་སའི་ཡབ་ཡུམ་གཉིས། འཛོམས་པ་སྐྱིད་ཀྱི་ཕྱོགས་ལ་ཚུར་གསོན་དང༌།
དགེ་རྒན། གཞུང༌། སྣང་སས་གཙུག་གཡུ་མདའ་དར་སྦས་ཏེ་ནང་ལ་ལོག འཛོམས་པ་སྐྱིད་ཀྱིས་ཁ་སང་གཙུག་གཡུ་མདའ་དར་བཙུགས་པའི་སྐོར་རྣམ་བཤད། དཔོན་སྒྲ་ཆེན་འཁོར་བཅས་ལྗང་ཕད་ཁུད་ནང་པར་ཕྱག་ཕེབས་ཤིག
མྱང་ཚ་གསལ་སྒྲོན། རྣམ་ཐར། ཕྱག་ལ་ཕེབས་སམ་རི་ནང་དཔོན་གཡོག་རྣམས། ཕེབས་པའི་ལམ་ལ་འོ་བརྒྱལ་མ་བྱུང་ངམ།
སྒྲ་ཆེན། གཞུང༌། ཁ་སང་གཙུག་གཡུ་མདའ་དར་སྣང་སར་ཡོད། ལེགས་ཉེས་གཏམ་ནི་དེ་རིང་ཞུ་རུ་ཡོང༌། བུ་མོ་སྣང་ས་མི་འགྲོ་ཟེར་ས་མེད། ཡབ་ཡུམ་གཉིས་ཀྱིས་མི་གཏོང་ཟེར་ས་མེད། གཞེས་ལྷ་ཉིན་དཀར་པོར་བསུ་མི་རྣམས་གཏོང་རྒྱུ་ཡིན། (ཞེས་གསུངས་ཏེ་བུ་མོར་རྒྱན་གོས་མང་པོ་གནང༌།)
དགེ་རྒན། གཞུང༌། དཔོན་སྒྲ་ཆེན་གྱིས་རྒྱན་གོས་མང་པོ་གནང༌། སྣང་སའི་ཡབ་ཡུམ་གཉིས་ཀྱིས་ཀྱང་རྒྱན་གོས་མང་པོ་བསྡོགས།
ཀུན་བཟང་བདེ་ཆེན། རྣམ་ཐར། གཡུ་ཡི་སྒྲོལ་མ་གསུང་བྱོན་གྱིས་གཙོ་བྱས་པའི། སྐུ་གསུང་ཐུགས་རྟེན་བུ་མོའི་རྟེན་སྐལ་ཡིན།
དགེ་རྒན། གཞུང༌། གསེར་དངུལ་གཡུ་བྱུར་མུ་ཏིག་ལ་སོགས་དང༌། དར་དང་གོས་ཆེན་སྣམ་རིགས་ལ་སོགས་པ། བུ་མོ་ཁྱེད་ཀྱི་ཕེབས་རྫོངས་བྱེད་པ་ཡིན། རྒྱུན་དུ་འགྲོགས་པའི་གཡོག་མོ་འཛོམས་པ་སྐྱིད། བུ་མོ་མི་སྒོ་འགྲིམས་པའི་གཡོག་མོ་ཡིན། རྡང་གི་བྱ་ཕོ་དེ་ལ་དཔེ་བླངས་ནས་ཞོགས་པ་ལངས་པའི་སྔ་མ་བུ་མོས་བགྱིས། སྒོ་ཁའི་ཁྱི་མོ་དེ་ལ་དཔེ་བླངས་ནས། དགོང་མོ་ཉལ་བའི་ཕྱི་མ་བུ་མོས་བགྱིས། ཡབ་སྲས་གཉིས་ལ་གུས་ཞབས་ཆེ་བ་གྱིས། ལས་ལ་བསྐོས་པའི་ཚེ་གང་གཏན་གྲོགས་ལ། བསྙེན་བཀུར་ཞབས་ཏོག་གུས་ཤིང་ཆེ་བ་མཛོད། མྱུར་དུ་མཇལ་བའི་སྨོན་པས་འཚམས་སྦྱར་གནང༌། རི་ནང་ཕྱོགས་ནས་སྣང་ས་བག་མར་ལེན་མཁན་གྱི་རྟ་པ་རྣམས་ཕྱག་ཕེབས་ཤིག
བསོད་ནམས་དཔལ་སྐྱིད། བཤད་པ། ཨོཾ་སྭ་སྟི་བདེ་ལེགས་སུ་གྱུར་ཅིག བཀྲ་ཤིས་རྟགས་བརྒྱད་ཚང་བའི་མཇལ་དར་འདི། མཐོ་ནམ་མཁའི་དབྱིངས་ལ་གཡུགས་ཙམ་བྱས། ས་གཞི་མར་ལ་གཡུགས་ཙམ་བྱས། ས་པད་མ་འདབ་བརྒྱད་ཚང་ནས་ཡོད། བུ་མོ་སྣང་ས་དང༌། སྲས་གྲགས་པ་བསམ་གྲུབ་ཀྱི་འཁྲུངས་སའི་མཛད་སྒོར། ང་གཟིམ་དཔོན་བསོད་ནམས་དཔལ་སྐྱིད་ཀྱིས་རྟེན་འབྲེལ་མཇལ་དར་འབུལ་ལོ།
གཞས་ཆེན་འབུལ་མི། གཞས་ཆེན། བཀྲ་ཤིས་ལྷ་ཡི་ཁང་བཟང༌། ཀུན་གྱི་ཉི་མ་ཟླ་བ།
དགེ་རྒན། གཞུང༌། ཨ་ནེ་སྙེད་མོ་མཇལ་དར་འབུལ་བར་ཕྱག་ཕེབས་ཤིག(ཨ་ནེ་སྙེད་མོ་མི་འདོད་བཞིན་དུ་མཇལ་དར་བསྒྲོན།)
དམངས། རྟ་འདུར། རྟ་ཕོ་ཕུན་ཚོགས་རྐྱང་པོའི་རྐྱང་གཞས་ལ། མི་ཕོ་ཡོད་ལ་ཁམས་གསུམ་དབང་འདུས་ཡོད།
དགེ་རྒན། གཞུང༌། སྣང་ས་རི་ནང་དུ་ཕེབས་ནས་ལོ་ངོ་བདུན་ཙམ་སོང་བ་དང༌། སྣང་སར་མི་ཡི་བུ་མི་འདྲ་བ་ལྷ་ཡི་སྲས་འདྲ་བ་ཞིག་འཁྲུངས་པའི་མཚན་ལ་ལྷའུ་དར་པོ་ཞུ་ཞིང༌། ལྷའུ་དར་པོ་ཕྱག་ཕེབས་ཤིག
ལྷའུ་དར་པོ། རྣམ་ཐར། ད་ཡང་མི་སྡོད་ད་ཡང་བཏང་ནས་འགྲོ། ཡབ་ཡུམ་བཞུགས་པའི་ཕྱོགས་སུ་བཏང་ནས་འགྲོ།
དགེ་རྒན། གཞུང༌། བུ་མོ་སྣང་སས་དཔོན་པོ་ཡབ་སྲས་རྣམས་ལ་བཀུར་སྟི་མཛད། བློན་འབངས་འཁོར་གཡོག་རྣམས་ལ་ཉེ་རིང་མེད་པར་བྱམས་སྐྱོང་མཛད། འོན་ཀྱང་ཨ་ནེས་རང་གི་དབང་ཆ་ཤོར་དོགས་ཀྱིས། སྣང་ས་དང་དཔོན་པོ་ཡབ་སྲས་དབར་ལ་དབྱེན་སྦྱོར་དཀྲུགས་ཤིང་བྱས། ལྷའུ་དར་པོ་སྐུ་པང་ལ་བཞེས་ནས་འདི་ལྟར་གསུངས།
འཁོར་བའི་འཐེན་ཐག་བུ་ཁྱོད་མེད་ན་ཨ་མ་མི་སྡོད་ཆོས་ལ་འགྲོ། ཞེས་གསུངས་ནས་ལྷའུ་དར་པོ་སྐུ་རྒྱབ་ཏུ་བསྣམས་ནས་མེ་ཏོག་ལྡུམ་རའི་ནང་དུ་ཕྱག་ཕེབས་ཤིག
གྲགས་པ་བསམ་གྲུབ། རྣམ་ཐར། གཟུགས་མཛེས་ལྟ་བས་མི་ངོམས་ཡིད་འོང་མ། གྲགས་པ་བསམ་གྲུབ་གླུ་ལ་ཚུར་ཉོན་དང༌།
དགེ་རྒན། གཞུང༌། གྲགས་པ་བསམ་གྲུབ་དབུ་སྐྲ་བཀྲུས་ནས་སྣང་སའི་སྐུ་པང་ནང་དུ་དབུ་བཞག་ནས་གཟིམས། ཚེ་འདིར་དམ་པའི་ལྷ་ཆོས་བསམ་ཀྱང་མགོ་ལ་མི་ཡིས་གཙུག་གཡུ་རྒྱབ། མི་ཆོས་བྱེད་པར་ཨ་ནེ་སྙེད་མོས་སྡུག་པོ་བཏང་བས་ཐུགས་སེམས་སྐྱོ། སྐྱོ་བའི་སྤྱན་ཆབ་གྲགས་པ་བསམ་གྲུབ་སྙན་ཅོག་ནང་དུ་ལྷུང༌། གྲགས་པ་བསམ་གྲུབ་མནལ་སད་ནས་སྣང་སར་འདི་ལྟར་གསུངས། ཁྱེད་ནི་གཟུགས་མཛེས་རྒྱན་གོས་ལེགས་ལ་པང་དུ་བུ་ཡང་ཡོད། ཐུགས་སེམས་སྐྱོ་ཞིང་སྤྱན་ཆབ་གནང་དོན་ཅི་ཞིག་ཡིན། སྣང་སས་ཨ་ནེ་སྙེད་མོའི་བྱེད་སྟངས་རྣམས་གསུངས། གྲགས་པ་བསམ་གྲུབ་ཀྱིས་ཨ་ནེར་ཞལ་ཏ་གནང་རྒྱུ་བྱས། དུས་དེར་བཙས་མ་བརྔ་བའི་དུས་སུ་སླེབས་པས་བཙས་མ་བརྔ་མི་རྣམས་ཕྱག་ཕེབས་ཤིག(ཨ་ནེས་བཙས་མ་བརྔ་མཁན་རྣམས་ལ་ཚིག་རྩུབ་པོས་བཀོད་པ་བཏང༌།)
བཙས་མ་བརྔ་མཁན། གཞས། བཙས་མ་འདི་ནས་བརྔས་ནས། མྱང་སྟོད་གཞུང་ལ་འགྲོ། མྱང་སྟོད་དཔོན་པོ་སྒྲ་ཆེན། རྩྭ་དང་བཙས་མའི་སྒང་རེད།
(ལྡབ་སྐྱོར་རྣམ་ཐར།)
དགེ་རྒན། གཞུང༌། ལ་སྟོད་དིང་རི་ནས་ཡིན་པའི་རས་པ་དཔོན་གཡོག་གཉིས་ཕྱག་ཕེབས་ཤིག
རས་པ། རྣམ་ཐར། རས་པ་ཆས་གཅིག་ཆས་གཉིས་ཆས་ནས་ཡོང༌། སྟོན་གྱི་བསོད་སྙོམས་ཞུ་བར་ཆས་ནས་ཡོང༌།
གཞུང༌། སྟོད་ལ་ཕྱི་སྒང་ནས་ཡོང་བའི་རས་པ་བླ་སློབ་གཉིས་ལ་བསོད་སྙོམས་ཞིག་གནང་རོགས་གནང༌།
སྣང་ས། སྐད་ཆ། ང་ལ་གཡོག་ཚོད་མ་གཏོགས་དཔོན་ཚོད་མེད། ཁྱེད་རང་ཨ་ནེའི་སར་ཕེབས་རོགས་གནང༌།(ཨ་ནེར་བསོད་སྙོམས་སློང་ཡང་མ་སྟེར། དེ་ནས་སླར་ཡང་སྣང་སའི་ཕྱོགས་སུ་ཕེབས།)
བླ་སློབ་གཉིས། མགུར། ཁྱེད་སྣང་སའི་དལ་འབྱོར་མི་ལུས་དེ། ཤར་སྤང་རིའི་ལྡེབས་ཀྱི་འཇའ་ཚོན་འདྲ། འཇའ་ཁ་དོག་མཚར་ཡང་སྙིང་པོ་མེད། ད་སྙིང་པོའི་ལྷ་ཆོས་བྱེད་ལ་རན།(སྣང་སས་བསོད་སྙོམས་ཚར་འབོར་གསུམ་གནང༌།)
སྣང་ས། རྣམ་ཐར། ཁྱེད་བྱོན་པ་གང་གི་ཕྱོགས་ནས་བྱོན། ད་བྱོན་པ་གང་གི་ཕྱོགས་སུ་ཕེབས།
དགེ་རྒན། གཞུང༌། ང་ཡོང་བ་སྟོད་དིང་རིའི་ཕྱོགས་ནས་ཡོང༌། རྗེ་མི་ལ་རས་པའི་སློབ་མ་ཡིན། ང་ཡི་མིང་ལ་རས་ཆུང་རྡོ་གྲགས་ཟེར། ད་འགྲོ་བ་དབུས་ཀྱི་ཕྱོགས་སུ་འགྲོ། དབུས་ཡར་ཀླུང་སྐྱོབས་པའི་དྲུང་དུ་འགྲོ། ཕུ་སྒྲུབ་པ་བསྐྱོན་པའི་བླ་མ་དང༌། མདའ་འཚོ་བ་འདྲེན་པའི་ཡོན་བདག་གཉིས། སངས་མཉམ་དུ་རྒྱས་པའི་རྟེན་འབྲེལ་ཡོད།
(ལྡབ་སྐྱོར་རྣམ་ཐར།)
ཨ་ནེ། རྣམ་ཐར། ལོ་བོན་ཡོད་ཚད་སྤྲང་པར་སྟེར་གྱུར་ན། སྤྲང་མོ་ཁྱོད་ཀྱང་མི་སྡོད་མཉམ་དུ་སོང༌།
(ཨ་ནེས་སྤྲང་པོར་ལོ་བོན་སྟེར་བ་ཉེས་ཟེར་ནས་ཁོང་ཁྲོ་ཆེན་པོས་ཉེས་བརྡུང་བཏང༌། སྣང་སའི་དབུ་སྐྲ་བཀོག་ནས་གྲགས་པ་བསམ་གྲུབ་སར་ཕྱིན།)
རྣམ་ཐར། ཇོ་ལགས་གསན་དང་གྲགས་པ་བསམ་གྲུབ་ལགས། ཨ་ནེ་སྙེད་མོའི་ཕྱོགས་ལ་ཚུར་གསོན་དང༌། (སྣང་སས་མ་བྱས་པ་བྱས་སོང་ཟེར་དཀྲུག་ཤིང་མང་པོ་རྒྱབ།)
གྲགས་པ་བསམ་གྲུབ། རྣམ་ཐར། ཚུར་ལ་ཉོན་དང་བདུད་མོ་སྣང་ས་ཁྱོད། བཅོལ་བའི་ལས་ཀ་འདི་ཡིན་བསྟན་རྒྱུ་མེད། མ་བཅོལ་ཟོག་རྫུན་རས་པར་སྣེ་ལེན་བྱས། (ཅེས་གསུངས་ནས་ཕྱག་འཇུག་དྲག་པོ་གནང༌།)
འཛོམས་པ་སྐྱིད། རྣམ་ཐར། ཚུར་ལ་གསོན་དང་དཔོན་པོ་གྲགས་བསམ་མཆོག གཡོག་པོ་གཡོག་མོའི་ཕྱོགས་ལ་ཚུར་གསན་དང༌། (སྣང་ས་སྐྱོར་ནས་གཟིམ་ཆུང་ནང་དུ་ཕེབས།)
དགེ་རྒན། གཞུང༌། དཔོན་པོས་བཀའ་བཀྱོན་གནང་བ་བདེན་མོས་ཀྱང༌། ཚེ་གང་གཏན་གྲོགས་བུ་སྐྱེས་ཨ་མ་ལ། ཕྱག་འཇུག་མ་གནང་དཔོན་པོ་སྒྲ་ཆེན་ལགས། སྤྱན་ཆབ་མ་བསིལ་ཨ་ཅེ་སྣང་ས་ལགས། སྐབས་དེར་དགོན་པ་སྐྱིད་པོ་གཡའ་ལུང་ཞེས་བྱའི་བླ་མ་ཤཱཀྱའི་རྒྱལ་མཚན་གྱིས། བུ་མོ་སྣང་ས་ཆོས་ལ་ཕེབས་པའི་དུས་སུ་བབ་པ་མཁྱེན་ནས་ནི། སྤྲང་པོ་གཟུགས་མཛེས་ཤིག་དང་ཉེ་གནས་སྤྲེའུར་སྤྲུལ་ཏེ་གནས་དེར་ཕེབས།
སྤྲང་པོ། རྣམ་ཐར། ལྷ་ལས་ལྷག་པའི་གཟུགས་མཛེས་ཡིད་འོང་མ། རབ་གསལ་ནང་དུ་བཞུགས་པའི་བཙུན་མོའི་དྲུང༌།
སྣང་ས། རྣམ་ཐར། ཚུར་ལ་གསོན་དང་སྤྲང་པོ་སྤྲེལ་རྩེད་ལགས། བུ་མོ་སྣང་སའི་ཕྱོགས་ལ་ཚུར་གསོན་དང༌།
དགེ་རྒན། གཞུང༌། བུ་མོ་དབེན་པའི་རི་ཁྲོད་འགྲིམས་པ་ལ། དགོན་པ་གང་དུ་བསྡད་ན་སྐྱིད་པ་ཡོད། བླ་མ་སུ་ལ་བསྟེན་ན་བྱིན་རླབས་ཆེ།
(ལྡབ་སྐྱོར་རྣམ་ཐར།)
སྤྲང་པོ། རྣམ་ཐར། དགོན་པ་སྐྱིད་པོ་སེ་ར་ཡར་ལུང་ལ། བླ་མ་བཟང་པོ་ཤཱཀྱའི་རྒྱལ་མཚན་བཞུཊ།
དགེ་རྒན། གཞུང༌། སྣང་སར་བླ་མའི་མཚན་ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་གཡོས། རང་གི་རྒྱན་ཆའི་ནང་ནས་གཡུ་སྤུས་ལེཊ་ཁ་ཤས་གནང༌། (དེ་ལྟར་གནང་བ་དཔོན་པོ་སྒྲ་ཆེན་གྱི་གཟིཊ།)
སྒྲ་ཆེན། རྣམ་ཐར། སྤྲང་ཁྱི་ཐོག་ཀར་བཏགས་ན། གནམ་གྱི་སྐར་མར་ཟུག དམ་བི་ཉི་མར་བསྲོས་ན། ཁ་ལས་ཞབས་ར་མཐོ། (སྣང་ས་སྙུན་པའི་སྟེང་སྒྲ་ཆེན་གྱིས་བརྡུངས་པས་དེ་ནུབ་གཤེགས། ལྷའུ་དར་པོའང་སྣང་སའི་སར་མ་བཞག་པར་ཁྲིད།)
(ལྡབ་སྐྱོར་རྣམ་ཐར།)
དགེ་རྒན། གཞུང༌། སྣང་ས་ཉེས་རྡུང་དྲག་པོས་ན་ཟུག་བཟོད་གླགས་མེད་པའི་སྟེང༌། དཔོན་སྒྲ་ཆེན་གྱིས་ཕྱག་འཇུག་དྲག་པོ་གནང་བས་ལྗགས་དབུགས་ཆད། དཔོན་པོ་ཡབ་སྲས་གཉིས་སྣང་སའི་དྲུང་དུ་ཕྱག་ཕེབས་ཤིག
གྲགས་པ་བསམ་གྲུབ། རྣམ་ཐར། གཟུགས་མཛེས་ལྟ་བས་མི་ངོམས་སྣང་ས་ལགས། རི་ནང་དཔོན་པོ་ཡབ་སྲས་གཉིས་ལ་ཉོན།
དགེ་རྒན། གཞུང༌། ལུས་ལ་ན་ཚ་ཡོད་པ་ལོས་བདེན་ཡང༌། བུ་མོར་མི་རྟག་འཆི་བ་ཡོང་དོན་མེད། སྣང་ས་གཟིམ་ཅིས་ཀྱང་བཞེངས་རོགས་མཛོད། ཅེས་གསུངས་ནས་སྣང་སའི་ཕྱག་ནས་འཐེན་པ་ཡིས། སྣང་ས་དགོངས་པ་རྫོགས་པ་ཞི་ནས་ཤེས། རྩིས་པ་གཉིས་ཕྱག་ཕེབས་ཤིག
རྩིས་པ། རྣམ་ཐར། ཚུར་ལ་གསོན་དང་གཟིམ་དཔོན་ཆེན་མོ་ལགས། མ་གཡེངས་རྩིས་རྒན་ཕྱོགས་ལ་ཚུར་གསོན་དང༌།
(ལྡབ་སྐྱོར་རྣམ་ཐར།)
དགེ་རྒན། གཞུང༌། རྩིས་བྱར་བབ་དོན་ལ་སྣང་ས་ནི་ཚེ་མ་ཟད། ལས་མ་རྫོགས། ཟས་གྲངས་དང་གོས་གྲངས་འཐིམ་མི་འདུག་པས། སྣང་སའི་སྐུ་གདུང་ཤར་རིའི་རྩེར་ཉིན་བདུན་གཅིག་བཞག དེ་ནས་གང་དགོས་ལྟ་ཞེས་གསལ། སྐུ་གདུང་སྦྱང་སྒྲིལ་ཞུ་མི་རྣམས་ཕྱག་ཕེབས་ཤིག
གཅོད་པ། གཅོད་རྟ། མ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་རྣམས། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། ལམ་སྣ་མ་ཟིན་འཆི་བའི་དུས་བྱེད་ན། བཙན་ཐབས་འཚང་རྒྱ་བླ་མའི་འཕོ་བ་ནི། སྟོབས་ལྔ་ཡང་དག་སྦྱར་བའི་གདམས་ངག་གིས། དག་པའི་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས།(ཞེས་སོགས་ཀྱི་འཕོ་བ་བཏབ།)
(ལྡབ་སྐྱོར་རྣམ་ཐར།)
དགེ་རྒན། གཞུང༌། དེའི་དུས་སུ་སྣང་སའི་རྣམ་ཤེས་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་ཁྱུག་ཙམ་ཞིག་ལ་གཤིན་རྗེ་ཆོས་རྒྱལ་གྱི་དྲུང་དུ་སླེབས། དཀར་ནག་ལས་འབྲས་ཀྱི་དཔོན་པོ་གཤིན་རྗེ་ཆོས་རྒྱལ་འཁོར་བཅས་ཕྱག་ཕེབས་ཤིག བུ་མོ་སྣང་སའི་རྣམ་ཤེས་ཀྱང་གཤིན་རྗེའི་དྲུང་དུ་ཕྱག་ཕེབས་ཤིག
སྣང་ས། རྣམ་ཐར། དགེ་སྡིག་དཀར་ནག་ལས་ཀྱི་ཤན་འབྱེད་པ། གཤིན་རྗེ་ཆོས་རྒྱལ་བུ་མོ་བདག་ལ་གསོན།
དགེ་རྒན། གཞུང༌། སྣང་ས་མི་ཡུལ་དུ་བཞུགས་རིང་གི་ལས་དཀར་ནག་གཉིས་ཀྱི་རྡེའུ་རྣམས་སྤུངས་ཤིག
གཤིན་རྗེ། རྣམ་ཐར། ཚུར་ལ་ཉོན་དང་བུ་མོ་སྣང་ས་ལགས། འཆི་བདག་གཤིན་རྗེར་རྣ་བའི་དབང་པོ་ཉོན།
གཞུང༌། བུ་མོ་ཁྱོད་ནི་སྡིག་ཅན་མ་ཡིན་མཁའ་འགྲོའི་སྤྲུལ་པ་ཞིག་རེད་འདུག ད་ནི་མ་སྡོད་མྱུར་དུ་སོང་ལ་རང་གི་ཕུང་པོར་ཐུགས་སེམས་བཞུགས། འདས་ལོག་ཆོས་ཀྱི་མཚམས་ལ་བཞུགས་ནས་འཕྲིན་ལས་འགྲོ་དོན་རྒྱ་ཆེར་སྤེལ།
དགེ་རྒན། གཞུང༌། བུ་མོ་སྣང་སས་སྐུ་ལུས་རྙིང་པར་ཐུགས་སེམས་བཞུགས། ཐུགས་དྲན་གསོས་རྗེས་རོ་རས་དཀར་པོས་སྟོད་གཡོག་བྱས། སྒོམ་ཐག་སྣམ་བུ་དཀར་པོས་སྨད་གཡོགབྱས། ཆར་བབས། འབྲུག་སྒྲ་ལན་གསུམ་བསྒྲགས། དེ་ནས་ལྷའུ་དར་པོ་དེ་ཡིས་ནི། ཕར་ལ་ལྟོས་དང་ཤར་རི་མཐོན་པོའི་རྩེར། བྱ་རྒྱལ་རྒོད་པོའི་གཤོག་འགྱུར་མིན་འདུག་ལ། ཕོ་རོག་ནག་ཆུང་ལྡིང་སྐོར་མི་བྱེད་འདུག འཇའ་དང་འོད་ཀྱི་གུར་ཁང་ཕུབས་ནས་འདུག བུ་ཆུང་ཤར་རིའི་སྟེང་དུ་སྐྱེལ་རོགས་མཛོད། དཔོན་པོ་ཡབ་སྲས་རྣམས་ཤར་ཕྱོགས་སྤང་རིའི་རྩེར་ཕྱག་ཕེབས་ཤིག
གྲགས་པ་བསམ་གྲུབ། རྣམ་ཐར། རིགས་བཟང་མཁའ་འགྲོ་སྣང་ས་འོད་འབུམ་ལགས། གྲགས་པ་བསམ་གྲུབ་གླུ་ལ་ཚུར་གསོན་དང༌།
དགེ་རྒན། གཞུང༌། སྣང་སྟོང་ལྷ་སྐུ་ཡིན་པ་མ་ཤེས་པར། འདོད་ཆགས་དབང་གིས་བག་མེད་ལས་ལ་སྤྱོད། ཁྱོད་སྐུར་རྡེག་པ་ཐམས་ཅད་མཐོལ་ལོ་བཤགས། ཞེས་གསུངས་སྣང་སས་ལྷའུ་དར་པོ་ལ། ཨ་མ་ང་ནི་རོ་ལངས་གཏན་ནས་མིན། ལན་ཅིག་ཤི་ནས་འདས་ལོག་ཡོང་བ་ཡིན། ཞེས་གསུངས་ལྷའུ་དར་པོས་ཨ་མ་ལགས། རོ་ལངས་ཡིན་ན་བུ་ང་གསོད་རོགས་གྱིས། འདས་ལོག་ཡིན་ན་བུ་ངའི་རྗེས་སུ་ཕེབས། ཞེས་སོགས་ཀུན་གྱིས་སྔ་འགྱོད་ཕྱི་འདོམས་མཛད། སྣང་ས་ཁྱིམ་དུ་ཕེབས་འདོད་མེད་ནའང༌། ཀུན་གྱིས་ཞུ་བ་ཕུལ་མཐར་ཕེབས་དགོས་བྱུང༌། བུ་མོ་སྣང་ས་མྱང་སྟོད་རི་ནང་ཁྱིམ་དུ་གདན་དྲོངས་ཤིག
(ལྡབ་སྐྱོར་རྣམ་ཐར།)
གཞུང༌། སྣང་ས་རི་ནང་དུ་གདན་འདྲེན་སྐབས་མེ་ཏོག་གི་ཆར་བབས། འཇའ་འོད་ཀྱི་གུར་ཁང་ཕུབས། འབྲུག་སྒྲ་ལན་གསུམ་གྲགས། རི་ནང་པས་སྣང་ས་ལྷ་ཆོས་སུ་ཕེབས་དོགས་ཀྱིས་བཀུར་སྟི་ཞབས་ཏོག་ཕུན་སུམ་ཚོགས་པ་ཞུས། འོན་ཀྱང་སྣང་ས་ད་བར་གཉེན་འཕྲད་དུ་ཕེབས་མྱོང་མེད་སྟབས། སྣང་ས་གཉེན་འཁོར་རྣམས་གཉེན་འཕྲད་དུ་ཕྱག་ཕེབས་ཤིག
དམངས། རྟ་འདུར། ཨོ་རྒྱན་པད་ཞྭ་སུ་ཡིས་བཞེས། ཨོ་རྒྱན་པད་ཞྭ་བླ་མས་བཞེས། ཞྭ་མོ་ལྕགས་མདའ་སུ་ཡིས་བཞེས། ཞྭ་མོ་ལྕགས་མདའ་དཔོན་པོས་བཞེས།
དགེ་རྒན། གཞུང༌། ཀོ་བ་མཉན་དཔོན་རྣམས་ཕྱག་ཕེབས་ཤིག
གྲུ་པ། རྣམ་ཐར། གྲུ་ཤན་ཕར་ལ་བཏང་བས། རྟ་མགོས་ཕྱི་བལྟས་སློག་གིས། སྐྱིད་ནགས་ན་ཁའིཁ་ལ། ལྡེམ་ལྡེམ་ལྕང་གསར་འཁྲུངས་ཤག(མཉན་དཔོན་གཉིས་ཤོ་རྒྱག་བཞིན་བསྡད།)
སྣང་ས། རྣམ་ཐར། མྱང་ཆུ་ཕ་རིར་བཞུགས་པའི། མཉན་དཔོན་ཨ་ཇོ་རྣམ་གཉིས། བུ་མོ་ཨ་མ་དྲན་བྱུང༌། ཀོ་བ་ལན་གཅིག་བཏང་རོགས།(སྣང་ས་གཡོག་འཁོར་རྣམས་ཀོ་བའི་ནང་དུ་འཛུལ།)
(ལྡབ་སྐྱོར་རྣམ་ཐར།)
དགེ་རྒན། གཞུང༌། སྣང་ས་བུ་དང་གཡོག་འཁོར་བཅས་ཕད་ཁུད་ཁྱིམ་དུ་འབྱོར། མ་མྱང་ཚ་གསལ་སྒྲོན་གྱིས་ནི་མདའ་རྒྱང་གང་ཙམ་བར་ཇ་ཆང་བསྣམས་ནས་བསུ་བར་ཕེབས། འོན་ཀྱང་བུ་མོ་སྣང་ས་འཁོར་བའི་བྱ་བར་ཞེན་པ་ལོགས་ནས་དམ་པའི་ལྷ་ཆོས་བྱེད་དགོས་དགོངས།
(ལྡབ་སྐྱོར་རྣམ་ཐར།)
མྱང་ཚ་གསལ་སྒྲོན། རྣམ་ཐར། གཟུགས་མཛེས་སྐད་སྙན་སྣང་ས་འོད་འབུམ་ཁྱོད། རི་ནང་དཔོན་གྱི་ཇོ་མོ་མི་བྱེད་ན། བུ་མོས་ཨ་མ་ཡིན་བསམ་མ་བྱེད་ཅིག ཨ་མས་བུ་མོ་ཡིན་བསམ་བྱེད་ཀྱི་མིན། ཞེས་གསུངས་ནས་སྣང་ས་སྒོ་ཡི་ཕྱི་རུ་ཕུད། སྣང་ས་དགོན་པ་སྐྱིད་པོ་སེ་ར་ཡར་ལུང་ལ་ཕྱག་ཕེབས་ཤིག
(ལྡབ་སྐྱོར་རྣམ་ཐར།)
དགེ་རྒན། གཞུང༌། བླ་མ་ཤཱཀྱའི་རྒྱལ་མཚན་དང་ཉེ་གནས་ཚུལ་ཁྲིམས་རིན་ཆེན་ཕྱག་ཕེབས་ཤིག
(ལྡབ་སྐྱོར་རྣམ་ཐར།)
ཉེ་གནས། རྣམ་ཐར། ཚུར་ལ་གསོན་དང་གཟུགས་མཛེས་ཡིད་འོང་མ། ཉེ་གནས་ཚུལ་ཁྲིམས་རིན་ཆེན་བདག་ལ་གསོན།
སྣང་ས། རྣམ་ཐར། བླ་མའི་ཉེ་གནས་ཚུལ་ཁྲིམས་རིན་ཆེན་ལགས། བུ་མོ་ཆོས་མེད་བདག་ལ་ཚུན་གསན་དང༌།
དགེ་རྒན། གཞུང༌། ཉེ་གནས་ཀྱིས་སྣང་སའི་ལོ་རྒྱུས་དྲིས། སྣང་སས་ཞིབ་པར་ཞུས་ནས་འདི་སྐད་དོ། འཇིག་རྟེན་བྱ་བར་སྐྱོ་བ་སྐྱེ་ནས་ནི། ལྷ་ཆོས་བྱེད་དུ་ཡོང་བའི་ལོ་རྒྱུས་ཞུས། (བླ་མས་གནམ་སྒོ་བརྒྱབ་ནས་བུ་མོ་དེ་མར་མ་ཏང་།)
སྣང་ས། རྣམ་ཐར། འ་ཅག་བླ་མས་རྗེས་སུ་མིན་འཛིན་ན། ཡ་མེད་བྱས་ནས་རང་གྲི་རྒྱག་རྒྱུ་ཡིན།
ཉེ་གནས། གཞུང༌། རང་སྲོག་རང་གིས་བཅད་ན་ཚེ་ལོ་ལྔ་བརྒྱ་སྐྱེ་བ་ལེན་གྱི་མ་རེད། བུ་མོ་རང་དངངས་སྐྲག་མ་བྱེད། ངས་བླ་མར་ཞུས་ཆོག བླ་མ་རིན་པོ་ཆེ་ལགས།
བླ་མ། གཞུང༌། ཉེ་གནས་ལགས། གང་འདུག་གམ།
ཉེ་གནས། གཞུང༌། བླ་མ་གནམ་སྒོ་ཕྱེ་མ་གནང་ན། བུ་མོ་རང་སྲོག་རང་གིས་སྐྱེལ་བ་འདུག
བླ་མ། རྣམ་ཐར། ཧ་ལས་བླ་མས་གནམ་སྒོ་ཕྱེས་ཡོད་དོ། ཨ་ཅེ་སྣང་ས་ཐུགས་སེམས་མ་སྐྱོ་ཞིག
དགེ་རྒན། གཞུང༌། ཨ་དོན་བསྐྱེད་རྫོགས་ཐེག་ཆེན་གདམས་ངག་སྟེར། ཞེས་གསུངས་བླ་མས་གནམ་སྒོ་ཕྱེས། སྣང་སས་མགོ་རྒྱན་ཅི་ཡོད་བླ་མར་ཕུལ། དེ་ལྟར་སྣང་ས་དགོན་པ་སྐྱིད་པོ་སེ་ར་ཡར་ལུང་དུ། ལྷ་ཆོས་བྱས་ནས་བཞུགས་པ་རི་ནང་དཔོན་གྱིས་མཁྱེན། དམག་མི་ཁྲིད་ནས་སེ་ར་ཡར་ལུང་དུ་དམག་རྒྱག་ཏུ་ཡོང༌།
སྣང་ས། རྣམ་ཐར། ཚུར་ལ་གསན་དང་དཔོན་པོ་ཡབ་སྲས་གཉིས། འདས་ལོག་སྣང་སའི་ཕྱོགས་ལ་ཚུར་གསོན་དང༌།
གྲགས་པ་བསམ་གྲུབ། རྣམ་ཐར། ཚུར་ལ་ཉོན་དང་ཤཱཀྱའི་རྒྱལ་མཚན་ཁྱོད། རི་ནང་དཔོན་པོ་ཡབ་སྲས་ཕྱོགས་ལ་ཉོན།(རི་ནང་པའི་དམག་མི་དང་བླ་མའི་ཉེ་གནས་རྣམས་འཛིངས།)
བླ་མ། རྣམ་ཐར། འགྲོ་བ་མི་ཡི་ལུས་ལ་དུད་འགྲོའི་སེམས། སྡིག་ཅན་ཕ་བུ་གཉིས་པོ་བླ་མ་ང་ལ་ཉོན།
དགེ་རྒན། གཞུང༌། བུ་མོ་སྣང་སས་སྒྲུབ་རྟགས་ངོམས་ཤིང་བླ་མའི་ཕྱོགས་སུ་ཕྱག་ཕེབས་ཤིག
(ལྡབ་སྐྱོར་རྣམ་ཐར།)
བླ་མས་མཁའ་དབྱིངས་སུ་རྡོ་རྗེ་དཀྱིལ་དཀྲུང་གནང་ནས་བཞུགས། སྣང་སས་རས་གོས་བཞེས་ནས་འཕུར་བ་བཅས་ཀྱིས་རི་ནང་དཔོན་འཁོར་འགྱོད་པ་དྲག་པོ་སྐྱེས།
དཔོན་སྒྲ་ཆེན། རྣམ་ཐར། དགོངས་པ་མ་འཚོམ་བླ་མ་རིན་པོ་ཆེ། མ་ལུས་འགལ་བས་སྙིང་ནས་འགྱོད་བཤགས་འབུལ།
དགེ་རྒན། གཞུང༌། སྲས་ལྷ་འུ་དར་པོར་རྒྱལ་སྲིད་ཀྱི་དབང་བསྐུར་དགོས་ཐུགས་ལ་དགོངས། ལྷ་འུ་དར་པོ་ཕྱག་ཕེབས་ཤིག
དགེ་རྒན། གཞུང༌། ལྷའུ་དར་པོ་གསེར་ཁྲིར་མངའ་གསོལ། མི་སྣ་ཁག་གི་རྟེན་འབྲེལ་མཇལ་དར་འབུལ་དུ་ཕྱག་ཕེབས་ཤིག
དམངས། རྟ་འདུར། ལུང་པ་སྐྱིད་པོ་དབུས་ཀྱི་ལུང་པ་སྐྱིད། ཕོ་བྲང་དམར་པོ་དབུས་ཀྱི་ལུང་པར་ཆགས། ཕོ་བྲང་དམར་པོའི་ཉམས་བཟང་ཡ་ལ་གཟིགས།
ལུང་པ་སྐྱིད་པོ་གཙང་གི་ལུང་པ་སྐྱིད། བཀྲ་ཤིས་ལྷུན་པོ་གཙང་གི་ལུང་པར་ཆགས། བཀྲ་ཤིས་ལྷུན་པོའི་ཉམས་བཟང་ཡ་ལ་གཟིགས།
དགེ་རྒན། གཞུང༌། མཇུག་ཏུ་རྟེན་འབྲེལ་གང་ལེགས་ཀྱི་ངང་ནས་བཀྲ་ཤིས་ཞོལ་པ་རྣམས་ཕྱག་ཕེབས་ཤིག
བཀྲ་ཤིས་ཞོལ་པ། རྣམ་ཐར། དགའ་ས་གཅིག་ནས་ཡོང་པས། སྐྱིད་ས་གཅིག་ལ་སླེབས་སོང༌། བཀྲ་ཤིས་ཞབས་བྲོ། གཡང་ཆགས་ཞབས་བྲོ། ང་ཚོ་ཕོ་བྲང་བཀའ་ཞལ་མཐིལ་དུ་འཛོམས་པ་འདི་ཚོ་རྨི་ལམ་ཡིན་ནམ་མངོན་སུམ་ཡིན། ང་ཚོ་ཕོ་བྲང་བཀའ་ཞལ་མཐིལ་དུ་འཛོམས་པ་འདི་ཚོ་མངོན་སུམ་རེད། མངོན་སུམ་གྲུང་གྲུང་རེད།
དམངས། རྟ་འདུར། ཨོ་རྒྱན་པཎ་ཞྭ་སུ་ཡིས་བཞེས། ཨོ་རྒྱན་པཎ་ཞྭ་བླ་མས་བཞེས། ཞྭ་མོ་ལྕགས་མདའ་སུ་ཡིས་བཞེས། ཞྭ་མོ་ལྕགས་མདའ་དཔོན་པོས་བཞེས།
ལྷའུ་དར་པོ། རྣམ་ཐར། ཨེ་མ་སོན་དང་ང་ཡི་བློན་འབངས་རྣམས། ལྷའུ་དར་པོའི་ཕྱོགས་ལ་ཚུར་གསོན་དང༌།
དགེ་རྒན། གཞུང༌། ཡབ་ཀྱི་བཀའ་བཞིན་རྒྱལ་སྲིད་ཆོས་བཞིན་སྐྱོངས༌། ཆར་ཆུ་དུས་བབས་ལོ་ཕྱུགས་རྟག་ཏུ་ལེགས།
དགེ་རྒན། གཞུང༌། ཞེས་བུ་མོ་སྣང་སའི་འཁྲུངས་རབས་རྣམ་ཐར་འདི་ནས་སརྦ་མངྒ་ལམ་ཞུས། སྣང་སའི་ཡབ་ཡུམ་གཉིས་དང༌། རི་ནང་དཔོན་འཁོར་རྣམས་ཀྱང་བླ་མ་ཤཱཀྱའི་རྒྱལ་མཚན་གྱི་དྲུང་དུ་རྣམ་དཀར་ཆོས་ལ་འབུངས།
དམངས། རྟ་འདུར། རྟ་ཕོ་ཕུན་ཚོགས་རྐྱང་པོའི་རྐྱང་བཤད་ལ། མི་ཕོ་ཡོད་ལ་ཁམས་གསུམ་དབང་འདུས་ཡོད། ཡ་ལ་གསན་པ་ཞུ། ཡ་ལ་ཉན་པ་ཞུ།
དགེ་རྒན། རྣམ་ཐར། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག
ཏ་ལའི་ལ་མོའི་རྩེ་ནས། ལྷ་བསངས་དགྲ་ལྷ་དཔང་བསྟོད། འདབ་ཆགས་ཨོ་རོག་ནག་ཆུང༌། ཕྱེ་མར་བཞེས་ལ་ཕེབས་དང༌།
ལྡབ་སྐྱོར་རྣམ་ཐར།

འབྲེལ་ཡོད་འོས་སྦྱོར།