གླིང་སྒྲུང་གཏམ་དཔེ་གཅེས་བཏུས། ཁག་གཉིས་པ།
རྩོམ་པ་པོ།:
ཡོང་ཁུངས།:ཁྲི་འདུ་རྩོམ་རིག་འཕྲིན་སྟེགས།
དུས་ཚོད།:2022-06-23
ཀློག་གྲངས།:
དཀར་པོ་དུང་གི་བརྒྱན་ཡ་ལ། །
འོ་མའི་ཆོས་འཁོར་བརྒྱན་ལེ་དགོས། །
སེར་པོ་གསེར་གྱི་བརྒྱན་ཡ་ལ། །
དྲུག་དམར་གཡུ་ཡི་བརྒྱན་ལེ་དགོས། །
རྒྱ་བྱུར་དམར་པོའི་བརྒྱན་ཡ་ལ། །
སྤོས་ཤེལ་སེར་པོའི་བརྒྱན་ཡང་དགོས། །
རྐྱེན་ངན་ཆག་སྒོ་བུ་ལོན་གསུམ། །
འདོད་པ་མེད་དེ་སྔོན་གྱིས་བསྐོས། །
རྐྱེན་ཡོད་སར་ཟློག་པ་རྒྱག་ལེ་ཡིན། །
འདྲེ་ཡོད་སར་གཏོར་མ་འཕང་ལེ་ཡིན། །
གཉོམ་ཆུང་སྟེང་ལ་བཙན་པོ་ངར་དོན་མེད། །
སྐྱིད་གངས་སྟོད་མཐོན་པོའི་དབུ་རྩེ་ནས། །
མགོ་མཐོ་འདོད་གངས་ནས་རལ་པ་ངོམ། །
ལས་མ་དག་སེང་ཁོག་འབུ་ཡིས་ཁེངས། །
དུས་མཐའ་མ་གཡུ་རལ་འདམ་ལ་ཟུག །
མཐོ་གངས་སེང་གཡུ་རལ་དེ་ན་ཤོར། །
སྐྱེས་ཕོ་རབ་གཏམ་དེ་ཉི་མ་འདྲ། །
འདྲི་མི་དགོས་འཛམ་གླིང་ཀུན་ལ་ཁྱབ། །
ཕོ་འབྲིང་གཏམ་དེ་རླུང་དང་མཉམ། །
རླུང་བསེར་མ་རྒྱབ་ནས་བཤར་རེ་ཡོང་། །
ཕོ་ཐ་མའི་གཏམ་དེ་ལྐུགས་གཏམ་ཡིན། །
རེ་རེ་འདྲི་དུས་རེ་རེ་བཤད། །
ཚིག་རྩ་འགག་ཞིང་མཆིལ་མ་མིད། །
དེ་འདྲའི་གཏམ་དེ་ཨ་དགོས་ཆུང་། །
དཀར་ཕྱོགས་ཆོས་ཀྱི་མཆོད་པ་ལ། །
ཇ་ཕུད་ཆང་ཕུད་ལྷ་ལ་འབུལ། །
ལྷ་དགའ་ལེ་སྤོས་དང་མར་མེ་ཡིན། །
མི་དགའ་ལེ་མཐོལ་དང་བཤགས་པ་ཡིན། །
སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །
ཕོ་རབ་འདྲ་གཉིས་ཐུག་པའི་དུས། །
གཏམ་དང་འདུན་མའི་གྲོས་འགོ་བཙུགས། །
སྡེ་ཚོ་ཆེན་གཉིས་ལ་འདུག་བདེ་ཐོན། །
ཕོ་འབྲིང་འདྲ་གཉིས་ཐུག་པའི་དུས། །
རང་གཞན་གཉིས་ཀྱི་དོན་དེ་འགྲུབ། །
མི་གཉིས་འགྲོ་བདེ་ཡོང་རབས་ཡོད། །
ཆུ་གཉིས་འབབ་བདེ་ཡོང་རབས་ཡོད། །
ཕོ་ཐ་མ་འདྲ་གཉིས་ཐུག་པའི་དུས། །
གཏམ་ཚིག་གསུམ་གོང་ནས་རྫུན་མགོ་བསྐོར། །
ཕོ་གཡོ་ཆེན་ཁོག་པ་རྫུན་གྱིས་གང་། །
རི་ཆེན་ཁོག་པ་ཆུ་ཡིས་གང་། །
སྡེ་གཉིས་ཐོད་པ་གཏུག་རབས་ཡོད། །
སྡེ་གསུམ་ཀླད་ཞོ་འདྲེས་རབས་ཡོད། །
རྐྱང་ཆུང་ན་བར་ཆས་ལེ་དེ། །
ཁ་དཀར་སྤང་ལ་མགྱོགས་བསམ་དེ། །
ཁ་ཆར་མུན་པ་འཁྲིགས་ཉིན་མོ། །
རྐྱང་ཆུང་ཁ་ལོ་ཅི་སྐོར་ལྟ། །
སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །
ཕོ་རབ་གཏམ་ཞིག་བཤད་ལེ་དེ། །
དར་ལྕེ་རླུང་གིས་བརྡབ་འདྲ་ཡོད། །
དར་ཤིང་རང་གིས་འཛིན་འདྲ་ཡོད། །
ཕོ་འབྲིང་གཏམ་ཞིག་བཤད་ལེ་དེ། །
ལྷ་ཁང་སྒོ་མོ་ཕྱེ་འདྲ་ཡོད། །
སྐྱེ་བོ་ཆོས་མཇལ་བཏང་འདྲ་ཡོད། །
གནས་བཤད་ཆུ་བོ་བབས་འདྲ་ཡོད། །
ཕོ་ཐས་གཏམ་ཞིག་བཤད་ལེ་དེ། །
ཁྲེལ་གཏམ་མིན་ན་རྫུན་གཏམ་རེད། །
འུར་གཏམ་མིན་ན་སྔར་གཏམ་རེད། །
སྐྱིད་སྡུག་གན་ལྡེ་མགོ་སྦྲེལ་རེད། །
ལ་རེ་རྒྱག་དུས་ཐུར་རེ་ཡོད། །
མཐོན་པོའི་ལ་ཞིག་མ་བརྒྱབ་ན། །
བདེ་མོའི་ཐང་ལ་སླེབས་ལེ་མིན། །
སྐད་གཅིག་གིས་འཛམ་གླིང་མི་ཁྱབ་ཀྱང་། །
སྐད་གཅིག་གིས་འཛམ་གླིང་ཁྱབ་ལེ་དེ། །
གནམ་གྱི་གཡུ་འབྲུག་སྔོན་མོ་རེད། །
སྐད་ཤུགས་ཅི་ཡོད་ཀུན་གྱིས་ཤེས། །
རྐུན་མཁན་ངོས་བླངས་ན། །
འཇལ་བ་ཆུ་ཡིས་དག །
སྐྱེ་གཟུགས་མཛེས་པའི་བུད་མེད་ལ། །
གསེར་དངུལ་གཉིས་ཀྱི་རྐྱེན་ཆ་འཛོམས། །
ཁྲོམ་ཆེན་དཀྱིལ་ལ་ངོམས་རྒྱུ་རེད། །
སྐུ་རྗེ་སངས་རྒྱས་གེ་སར་མདུན། །
འདྲེ་ཕོས་བྲོ་རྡུང་རྒྱག་ས་མེད། །
འདྲེ་མོས་ཡུངས་བསྲེགས་མུར་ས་མེད། །
དཀོན་མཆོག་མཆོད་པ་འབུལ་ས་ལ། །
བཙན་དུག་དུག་གི་ངར་རླངས་དེ། །
འགྲོ་བའི་ཇུས་འགྲོ་ག་ལ་ཡོང་། །
ཀླུ་བདུད་ཆགས་པའི་རྒྱ་མཚོའི་ནང་། །
ཀླུ་གནས་ས་བདག་འཁོར་གྱིས་བསྐོར། །
རྟེན་མཁར་ཆགས་པ་མ་སྲུང་ན། །
ཀླུ་གནས་ས་བདག་ཨ་དགོས་ཆུང་། །
སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །
ཕོ་རབ་འདྲ་གཉིས་ཐུག་པའི་དུས། །
གཏམ་ཚིག་གསུམ་སྒོ་ནས་ལོ་རྒྱུས་བཤད།།
འཇིག་རྟེན་ཆགས་པའི་སྐད་ཆ་ཡོང་། །
སྐད་ཆེན་པོ་འཛམ་གླིང་གྲགས་མི་དེ། །
གོ་བསམ་ན་གཡུ་འབྲུག་སྔོན་མོ་རེད། །
སྐར་ཚོགས་མཁའ་ནས་བཀྲ་ན་ཡང་། །
གླིང་བཞིའི་མུན་པ་ཉི་མས་སེལ། །
སྐྱེས་ཕོ་རབ་འཁྱོག་ན་སྦ་འཁྱོག་རེད། །
སྦ་ཉི་མས་དྲོད་ན་གར་སྒྲིམ་ཡིན། །
སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །
སྐྱེས་ཕོ་རབ་འདྲ་གཉིས་ཐུག་པའི་དུས། །
གཅིག་ངོ་གཅིག་གིས་ཤེས་པ་འདྲ། །
གཅིག་རྒྱུས་གཅིག་ལ་ཡོད་པ་འདྲ། །
གཏམ་དང་འདུན་མའི་གྲོས་འགོ་བཙུགས། །
སྡེ་ཚོ་ཆེན་གཉིས་ལ་འདུག་བདེ་ཐོན། །
མི་དགའ་རང་སྐྱིད་གཉིས་ཀ་འོང་། །
ཕོ་འབྲིང་འདྲ་གཉིས་ཐུག་པའི་དུས། །
གཅིག་ཡིད་གཅིག་ལ་ཆེས་པ་འདྲ། །
ཇ་ཆང་གཉིས་ལ་ལོངས་སྤྱོད་བྱེད། །
གཏམ་བཟང་བརྒྱུད་ནས་འདུན་མ་འགྲུབ། །
མཁར་གཉིས་བར་ལ་འདུག་བདེ་ཐོན། །
ངོ་བསྟོད་གཏམ་བཟང་གཉིས་ཀ་འོང་། །
ཕོ་ཐ་འདྲ་གཉིས་ཐུག་པའི་དུས། །
གཅིག་མཚང་གཅིག་གིས་བྲུས་པ་འདྲ། །
གཅིག་ངར་གཅིག་ལ་སྐྱེས་པ་འདྲ། །
གཏམ་ཚིག་གསུམ་གོང་ནས་གྲི་མགོ་འཕུར། །
ཟོག་ཆུང་བརྒྱུད་ནས་མི་ཤ་སྦྲེལ། །
གཏམ་ངན་ལུང་པའི་ཚད་ལ་བཞག །
སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །
སྐྱེས་ཕོ་རབ་འདྲ་གཉིས་ཐུག་པས་ན། །
གཅིག་རྒྱུས་གཅིག་ལ་ཡོད་པ་འདྲ། །
གཅིག་ངོ་གཅིག་གིས་ཤེས་པ་འདྲ། །
གཅིག་གཏམ་གཅིག་གིས་ཉན་པ་འདྲ། །
གཏམ་ཚིག་གསུམ་འགོ་ནས་དོན་གོ་ཆོད། །
རང་མགོ་སྡེ་མགོ་ཐོན་ངེས་ཡོང་། །
འབངས་མི་སེར་འདུག་སྐྱིད་ཐོན་ངེས་ཡོང་། །
སྐྱེས་ཕོ་འབྲིང་འདྲ་གཉིས་ཐུག་པའི་དུས། །
ཆོས་དཀར་པོའི་འགྲོ་དོན་སྐྱོང་འདྲ་ཡོང་། །
ཕོ་ཐ་མ་འདྲ་གཉིས་ཐུག་པའི་དུས། །
ར་ཤ་ཆང་སྐྱུར་འཐུང་འདྲ་ཡོང་། །
གཅིག་ངོ་གཅིག་གིས་མ་ཤེས་གོང་། །
མི་འཇོན་དཔུང་པ་འཕུར་ནས་ཡོང་། །
དུས་མཐའ་མ་རང་སྲོག་མི་ལ་ཤོར། །
སྐྱེས་ཕོ་རབ་གཏམ་ཞིག་བཤད་ལེ་དེ། །
རི་མགོར་དར་ཤིང་བཙུགས་པ་འདྲ། །
དར་ལྕེ་རླུང་གིས་བརྡབ་ན་ཡང་། །
དར་ཤིང་རང་གིས་བཟུང་བ་འདྲ། །
ཕོ་འབྲིང་གཏམ་ཞིག་བཤད་ལེ་དེ། །
རི་མགོར་སྤྲིན་མགོ་ཐུག་ལེ་བཞིན། །
མཐོ་ལེ་ཡང་ལེ་གཉིས་ཀ་ཡོང་། །
ཕོ་མཐའ་མས་གཏམ་ཞིག་བཤད་པའི་དུས། །
ར་ཤ་ཆང་སྐྱུར་འཐུང་བ་བཞིན། །
ན་སྦོས་སྐྱུག་གསུམ་དེ་ནས་ཡོང་། །
འོ་མའི་ཆོས་འཁོར་བརྒྱན་ལེ་དགོས། །
སེར་པོ་གསེར་གྱི་བརྒྱན་ཡ་ལ། །
དྲུག་དམར་གཡུ་ཡི་བརྒྱན་ལེ་དགོས། །
རྒྱ་བྱུར་དམར་པོའི་བརྒྱན་ཡ་ལ། །
སྤོས་ཤེལ་སེར་པོའི་བརྒྱན་ཡང་དགོས། །
རྐྱེན་ངན་ཆག་སྒོ་བུ་ལོན་གསུམ། །
འདོད་པ་མེད་དེ་སྔོན་གྱིས་བསྐོས། །
རྐྱེན་ཡོད་སར་ཟློག་པ་རྒྱག་ལེ་ཡིན། །
འདྲེ་ཡོད་སར་གཏོར་མ་འཕང་ལེ་ཡིན། །
གཉོམ་ཆུང་སྟེང་ལ་བཙན་པོ་ངར་དོན་མེད། །
སྐྱིད་གངས་སྟོད་མཐོན་པོའི་དབུ་རྩེ་ནས། །
མགོ་མཐོ་འདོད་གངས་ནས་རལ་པ་ངོམ། །
ལས་མ་དག་སེང་ཁོག་འབུ་ཡིས་ཁེངས། །
དུས་མཐའ་མ་གཡུ་རལ་འདམ་ལ་ཟུག །
མཐོ་གངས་སེང་གཡུ་རལ་དེ་ན་ཤོར། །
སྐྱེས་ཕོ་རབ་གཏམ་དེ་ཉི་མ་འདྲ། །
འདྲི་མི་དགོས་འཛམ་གླིང་ཀུན་ལ་ཁྱབ། །
ཕོ་འབྲིང་གཏམ་དེ་རླུང་དང་མཉམ། །
རླུང་བསེར་མ་རྒྱབ་ནས་བཤར་རེ་ཡོང་། །
ཕོ་ཐ་མའི་གཏམ་དེ་ལྐུགས་གཏམ་ཡིན། །
རེ་རེ་འདྲི་དུས་རེ་རེ་བཤད། །
ཚིག་རྩ་འགག་ཞིང་མཆིལ་མ་མིད། །
དེ་འདྲའི་གཏམ་དེ་ཨ་དགོས་ཆུང་། །
དཀར་ཕྱོགས་ཆོས་ཀྱི་མཆོད་པ་ལ། །
ཇ་ཕུད་ཆང་ཕུད་ལྷ་ལ་འབུལ། །
ལྷ་དགའ་ལེ་སྤོས་དང་མར་མེ་ཡིན། །
མི་དགའ་ལེ་མཐོལ་དང་བཤགས་པ་ཡིན། །
སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །
ཕོ་རབ་འདྲ་གཉིས་ཐུག་པའི་དུས། །
གཏམ་དང་འདུན་མའི་གྲོས་འགོ་བཙུགས། །
སྡེ་ཚོ་ཆེན་གཉིས་ལ་འདུག་བདེ་ཐོན། །
ཕོ་འབྲིང་འདྲ་གཉིས་ཐུག་པའི་དུས། །
རང་གཞན་གཉིས་ཀྱི་དོན་དེ་འགྲུབ། །
མི་གཉིས་འགྲོ་བདེ་ཡོང་རབས་ཡོད། །
ཆུ་གཉིས་འབབ་བདེ་ཡོང་རབས་ཡོད། །
ཕོ་ཐ་མ་འདྲ་གཉིས་ཐུག་པའི་དུས། །
གཏམ་ཚིག་གསུམ་གོང་ནས་རྫུན་མགོ་བསྐོར། །
ཕོ་གཡོ་ཆེན་ཁོག་པ་རྫུན་གྱིས་གང་། །
རི་ཆེན་ཁོག་པ་ཆུ་ཡིས་གང་། །
སྡེ་གཉིས་ཐོད་པ་གཏུག་རབས་ཡོད། །
སྡེ་གསུམ་ཀླད་ཞོ་འདྲེས་རབས་ཡོད། །
རྐྱང་ཆུང་ན་བར་ཆས་ལེ་དེ། །
ཁ་དཀར་སྤང་ལ་མགྱོགས་བསམ་དེ། །
ཁ་ཆར་མུན་པ་འཁྲིགས་ཉིན་མོ། །
རྐྱང་ཆུང་ཁ་ལོ་ཅི་སྐོར་ལྟ། །
སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །
ཕོ་རབ་གཏམ་ཞིག་བཤད་ལེ་དེ། །
དར་ལྕེ་རླུང་གིས་བརྡབ་འདྲ་ཡོད། །
དར་ཤིང་རང་གིས་འཛིན་འདྲ་ཡོད། །
ཕོ་འབྲིང་གཏམ་ཞིག་བཤད་ལེ་དེ། །
ལྷ་ཁང་སྒོ་མོ་ཕྱེ་འདྲ་ཡོད། །
སྐྱེ་བོ་ཆོས་མཇལ་བཏང་འདྲ་ཡོད། །
གནས་བཤད་ཆུ་བོ་བབས་འདྲ་ཡོད། །
ཕོ་ཐས་གཏམ་ཞིག་བཤད་ལེ་དེ། །
ཁྲེལ་གཏམ་མིན་ན་རྫུན་གཏམ་རེད། །
འུར་གཏམ་མིན་ན་སྔར་གཏམ་རེད། །
སྐྱིད་སྡུག་གན་ལྡེ་མགོ་སྦྲེལ་རེད། །
ལ་རེ་རྒྱག་དུས་ཐུར་རེ་ཡོད། །
མཐོན་པོའི་ལ་ཞིག་མ་བརྒྱབ་ན། །
བདེ་མོའི་ཐང་ལ་སླེབས་ལེ་མིན། །
སྐད་གཅིག་གིས་འཛམ་གླིང་མི་ཁྱབ་ཀྱང་། །
སྐད་གཅིག་གིས་འཛམ་གླིང་ཁྱབ་ལེ་དེ། །
གནམ་གྱི་གཡུ་འབྲུག་སྔོན་མོ་རེད། །
སྐད་ཤུགས་ཅི་ཡོད་ཀུན་གྱིས་ཤེས། །
རྐུན་མཁན་ངོས་བླངས་ན། །
འཇལ་བ་ཆུ་ཡིས་དག །
སྐྱེ་གཟུགས་མཛེས་པའི་བུད་མེད་ལ། །
གསེར་དངུལ་གཉིས་ཀྱི་རྐྱེན་ཆ་འཛོམས། །
ཁྲོམ་ཆེན་དཀྱིལ་ལ་ངོམས་རྒྱུ་རེད། །
སྐུ་རྗེ་སངས་རྒྱས་གེ་སར་མདུན། །
འདྲེ་ཕོས་བྲོ་རྡུང་རྒྱག་ས་མེད། །
འདྲེ་མོས་ཡུངས་བསྲེགས་མུར་ས་མེད། །
དཀོན་མཆོག་མཆོད་པ་འབུལ་ས་ལ། །
བཙན་དུག་དུག་གི་ངར་རླངས་དེ། །
འགྲོ་བའི་ཇུས་འགྲོ་ག་ལ་ཡོང་། །
ཀླུ་བདུད་ཆགས་པའི་རྒྱ་མཚོའི་ནང་། །
ཀླུ་གནས་ས་བདག་འཁོར་གྱིས་བསྐོར། །
རྟེན་མཁར་ཆགས་པ་མ་སྲུང་ན། །
ཀླུ་གནས་ས་བདག་ཨ་དགོས་ཆུང་། །
སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །
ཕོ་རབ་འདྲ་གཉིས་ཐུག་པའི་དུས། །
གཏམ་ཚིག་གསུམ་སྒོ་ནས་ལོ་རྒྱུས་བཤད།།
འཇིག་རྟེན་ཆགས་པའི་སྐད་ཆ་ཡོང་། །
སྐད་ཆེན་པོ་འཛམ་གླིང་གྲགས་མི་དེ། །
གོ་བསམ་ན་གཡུ་འབྲུག་སྔོན་མོ་རེད། །
སྐར་ཚོགས་མཁའ་ནས་བཀྲ་ན་ཡང་། །
གླིང་བཞིའི་མུན་པ་ཉི་མས་སེལ། །
སྐྱེས་ཕོ་རབ་འཁྱོག་ན་སྦ་འཁྱོག་རེད། །
སྦ་ཉི་མས་དྲོད་ན་གར་སྒྲིམ་ཡིན། །
སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །
སྐྱེས་ཕོ་རབ་འདྲ་གཉིས་ཐུག་པའི་དུས། །
གཅིག་ངོ་གཅིག་གིས་ཤེས་པ་འདྲ། །
གཅིག་རྒྱུས་གཅིག་ལ་ཡོད་པ་འདྲ། །
གཏམ་དང་འདུན་མའི་གྲོས་འགོ་བཙུགས། །
སྡེ་ཚོ་ཆེན་གཉིས་ལ་འདུག་བདེ་ཐོན། །
མི་དགའ་རང་སྐྱིད་གཉིས་ཀ་འོང་། །
ཕོ་འབྲིང་འདྲ་གཉིས་ཐུག་པའི་དུས། །
གཅིག་ཡིད་གཅིག་ལ་ཆེས་པ་འདྲ། །
ཇ་ཆང་གཉིས་ལ་ལོངས་སྤྱོད་བྱེད། །
གཏམ་བཟང་བརྒྱུད་ནས་འདུན་མ་འགྲུབ། །
མཁར་གཉིས་བར་ལ་འདུག་བདེ་ཐོན། །
ངོ་བསྟོད་གཏམ་བཟང་གཉིས་ཀ་འོང་། །
ཕོ་ཐ་འདྲ་གཉིས་ཐུག་པའི་དུས། །
གཅིག་མཚང་གཅིག་གིས་བྲུས་པ་འདྲ། །
གཅིག་ངར་གཅིག་ལ་སྐྱེས་པ་འདྲ། །
གཏམ་ཚིག་གསུམ་གོང་ནས་གྲི་མགོ་འཕུར། །
ཟོག་ཆུང་བརྒྱུད་ནས་མི་ཤ་སྦྲེལ། །
གཏམ་ངན་ལུང་པའི་ཚད་ལ་བཞག །
སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །
སྐྱེས་ཕོ་རབ་འདྲ་གཉིས་ཐུག་པས་ན། །
གཅིག་རྒྱུས་གཅིག་ལ་ཡོད་པ་འདྲ། །
གཅིག་ངོ་གཅིག་གིས་ཤེས་པ་འདྲ། །
གཅིག་གཏམ་གཅིག་གིས་ཉན་པ་འདྲ། །
གཏམ་ཚིག་གསུམ་འགོ་ནས་དོན་གོ་ཆོད། །
རང་མགོ་སྡེ་མགོ་ཐོན་ངེས་ཡོང་། །
འབངས་མི་སེར་འདུག་སྐྱིད་ཐོན་ངེས་ཡོང་། །
སྐྱེས་ཕོ་འབྲིང་འདྲ་གཉིས་ཐུག་པའི་དུས། །
ཆོས་དཀར་པོའི་འགྲོ་དོན་སྐྱོང་འདྲ་ཡོང་། །
ཕོ་ཐ་མ་འདྲ་གཉིས་ཐུག་པའི་དུས། །
ར་ཤ་ཆང་སྐྱུར་འཐུང་འདྲ་ཡོང་། །
གཅིག་ངོ་གཅིག་གིས་མ་ཤེས་གོང་། །
མི་འཇོན་དཔུང་པ་འཕུར་ནས་ཡོང་། །
དུས་མཐའ་མ་རང་སྲོག་མི་ལ་ཤོར། །
སྐྱེས་ཕོ་རབ་གཏམ་ཞིག་བཤད་ལེ་དེ། །
རི་མགོར་དར་ཤིང་བཙུགས་པ་འདྲ། །
དར་ལྕེ་རླུང་གིས་བརྡབ་ན་ཡང་། །
དར་ཤིང་རང་གིས་བཟུང་བ་འདྲ། །
ཕོ་འབྲིང་གཏམ་ཞིག་བཤད་ལེ་དེ། །
རི་མགོར་སྤྲིན་མགོ་ཐུག་ལེ་བཞིན། །
མཐོ་ལེ་ཡང་ལེ་གཉིས་ཀ་ཡོང་། །
ཕོ་མཐའ་མས་གཏམ་ཞིག་བཤད་པའི་དུས། །
ར་ཤ་ཆང་སྐྱུར་འཐུང་བ་བཞིན། །
ན་སྦོས་སྐྱུག་གསུམ་དེ་ནས་ཡོང་། །
འབྲེལ་ཡོད་འོས་སྦྱོར།