དམངས་གླུ་ཚན་པ་བཞི།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-07-14
ཀློག་གྲངས།:
༡
དགུང་ཨ་སྔོན་མ་བཞེངས་གཞལ་ཡས་ཁང་།།
སྤྲིན་དཀར་པོ་མ་བཞེངས་བང་རིམ་རེད།།
ཆར་བསིལ་མ་མ་བཤམས་མཆོད་པ་རེད།།
འདི་དགུང་སྔོན་གནམ་གྱི་འཛོམས་གསུམ་རེད།།
རྫ་ཁྲ་ཡག་མ་བཞེངས་གཞལ་ཡས་ཁང་།།
རྡོ་གཡའ་མ་མ་བརྩིགས་བང་རིམ་རེད།།
ནང་རྫ་ཆུ་མ་བཤམས་མཆོད་པ་རེད།།
འདི་ཁྲ་ཡག་རྫ་ཡི་འཛོམས་གསུམ་རེད།།
གྲལ་ཁྲོམ་པ་མ་བཞེངས་གཞལ་ཡས་ཁང་།།
གླུ་ཁ་མཚར་མ་བརྩིགས་བང་རིམ་རེད།།
ཁ་ཇ་ཆང་མ་བཤམས་མཆོད་པ་རེད།།
འདི་ཁྲོམ་པའི་གྲལ་གྱི་འཛོམས་གསུམ་རེད།།
༢
སྟོད་རི་རྒྱལ་རི་ཡི་རྩེ་མོ་ན།།
གོས་སེར་པོ་ཅན་གྱིས་གུར་ཞིག་ཕུབ།།
གུར་གན་གི་ཕྱི་དང་ནང་རིམ་ན།།
བན་སེར་མོ་བརྒྱ་ཚོགས་སྟོང་འདུས་ཡོད།།
མགོ་སེར་ཞྭ་མནབས་ནོ་གང་མང་ཡོད།།
ཚེ་འདི་ཕྱི་མཁྱེན་ནོ་ཁ་ཁར་རེད།།
སྟོད་རི་རྒྱལ་རི་ཡི་རི་སྐེད་ན།།
གོས་དཀར་པོ་ཞིག་གིས་གུར་ཞིག་ཕུབ།།
གུར་གན་གི་ཕྱི་དང་ནང་རིམ་ན།།
སྟག་ཤ་ར་བརྒྱ་ཚོགས་སྟོང་འདུས་ཡོད།།
བོའུ་ཁྲ་རིང་ཁུར་ནོ་གང་མང་ཡོད།།
དགྲ་འཕྲེད་གྱིས་རྫོགས་ནོ་ཁ་ཁར་རེད།།
སྟོད་རི་རྒྱལ་རི་ཡི་རི་འདབས་ན།།
གོས་སྔོན་པོ་ཅན་གྱིས་གུར་ཞིག་ཕུབ།།
གུར་གན་ཚོའི་ཕྱི་དང་ནང་རིམ་ན།།
མ་བུ་མོ་བརྒྱ་ཚོགས་སྟོང་འདུས་ཡོད།།
དུང་གོར་མོ་བཏགས་ནོ་གང་མང་ཡོད།།
མ་ལས་སྣང་དག་ནི་ཁ་ཁར་རེད།།
༣
རི་མཐོན་པོ་མགོན་པོ་བྲག་ནག་རེད།།
བྱ་གོང་ནས་བབས་ན་ཞོལ་ནས་འཕུར།།
གན་ཡང་ཡང་འཕུར་གི་སྨོན་ལམ་འདེབས།།
ཆུ་ཆེ་ནོ་རྨ་ཆུ་ལི་མ་རེད།།
གཟིངས་གོང་ནས་བརྒྱབ་ན་ཞོལ་ནས་འབུད།།
གན་ཡང་ཡང་འབུད་གི་སྨོན་ལམ་འདེབས།།
བུ་སྐྱེས་ནོ་སྡེ་བའི་དཔོན་པོ་རེད།།
གཏམ་གོང་ནས་བཤད་ན་ཞོལ་ནས་སྙན།།
གན་ཡང་ཡང་སྐྱེ་གི་སྨོན་ལམ་འདེབས།།
༤
བླ་མའི་གསུང་དང་དྲིལ་བུའི་སྐད།།
ཉན་ཤེས་ན་དད་པ་ཡུན་གྱིས་སྐྱེ།།
བཙན་པོའི་ཚིག་དང་མཁས་པའི་གཏམ།།
ཉན་ཤེས་ན་གོ་དོན་ཡུན་གྱིས་ལོན།།
བདུད་རྩི་ཆང་དང་ཁ་མཚར་གླུ།།
ཆང་འཐུང་དང་རྩེ་དགའ་ཡུན་གྱིས་སྐྱེ།།
དགུང་ཨ་སྔོན་མ་བཞེངས་གཞལ་ཡས་ཁང་།།
སྤྲིན་དཀར་པོ་མ་བཞེངས་བང་རིམ་རེད།།
ཆར་བསིལ་མ་མ་བཤམས་མཆོད་པ་རེད།།
འདི་དགུང་སྔོན་གནམ་གྱི་འཛོམས་གསུམ་རེད།།
རྫ་ཁྲ་ཡག་མ་བཞེངས་གཞལ་ཡས་ཁང་།།
རྡོ་གཡའ་མ་མ་བརྩིགས་བང་རིམ་རེད།།
ནང་རྫ་ཆུ་མ་བཤམས་མཆོད་པ་རེད།།
འདི་ཁྲ་ཡག་རྫ་ཡི་འཛོམས་གསུམ་རེད།།
གྲལ་ཁྲོམ་པ་མ་བཞེངས་གཞལ་ཡས་ཁང་།།
གླུ་ཁ་མཚར་མ་བརྩིགས་བང་རིམ་རེད།།
ཁ་ཇ་ཆང་མ་བཤམས་མཆོད་པ་རེད།།
འདི་ཁྲོམ་པའི་གྲལ་གྱི་འཛོམས་གསུམ་རེད།།
༢
སྟོད་རི་རྒྱལ་རི་ཡི་རྩེ་མོ་ན།།
གོས་སེར་པོ་ཅན་གྱིས་གུར་ཞིག་ཕུབ།།
གུར་གན་གི་ཕྱི་དང་ནང་རིམ་ན།།
བན་སེར་མོ་བརྒྱ་ཚོགས་སྟོང་འདུས་ཡོད།།
མགོ་སེར་ཞྭ་མནབས་ནོ་གང་མང་ཡོད།།
ཚེ་འདི་ཕྱི་མཁྱེན་ནོ་ཁ་ཁར་རེད།།
སྟོད་རི་རྒྱལ་རི་ཡི་རི་སྐེད་ན།།
གོས་དཀར་པོ་ཞིག་གིས་གུར་ཞིག་ཕུབ།།
གུར་གན་གི་ཕྱི་དང་ནང་རིམ་ན།།
སྟག་ཤ་ར་བརྒྱ་ཚོགས་སྟོང་འདུས་ཡོད།།
བོའུ་ཁྲ་རིང་ཁུར་ནོ་གང་མང་ཡོད།།
དགྲ་འཕྲེད་གྱིས་རྫོགས་ནོ་ཁ་ཁར་རེད།།
སྟོད་རི་རྒྱལ་རི་ཡི་རི་འདབས་ན།།
གོས་སྔོན་པོ་ཅན་གྱིས་གུར་ཞིག་ཕུབ།།
གུར་གན་ཚོའི་ཕྱི་དང་ནང་རིམ་ན།།
མ་བུ་མོ་བརྒྱ་ཚོགས་སྟོང་འདུས་ཡོད།།
དུང་གོར་མོ་བཏགས་ནོ་གང་མང་ཡོད།།
མ་ལས་སྣང་དག་ནི་ཁ་ཁར་རེད།།
༣
རི་མཐོན་པོ་མགོན་པོ་བྲག་ནག་རེད།།
བྱ་གོང་ནས་བབས་ན་ཞོལ་ནས་འཕུར།།
གན་ཡང་ཡང་འཕུར་གི་སྨོན་ལམ་འདེབས།།
ཆུ་ཆེ་ནོ་རྨ་ཆུ་ལི་མ་རེད།།
གཟིངས་གོང་ནས་བརྒྱབ་ན་ཞོལ་ནས་འབུད།།
གན་ཡང་ཡང་འབུད་གི་སྨོན་ལམ་འདེབས།།
བུ་སྐྱེས་ནོ་སྡེ་བའི་དཔོན་པོ་རེད།།
གཏམ་གོང་ནས་བཤད་ན་ཞོལ་ནས་སྙན།།
གན་ཡང་ཡང་སྐྱེ་གི་སྨོན་ལམ་འདེབས།།
༤
བླ་མའི་གསུང་དང་དྲིལ་བུའི་སྐད།།
ཉན་ཤེས་ན་དད་པ་ཡུན་གྱིས་སྐྱེ།།
བཙན་པོའི་ཚིག་དང་མཁས་པའི་གཏམ།།
ཉན་ཤེས་ན་གོ་དོན་ཡུན་གྱིས་ལོན།།
བདུད་རྩི་ཆང་དང་ཁ་མཚར་གླུ།།
ཆང་འཐུང་དང་རྩེ་དགའ་ཡུན་གྱིས་སྐྱེ།།
འབྲེལ་ཡོད་འོས་སྦྱོར།