གླིང་སྒྲུང་གཏམ་དཔེ་གཅེས་བཏུས། ཁག་དྲུག་པ།
རྩོམ་པ་པོ།:
ཡོང་ཁུངས།:ཁྲི་འདུ་རྩོམ་རིག་འཕྲིན་སྟེགས།
དུས་ཚོད།:2022-09-13
ཀློག་གྲངས།:
གངས་སྟོད་སེང་གེ་དཀར་མོ་དེ། །
ནམ་རྒྱུན་གཡུ་རལ་ངོམ་ལེ་མིན། །
རྐྱེན་ཆག་སྒོ་བྱུང་ན་ལོས་ཀྱང་ངོམ། །
དམའ་རྒྱ་མཚོའི་ནང་གི་ཆུ་སྲིན་དེ། །
དུས་ནམ་རྒྱུན་རྐན་སྒྲ་རྡེབ་ལེ་མིན། །
འབུ་སྲིན་ཁོག་པ་གང་བའི་དུས། །
རྐན་སྒྲ་མི་རྡེབ་ཀ་མེད་རེད། །
རྒོད་ཐང་དཀར་བར་སྣང་མཐོངས་ལ་ལྡིང་། །
ཤ་ཁྲ་བོའི་སྟེང་ལ་གཤོག་འགྱུར་བརྒྱབ། །
ཤ་ཟ་ཐང་དཀར་མ་བསྐོས་དེ། །
ལས་མི་ཤ་ཟ་དགོས་ཐང་དཀར་བསྐོས། །
དེ་བཙོག་ལེ་ཤེས་ཀྱང་སྔོན་གྱི་ལས། །
གངས་སྟོད་སེང་གེ་མ་རེད་དེ། །
གཡུ་རལ་མགོ་ནས་ངོམ་ལེ་རེད། །
མགྱོགས་པའི་རྟ་ལ་མི་རེ་དེ། །
བར་གནམ་གཤོག་སྒྲོས་འཁོར་ནས་གདའ།།
མདའ་མཚོན་གཉིས་ལ་མི་རེ་དེ། །
མཚོན་གྱི་འཁོར་ལོ་བསྐོར་ནས་གདའ། །
རྒྱ་མཚོ་རྦ་རླབས་འཁྲུག་ན་ཡང་། །
རྩ་བ་ཀླུ་ལ་འགྱུར་བ་མེད། །
བར་སྣང་རླུང་ནག་འཚུབ་ན་ཡང་། །
ས་གཞི་རི་བོ་སྒུལ་ལེ་མིན། །
རྒྱ་མཚོ་ཆུ་ཡི་རྦ་རླབས་ཀྱིས། །
རྒྱ་མཚོ་དཀྲུག་ཚོད་མ་ཟིན་ན། །
སྟོབས་ཆུ་སྲིན་ཁ་རླངས་ཤོར་གྱུར་ན། །
ལས་ཐར་ལམ་ཟེར་ལེ་ཁག་པོ་རེད། །
དགུང་སྔོན་སྟེང་གི་ཉི་མ་དེ། །
སྟོང་ལྡན་ཉི་ཟེར་ཤར་ནས་ཤར། །
དྲོད་ཆེན་གླིང་བཞིར་ཁྱབ་པའི་དུས། །
གསལ་འགྲིབ་མེད་པ་ཉི་མ་རེད། །
མཐོ་དམའ་མེད་པ་ཀུན་ལ་དྲོ། །
དཔོན་ཞིག་བྱས་ན་དེ་འདྲ་དགོས། །
ཆོས་ཡོན་ཏན་དགོས་ན་དེ་འདྲ་དགོས། །
རྒྱ་མཚོ་གསེར་ཉ་ཁ་སྤྲོད་ཅན། །
ཉ་ཆེན་ངར་ཚོད་མ་ཟིན་ན། །
མཐའ་མ་ལྕགས་ཀྱུས་ངར་ལ་འདྲེན། །
གསེར་གཤོག་མི་ལ་ཤོར་རབས་ཡོད། །
དགེ་འདུན་ལི་ཁྲིའི་རྒྱ་མཚོ་ལ། །
འདོད་ཡོན་ཆོས་ཀྱི་དགེ་མཚན་ལྡན། །
ཤེས་རབ་ཆོས་སྐུ་ཤཱཀྱའི་རྒྱུད། །
ལྷ་ཤཱཀྱའི་སྡོམ་ཁྲིམས་མ་བསྲུང་ན། །
མཐའ་མ་དགེ་འདུན་ཆོས་མེད་རེད། །
ལས་བཟང་པོའི་དགོན་པ་མི་ཡིས་འཕྲོག །
འུ་ཐུག་དུས་གྲྭ་པས་ལྐོག་ཚོང་བརྒྱབ། །
གོང་དཔོན་པོའི་ལོ་རྒྱུས་ཞུས་པས་ན། །
འབངས་མི་སེར་འགོ་འཛིན་མ་བྱས་ན། །
གོང་དཔོན་པོ་བཟང་དང་མ་བཟང་མེད། །
གྱོད་ཆེན་པོའི་ཕུང་བ་གནམ་ནས་འཁོར། །
ལས་མ་དག་རྣམ་རྟོག་རང་འཁོར་རེད། །
རྒྱ་མཚོ་ཆེན་པོའི་ཁ་ཞབས་ལ། །
ཉ་ཆེན་སྤྲ་བ་ཁ་ཆེན་གནས། །
སྟོབས་ཁོ་ལས་ཆེ་བ་གཞན་པ་མེད།།
གངས་དཀར་མཐོན་པོའི་དབུ་རྩེ་ནས། །
ཤར་གྱི་གངས་སེང་དཀར་མོ་དེ། །
མགོ་གཡུ་རལ་ཆགས་པ་སྔོན་གྱིས་བསྐོས། །
སྲོག་ཆགས་སྟོང་ལ་མི་འཇིགས་དེ། །
མགོ་གཡུ་རལ་ཡོད་པ་དེ་ཡིས་ཡིན། །
ནགས་ཙན་དཀྱིལ་གྱི་དམར་ཡག་སྟག །
ནགས་གསེབ་ཀུན་ལ་མི་འཇིགས་དེ། །
སྟག་རི་མོ་ཁ་དོག་རྒྱས་པས་ཡིན། །
གངས་སྟོད་སེང་གེ་འགྲིམས་ས་ལ། །
སྲིད་པ་གངས་རིས་བཀག་དོན་མེད། །
དམར་ཡག་ནགས་ཚལ་འགྲིམས་ས་ལ། །
ནགས་ཚེར་རུལ་པས་བཀག་དོན་མེད། །
རྒྱ་མཚོ་ཆེ་བའི་གོང་མ་ལ། །
ཆུ་བོ་མཐའ་ནས་འབབ་པའི་དུས། །
གོར་མོ་རྡོ་ཡིས་བཀག་དོན་མེད། །
གངས་དཀར་དཀྱིལ་གྱི་དུང་སེང་དེས།།
གཡུ་རལ་གངས་ནས་ངོམ་ས་ལ། །
ཁ་ཆར་བུ་ཡུག་བསུ་མ་བྱུང་། །
སྟོབས་སེང་གེ་མི་ངར་ཀ་མེད་རེད། །
ཙན་ནགས་ཀྱི་དཀྱིལ་ཟུར་ནས། །
དམར་ཡག་ནགས་གསེབ་འགྲིམས་ས་ལ། །
མི་ངན་པས་མདའ་གཞུ་བཀང་ནས་བྱུང་། །
སྟག་རྒྱ་སྟག་མི་ངར་ཀ་མེད་རེད། །
རྒྱ་མཚོ་ཁ་ཞེང་ཆེ་བའི་ནང་། །
སྟོབས་ཆུ་སྲིན་ཟེར་བ་གཡེར་པོ་ཅན། །
ཆབ་རྒྱ་མཚོ་ཆེན་པོ་མ་དཀྲུག་ན། །
འབུ་དུང་ཕྲུག་ལངས་དོན་ལར་ནས་མེད། །
ཁྱོད་ཆུ་སྲིན་རྐན་སྒྲ་ཐག་ལེ་དེ། །
འབུ་དུང་ཕྲུག་ཆུང་ཡང་ཧ་ལ་འཕེན། །
གླག་རོག་པོ་གནམ་ནས་ཞུམ་པའི་དུས། །
གླ་བའི་གླ་ཕྲུག་རྩེད་རར་འཁྲུག།
གླ་ཕྲུག་གླག་གི་འོག་ནས་ཤོར། །
སྤུ་ཕྲན་འཐོར་བ་འགྱོད་སེམས་མེད། །
དགའ་སྐྱིད་ཕ་ཁུ་འཛོམས་ས་ལ། །
འབོད་མ་དགོས་མགྲོན་པོ་སྒོ་ལ་སླེབས། །
ཞུ་མ་དགོས་གཡུ་འབྲུག་ངར་སྒྲ་གྲགས། །
ལྟ་མ་དགོས་མེ་ཏོག་སྤང་ལ་འཁྲུངས། །
དགོན་གྲྭ་ཚང་མཚམས་སྤིན་འཁྱིལ་འདྲའི་ནང་།།
རྩ་བའི་བླ་མ་དབང་ཞུ་ཅན། །
ཐུགས་ཀ་ཤཱཀྱ་ཐུབ་པ་ལ། །
དགྲ་བཅོམ་སྟོང་དང་རྩ་བརྒྱད་བསྐོར། །
བྱིན་རླབས་ཆར་ཆུས་ཆོས་སྣ་བསྒྲུབ། །
དབུ་ནག་བོད་ལ་བྱིན་གྱིས་རློབས། །
རྒྱ་ཤོད་ཐང་དཀར་དགུ་སྒྲིལ་ནས། །
ས་དཀར་ནག་གཤོལ་གྱིས་དཀྲུག་མི་དེ། །
རུ་རྒྱས་ཁྱུང་དཀར་རོག་ཆུང་རེད། །
གྱོད་སྣ་དགུའི་རྩ་བ་ནག་མོས་གཡོས། །
ཁྲིམས་ཇུས་ཆེན་བཀའ་ཉེས་ཕ་ཁུས་ཁུར། །
དགུན་གཙང་ཆབ་རྒྱ་དར་མ་ཆགས་ན། །
བོད་རྒྱ་སྟོང་མགྲོན་པོ་ཅི་འདྲ་ཤར། །
དགུང་ཉི་ཟླས་རི་རབ་བསྐོར་ལེ་དེས། །
གླིང་བཞིའི་ཉམས་ལ་མ་ཕན་ན། །
རི་རབ་ཕན་མེད་གནོད་མེད་རེད། །
ཉི་ཟླ་ཀླད་མེད་མགོ་སྐོར་འདྲ། །
གྱོད་ཆེན་པོ་འཇོག་མཁན་བུད་མེད་རེད། །
གྱོད་རྩ་བུ་མོར་ཐུག་ལེ་དེ། །
མོ་རྒྱུད་འཁོར་སྟོང་ཕུགས་མེད་ལ། །
སྐད་ཆེན་པོ་གྲགས་པའི་ལོ་རྒྱུས་དེས། །
ལོ་མང་པོའི་གཏམ་ཐག་ཆོད་ལེ་མིན། །
གངས་དཀར་མཐོངས་ཀྱི་དུང་སེང་དེ། །
མགོ་གཡུ་རལ་འཛོམས་དུས་གངས་ནས་འགྱིང་། །
གངས་གཞི་བསྐོར་ལུགས་མ་ཤེས་ན། །
མཐའ་མ་གཡུ་རལ་འདམ་ལ་ཟག །
གངས་སེང་ཁྱི་རྒན་འགྱུར་རབས་ཡོད། །
གངས་དཀར་ཡག་དཀྱིལ་གྱི་གཡས་ཟུར་ནས། །
བྱང་རུས་སྦལ་གངས་ལ་འཁོར་ལེ་རེད། །
དེ་འདོད་པ་གངས་ལ་མེད་ཀྱང་དེ། །
གངས་ལ་ཆགས་དགོས་སྔོན་གྱིས་བསྐོས། །
རྒོད་ཐང་དཀར་ནམ་འཕང་གཅོད་ལེ་དེ། །
ཤ་ཁྲ་བོ་དེ་ལ་རྔམས་ལེ་རེད། །
འབྲུག་པོ་ཐོང་གནམ་ནས་གྲགས་ལེ་དེ། །
བྲག་དམར་བཙན་རྒོད་གཏོར་འདོད་རེད། །
གོར་མོ་རྡོ་ཡི་རྩེད་མོ་དེ། །
ཕར་འཕེན་ཚུར་འཕེན་བྱེད་པའི་དུས། །
ངའི་བསམ་ཚུལ་རྡོ་ཡི་རྩེད་མོ་མིན། །
མགོ་ཀླད་ཁྲག་ཤར་རེ་གཏོར་རབས་ཡོད། །
རྒོད་ཐང་དཀར་ལྡིང་སྐོར་རྒྱག་ལུགས་དེ། །
ཤྭ་ཁྲ་བོ་གཅིག་ལ་རྔམ་ལེ་རེད། །
འབྲོང་བྲེ་སེར་རྫ་ནས་རྒྱུག་ལུགས་དེ། །
ཆུ་དྭངས་མ་ཞིག་ལ་རྔམ་ལེ་རེད། །
གངས་སྟོད་སེང་གེ་དཀར་མོ་དེ། །
མགོ་གཡུ་རལ་ཆགས་པ་སྔོན་གྱིས་བསྐོས། །
གངས་སེང་གཡུ་རལ་མ་ངོམ་ན། །
གཡུ་རལ་ཡོད་ལེས་ཅི་ལ་ཕན། །
གངས་སེང་འབོད་པ་སྟོང་གཏམ་རེད། །
གླང་རྒན་འབྲོང་ལ་ཚད་ལེ་དེ། །
ཡུ་མོས་འབྲོང་ལ་རུ་འཛིང་རེད། །
གླང་རྒན་ཆག་སྒོ་ལངས་རྟགས་རེད། །
རུ་རྩེར་སྲོག་དམར་འདྲེན་འདོད་རེད། །
རྒྱ་མཚོ་ཆབ་ཀྱི་ནང་རྒྱུད་ནས། །
སྡུག་སྦལ་རྒན་འཁྱུག་པའི་དཔའ་རྟགས་དེ། །
འགྱུར་གསེར་ཉའི་གོང་ལ་རྔམ་འདོད་དེ། །
སྡུག་སྦལ་རྒན་ངོ་མ་སྨྱོ་ལེ་རེད། །
ཆབ་གསེར་ཉ་འཁྱུག་པའི་རྦ་རླབས་དཀྱིལ། །
སྡུག་སྦལ་རྒན་འཁྱུག་པས་ག་ནས་ཟིན། །
བགེགས་ཡོད་སར་གཏོར་མ་མ་འཕངས་ན། །
བགེགས་བར་ཆད་བཟློག་ཐབས་ཨེ་ཡོད་ཞེ། །
རྣག་ཡོད་སར་གཙག་བུ་མ་བཙུགས་ན། །
ནད་རྣག་ཚང་བརྟོལ་ཐབས་ཨེ་ཡོད་ཞེ། །
རྒྱ་ཇ་མར་དཀར་ཟ་ཚྭ་གསུམ། །
འབྱུང་སའི་ལུང་པ་མི་གཅིག་ཀྱང་། །
འཛོམས་ས་ཇ་མདོང་ནང་ལ་རེད། །
ཇ་མདོང་དབུ་འཕང་མཐོ་ལེ་རེད།།
གངས་དཀར་ཟུར་ནས་ཆུ་ཆེན་འབབ། །
ཆུ་བོ་ཆེན་པོས་རི་ཀླུང་བསྐོར། །
མཐའ་མ་ཆུ་ཆེན་ག་ན་རྒྱུག །
རྒྱ་གར་ཆོས་ཀྱི་རྒྱལ་པོ་དེས། །
རང་སར་མཆོད་ཁང་བཞེངས་པ་ལ། །
དོན་མེད་བརྙས་བརྐོ་ཅི་ལ་བྱེད། །
རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་དེས། །
ཁྲིམས་རྔ་རང་བདག་བརྡུང་བ་ལ། །
བཙན་པོས་བརྙས་བརྐོ་ཅི་ལ་བྱེད། །
རྒྱ་ཚོང་བོད་ལ་འདྲེན་ལེ་གཅིག །
བོད་ཚོང་རྒྱ་ལ་འདྲེན་ལེ་གཉིས། །
ཚོང་རབ་ཕན་ཚུན་འདྲེན་པ་ལ། །
དེ་ལ་བརྙས་བརྐོ་སུ་ཡིས་བྱེད། །
དགྲ་ཤ་པ་མ་ཐུག་ལོ་གྲངས་མང་། །
དགྲ་ལག་ཏུ་ཚུད་ན་བུ་ལས་བྱམས། །
བྱམས་སྙིང་རྗེས་ལན་གཅིག་སྐྱོབ་རོགས་མཛོད། །
དགྲ་ཤ་པས་ལ་དགུ་ཀླུང་དགུ་བརྒྱབ། །
དུས་མཐའ་མ་ཤ་ཁྲག་བྱ་ལ་སྦྱིན། །
རྒྱ་མཚོ་ཆེན་པོའི་གཡས་ཟུར་ནས། །
སྟོབས་ཆུ་སྲིན་ངར་མའི་པ་ཏྲ་དེ། །
རྒྱ་མཚོའི་དཀྱིལ་གྱི་སྣེ་ནས་བསྐོར། །
ཉ་ཆུང་ལུས་ཆུང་ཕྲ་མོ་དེར། །
གསེར་གཤོག་གསར་པ་རྒྱས་པའི་དུས། །
གསེར་གཤོག་དགུ་འགྱུར་རྒྱག་རྒྱུ་རེད། །
གོང་དཔོན་པོས་ཁྲིམས་ལ་མི་བརྩི་དགོས། །
བརྩིས་ཚར་ནས་སྡེ་ཆེན་ཁྲིམས་ཁ་བསྡམ། །
ལས་རྒྱུ་འབྲས་གཉིས་དེ་བརྡར་བཞིན་ཕྱེ། །
ཚེ་ཕྱི་མའི་ལམ་གྱི་རྒྱགས་ཆས་ཞིག །
དགོས་པ་དཔོན་པོའི་འགྲོ་ལུགས་རེད། །
གླིང་སྐྱེས་བུ་དམག་ལ་མ་བྱོན་དགོས། །
བྱོན་ཚར་བའི་ཉི་མ་ཕན་ཆོད་ལ། །
ཕྱོགས་བཞིའི་བདུད་ཆེན་བཞི་པོ་དེ། །
གླིང་པས་ཤུལ་མེད་མ་བཟོས་ན། །
ལྷོ་འཛམ་བུ་གླིང་གི་ས་ཆ་འདི། །
དགྲ་བདུད་ཆེན་བཞི་ཡིས་འཛིན་ངེས་ཡིན། །
བྱང་གི་ཀླུ་བཙན་འདྲ་ལེ་ཚོས། །
ཆོས་མདོ་སྔགས་གཉིས་ཀྱི་བསྟན་པ་བསྒྲུབ། །
ཞྭ་དམར་སེར་རྣམས་ཀྱི་དབུ་འཕང་བཏབ།
འགྲོ་ཀུན་སྡིག་པའི་ལས་ལ་སྦྱར། །
སྡིག་ཆེན་ཁྲག་མཚོའི་འཁོར་ལོ་བསྐོར། །
ལས་དེ་ལས་སྡུག་ལེ་ཅི་ལ་ཡོད། །
གོམ་གསུམ་གོམ་པ་མ་སྤོས་གོང་། །
སྒོ་ཐེམ་ལ་དེ་ག་ནས་རྒྱག །
ཚིག་གསུམ་གླུ་ལེན་མ་བྱས་གོང་། །
དྲང་པོའི་གཏམ་དེ་ག་ནས་བཤད། །
རྒྱ་གཞུ་རྩེ་ནས་མ་བཀུག་གོང་། །
ལྕགས་མདའ་འཕྲེད་དུ་ག་ནས་འཕེན། །
གོམ་གསུམ་གོམ་པ་མ་སྤོས་ན། །
སྒོ་ཐེམ་ཡིན་ཀྱང་ལ་མི་ཐོན། །
ཚིག་གསུམ་བླའོ་མ་བཤད་ན། །
ཕ་མ་ཡིན་ཀྱང་ཡིད་མི་ཆེས། །
རྒྱ་མཚོ་ཆེན་པོའི་ཡང་སྟེང་ནས། །
དོན་མེད་གསེར་ཉས་ཆུ་ལ་རྐྱལ། །
ཉ་པས་ལྕགས་ཀྱུའི་ངར་ལ་འདྲེན། །
ནམ་རྒྱུན་གཡུ་རལ་ངོམ་ལེ་མིན། །
རྐྱེན་ཆག་སྒོ་བྱུང་ན་ལོས་ཀྱང་ངོམ། །
དམའ་རྒྱ་མཚོའི་ནང་གི་ཆུ་སྲིན་དེ། །
དུས་ནམ་རྒྱུན་རྐན་སྒྲ་རྡེབ་ལེ་མིན། །
འབུ་སྲིན་ཁོག་པ་གང་བའི་དུས། །
རྐན་སྒྲ་མི་རྡེབ་ཀ་མེད་རེད། །
རྒོད་ཐང་དཀར་བར་སྣང་མཐོངས་ལ་ལྡིང་། །
ཤ་ཁྲ་བོའི་སྟེང་ལ་གཤོག་འགྱུར་བརྒྱབ། །
ཤ་ཟ་ཐང་དཀར་མ་བསྐོས་དེ། །
ལས་མི་ཤ་ཟ་དགོས་ཐང་དཀར་བསྐོས། །
དེ་བཙོག་ལེ་ཤེས་ཀྱང་སྔོན་གྱི་ལས། །
གངས་སྟོད་སེང་གེ་མ་རེད་དེ། །
གཡུ་རལ་མགོ་ནས་ངོམ་ལེ་རེད། །
མགྱོགས་པའི་རྟ་ལ་མི་རེ་དེ། །
བར་གནམ་གཤོག་སྒྲོས་འཁོར་ནས་གདའ།།
མདའ་མཚོན་གཉིས་ལ་མི་རེ་དེ། །
མཚོན་གྱི་འཁོར་ལོ་བསྐོར་ནས་གདའ། །
རྒྱ་མཚོ་རྦ་རླབས་འཁྲུག་ན་ཡང་། །
རྩ་བ་ཀླུ་ལ་འགྱུར་བ་མེད། །
བར་སྣང་རླུང་ནག་འཚུབ་ན་ཡང་། །
ས་གཞི་རི་བོ་སྒུལ་ལེ་མིན། །
རྒྱ་མཚོ་ཆུ་ཡི་རྦ་རླབས་ཀྱིས། །
རྒྱ་མཚོ་དཀྲུག་ཚོད་མ་ཟིན་ན། །
སྟོབས་ཆུ་སྲིན་ཁ་རླངས་ཤོར་གྱུར་ན། །
ལས་ཐར་ལམ་ཟེར་ལེ་ཁག་པོ་རེད། །
དགུང་སྔོན་སྟེང་གི་ཉི་མ་དེ། །
སྟོང་ལྡན་ཉི་ཟེར་ཤར་ནས་ཤར། །
དྲོད་ཆེན་གླིང་བཞིར་ཁྱབ་པའི་དུས། །
གསལ་འགྲིབ་མེད་པ་ཉི་མ་རེད། །
མཐོ་དམའ་མེད་པ་ཀུན་ལ་དྲོ། །
དཔོན་ཞིག་བྱས་ན་དེ་འདྲ་དགོས། །
ཆོས་ཡོན་ཏན་དགོས་ན་དེ་འདྲ་དགོས། །
རྒྱ་མཚོ་གསེར་ཉ་ཁ་སྤྲོད་ཅན། །
ཉ་ཆེན་ངར་ཚོད་མ་ཟིན་ན། །
མཐའ་མ་ལྕགས་ཀྱུས་ངར་ལ་འདྲེན། །
གསེར་གཤོག་མི་ལ་ཤོར་རབས་ཡོད། །
དགེ་འདུན་ལི་ཁྲིའི་རྒྱ་མཚོ་ལ། །
འདོད་ཡོན་ཆོས་ཀྱི་དགེ་མཚན་ལྡན། །
ཤེས་རབ་ཆོས་སྐུ་ཤཱཀྱའི་རྒྱུད། །
ལྷ་ཤཱཀྱའི་སྡོམ་ཁྲིམས་མ་བསྲུང་ན། །
མཐའ་མ་དགེ་འདུན་ཆོས་མེད་རེད། །
ལས་བཟང་པོའི་དགོན་པ་མི་ཡིས་འཕྲོག །
འུ་ཐུག་དུས་གྲྭ་པས་ལྐོག་ཚོང་བརྒྱབ། །
གོང་དཔོན་པོའི་ལོ་རྒྱུས་ཞུས་པས་ན། །
འབངས་མི་སེར་འགོ་འཛིན་མ་བྱས་ན། །
གོང་དཔོན་པོ་བཟང་དང་མ་བཟང་མེད། །
གྱོད་ཆེན་པོའི་ཕུང་བ་གནམ་ནས་འཁོར། །
ལས་མ་དག་རྣམ་རྟོག་རང་འཁོར་རེད། །
རྒྱ་མཚོ་ཆེན་པོའི་ཁ་ཞབས་ལ། །
ཉ་ཆེན་སྤྲ་བ་ཁ་ཆེན་གནས། །
སྟོབས་ཁོ་ལས་ཆེ་བ་གཞན་པ་མེད།།
གངས་དཀར་མཐོན་པོའི་དབུ་རྩེ་ནས། །
ཤར་གྱི་གངས་སེང་དཀར་མོ་དེ། །
མགོ་གཡུ་རལ་ཆགས་པ་སྔོན་གྱིས་བསྐོས། །
སྲོག་ཆགས་སྟོང་ལ་མི་འཇིགས་དེ། །
མགོ་གཡུ་རལ་ཡོད་པ་དེ་ཡིས་ཡིན། །
ནགས་ཙན་དཀྱིལ་གྱི་དམར་ཡག་སྟག །
ནགས་གསེབ་ཀུན་ལ་མི་འཇིགས་དེ། །
སྟག་རི་མོ་ཁ་དོག་རྒྱས་པས་ཡིན། །
གངས་སྟོད་སེང་གེ་འགྲིམས་ས་ལ། །
སྲིད་པ་གངས་རིས་བཀག་དོན་མེད། །
དམར་ཡག་ནགས་ཚལ་འགྲིམས་ས་ལ། །
ནགས་ཚེར་རུལ་པས་བཀག་དོན་མེད། །
རྒྱ་མཚོ་ཆེ་བའི་གོང་མ་ལ། །
ཆུ་བོ་མཐའ་ནས་འབབ་པའི་དུས། །
གོར་མོ་རྡོ་ཡིས་བཀག་དོན་མེད། །
གངས་དཀར་དཀྱིལ་གྱི་དུང་སེང་དེས།།
གཡུ་རལ་གངས་ནས་ངོམ་ས་ལ། །
ཁ་ཆར་བུ་ཡུག་བསུ་མ་བྱུང་། །
སྟོབས་སེང་གེ་མི་ངར་ཀ་མེད་རེད། །
ཙན་ནགས་ཀྱི་དཀྱིལ་ཟུར་ནས། །
དམར་ཡག་ནགས་གསེབ་འགྲིམས་ས་ལ། །
མི་ངན་པས་མདའ་གཞུ་བཀང་ནས་བྱུང་། །
སྟག་རྒྱ་སྟག་མི་ངར་ཀ་མེད་རེད། །
རྒྱ་མཚོ་ཁ་ཞེང་ཆེ་བའི་ནང་། །
སྟོབས་ཆུ་སྲིན་ཟེར་བ་གཡེར་པོ་ཅན། །
ཆབ་རྒྱ་མཚོ་ཆེན་པོ་མ་དཀྲུག་ན། །
འབུ་དུང་ཕྲུག་ལངས་དོན་ལར་ནས་མེད། །
ཁྱོད་ཆུ་སྲིན་རྐན་སྒྲ་ཐག་ལེ་དེ། །
འབུ་དུང་ཕྲུག་ཆུང་ཡང་ཧ་ལ་འཕེན། །
གླག་རོག་པོ་གནམ་ནས་ཞུམ་པའི་དུས། །
གླ་བའི་གླ་ཕྲུག་རྩེད་རར་འཁྲུག།
གླ་ཕྲུག་གླག་གི་འོག་ནས་ཤོར། །
སྤུ་ཕྲན་འཐོར་བ་འགྱོད་སེམས་མེད། །
དགའ་སྐྱིད་ཕ་ཁུ་འཛོམས་ས་ལ། །
འབོད་མ་དགོས་མགྲོན་པོ་སྒོ་ལ་སླེབས། །
ཞུ་མ་དགོས་གཡུ་འབྲུག་ངར་སྒྲ་གྲགས། །
ལྟ་མ་དགོས་མེ་ཏོག་སྤང་ལ་འཁྲུངས། །
དགོན་གྲྭ་ཚང་མཚམས་སྤིན་འཁྱིལ་འདྲའི་ནང་།།
རྩ་བའི་བླ་མ་དབང་ཞུ་ཅན། །
ཐུགས་ཀ་ཤཱཀྱ་ཐུབ་པ་ལ། །
དགྲ་བཅོམ་སྟོང་དང་རྩ་བརྒྱད་བསྐོར། །
བྱིན་རླབས་ཆར་ཆུས་ཆོས་སྣ་བསྒྲུབ། །
དབུ་ནག་བོད་ལ་བྱིན་གྱིས་རློབས། །
རྒྱ་ཤོད་ཐང་དཀར་དགུ་སྒྲིལ་ནས། །
ས་དཀར་ནག་གཤོལ་གྱིས་དཀྲུག་མི་དེ། །
རུ་རྒྱས་ཁྱུང་དཀར་རོག་ཆུང་རེད། །
གྱོད་སྣ་དགུའི་རྩ་བ་ནག་མོས་གཡོས། །
ཁྲིམས་ཇུས་ཆེན་བཀའ་ཉེས་ཕ་ཁུས་ཁུར། །
དགུན་གཙང་ཆབ་རྒྱ་དར་མ་ཆགས་ན། །
བོད་རྒྱ་སྟོང་མགྲོན་པོ་ཅི་འདྲ་ཤར། །
དགུང་ཉི་ཟླས་རི་རབ་བསྐོར་ལེ་དེས། །
གླིང་བཞིའི་ཉམས་ལ་མ་ཕན་ན། །
རི་རབ་ཕན་མེད་གནོད་མེད་རེད། །
ཉི་ཟླ་ཀླད་མེད་མགོ་སྐོར་འདྲ། །
གྱོད་ཆེན་པོ་འཇོག་མཁན་བུད་མེད་རེད། །
གྱོད་རྩ་བུ་མོར་ཐུག་ལེ་དེ། །
མོ་རྒྱུད་འཁོར་སྟོང་ཕུགས་མེད་ལ། །
སྐད་ཆེན་པོ་གྲགས་པའི་ལོ་རྒྱུས་དེས། །
ལོ་མང་པོའི་གཏམ་ཐག་ཆོད་ལེ་མིན། །
གངས་དཀར་མཐོངས་ཀྱི་དུང་སེང་དེ། །
མགོ་གཡུ་རལ་འཛོམས་དུས་གངས་ནས་འགྱིང་། །
གངས་གཞི་བསྐོར་ལུགས་མ་ཤེས་ན། །
མཐའ་མ་གཡུ་རལ་འདམ་ལ་ཟག །
གངས་སེང་ཁྱི་རྒན་འགྱུར་རབས་ཡོད། །
གངས་དཀར་ཡག་དཀྱིལ་གྱི་གཡས་ཟུར་ནས། །
བྱང་རུས་སྦལ་གངས་ལ་འཁོར་ལེ་རེད། །
དེ་འདོད་པ་གངས་ལ་མེད་ཀྱང་དེ། །
གངས་ལ་ཆགས་དགོས་སྔོན་གྱིས་བསྐོས། །
རྒོད་ཐང་དཀར་ནམ་འཕང་གཅོད་ལེ་དེ། །
ཤ་ཁྲ་བོ་དེ་ལ་རྔམས་ལེ་རེད། །
འབྲུག་པོ་ཐོང་གནམ་ནས་གྲགས་ལེ་དེ། །
བྲག་དམར་བཙན་རྒོད་གཏོར་འདོད་རེད། །
གོར་མོ་རྡོ་ཡི་རྩེད་མོ་དེ། །
ཕར་འཕེན་ཚུར་འཕེན་བྱེད་པའི་དུས། །
ངའི་བསམ་ཚུལ་རྡོ་ཡི་རྩེད་མོ་མིན། །
མགོ་ཀླད་ཁྲག་ཤར་རེ་གཏོར་རབས་ཡོད། །
རྒོད་ཐང་དཀར་ལྡིང་སྐོར་རྒྱག་ལུགས་དེ། །
ཤྭ་ཁྲ་བོ་གཅིག་ལ་རྔམ་ལེ་རེད། །
འབྲོང་བྲེ་སེར་རྫ་ནས་རྒྱུག་ལུགས་དེ། །
ཆུ་དྭངས་མ་ཞིག་ལ་རྔམ་ལེ་རེད། །
གངས་སྟོད་སེང་གེ་དཀར་མོ་དེ། །
མགོ་གཡུ་རལ་ཆགས་པ་སྔོན་གྱིས་བསྐོས། །
གངས་སེང་གཡུ་རལ་མ་ངོམ་ན། །
གཡུ་རལ་ཡོད་ལེས་ཅི་ལ་ཕན། །
གངས་སེང་འབོད་པ་སྟོང་གཏམ་རེད། །
གླང་རྒན་འབྲོང་ལ་ཚད་ལེ་དེ། །
ཡུ་མོས་འབྲོང་ལ་རུ་འཛིང་རེད། །
གླང་རྒན་ཆག་སྒོ་ལངས་རྟགས་རེད། །
རུ་རྩེར་སྲོག་དམར་འདྲེན་འདོད་རེད། །
རྒྱ་མཚོ་ཆབ་ཀྱི་ནང་རྒྱུད་ནས། །
སྡུག་སྦལ་རྒན་འཁྱུག་པའི་དཔའ་རྟགས་དེ། །
འགྱུར་གསེར་ཉའི་གོང་ལ་རྔམ་འདོད་དེ། །
སྡུག་སྦལ་རྒན་ངོ་མ་སྨྱོ་ལེ་རེད། །
ཆབ་གསེར་ཉ་འཁྱུག་པའི་རྦ་རླབས་དཀྱིལ། །
སྡུག་སྦལ་རྒན་འཁྱུག་པས་ག་ནས་ཟིན། །
བགེགས་ཡོད་སར་གཏོར་མ་མ་འཕངས་ན། །
བགེགས་བར་ཆད་བཟློག་ཐབས་ཨེ་ཡོད་ཞེ། །
རྣག་ཡོད་སར་གཙག་བུ་མ་བཙུགས་ན། །
ནད་རྣག་ཚང་བརྟོལ་ཐབས་ཨེ་ཡོད་ཞེ། །
རྒྱ་ཇ་མར་དཀར་ཟ་ཚྭ་གསུམ། །
འབྱུང་སའི་ལུང་པ་མི་གཅིག་ཀྱང་། །
འཛོམས་ས་ཇ་མདོང་ནང་ལ་རེད། །
ཇ་མདོང་དབུ་འཕང་མཐོ་ལེ་རེད།།
གངས་དཀར་ཟུར་ནས་ཆུ་ཆེན་འབབ། །
ཆུ་བོ་ཆེན་པོས་རི་ཀླུང་བསྐོར། །
མཐའ་མ་ཆུ་ཆེན་ག་ན་རྒྱུག །
རྒྱ་གར་ཆོས་ཀྱི་རྒྱལ་པོ་དེས། །
རང་སར་མཆོད་ཁང་བཞེངས་པ་ལ། །
དོན་མེད་བརྙས་བརྐོ་ཅི་ལ་བྱེད། །
རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་དེས། །
ཁྲིམས་རྔ་རང་བདག་བརྡུང་བ་ལ། །
བཙན་པོས་བརྙས་བརྐོ་ཅི་ལ་བྱེད། །
རྒྱ་ཚོང་བོད་ལ་འདྲེན་ལེ་གཅིག །
བོད་ཚོང་རྒྱ་ལ་འདྲེན་ལེ་གཉིས། །
ཚོང་རབ་ཕན་ཚུན་འདྲེན་པ་ལ། །
དེ་ལ་བརྙས་བརྐོ་སུ་ཡིས་བྱེད། །
དགྲ་ཤ་པ་མ་ཐུག་ལོ་གྲངས་མང་། །
དགྲ་ལག་ཏུ་ཚུད་ན་བུ་ལས་བྱམས། །
བྱམས་སྙིང་རྗེས་ལན་གཅིག་སྐྱོབ་རོགས་མཛོད། །
དགྲ་ཤ་པས་ལ་དགུ་ཀླུང་དགུ་བརྒྱབ། །
དུས་མཐའ་མ་ཤ་ཁྲག་བྱ་ལ་སྦྱིན། །
རྒྱ་མཚོ་ཆེན་པོའི་གཡས་ཟུར་ནས། །
སྟོབས་ཆུ་སྲིན་ངར་མའི་པ་ཏྲ་དེ། །
རྒྱ་མཚོའི་དཀྱིལ་གྱི་སྣེ་ནས་བསྐོར། །
ཉ་ཆུང་ལུས་ཆུང་ཕྲ་མོ་དེར། །
གསེར་གཤོག་གསར་པ་རྒྱས་པའི་དུས། །
གསེར་གཤོག་དགུ་འགྱུར་རྒྱག་རྒྱུ་རེད། །
གོང་དཔོན་པོས་ཁྲིམས་ལ་མི་བརྩི་དགོས། །
བརྩིས་ཚར་ནས་སྡེ་ཆེན་ཁྲིམས་ཁ་བསྡམ། །
ལས་རྒྱུ་འབྲས་གཉིས་དེ་བརྡར་བཞིན་ཕྱེ། །
ཚེ་ཕྱི་མའི་ལམ་གྱི་རྒྱགས་ཆས་ཞིག །
དགོས་པ་དཔོན་པོའི་འགྲོ་ལུགས་རེད། །
གླིང་སྐྱེས་བུ་དམག་ལ་མ་བྱོན་དགོས། །
བྱོན་ཚར་བའི་ཉི་མ་ཕན་ཆོད་ལ། །
ཕྱོགས་བཞིའི་བདུད་ཆེན་བཞི་པོ་དེ། །
གླིང་པས་ཤུལ་མེད་མ་བཟོས་ན། །
ལྷོ་འཛམ་བུ་གླིང་གི་ས་ཆ་འདི། །
དགྲ་བདུད་ཆེན་བཞི་ཡིས་འཛིན་ངེས་ཡིན། །
བྱང་གི་ཀླུ་བཙན་འདྲ་ལེ་ཚོས། །
ཆོས་མདོ་སྔགས་གཉིས་ཀྱི་བསྟན་པ་བསྒྲུབ། །
ཞྭ་དམར་སེར་རྣམས་ཀྱི་དབུ་འཕང་བཏབ།
འགྲོ་ཀུན་སྡིག་པའི་ལས་ལ་སྦྱར། །
སྡིག་ཆེན་ཁྲག་མཚོའི་འཁོར་ལོ་བསྐོར། །
ལས་དེ་ལས་སྡུག་ལེ་ཅི་ལ་ཡོད། །
གོམ་གསུམ་གོམ་པ་མ་སྤོས་གོང་། །
སྒོ་ཐེམ་ལ་དེ་ག་ནས་རྒྱག །
ཚིག་གསུམ་གླུ་ལེན་མ་བྱས་གོང་། །
དྲང་པོའི་གཏམ་དེ་ག་ནས་བཤད། །
རྒྱ་གཞུ་རྩེ་ནས་མ་བཀུག་གོང་། །
ལྕགས་མདའ་འཕྲེད་དུ་ག་ནས་འཕེན། །
གོམ་གསུམ་གོམ་པ་མ་སྤོས་ན། །
སྒོ་ཐེམ་ཡིན་ཀྱང་ལ་མི་ཐོན། །
ཚིག་གསུམ་བླའོ་མ་བཤད་ན། །
ཕ་མ་ཡིན་ཀྱང་ཡིད་མི་ཆེས། །
རྒྱ་མཚོ་ཆེན་པོའི་ཡང་སྟེང་ནས། །
དོན་མེད་གསེར་ཉས་ཆུ་ལ་རྐྱལ། །
ཉ་པས་ལྕགས་ཀྱུའི་ངར་ལ་འདྲེན། །
འབྲེལ་ཡོད་འོས་སྦྱོར།