གླིང་སྒྲུང་གཏམ་དཔེ་གཅེས་བཏུས། ཁག་བདུན་པ།
རྩོམ་པ་པོ།:
ཡོང་ཁུངས།:ཁྲི་འདུ་རྩོམ་རིག་འཕྲིན་སྟེགས།
དུས་ཚོད།:2022-11-15
ཀློག་གྲངས།:
དགོན་ཆེན་ཆེན་པོའི་དུང་དཀར་དེ། །
སྟོབས་རྫུ་འཕྲུལ་གཉིས་ཀྱི་བདག་པོ་ལ། །
ཆོས་དཀར་ཆོས་དུང་འུ་རུ་རུ། །
བསམ་པའི་ཆོས་དེ་མ་འགྲུབ་ན། །
དུང་དཀར་འབུད་དང་མ་འབུད་མེད། །
རྒྱལ་ཁྲིམས་གསེར་གྱི་གཞུང་ཤིང་དེ། །
ཁྲིམས་ཆེན་རྔ་བོ་བརྡུང་པའི་དུས། །
དབུས་རི་རྒྱལ་བཞིན་དུ་རྒྱུ་འབྲས་བསྲུང་། །
ཝ་ཛཱ་ཏི་གཉིས་དེ་སྒང་ནས་གཤག །
བདེན་པའི་བྱས་དེ་མ་ཐོབ་ན། །
ལས་དཀོར་ཟས་ཟོས་པ་ངོ་རེ་ཚ། །
རྒྱལ་པོས་འབངས་ལ་མནར་གཅོད་གཅིག །
བླ་མས་དཀོར་ལ་འབག་པ་གཉིས། །
སྡིག་ཆེན་སྲོག་ལ་རྔམ་པ་གསུམ། །
དམྱལ་བའི་འདམ་གྱི་གཏིང་རྡོ་ཡིན། །
མགོ་མཐོ་འདོད་ཤྭ་ཕོ་རྭ་ཅོ་ཅན། །
ལུས་ཁྲག་རྭ་བཟང་གི་སྨན་དྲུག་རེད། །
མགོ་རྭ་ཅོ་སྐམ་ན་ཕན་པ་མེད། །
རྒྱ་མཚོ་ཆེན་པོའི་ཆུ་སྲིན་དེ། །
སྟོབས་མངའ་ཐང་ཡོད་ཀྱང་ཕན་པ་མེད། །
མགོ་པ་ཏྲ་སྐམ་པའི་ཕན་ཆོད་ལ། །
འབུ་དུང་ཕྲུག་ཆུང་ཡང་ཧ་ལ་འཕེན། །
གླིང་སྡུག་བུ་ཡི་ཇོ་རུ་ཁོ། །
རྒྱ་མཚོ་བཏུང་ཀྱང་ངོམས་ལེ་མིན།།
རི་བོ་ཟོས་ཀྱང་རྒྱགས་ལེ་མིན། །
དགུང་གཡུ་འབྲུག་ངར་ཚོད་མ་ཟིན་ན། །
དུས་ཐ་མ་ནོར་བུ་ཆབ་ལ་ལྷུང་། །
མ་ཚད་གཡུ་འབྲུག་མཚོ་ལ་ལྷུང་། །
ཐ་མ་འབུ་ཤུལ་ཀོང་དོང་རེད། །
དགུན་ཟླ་གསུམ་འཁྱགས་ལ་ཉལ་མི་དེ། །
དོམ་དང་དྲེད་མོང་གྲུམ་པ་གསུམ། །
འཁྱགས་རིགས་ནང་ནས་དགུ་དུས་ཞེད། །
དེ་མ་གཏོགས་འཁྱགས་སྣང་ཤེས་ལེ་མིན། །
དགའ་སྐྱིད་འཛོམས་པའི་ཞིང་ཞིག་རྨོས། །
འབྲུ་སྣ་བང་མཛོད་ཨེ་ཡོང་བསམ།།
དེ་མ་བྱུང་ནམ་མཁའི་སེར་བས་བཅོམས། །
འབྲས་མེད་ཐང་ལ་ཐོར་ཡང་ཐོར། །
རྒྱ་མཚོའི་གཏིང་གི་ནོར་བུ་དེ། །
ལེན་དུ་རེ་བ་མང་ན་ཡང་། །
རྒྱུ་དེ་ལོན་མི་ཁག་པོ་རེད། །
རྒྱ་གར་ཡུལ་གྱི་ཨུ་ཡོད་ལ་གཅིག །
བལ་པོའི་ཡུལ་གྱི་ཨུ་དུམ་གཉིས། །
བོད་ཁམས་ཡུལ་གྱི་སྤོས་དཀར་གསུམ། །
འཛོམས་ས་ལྷ་ཁང་ཁྲ་མོ་རེད། །
གླིང་ཕྲན་བརྒྱད་ཀྱི་གོང་མ་ལ། །
མུ་ཁྱུད་འཁོར་ལོ་བསྐོར་མཁན་དེ། །
མཐོ་བའི་ཁྲི་གདུགས་ཉི་མ་རེད། །
སྒྲོ་མདངས་མཛེས་པའི་རྨ་བྱ་ཡིས། །
སྒེག་ལྡན་སྒྲོ་གུར་ཕུབ་པའི་དུས། །
བྱ་ཁུ་བྱུག་སྔོན་མོས་གསུང་སྐད་གྲགས། །
རྒྱ་མཚོར་ཆགས་པའི་ཉ་ཆེན་དེ། །
སྦྲ་བ་ཁ་ཆེན་སྟོབས་ཤུགས་ཀྱིས། །
མཚོ་རྦ་རླབས་གཉིས་དེ་མ་དཀྲུག་ན།།
ཉ་སྤྲ་བ་ཁ་ཆེན་མིང་སྟོང་རེད། །
རྒྱལ་གཞིས་བཟུང་བའི་རྒྱལ་པོ་དེས།།
དགྲ་ཐོག་རྒྱག་སྒོ་ལ་སླེབས་པའི་དུས། །
ཤ་ལན་རིམ་བཞིན་མ་ལོན་ན། །
མཐོ་རྒྱལ་པོ་ཟེར་བ་ངོ་རེ་ཚ། །
རྒྱ་མཚོ་འཁྲུག་པའི་ནང་རྒྱུད་ནས། །
པིར་ནག་པོ་ཕྱོགས་བཞིར་རྒྱུག་པའི་དུས། །
ཉ་སྲམ་འགྲོ་བ་ཁག་པོ་རེད། །
གླིང་དཀར་པོའི་འབུམ་དམག་མཚོ་ལུད་དེ། །
བདུད་སྲིན་པོའི་མགོ་ལ་འབབ་འབབ་ཀྱིས། །
འདྲེ་སྲིན་པོ་ཐར་བ་ཡོང་ལེ་མིན། །
རྒྱུག་རྩལ་རྟ་ཡི་བང་ཁ་དེས། །
འཛམ་གླིང་ས་གཞི་མ་བསྐོར་ན། །
ནང་ར་བའི་རྟ་ཡི་བང་ཁ་དེ། །
ཐེངས་རེ་གཉིས་རྒྱུག་ལེ་ཕན་པ་མེད། །
བརྒྱ་ཡར་འགྲོའི་ལམ་ཁ་དེ་དང་གཅིག །
སྟོང་མར་ཡོང་འགྲོ་ལམ་དེ་དང་གཉིས། །
ལམ་བཀག་ནས་འཕྲོག་ན་རྐུན་ཇག་ཟེར། །
དགུང་སྐར་ཚོགས་གྲངས་མེད་འཛོམས་ན་ཡང་། །
གཟའ་ཁྱབ་འཇུག་གདོང་ལ་རྟེན་ས་མེད། །
ཐན་ཁྭ་ཏས་ཁྱུ་ཤོག་སྒྲིག་ན་ཡང་། །
བྱ་ཁྱུང་ཆེན་གདོང་ལ་འགྲོ་ས་མེད། །
དགྲ་ལ་ལན་དང་གཉེན་ལ་རོགས། །
གྲོགས་ལ་ཇ་ཆང་འདྲེན་རེས་དགོས། །
དགྲ་ལ་དབྱུགས་པ་འགྲན་རེས་དགོས། །
རྒོད་ཐང་ཕྲུག་གཡུ་རལ་རྒྱས་ན་ཡང་། །
སེང་གཡུ་རལ་གདོང་ལ་དོ་ས་མེད། །
རྒོད་ཐང་དཀར་འཕུར་ཚོད་མ་ཟིན་ན།།
རླུང་སྤུ་གྲིར་ཐུག་དུས་ཡ་རེ་ང་། །
དགུང་རང་མདོག་འགྱུར་ཁར་ལྷོ་སྤྲིན་འཚུབ། །
འབྲས་ལྗང་ཆུང་འཇོམས་པའི་གཞི་མ་རེད།
དགུང་གི་དབྱར་རྔ་འུར་ཆེན་དེས། །
གློག་ལྕེ་བར་སྣང་ཀུན་ཏུ་འཁྱུག །
ཐོག་དམར་འབེབས་པའི་གཞི་མ་རེད།།
གྲོང་གི་གནས་མོ་གཡེར་ཆེན་དེས། །
ལྡེམ་འཁྱུག་གེར་ཇ་ཐབ་མ་བཟུང་ན།།
སྔོ་ཧྲིལ་ལེར་གྲང་ལ་འགྱུར་རབས་ཡོད། །
དགུང་ཉི་ཟླ་མཐོ་ཚོད་མ་བཟུང་ན། །
གཟའ་ཁྱབ་འཇུག་ཁ་ལ་ཤོར་རབས་ཡོད། །
སྟག་རྒྱ་སྟག་མཆོངས་ཚོད་མ་བཟུང་ན། །
ལུས་ན་པའི་ལག་ཏུ་ཤོར་རབས་ཡོད། །
དགུང་སྔོན་མཐོངས་ལ་ཆར་སྤྲིན་འཚུབ། །
སྤྲང་ཆར་ཟིལ་ཆུ་ས་གཞིར་དྲངས། །
འབྲས་དྲུག་གཏེར་ཁ་ལེན་བསམ་ཀྱང་། །
གཡུ་འབྲུག་གློག་ལྕེས་འབྲུ་སྙེ་ཕབ། །
སྒྲ་གཅན་རྒྱུགས་པའི་ངར་ལམ་ན། །
སྐར་ཚོགས་དཔུང་འཁོར་གཏོར་ནས་གདའ། །
དབུ་ནག་བདེ་སྐྱིད་ཡར་དར་ལ། །
སངས་རྒྱས་བསྟན་པ་དར་ནས་གདའ། །
ལྗང་ཞིང་ཆུ་མོ་ཡར་རྒྱས་ལ། །
འབྲས་དྲུག་གཏེར་ཁ་རྒྱས་ནས་གདའ། །
གངས་དཀར་ཡག་རྩེ་མོའི་གཡས་ཟུར་ནས། །
སེང་མ་བུ་གཡུ་རལ་རྒྱས་བཞིན་གདའ། །
སེང་དྲུག་གཡུ་རལ་མ་རྒྱས་གོང་། །
རིང་རིང་ཞགས་པས་བཟུང་ན་དགའ། །
དགྲ་དང་མེ་སྟག་ཆུང་དུས་འདུལ། །
ཆུང་དུས་བརྟུལ་ན་འཐུལ་ལོ་ཟེར། །
གྲི་ཡར་ཟི་མར་ཟི་དགུ་ཟི་གསུམ། །
མགར་གཅིག་གི་ལག་ནས་མ་བྱུང་ཡང་། །
སྨད་རྒྱ་ནག་རྒྱལ་པོའི་གྲི་རྒྱུད་རེད། །
མ་རྒྱ་བཟའ་རོང་བཟའ་འགོག་བཟའ་གསུམ། །
ཡུལ་གཅིག་ནས་འོང་བ་མ་ཡིན་ཀྱང་། །
ཕ་སེང་བློན་ཇ་མར་གཅིག་ཏུ་འདུས། །
སྤུན་རྒྱ་ཚ་རོང་ཚ་ཇོ་རུ་གསུམ། །
མ་གཅིག་གི་ཁོག་ནས་མ་བྱུང་ཀྱང་། །
ཕ་གཅིག་གི་རུས་རྒྱུད་ཐོབ་ལེ་རེད། །
དགྲ་དཔུང་གཉིས་དེ་ཆེ་ན་དགའ། །
ཆུ་ཆེན་ཞིག་གིས་འཁྱིར་ན་དགའ། །
མེ་ཆེན་ཞིག་གིས་འཚིག་ན་དགའ། །
རླུང་ཆེན་ཞིག་གིས་བརྡབ་ན་དགའ། །
གངས་རི་མཐོན་པོའི་ཆུ་བོ་དེ། །
ཆུ་གཡོན་འབབ་བརྒྱད་དང་གཡས་འབབ་དགུ། །
དམའ་རྒྱ་མཚོའི་གཏིང་ལ་མ་ཐུག་བར། །
ཆུ་གཡས་འབབ་གཡོན་འབབ་རང་དབང་ཟེར། །
བསྒོམ་མ་ཤེས་སྒོམ་ཆེན་བླ་མ་དེས། །
བྲག་རྒྱབ་གཏད་ལྟོགས་སྒོམ་མི་ཡོང་དེ། །
ཐུགས་རྗེས་འདྲེན་འདོན་ཨེ་ཡོང་ལྟ། །
ཆོས་མདོ་སྔགས་བསྟན་པའི་ཡི་གེ་དེ། །
མགོ་ཡར་ནས་རྒྱ་གར་སྐད་དུ་གསུང་། །
ལྷ་བཅོམ་ལྡན་འདས་ཀྱི་ཆོས་འཁོར་རེད། །
མཇུག་མར་ནས་རྫོགས་པ་ཆེན་པོ་གསུང་། །
མདོ་རྒྱུད་སྨད་རྒྱུད་ཆོས་རྒྱུད་བཅས། །
དེ་རྒྱས་པའི་མགོ་དེ་མཇུག་ལ་སྐྱེལ། །
བརྒྱ་ལུག་བཟོས་པའི་སྤྱང་རྒན་དེ། །
མིད་པ་ཤ་ཡིས་བརྣངས་ནས་འཆི། །
མཐའ་ཤི་རྟངས་དེ་འདྲ་རེད། །
བརྒྱ་ལུག་བཟོས་པའི་སྤྱང་རྒན་དེ། །
མིད་པ་ཤ་ཡིས་བརྣངས་ནས་འཆི། །
མཐའ་མ་ཤི་སྟངས་དེ་འདྲ་རེད། །
སྒང་ལ་དགུ་བརྒྱབ་པའི་ཕར་ནང་ལ། །
ཇག་ཕར་ཤོར་ར་མདའ་གཅོད་ཉིན་མོ། །
ལམ་གར་ཟུག་རྩ་བ་མ་བཅད་ན། །
ཡུལ་དོན་མེད་མི་ཤ་བགོ་ལེ་ཡོད།
གོས་དར་ཡག་དཀར་མོའི་མཐའ་ཤན་བརྒྱན། །
གོས་དར་མེད་ཡུལ་ལ་མཛེས་བསམ་ཀྱང་། །
དར་འབྲུག་རིས་མདུན་ལ་མཛེས་ས་མེད། །
རྒྱ་མཚོ་ཆེན་པོའི་ནང་རྒྱུད་ལ། །
བྱ་ཆེན་ངང་པ་སེར་པོ་དེ། །
སྒྲོ་གཤོག་རྐྱལ་ལུགས་མ་ཤེས་ན། །
མཐའ་བྱ་རོ་ཆུ་ཁར་ཐོན་རྒྱུ་རེད། །
གྱོད་ལ་ཕ་མ་བུ་གསུམ་ཟེར། །
གྱོད་ཀྱི་ཕ་མ་བུ་གསུམ་དེ། །
འཕྲེད་ལ་སྐྱེས་པའི་ཁ་དང་གཅིག །
ཐུར་ལ་ཟུག་པའི་མཚན་མ་གཉིས། །
གྲོད་སྤུའི་ཡུ་བ་དེ་དང་གསུམ། །
གྱོད་ཀྱི་ཕ་མ་བུ་གསུམ་ཡིན། །
གངས་དཀར་ཡག་རི་ལ་མ་ཆགས་ན། །
སེང་དཀར་མོ་འཁོར་ས་ཅི་ལ་བྱེད། །
སེང་དཀར་མོ་ཡིད་གཏད་སུ་ལ་བྱེད། །
རྫ་རག་དཀར་རྫ་ལུང་མ་ཆགས་ན། །
འབྲོང་བྲེ་སེར་འཁོར་ས་ཅི་ལ་བྱེད། །
མགོ་རུ་ཐུར་ངོམས་ས་གང་ལ་བྱེད། །
ས་གཞིར་སྤང་དཀར་མ་ཆགས་ན། །
ཤྭ་ཡུ་མོ་འཁོར་ས་ཅི་ལ་བྱེད། །
སེམས་གངས་དཀར་ཡིད་གཏད་སུ་ལ་བྱེད། །
དམའ་རྒྱ་མཚོ་ཆེན་པོ་མ་ཆགས་ན། །
ཉ་གསེར་མིག་འཁོར་ས་ཅི་ལ་བྱེད། །
ལུས་གསེར་གཤོག་རྒྱས་ས་གང་ལ་བྱེད། །
དགྲ་དགྲ་ལན་མེད་ན་ཉལ་ལེ་ཟེར། །
ཟས་བཟས་ལན་མེད་ན་ཁྲམ་པ་ཟེར། །
གངས་མཐོན་པོའི་དཀྱིལ་གྱི་དུང་སེང་དེ། །
སེང་གཡུ་རལ་ངོམ་ནས་འདུག་ས་ལ། །
སྡུག་སྤྲེལ་རྒན་ལག་རྩེད་རྩེད་ལེ་དེ། །
གཅན་གཟན་རྒྱལ་པོའི་བླ་ལ་གནོད། །
སྟག་དམར་པོ་འཛུམ་དྲུག་རྒྱས་ས་ལ། །
ཝ་སྔར་མས་རྫིག་རྫིག་བྱེད་ལེ་དེ། །
ཁ་མཆེ་བ་ཅན་གྱི་བླ་ལ་གནོད། །
དགུང་ཨ་སྔོན་གཡུ་འབྲུག་གྲགས་ལེ་དེ། །
ཆར་མེད་ན་གཡུ་འབྲུག་རྫུན་མ་རེད། །
ཁ་གྲུ་བཞིས་བཤད་པའི་སྙན་གཏམ་དེ། །
དོན་སྙིང་པོ་ཨེ་ལྡན་ལག་ལེན་རེད། །
མགོ་ཀླད་པའི་དཀྱིལ་གྱི་འཁྱགས་རོམ་དེ། །
མཐོ་ཁྲི་གདུགས་ཉི་མས་བཞུར་ལེ་མིན། །
སྙིང་དཀར་ནག་མཚམས་ཀྱི་ལྕགས་གཟེར་དེ། །
ཐོ་བ་སྐམ་པས་བརྡུང་ལེ་མིན། །
གངས་སྟོད་སེང་གེ་དཀར་མོ་དེ། །
གཡུ་རལ་ངོམས་ལུགས་མ་ཤེས་ན། །
གཡུ་རལ་འདམ་ལ་ཟག་ཉེན་ཆེ། །
ལྷོ་ནགས་གཏེར་འགྲིམས་པའི་དམར་ཡག་སྟག །
སྟག་ངར་ཚོད་རང་གིས་མ་ཟིན་ན། །
འཛུམ་དྲུག་གདན་ལ་གདིང་རབས་ཡོད། །
སྲིད་པའི་གངས་རི་བཞུར་བའི་དུས། །
སེང་དཀར་མོ་འགྱོད་པས་ཕན་པ་མེད། །
ལྷོ་ནགས་གཏེར་མེ་ཡིས་བཅོམ་ཟེར་ན། །
སྟག་དམར་ཡག་འགྱོད་པས་ཕན་པ་མེད། །
གངས་ཆུ་སྤང་ཆུ་རྫ་ཆུ་གསུམ། །
གསུམ་ག་ཆུ་རིགས་ཡིན་ན་ཡང་། །
གནས་པའི་གནས་ཡུལ་སོ་སོ་ཡིན། །
ཁྱུང་ཆེན་ཐང་དཀར་ཕོ་རོག་གསུམ། །
གཤོག་སྒྲོ་ལྡན་པ་འདྲ་ན་ཡང་། །
ནམ་འཕང་གཅོད་ལུགས་སོ་སོ་ཡིན། །
གངས་དཀར་རྩེ་མོའི་གཡས་ཟུར་ལ། །
དུང་སེར་དཀར་པོ་གཡུ་རལ་རྒྱས། །
མགོ་གཡུ་རལ་རྒྱས་པའི་ཉི་མོ་ནས། །
གཅན་གཟན་གཏུམ་པོར་འཇིགས་དགོས་མེད།
སེང་ཕོ་ཐོང་དབང་ཐང་ཆེ་ལེ་རེད། །
དབུས་རི་རྒྱལ་ལྷུན་པོའི་རྩེ་མོ་ལ། །
བྱ་རྒྱལ་ཁྱུང་ཆེན་གཤོག་སྒྲོ་རྒྱས། །
བྱ་ཁྱུང་ནམ་འཕང་བཅད་དང་ཕན། །
འདབ་ཆགས་ཡོངས་ལ་འཇིགས་དགོས་མེད། །
ཁྱུང་ཆེན་བྱ་ཡི་རྒྱལ་པོ་རེད། །
དུག་སྦྲུལ་ནག་པོའི་ཁ་གནོན་རེད། །
དགྲ་འཆི་བདག་སྔས་མགོར་འབྱོར་བའི་དུས། །
མི་ཚེ་ཟད་བྲོས་ནས་ཐར་ས་མེད། །
མཐའ་རྒྱ་མཚོ་ཆེན་པོའི་རྦ་རླབས་དེ། །
དགུང་ཨ་སྔོན་མཁའ་ལ་འཕྱུར་བའི་དུས། །
སྐྱོར་རགས་ཁ་བརྒྱབ་ཀྱང་ག་ནས་ཁོག །
གངས་ཏི་སེ་དྲོད་ཀྱིས་མི་བཞུ་སྟེ། །
དུས་མཐའ་མ་མི་བརྟན་བཞུ་ཡང་སྲིད། །
མདའ་མར་ན་རྒྱ་མཚོ་ཆེན་པོ་ཆགས། །
མཐའ་རྒྱ་མཚོ་སྐམ་འདོན་མི་སྲིད་དེ། །
དུས་མཐའ་མ་མི་བརྟན་འདོན་ཡང་སྲིད། །
བར་དེ་ན་འུ་ཟི་རྒྱལ་པོ་ཆགས། །
དཔོན་འུ་ཟི་འགྱུར་བ་མི་སྲིད་དེ། །
དུས་མཐའ་མ་འགྱུར་བ་ལོས་ཀྱང་སྲིད། །
སྟོབས་རྫུ་འཕྲུལ་གཉིས་ཀྱི་བདག་པོ་ལ། །
ཆོས་དཀར་ཆོས་དུང་འུ་རུ་རུ། །
བསམ་པའི་ཆོས་དེ་མ་འགྲུབ་ན། །
དུང་དཀར་འབུད་དང་མ་འབུད་མེད། །
རྒྱལ་ཁྲིམས་གསེར་གྱི་གཞུང་ཤིང་དེ། །
ཁྲིམས་ཆེན་རྔ་བོ་བརྡུང་པའི་དུས། །
དབུས་རི་རྒྱལ་བཞིན་དུ་རྒྱུ་འབྲས་བསྲུང་། །
ཝ་ཛཱ་ཏི་གཉིས་དེ་སྒང་ནས་གཤག །
བདེན་པའི་བྱས་དེ་མ་ཐོབ་ན། །
ལས་དཀོར་ཟས་ཟོས་པ་ངོ་རེ་ཚ། །
རྒྱལ་པོས་འབངས་ལ་མནར་གཅོད་གཅིག །
བླ་མས་དཀོར་ལ་འབག་པ་གཉིས། །
སྡིག་ཆེན་སྲོག་ལ་རྔམ་པ་གསུམ། །
དམྱལ་བའི་འདམ་གྱི་གཏིང་རྡོ་ཡིན། །
མགོ་མཐོ་འདོད་ཤྭ་ཕོ་རྭ་ཅོ་ཅན། །
ལུས་ཁྲག་རྭ་བཟང་གི་སྨན་དྲུག་རེད། །
མགོ་རྭ་ཅོ་སྐམ་ན་ཕན་པ་མེད། །
རྒྱ་མཚོ་ཆེན་པོའི་ཆུ་སྲིན་དེ། །
སྟོབས་མངའ་ཐང་ཡོད་ཀྱང་ཕན་པ་མེད། །
མགོ་པ་ཏྲ་སྐམ་པའི་ཕན་ཆོད་ལ། །
འབུ་དུང་ཕྲུག་ཆུང་ཡང་ཧ་ལ་འཕེན། །
གླིང་སྡུག་བུ་ཡི་ཇོ་རུ་ཁོ། །
རྒྱ་མཚོ་བཏུང་ཀྱང་ངོམས་ལེ་མིན།།
རི་བོ་ཟོས་ཀྱང་རྒྱགས་ལེ་མིན། །
དགུང་གཡུ་འབྲུག་ངར་ཚོད་མ་ཟིན་ན། །
དུས་ཐ་མ་ནོར་བུ་ཆབ་ལ་ལྷུང་། །
མ་ཚད་གཡུ་འབྲུག་མཚོ་ལ་ལྷུང་། །
ཐ་མ་འབུ་ཤུལ་ཀོང་དོང་རེད། །
དགུན་ཟླ་གསུམ་འཁྱགས་ལ་ཉལ་མི་དེ། །
དོམ་དང་དྲེད་མོང་གྲུམ་པ་གསུམ། །
འཁྱགས་རིགས་ནང་ནས་དགུ་དུས་ཞེད། །
དེ་མ་གཏོགས་འཁྱགས་སྣང་ཤེས་ལེ་མིན། །
དགའ་སྐྱིད་འཛོམས་པའི་ཞིང་ཞིག་རྨོས། །
འབྲུ་སྣ་བང་མཛོད་ཨེ་ཡོང་བསམ།།
དེ་མ་བྱུང་ནམ་མཁའི་སེར་བས་བཅོམས། །
འབྲས་མེད་ཐང་ལ་ཐོར་ཡང་ཐོར། །
རྒྱ་མཚོའི་གཏིང་གི་ནོར་བུ་དེ། །
ལེན་དུ་རེ་བ་མང་ན་ཡང་། །
རྒྱུ་དེ་ལོན་མི་ཁག་པོ་རེད། །
རྒྱ་གར་ཡུལ་གྱི་ཨུ་ཡོད་ལ་གཅིག །
བལ་པོའི་ཡུལ་གྱི་ཨུ་དུམ་གཉིས། །
བོད་ཁམས་ཡུལ་གྱི་སྤོས་དཀར་གསུམ། །
འཛོམས་ས་ལྷ་ཁང་ཁྲ་མོ་རེད། །
གླིང་ཕྲན་བརྒྱད་ཀྱི་གོང་མ་ལ། །
མུ་ཁྱུད་འཁོར་ལོ་བསྐོར་མཁན་དེ། །
མཐོ་བའི་ཁྲི་གདུགས་ཉི་མ་རེད། །
སྒྲོ་མདངས་མཛེས་པའི་རྨ་བྱ་ཡིས། །
སྒེག་ལྡན་སྒྲོ་གུར་ཕུབ་པའི་དུས། །
བྱ་ཁུ་བྱུག་སྔོན་མོས་གསུང་སྐད་གྲགས། །
རྒྱ་མཚོར་ཆགས་པའི་ཉ་ཆེན་དེ། །
སྦྲ་བ་ཁ་ཆེན་སྟོབས་ཤུགས་ཀྱིས། །
མཚོ་རྦ་རླབས་གཉིས་དེ་མ་དཀྲུག་ན།།
ཉ་སྤྲ་བ་ཁ་ཆེན་མིང་སྟོང་རེད། །
རྒྱལ་གཞིས་བཟུང་བའི་རྒྱལ་པོ་དེས།།
དགྲ་ཐོག་རྒྱག་སྒོ་ལ་སླེབས་པའི་དུས། །
ཤ་ལན་རིམ་བཞིན་མ་ལོན་ན། །
མཐོ་རྒྱལ་པོ་ཟེར་བ་ངོ་རེ་ཚ། །
རྒྱ་མཚོ་འཁྲུག་པའི་ནང་རྒྱུད་ནས། །
པིར་ནག་པོ་ཕྱོགས་བཞིར་རྒྱུག་པའི་དུས། །
ཉ་སྲམ་འགྲོ་བ་ཁག་པོ་རེད། །
གླིང་དཀར་པོའི་འབུམ་དམག་མཚོ་ལུད་དེ། །
བདུད་སྲིན་པོའི་མགོ་ལ་འབབ་འབབ་ཀྱིས། །
འདྲེ་སྲིན་པོ་ཐར་བ་ཡོང་ལེ་མིན། །
རྒྱུག་རྩལ་རྟ་ཡི་བང་ཁ་དེས། །
འཛམ་གླིང་ས་གཞི་མ་བསྐོར་ན། །
ནང་ར་བའི་རྟ་ཡི་བང་ཁ་དེ། །
ཐེངས་རེ་གཉིས་རྒྱུག་ལེ་ཕན་པ་མེད། །
བརྒྱ་ཡར་འགྲོའི་ལམ་ཁ་དེ་དང་གཅིག །
སྟོང་མར་ཡོང་འགྲོ་ལམ་དེ་དང་གཉིས། །
ལམ་བཀག་ནས་འཕྲོག་ན་རྐུན་ཇག་ཟེར། །
དགུང་སྐར་ཚོགས་གྲངས་མེད་འཛོམས་ན་ཡང་། །
གཟའ་ཁྱབ་འཇུག་གདོང་ལ་རྟེན་ས་མེད། །
ཐན་ཁྭ་ཏས་ཁྱུ་ཤོག་སྒྲིག་ན་ཡང་། །
བྱ་ཁྱུང་ཆེན་གདོང་ལ་འགྲོ་ས་མེད། །
དགྲ་ལ་ལན་དང་གཉེན་ལ་རོགས། །
གྲོགས་ལ་ཇ་ཆང་འདྲེན་རེས་དགོས། །
དགྲ་ལ་དབྱུགས་པ་འགྲན་རེས་དགོས། །
རྒོད་ཐང་ཕྲུག་གཡུ་རལ་རྒྱས་ན་ཡང་། །
སེང་གཡུ་རལ་གདོང་ལ་དོ་ས་མེད། །
རྒོད་ཐང་དཀར་འཕུར་ཚོད་མ་ཟིན་ན།།
རླུང་སྤུ་གྲིར་ཐུག་དུས་ཡ་རེ་ང་། །
དགུང་རང་མདོག་འགྱུར་ཁར་ལྷོ་སྤྲིན་འཚུབ། །
འབྲས་ལྗང་ཆུང་འཇོམས་པའི་གཞི་མ་རེད།
དགུང་གི་དབྱར་རྔ་འུར་ཆེན་དེས། །
གློག་ལྕེ་བར་སྣང་ཀུན་ཏུ་འཁྱུག །
ཐོག་དམར་འབེབས་པའི་གཞི་མ་རེད།།
གྲོང་གི་གནས་མོ་གཡེར་ཆེན་དེས། །
ལྡེམ་འཁྱུག་གེར་ཇ་ཐབ་མ་བཟུང་ན།།
སྔོ་ཧྲིལ་ལེར་གྲང་ལ་འགྱུར་རབས་ཡོད། །
དགུང་ཉི་ཟླ་མཐོ་ཚོད་མ་བཟུང་ན། །
གཟའ་ཁྱབ་འཇུག་ཁ་ལ་ཤོར་རབས་ཡོད། །
སྟག་རྒྱ་སྟག་མཆོངས་ཚོད་མ་བཟུང་ན། །
ལུས་ན་པའི་ལག་ཏུ་ཤོར་རབས་ཡོད། །
དགུང་སྔོན་མཐོངས་ལ་ཆར་སྤྲིན་འཚུབ། །
སྤྲང་ཆར་ཟིལ་ཆུ་ས་གཞིར་དྲངས། །
འབྲས་དྲུག་གཏེར་ཁ་ལེན་བསམ་ཀྱང་། །
གཡུ་འབྲུག་གློག་ལྕེས་འབྲུ་སྙེ་ཕབ། །
སྒྲ་གཅན་རྒྱུགས་པའི་ངར་ལམ་ན། །
སྐར་ཚོགས་དཔུང་འཁོར་གཏོར་ནས་གདའ། །
དབུ་ནག་བདེ་སྐྱིད་ཡར་དར་ལ། །
སངས་རྒྱས་བསྟན་པ་དར་ནས་གདའ། །
ལྗང་ཞིང་ཆུ་མོ་ཡར་རྒྱས་ལ། །
འབྲས་དྲུག་གཏེར་ཁ་རྒྱས་ནས་གདའ། །
གངས་དཀར་ཡག་རྩེ་མོའི་གཡས་ཟུར་ནས། །
སེང་མ་བུ་གཡུ་རལ་རྒྱས་བཞིན་གདའ། །
སེང་དྲུག་གཡུ་རལ་མ་རྒྱས་གོང་། །
རིང་རིང་ཞགས་པས་བཟུང་ན་དགའ། །
དགྲ་དང་མེ་སྟག་ཆུང་དུས་འདུལ། །
ཆུང་དུས་བརྟུལ་ན་འཐུལ་ལོ་ཟེར། །
གྲི་ཡར་ཟི་མར་ཟི་དགུ་ཟི་གསུམ། །
མགར་གཅིག་གི་ལག་ནས་མ་བྱུང་ཡང་། །
སྨད་རྒྱ་ནག་རྒྱལ་པོའི་གྲི་རྒྱུད་རེད། །
མ་རྒྱ་བཟའ་རོང་བཟའ་འགོག་བཟའ་གསུམ། །
ཡུལ་གཅིག་ནས་འོང་བ་མ་ཡིན་ཀྱང་། །
ཕ་སེང་བློན་ཇ་མར་གཅིག་ཏུ་འདུས། །
སྤུན་རྒྱ་ཚ་རོང་ཚ་ཇོ་རུ་གསུམ། །
མ་གཅིག་གི་ཁོག་ནས་མ་བྱུང་ཀྱང་། །
ཕ་གཅིག་གི་རུས་རྒྱུད་ཐོབ་ལེ་རེད། །
དགྲ་དཔུང་གཉིས་དེ་ཆེ་ན་དགའ། །
ཆུ་ཆེན་ཞིག་གིས་འཁྱིར་ན་དགའ། །
མེ་ཆེན་ཞིག་གིས་འཚིག་ན་དགའ། །
རླུང་ཆེན་ཞིག་གིས་བརྡབ་ན་དགའ། །
གངས་རི་མཐོན་པོའི་ཆུ་བོ་དེ། །
ཆུ་གཡོན་འབབ་བརྒྱད་དང་གཡས་འབབ་དགུ། །
དམའ་རྒྱ་མཚོའི་གཏིང་ལ་མ་ཐུག་བར། །
ཆུ་གཡས་འབབ་གཡོན་འབབ་རང་དབང་ཟེར། །
བསྒོམ་མ་ཤེས་སྒོམ་ཆེན་བླ་མ་དེས། །
བྲག་རྒྱབ་གཏད་ལྟོགས་སྒོམ་མི་ཡོང་དེ། །
ཐུགས་རྗེས་འདྲེན་འདོན་ཨེ་ཡོང་ལྟ། །
ཆོས་མདོ་སྔགས་བསྟན་པའི་ཡི་གེ་དེ། །
མགོ་ཡར་ནས་རྒྱ་གར་སྐད་དུ་གསུང་། །
ལྷ་བཅོམ་ལྡན་འདས་ཀྱི་ཆོས་འཁོར་རེད། །
མཇུག་མར་ནས་རྫོགས་པ་ཆེན་པོ་གསུང་། །
མདོ་རྒྱུད་སྨད་རྒྱུད་ཆོས་རྒྱུད་བཅས། །
དེ་རྒྱས་པའི་མགོ་དེ་མཇུག་ལ་སྐྱེལ། །
བརྒྱ་ལུག་བཟོས་པའི་སྤྱང་རྒན་དེ། །
མིད་པ་ཤ་ཡིས་བརྣངས་ནས་འཆི། །
མཐའ་ཤི་རྟངས་དེ་འདྲ་རེད། །
བརྒྱ་ལུག་བཟོས་པའི་སྤྱང་རྒན་དེ། །
མིད་པ་ཤ་ཡིས་བརྣངས་ནས་འཆི། །
མཐའ་མ་ཤི་སྟངས་དེ་འདྲ་རེད། །
སྒང་ལ་དགུ་བརྒྱབ་པའི་ཕར་ནང་ལ། །
ཇག་ཕར་ཤོར་ར་མདའ་གཅོད་ཉིན་མོ། །
ལམ་གར་ཟུག་རྩ་བ་མ་བཅད་ན། །
ཡུལ་དོན་མེད་མི་ཤ་བགོ་ལེ་ཡོད།
གོས་དར་ཡག་དཀར་མོའི་མཐའ་ཤན་བརྒྱན། །
གོས་དར་མེད་ཡུལ་ལ་མཛེས་བསམ་ཀྱང་། །
དར་འབྲུག་རིས་མདུན་ལ་མཛེས་ས་མེད། །
རྒྱ་མཚོ་ཆེན་པོའི་ནང་རྒྱུད་ལ། །
བྱ་ཆེན་ངང་པ་སེར་པོ་དེ། །
སྒྲོ་གཤོག་རྐྱལ་ལུགས་མ་ཤེས་ན། །
མཐའ་བྱ་རོ་ཆུ་ཁར་ཐོན་རྒྱུ་རེད། །
གྱོད་ལ་ཕ་མ་བུ་གསུམ་ཟེར། །
གྱོད་ཀྱི་ཕ་མ་བུ་གསུམ་དེ། །
འཕྲེད་ལ་སྐྱེས་པའི་ཁ་དང་གཅིག །
ཐུར་ལ་ཟུག་པའི་མཚན་མ་གཉིས། །
གྲོད་སྤུའི་ཡུ་བ་དེ་དང་གསུམ། །
གྱོད་ཀྱི་ཕ་མ་བུ་གསུམ་ཡིན། །
གངས་དཀར་ཡག་རི་ལ་མ་ཆགས་ན། །
སེང་དཀར་མོ་འཁོར་ས་ཅི་ལ་བྱེད། །
སེང་དཀར་མོ་ཡིད་གཏད་སུ་ལ་བྱེད། །
རྫ་རག་དཀར་རྫ་ལུང་མ་ཆགས་ན། །
འབྲོང་བྲེ་སེར་འཁོར་ས་ཅི་ལ་བྱེད། །
མགོ་རུ་ཐུར་ངོམས་ས་གང་ལ་བྱེད། །
ས་གཞིར་སྤང་དཀར་མ་ཆགས་ན། །
ཤྭ་ཡུ་མོ་འཁོར་ས་ཅི་ལ་བྱེད། །
སེམས་གངས་དཀར་ཡིད་གཏད་སུ་ལ་བྱེད། །
དམའ་རྒྱ་མཚོ་ཆེན་པོ་མ་ཆགས་ན། །
ཉ་གསེར་མིག་འཁོར་ས་ཅི་ལ་བྱེད། །
ལུས་གསེར་གཤོག་རྒྱས་ས་གང་ལ་བྱེད། །
དགྲ་དགྲ་ལན་མེད་ན་ཉལ་ལེ་ཟེར། །
ཟས་བཟས་ལན་མེད་ན་ཁྲམ་པ་ཟེར། །
གངས་མཐོན་པོའི་དཀྱིལ་གྱི་དུང་སེང་དེ། །
སེང་གཡུ་རལ་ངོམ་ནས་འདུག་ས་ལ། །
སྡུག་སྤྲེལ་རྒན་ལག་རྩེད་རྩེད་ལེ་དེ། །
གཅན་གཟན་རྒྱལ་པོའི་བླ་ལ་གནོད། །
སྟག་དམར་པོ་འཛུམ་དྲུག་རྒྱས་ས་ལ། །
ཝ་སྔར་མས་རྫིག་རྫིག་བྱེད་ལེ་དེ། །
ཁ་མཆེ་བ་ཅན་གྱི་བླ་ལ་གནོད། །
དགུང་ཨ་སྔོན་གཡུ་འབྲུག་གྲགས་ལེ་དེ། །
ཆར་མེད་ན་གཡུ་འབྲུག་རྫུན་མ་རེད། །
ཁ་གྲུ་བཞིས་བཤད་པའི་སྙན་གཏམ་དེ། །
དོན་སྙིང་པོ་ཨེ་ལྡན་ལག་ལེན་རེད། །
མགོ་ཀླད་པའི་དཀྱིལ་གྱི་འཁྱགས་རོམ་དེ། །
མཐོ་ཁྲི་གདུགས་ཉི་མས་བཞུར་ལེ་མིན། །
སྙིང་དཀར་ནག་མཚམས་ཀྱི་ལྕགས་གཟེར་དེ། །
ཐོ་བ་སྐམ་པས་བརྡུང་ལེ་མིན། །
གངས་སྟོད་སེང་གེ་དཀར་མོ་དེ། །
གཡུ་རལ་ངོམས་ལུགས་མ་ཤེས་ན། །
གཡུ་རལ་འདམ་ལ་ཟག་ཉེན་ཆེ། །
ལྷོ་ནགས་གཏེར་འགྲིམས་པའི་དམར་ཡག་སྟག །
སྟག་ངར་ཚོད་རང་གིས་མ་ཟིན་ན། །
འཛུམ་དྲུག་གདན་ལ་གདིང་རབས་ཡོད། །
སྲིད་པའི་གངས་རི་བཞུར་བའི་དུས། །
སེང་དཀར་མོ་འགྱོད་པས་ཕན་པ་མེད། །
ལྷོ་ནགས་གཏེར་མེ་ཡིས་བཅོམ་ཟེར་ན། །
སྟག་དམར་ཡག་འགྱོད་པས་ཕན་པ་མེད། །
གངས་ཆུ་སྤང་ཆུ་རྫ་ཆུ་གསུམ། །
གསུམ་ག་ཆུ་རིགས་ཡིན་ན་ཡང་། །
གནས་པའི་གནས་ཡུལ་སོ་སོ་ཡིན། །
ཁྱུང་ཆེན་ཐང་དཀར་ཕོ་རོག་གསུམ། །
གཤོག་སྒྲོ་ལྡན་པ་འདྲ་ན་ཡང་། །
ནམ་འཕང་གཅོད་ལུགས་སོ་སོ་ཡིན། །
གངས་དཀར་རྩེ་མོའི་གཡས་ཟུར་ལ། །
དུང་སེར་དཀར་པོ་གཡུ་རལ་རྒྱས། །
མགོ་གཡུ་རལ་རྒྱས་པའི་ཉི་མོ་ནས། །
གཅན་གཟན་གཏུམ་པོར་འཇིགས་དགོས་མེད།
སེང་ཕོ་ཐོང་དབང་ཐང་ཆེ་ལེ་རེད། །
དབུས་རི་རྒྱལ་ལྷུན་པོའི་རྩེ་མོ་ལ། །
བྱ་རྒྱལ་ཁྱུང་ཆེན་གཤོག་སྒྲོ་རྒྱས། །
བྱ་ཁྱུང་ནམ་འཕང་བཅད་དང་ཕན། །
འདབ་ཆགས་ཡོངས་ལ་འཇིགས་དགོས་མེད། །
ཁྱུང་ཆེན་བྱ་ཡི་རྒྱལ་པོ་རེད། །
དུག་སྦྲུལ་ནག་པོའི་ཁ་གནོན་རེད། །
དགྲ་འཆི་བདག་སྔས་མགོར་འབྱོར་བའི་དུས། །
མི་ཚེ་ཟད་བྲོས་ནས་ཐར་ས་མེད། །
མཐའ་རྒྱ་མཚོ་ཆེན་པོའི་རྦ་རླབས་དེ། །
དགུང་ཨ་སྔོན་མཁའ་ལ་འཕྱུར་བའི་དུས། །
སྐྱོར་རགས་ཁ་བརྒྱབ་ཀྱང་ག་ནས་ཁོག །
གངས་ཏི་སེ་དྲོད་ཀྱིས་མི་བཞུ་སྟེ། །
དུས་མཐའ་མ་མི་བརྟན་བཞུ་ཡང་སྲིད། །
མདའ་མར་ན་རྒྱ་མཚོ་ཆེན་པོ་ཆགས། །
མཐའ་རྒྱ་མཚོ་སྐམ་འདོན་མི་སྲིད་དེ། །
དུས་མཐའ་མ་མི་བརྟན་འདོན་ཡང་སྲིད། །
བར་དེ་ན་འུ་ཟི་རྒྱལ་པོ་ཆགས། །
དཔོན་འུ་ཟི་འགྱུར་བ་མི་སྲིད་དེ། །
དུས་མཐའ་མ་འགྱུར་བ་ལོས་ཀྱང་སྲིད། །
འབྲེལ་ཡོད་འོས་སྦྱོར།