གླིང་སྒྲུང་གཏམ་དཔེ་གཅེས་བཏུས། ཁག་བརྒྱད་པ།
རྩོམ་པ་པོ།:
ཡོང་ཁུངས།:ཁྲི་འདུ་རྩོམ་རིག་འཕྲིན་སྟེགས།
དུས་ཚོད།:2022-11-22
ཀློག་གྲངས།:
དགུང་ཨ་སྔོན་ཁྲི་གདུགས་ཉི་མ་དེ། །
ལས་དབང་ཐང་ཆེ་བས་གླིང་བཞི་བསྐོར། །
དུས་ནམ་ཟླ་ཁ་ལོ་སྒྱུར་བསམ་སྟེ། །
གཟའ་སྒྲ་གཅན་ཁ་ལ་བཏབ་པ་གདའ། །
བར་ཁམས་ལ་རྒྱུ་བའི་སྤྲིན་ནག་དེས། །
ཐོག་སེར་བས་ལོ་འབྲས་བཅོམ་བསམ་སྟེ། །
ངར་ཟེར་མ་རླུང་གིས་གཏོར་ལེ་གདའ། །
དམའ་སྲིད་ཆགས་རི་རྒྱལ་ལྷུན་པོ་དེ། །
ལྷུན་མི་འགྱུར་བརྗིད་ཉམས་ས་གཞིར་འགྱིངས། །
རང་འབྱུང་བའི་ཁ་ལོ་སྒྱུར་བསམ་སྟེ། །
དགུང་གནམ་ལྕགས་ཐོག་གིས་བཤིག་ལེ་གདའ། །
རྒྱལ་བློན་ཆས་ཆས་དགྲ་ལ་ཆས། །
དགྲ་ནག་མ་བཞག་ཤུལ་མེད་བཅོས། །
དབུ་ནག་སྐྱིད་མོའི་བདེ་ལ་བཀོད། །
གངས་དཀར་ཡག་སྟེང་གི་དུང་སེང་དེ། །
ད་ལོ་རྫ་གཡའ་འགྲིམ་གྱི་ཟེར། །
གངས་དཀར་ཉི་མས་མ་བཞུ་གཅིག །
གངས་རི་བདེ་མོ་ཡོང་ལེ་གཉིས། །
དུང་སེང་དཀར་མོས་བྱེད་ལེ་ཟེར། །
རྫ་ཁྲ་ཡག་དཀྱིལ་གྱི་འབྲོང་རྒོད་དེ། །
ད་ལོ་སྤང་ཁ་འགྲིམས་ཀྱི་ཟེར། །
རྫ་རི་ཐོག་གིས་མ་གཏོར་གཅིག །
གཡའ་ལུང་བདེ་མོ་ཡོང་ལེ་གཉིས། །
བྲེ་སེར་འབྲོང་གིས་བྱེད་ལེ་ཟེར། །
ཙནན་ནགས་ཀྱི་དམར་ཡག་སྟག །
ད་ལོ་ཆུ་ཁར་ཐོན་གྱི་ཟེར། །
ནགས་རི་མེ་ཡིས་མ་འཇོམས་གཅིག །
སྟག་ཕྲུག་འཛུམ་དྲུག་རྒྱས་ལེ་གཉིས། །
རྒྱ་སྟག་དམར་པོས་བྱེད་ལེ་ཟེར། །
རྒྱ་མཚོ་ཆེན་པོའི་གསེར་མིག་ཉ། །
ད་ལོ་གངས་ཆུ་འཐུང་འགྲོ་ཟེར། །
རྒྱ་མཚོ་ཐན་པས་མ་སྐམ་གཅིག །
ཉ་ཕྲུག་སྐམ་ལ་མ་དོན་གཉིས། །
སེར་མིག་ཉ་ཡིས་བྱེད་ལེ་ཟེར། །
གྲི་དང་རྡོ་གཉིས་བརྡར་ན་གསལ། །
སོག་ལེ་ལྕགས་དང་བརྡར་ན་གསལ། །
མེ་ལོང་ཧ་ཕྱིས་བརྒྱབ་ན་གསལ། །
རྒྱལ་པོ་ཁྲི་ལ་བཞུགས་ཀྱང་དེ། །
སྤྱན་མིག་ཟངས་དཀར་ནང་ལ་གཟིགས། །
བླ་མ་ཁྲི་ལ་བཞུགས་ཀྱང་དེ། །
སྣང་བ་གསེར་དང་དངུལ་ལ་ཆགས། །
དཔའ་བོ་དགྲ་ལ་ཆས་ཀྱང་དེ། །
སེམས་ལ་ཤ་ཕུད་ཆང་ཕུད་དྲན། །
དགྲ་བོ་སྒོ་ཁར་སླེབས་པའི་དུས། །
ཨ་ཕོ་མི་ཞུ་ཀ་མེད་རེད། །
དགྲ་ཟླ་ལོག་འོག་ཚུད་པའི་དུས། །
བུ་རྒྱུད་བཞིན་དུ་མཐའ་ནས་སྐྱོང་།།
སྒོ་གཉིས་དབར་གྱི་བར་ལམ་ན། །
ཁྱི་རྒན་རྒྱ་བོ་རྩམ་པས་གསོས། །
རྐུན་བུ་མི་འདྲད་བདག་པོ་འདྲད། །
ཆུ་གཉིས་དབར་གྱི་བར་ལམ་ན། །
ཆུ་སྣ་ཆུ་རུལ་འཁྱིལ་བའི་དུས། །
ཟམ་ཆེན་མ་གཏོར་ཟམ་ཆུང་གཏོར། །
དགུང་ལྷོ་སྤྲིན་འཚུབ་མའི་ཀློང་རོལ་ནས། །
གནམ་ལྕགས་ཐོག་ཆེན་ལྷུང་པའི་དུས། །
མགོ་སྦྤ་རུ་བཀབ་ལེས་གང་ནས་ཁེབས། །
དགྲ་འཆི་བདག་སྒོ་འགྲམ་འབྱོར་པའི་དུས། །
འཆི་ཤི་རྒྱུ་དེ་ལས་གསོན་རེ་མེད། །
གངས་དཀར་ཡག་སེང་གེའི་གཡུ་རལ་ལ། །
སྒོ་ཁྱི་སྐོར་སྡེར་མས་ཨེ་འགྲན་ལྟ། །
དགྲ་འཆི་བདག་གཤིན་རྗེའི་ཞགས་པ་དེ། །
མི་ཚེ་ཟད་སྔས་མགོར་འཕངས་པའི་དུས། །
འཆི་དུར་ས་འགྲིམས་པའི་གྲབས་གྱིས་ཟེར། །
རྒྱ་གོང་མའི་ཁྲིམས་རྩར་མ་ཐུག་བར། །
དཔོན་རེ་རེའི་རྒྱབ་ལ་རེ་རེ་ཡོད། །
བཙན་ཁྲིམས་ཁ་ཚ་བ་མེ་ལྕེ་ལ། །
ཁྲིམས་གཞུང་སྔོན་མོ་ཆུ་ལས་རིང་། །
ཆབ་སྔོན་མོ་སྐམ་ལ་མ་ཐུག་བར། །
ལུང་རེ་རེའི་ཕུ་ནས་ཆུ་རེ་ཡོད། །
མཐའ་རི་བོའི་རི་རྩར་མ་ཐུག་བར། །
རི་རེ་རེའི་རྒྱབ་ལ་རེ་རེ་ཡོད། །
རྒྱུད་མི་རྩའི་མི་རྩར་མ་ཐུག་བར། །
མི་རེ་རེའི་རྒྱབ་ལ་རེ་རེ་ཡོད། །
རྒྱལ་ཁ་བློན་པོས་སྒྱུར་ལེ་ཟེར། །
རྟ་ཁ་སྲབ་ཀྱིས་སྒྱུར་ལེ་ཟེར། །
ཆུ་ཁ་རག་གིས་སྒྱུར་ལེ་ཟེར། །
རྒོད་ཐང་དཀར་ནམ་འཕང་གཅད་ས་ལ། །
ཕོ་རོག་གཤོག་རྩལ་ཡ་རེ་ང་། །
སྟོབས་ཆུ་སྲིན་རྒྱ་མཚོ་དཀྲུགས་ས་ལ། །
ཉ་ཆུང་འཁྱུག་པ་ཡ་རེ་ང་། །
གྲོག་མ་འགྲོ་རྒྱུགས་མང་བས་ན། །
རྐང་ལག་གཉིས་དེ་ཐང་ཆུར་འབྱར། །
སྦལ་པ་ལྡིང་ཚད་མཐོ་བས་ན། །
བྲང་ཁ་འཇམ་པོ་རྡོ་ལ་ཐུག །
དགུང་ཉི་མས་མཐོ་ཚོད་མ་བཟུང་ན། །
གཟའ་ཁྱབ་འཇུག་ཟེར་བའི་དགྲ་ཞིག་ཡོད། །
སྤྲིན་དཀར་པོས་མཐོ་ཚོད་མ་བཟུང་ན། །
རླུང་བསེར་བུ་ཟེར་བའི་དགྲ་ཞིག་ཡོད། །
གླག་ནག་མཁའ་ལ་ལྡིང་བའི་དུས། །
ཚེར་གསེབ་རི་བོང་འཆི་བའི་དུས། །
གླག་ནག་རོག་པོའི་ཁ་རྩ་ལ། །
རི་བོང་འཕྲེད་རྒྱུགས་བྱེད་ལེ་དེ། །
རང་སྲོག་རང་གིས་སྐྱེལ་རྟགས་ཡིན། །
ཁྲ་ཡག་ཐིག་ལེ་འགྱིང་ཡུལ་ལ། །
རྡ་ལིས་ཀུ་ཅོ་གྲགས་ལེ་དེ། །
ཁྱི་ཁྲག་ས་ལ་འདྲེས་རྟགས་ཡིན། །
རྒོད་ཐང་དཀར་མཁའ་ལ་ལྡིང་ལེ་དེ། །
ལས་སྣང་བ་སྐྱིད་སྐྱིད་མ་ཡིན་དེ། །
རྔམ་ས་ཁྲ་བོ་ཤ་ལ་ཡིན། །
སྤྱང་ཕོ་ཐོང་རི་རྩེ་འགྲིམས་ལེ་དེ། །
ལས་སྣང་བ་མཐོ་འདོད་མ་ཡིན་དེ། །
སྤང་ལེབ་ཆེན་ལུག་ཁྱུ་གཏོར་འདོད་ཡིན། །
རྒྱལ་པོའི་སྲིད་ལ་དར་རྒུད་དང་། །
ཉི་ཟླ་གཉིས་ལ་འཕེལ་སྒྲིབ་ཡོད། །
རྡོ་རྗེ་བྲག་ལ་ཞིག་རལ་དང་། །
དབྱར་དགུན་ནམ་ཟླར་བརྗེ་རེས་ཡོད། །
གངས་རི་དཀར་མདངས་ཆེ་ན་ཡང་། །
ཉི་ཟླའི་བོད་ལ་དོ་ས་མེད། །
བྲག་རྫོང་ས་ཞིང་བརྟན་ན་ཡང་།།
གནམ་ལྕགས་ཐོག་གིས་ཐལ་བར་གཏོར། །
དགྲ་ལན་མེད་ཝ་མོ་ཀུན་གྱིས་འཕྱ། །
ཟས་ལན་མེད་ཁྲམ་པ་མི་ཡི་ཁྲེལ། །
གཏམ་ལན་མེད་ལྐུགས་པ་མི་ཡིས་བརྙས། །
གངས་འདུག་སེང་གེའི་གཡུ་རལ་དང་། །
གྲོང་གསེབ་རྡ་ལིའི་སྐྱག་རལ་གཉིས། །
འདྲ་ལེ་བསམ་ཀྱང་འདྲ་ལེ་མིན། །
ནགས་ཚལ་སྟུག་པོའི་རྒྱ་སྟག་དང་། །
ཚེར་གསེབ་ཝ་མོའི་གྲ་ལོ་གཉིས། །
འདྲ་ལེ་བསམ་ཀྱང་འདྲ་ལེ་མིན། །
རི་རབ་ལྷུན་པོའི་ཁྱུང་ཆེན་དང་། །
ལྕང་གསེབ་སྟེང་གི་བྱིའུ་ཆུང་གཉིས། །
འདྲ་ལེ་བསམ་ཀྱང་འདྲ་ལེ་མིན། །
གངས་སྡོད་སེང་གེ་དཀར་མོ་དེ།།
གཡུ་རལ་གངས་ནས་འགྱངས་པའི་དུས། །
གཡུ་རལ་ངོམས་ལུགས་མ་ཤེས་ན། །
མཐའ་མ་སེང་ཁོག་འབུ་ཡིས་ཁེངས། །
གཡུ་རལ་འདམ་ལ་ལྷུང་རབས་ཡོད། །
རྫ་སྡོད་བྲེ་སེར་འབྲོང་རྒོད་དེ། །
འབྲོང་རྒོད་རུ་ཐུར་ངོམ་པའི་དུས། །
རུ་ཐུར་ངོམ་ལུགས་མ་ཤེས་ན། །
མཐའ་མ་འབྲོང་རྒོད་རྫ་ནས་ལྷང་། །
འབྲོང་ལྤགས་གདན་ལ་འདིང་རབས་ཡོད། །
ནགས་ཚལ་དཀྱིལ་གྱི་དམར་ཡག་སྟག །
ཙན་དན་དཀྱིལ་ནས་འཛུམ་དྲུག་ངོམ། །
སྟག་འཛུམ་དྲུག་ངོམ་ལུགས་མ་ཤེས་ན། །
མཐའ་མ་རྒྱ་རྙིའི་འོག་ལ་ཚུད། །
སྟག་འཛུམ་དྲུག་རྒྱན་ལ་ཤོར་རབས་ཡོད། །
རྒོད་ཐང་དཀར་ནམ་འཕང་གཅོད་ས་ལ། །
བུ་ཡུག་རླུང་དམར་འཚུབ་དོན་མེད། །
རྫ་རག་དཀར་འབྲོང་ཆུང་རྩ་ཟ་ལ། །
ཕོ་ངན་པས་ཐོད་མདའ་འཕེན་དོ་ན་མེད། །
གངས་དཀར་མཐོན་པོའི་རྩེ་མོ་ནས། །
དུང་སེང་དཀར་མོ་གཡུ་རལ་ཅན། །
དོན་མེད་གཡུ་རལ་མི་ངོམ་དེ། །
ངོམས་ནས་ཐར་པར་གཏོང་ལེ་མིན། །
ནམ་མཁའ་ཡངས་པའི་མཁའ་དབྱིངས་ནས། །
བྱ་རྒྱལ་ཁྱུང་ཆེན་གཤོག་སྒྲོ་ཅན། །
དོན་མེད་གཤོག་སྒྲོ་མི་ངོམ་དེ། །
ངོམས་ནས་སོར་གང་གཏོང་ལེ་མིན། །
ལས་དབང་ཐང་ཆེ་བས་གླིང་བཞི་བསྐོར། །
དུས་ནམ་ཟླ་ཁ་ལོ་སྒྱུར་བསམ་སྟེ། །
གཟའ་སྒྲ་གཅན་ཁ་ལ་བཏབ་པ་གདའ། །
བར་ཁམས་ལ་རྒྱུ་བའི་སྤྲིན་ནག་དེས། །
ཐོག་སེར་བས་ལོ་འབྲས་བཅོམ་བསམ་སྟེ། །
ངར་ཟེར་མ་རླུང་གིས་གཏོར་ལེ་གདའ། །
དམའ་སྲིད་ཆགས་རི་རྒྱལ་ལྷུན་པོ་དེ། །
ལྷུན་མི་འགྱུར་བརྗིད་ཉམས་ས་གཞིར་འགྱིངས། །
རང་འབྱུང་བའི་ཁ་ལོ་སྒྱུར་བསམ་སྟེ། །
དགུང་གནམ་ལྕགས་ཐོག་གིས་བཤིག་ལེ་གདའ། །
རྒྱལ་བློན་ཆས་ཆས་དགྲ་ལ་ཆས། །
དགྲ་ནག་མ་བཞག་ཤུལ་མེད་བཅོས། །
དབུ་ནག་སྐྱིད་མོའི་བདེ་ལ་བཀོད། །
གངས་དཀར་ཡག་སྟེང་གི་དུང་སེང་དེ། །
ད་ལོ་རྫ་གཡའ་འགྲིམ་གྱི་ཟེར། །
གངས་དཀར་ཉི་མས་མ་བཞུ་གཅིག །
གངས་རི་བདེ་མོ་ཡོང་ལེ་གཉིས། །
དུང་སེང་དཀར་མོས་བྱེད་ལེ་ཟེར། །
རྫ་ཁྲ་ཡག་དཀྱིལ་གྱི་འབྲོང་རྒོད་དེ། །
ད་ལོ་སྤང་ཁ་འགྲིམས་ཀྱི་ཟེར། །
རྫ་རི་ཐོག་གིས་མ་གཏོར་གཅིག །
གཡའ་ལུང་བདེ་མོ་ཡོང་ལེ་གཉིས། །
བྲེ་སེར་འབྲོང་གིས་བྱེད་ལེ་ཟེར། །
ཙནན་ནགས་ཀྱི་དམར་ཡག་སྟག །
ད་ལོ་ཆུ་ཁར་ཐོན་གྱི་ཟེར། །
ནགས་རི་མེ་ཡིས་མ་འཇོམས་གཅིག །
སྟག་ཕྲུག་འཛུམ་དྲུག་རྒྱས་ལེ་གཉིས། །
རྒྱ་སྟག་དམར་པོས་བྱེད་ལེ་ཟེར། །
རྒྱ་མཚོ་ཆེན་པོའི་གསེར་མིག་ཉ། །
ད་ལོ་གངས་ཆུ་འཐུང་འགྲོ་ཟེར། །
རྒྱ་མཚོ་ཐན་པས་མ་སྐམ་གཅིག །
ཉ་ཕྲུག་སྐམ་ལ་མ་དོན་གཉིས། །
སེར་མིག་ཉ་ཡིས་བྱེད་ལེ་ཟེར། །
གྲི་དང་རྡོ་གཉིས་བརྡར་ན་གསལ། །
སོག་ལེ་ལྕགས་དང་བརྡར་ན་གསལ། །
མེ་ལོང་ཧ་ཕྱིས་བརྒྱབ་ན་གསལ། །
རྒྱལ་པོ་ཁྲི་ལ་བཞུགས་ཀྱང་དེ། །
སྤྱན་མིག་ཟངས་དཀར་ནང་ལ་གཟིགས། །
བླ་མ་ཁྲི་ལ་བཞུགས་ཀྱང་དེ། །
སྣང་བ་གསེར་དང་དངུལ་ལ་ཆགས། །
དཔའ་བོ་དགྲ་ལ་ཆས་ཀྱང་དེ། །
སེམས་ལ་ཤ་ཕུད་ཆང་ཕུད་དྲན། །
དགྲ་བོ་སྒོ་ཁར་སླེབས་པའི་དུས། །
ཨ་ཕོ་མི་ཞུ་ཀ་མེད་རེད། །
དགྲ་ཟླ་ལོག་འོག་ཚུད་པའི་དུས། །
བུ་རྒྱུད་བཞིན་དུ་མཐའ་ནས་སྐྱོང་།།
སྒོ་གཉིས་དབར་གྱི་བར་ལམ་ན། །
ཁྱི་རྒན་རྒྱ་བོ་རྩམ་པས་གསོས། །
རྐུན་བུ་མི་འདྲད་བདག་པོ་འདྲད། །
ཆུ་གཉིས་དབར་གྱི་བར་ལམ་ན། །
ཆུ་སྣ་ཆུ་རུལ་འཁྱིལ་བའི་དུས། །
ཟམ་ཆེན་མ་གཏོར་ཟམ་ཆུང་གཏོར། །
དགུང་ལྷོ་སྤྲིན་འཚུབ་མའི་ཀློང་རོལ་ནས། །
གནམ་ལྕགས་ཐོག་ཆེན་ལྷུང་པའི་དུས། །
མགོ་སྦྤ་རུ་བཀབ་ལེས་གང་ནས་ཁེབས། །
དགྲ་འཆི་བདག་སྒོ་འགྲམ་འབྱོར་པའི་དུས། །
འཆི་ཤི་རྒྱུ་དེ་ལས་གསོན་རེ་མེད། །
གངས་དཀར་ཡག་སེང་གེའི་གཡུ་རལ་ལ། །
སྒོ་ཁྱི་སྐོར་སྡེར་མས་ཨེ་འགྲན་ལྟ། །
དགྲ་འཆི་བདག་གཤིན་རྗེའི་ཞགས་པ་དེ། །
མི་ཚེ་ཟད་སྔས་མགོར་འཕངས་པའི་དུས། །
འཆི་དུར་ས་འགྲིམས་པའི་གྲབས་གྱིས་ཟེར། །
རྒྱ་གོང་མའི་ཁྲིམས་རྩར་མ་ཐུག་བར། །
དཔོན་རེ་རེའི་རྒྱབ་ལ་རེ་རེ་ཡོད། །
བཙན་ཁྲིམས་ཁ་ཚ་བ་མེ་ལྕེ་ལ། །
ཁྲིམས་གཞུང་སྔོན་མོ་ཆུ་ལས་རིང་། །
ཆབ་སྔོན་མོ་སྐམ་ལ་མ་ཐུག་བར། །
ལུང་རེ་རེའི་ཕུ་ནས་ཆུ་རེ་ཡོད། །
མཐའ་རི་བོའི་རི་རྩར་མ་ཐུག་བར། །
རི་རེ་རེའི་རྒྱབ་ལ་རེ་རེ་ཡོད། །
རྒྱུད་མི་རྩའི་མི་རྩར་མ་ཐུག་བར། །
མི་རེ་རེའི་རྒྱབ་ལ་རེ་རེ་ཡོད། །
རྒྱལ་ཁ་བློན་པོས་སྒྱུར་ལེ་ཟེར། །
རྟ་ཁ་སྲབ་ཀྱིས་སྒྱུར་ལེ་ཟེར། །
ཆུ་ཁ་རག་གིས་སྒྱུར་ལེ་ཟེར། །
རྒོད་ཐང་དཀར་ནམ་འཕང་གཅད་ས་ལ། །
ཕོ་རོག་གཤོག་རྩལ་ཡ་རེ་ང་། །
སྟོབས་ཆུ་སྲིན་རྒྱ་མཚོ་དཀྲུགས་ས་ལ། །
ཉ་ཆུང་འཁྱུག་པ་ཡ་རེ་ང་། །
གྲོག་མ་འགྲོ་རྒྱུགས་མང་བས་ན། །
རྐང་ལག་གཉིས་དེ་ཐང་ཆུར་འབྱར། །
སྦལ་པ་ལྡིང་ཚད་མཐོ་བས་ན། །
བྲང་ཁ་འཇམ་པོ་རྡོ་ལ་ཐུག །
དགུང་ཉི་མས་མཐོ་ཚོད་མ་བཟུང་ན། །
གཟའ་ཁྱབ་འཇུག་ཟེར་བའི་དགྲ་ཞིག་ཡོད། །
སྤྲིན་དཀར་པོས་མཐོ་ཚོད་མ་བཟུང་ན། །
རླུང་བསེར་བུ་ཟེར་བའི་དགྲ་ཞིག་ཡོད། །
གླག་ནག་མཁའ་ལ་ལྡིང་བའི་དུས། །
ཚེར་གསེབ་རི་བོང་འཆི་བའི་དུས། །
གླག་ནག་རོག་པོའི་ཁ་རྩ་ལ། །
རི་བོང་འཕྲེད་རྒྱུགས་བྱེད་ལེ་དེ། །
རང་སྲོག་རང་གིས་སྐྱེལ་རྟགས་ཡིན། །
ཁྲ་ཡག་ཐིག་ལེ་འགྱིང་ཡུལ་ལ། །
རྡ་ལིས་ཀུ་ཅོ་གྲགས་ལེ་དེ། །
ཁྱི་ཁྲག་ས་ལ་འདྲེས་རྟགས་ཡིན། །
རྒོད་ཐང་དཀར་མཁའ་ལ་ལྡིང་ལེ་དེ། །
ལས་སྣང་བ་སྐྱིད་སྐྱིད་མ་ཡིན་དེ། །
རྔམ་ས་ཁྲ་བོ་ཤ་ལ་ཡིན། །
སྤྱང་ཕོ་ཐོང་རི་རྩེ་འགྲིམས་ལེ་དེ། །
ལས་སྣང་བ་མཐོ་འདོད་མ་ཡིན་དེ། །
སྤང་ལེབ་ཆེན་ལུག་ཁྱུ་གཏོར་འདོད་ཡིན། །
རྒྱལ་པོའི་སྲིད་ལ་དར་རྒུད་དང་། །
ཉི་ཟླ་གཉིས་ལ་འཕེལ་སྒྲིབ་ཡོད། །
རྡོ་རྗེ་བྲག་ལ་ཞིག་རལ་དང་། །
དབྱར་དགུན་ནམ་ཟླར་བརྗེ་རེས་ཡོད། །
གངས་རི་དཀར་མདངས་ཆེ་ན་ཡང་། །
ཉི་ཟླའི་བོད་ལ་དོ་ས་མེད། །
བྲག་རྫོང་ས་ཞིང་བརྟན་ན་ཡང་།།
གནམ་ལྕགས་ཐོག་གིས་ཐལ་བར་གཏོར། །
དགྲ་ལན་མེད་ཝ་མོ་ཀུན་གྱིས་འཕྱ། །
ཟས་ལན་མེད་ཁྲམ་པ་མི་ཡི་ཁྲེལ། །
གཏམ་ལན་མེད་ལྐུགས་པ་མི་ཡིས་བརྙས། །
གངས་འདུག་སེང་གེའི་གཡུ་རལ་དང་། །
གྲོང་གསེབ་རྡ་ལིའི་སྐྱག་རལ་གཉིས། །
འདྲ་ལེ་བསམ་ཀྱང་འདྲ་ལེ་མིན། །
ནགས་ཚལ་སྟུག་པོའི་རྒྱ་སྟག་དང་། །
ཚེར་གསེབ་ཝ་མོའི་གྲ་ལོ་གཉིས། །
འདྲ་ལེ་བསམ་ཀྱང་འདྲ་ལེ་མིན། །
རི་རབ་ལྷུན་པོའི་ཁྱུང་ཆེན་དང་། །
ལྕང་གསེབ་སྟེང་གི་བྱིའུ་ཆུང་གཉིས། །
འདྲ་ལེ་བསམ་ཀྱང་འདྲ་ལེ་མིན། །
གངས་སྡོད་སེང་གེ་དཀར་མོ་དེ།།
གཡུ་རལ་གངས་ནས་འགྱངས་པའི་དུས། །
གཡུ་རལ་ངོམས་ལུགས་མ་ཤེས་ན། །
མཐའ་མ་སེང་ཁོག་འབུ་ཡིས་ཁེངས། །
གཡུ་རལ་འདམ་ལ་ལྷུང་རབས་ཡོད། །
རྫ་སྡོད་བྲེ་སེར་འབྲོང་རྒོད་དེ། །
འབྲོང་རྒོད་རུ་ཐུར་ངོམ་པའི་དུས། །
རུ་ཐུར་ངོམ་ལུགས་མ་ཤེས་ན། །
མཐའ་མ་འབྲོང་རྒོད་རྫ་ནས་ལྷང་། །
འབྲོང་ལྤགས་གདན་ལ་འདིང་རབས་ཡོད། །
ནགས་ཚལ་དཀྱིལ་གྱི་དམར་ཡག་སྟག །
ཙན་དན་དཀྱིལ་ནས་འཛུམ་དྲུག་ངོམ། །
སྟག་འཛུམ་དྲུག་ངོམ་ལུགས་མ་ཤེས་ན། །
མཐའ་མ་རྒྱ་རྙིའི་འོག་ལ་ཚུད། །
སྟག་འཛུམ་དྲུག་རྒྱན་ལ་ཤོར་རབས་ཡོད། །
རྒོད་ཐང་དཀར་ནམ་འཕང་གཅོད་ས་ལ། །
བུ་ཡུག་རླུང་དམར་འཚུབ་དོན་མེད། །
རྫ་རག་དཀར་འབྲོང་ཆུང་རྩ་ཟ་ལ། །
ཕོ་ངན་པས་ཐོད་མདའ་འཕེན་དོ་ན་མེད། །
གངས་དཀར་མཐོན་པོའི་རྩེ་མོ་ནས། །
དུང་སེང་དཀར་མོ་གཡུ་རལ་ཅན། །
དོན་མེད་གཡུ་རལ་མི་ངོམ་དེ། །
ངོམས་ནས་ཐར་པར་གཏོང་ལེ་མིན། །
ནམ་མཁའ་ཡངས་པའི་མཁའ་དབྱིངས་ནས། །
བྱ་རྒྱལ་ཁྱུང་ཆེན་གཤོག་སྒྲོ་ཅན། །
དོན་མེད་གཤོག་སྒྲོ་མི་ངོམ་དེ། །
ངོམས་ནས་སོར་གང་གཏོང་ལེ་མིན། །
འབྲེལ་ཡོད་འོས་སྦྱོར།