གླིང་སྒྲུང་གཏམ་དཔེ་གཅེས་བཏུས། ཁག་དགུ་པ།
རྩོམ་པ་པོ།:
ཡོང་ཁུངས།:ཁྲི་འདུའི་རྩོམ་རིག་འཕྲིན་སྟེགས།
དུས་ཚོད།:2022-12-14
ཀློག་གྲངས།:
གངས་དཀར་རྩེ་ཡི་སེང་གེ་དེ། །
དུང་དཀར་གཡུ་རལ་རྒྱས་ཉིན་མོ། །
གྲོང་ཁྱི་རྒན་ངར་སྐད་ཡ་རེ་ང་། །
ནགས་ཚལ་དཀྱིལ་གྱི་དམར་ཡག་སྟག །
འཛུམ་དྲུག་ནགས་ནས་རྒྱས་པའི་དུས། །
གསེབ་ཝ་མོའི་གྲ་ངོམ་ངོ་རེ་ཚ། །
བྱ་རྒྱལ་གནམ་འཕང་གཅོད་པའི་དུས། །
བྱིའུ་ཆུང་རྩལ་ངོམ་སྙིང་རེ་རྗེ། །
རྒྱུ་མེད་རྒྱུ་ཡོད་ཆེ་ན་ཡང་། །
ཕྱུག་པོའི་མིང་ཆེན་ཐོབ་ལེ་མིན། །
གཉོམ་ཆུང་འདུག་ལུགས་མཁས་པས་ན། །
བཙན་པོར་བྱ་ཐབས་ཡོད་ལེ་མིན། །
བརྒྱ་ལུག་འཕག་འདོད་ཆེན་མོ་བ། །
དཔྱད་ན་འཕར་སྤྱང་ཤ་སྐལ་རེད། །
གེ་སར་དགྲ་ལ་འཐུལ་དུས་མེད། །
འབྲུག་མོའི་སྡུག་ལ་ཡལ་དུས་མེད། །
དཔྱད་ན་བྱེ་མའི་སྐུ་མཁར་འདྲ། །
བྱེ་མའི་མཁར་ལ་ཐོན་དུས་མེད། །
གླག་ནག་གནམ་ནས་གཤོམ་པའི་དུས། །
རེའུ་ཆུང་བདེ་མོ་ཨེ་ཡོང་ཞེ། །
གཟིག་ཐིག་ལེ་དར་མའི་ཁ་ཙ་ལ། །
ཁྱི་གསར་བདེ་མོ་ཨེ་ཡོང་ཞེ། །
སྐྱ་ཁྲས་གཤོག་འགྱུར་རྒྱག་པའི་དུས། །
བྱིའུ་ཆུང་བདེ་མོ་ཨེ་ཡོང་ཞེ། །
སྒ་སྲབ་མེད་པའི་སྨུག་ཆུང་དེ། །
ན་བར་རྩེད་བྲོ་མི་འཁྲབ་ནས། །
མི་འཇོན་རྫ་ལམ་བསྐོར་བསྐྱོད་བྱས། །
སྨུག་ཆུང་ལྟོགས་ཤི་རྒྱག་འདོད་རེད། །
དགྲ་སྔོན་ལ་རྒྱལ་ནས་ཕྱི་མ་ཕམ། །
རྒྱལ་གཞིས་ཤོར་བའི་སྔ་ལྟས་རེད། །
གླིང་དཀར་སྟག་འདྲ་གཟིག་འདྲ་ལ། །
ཞང་ཡུལ་ཝ་ཚན་ངོམས་ས་མེད། །
རྒྱ་མཚོ་མཐའ་ནས་འཁྱིལ་བའི་དུས། །
ས་སྐམ་པོ་ཟེར་བ་ཨེ་ལུས་ཞེ། །
ཐོག་དམར་གནམ་ནས་ལྷུང་ཉིན་མོ། །
མགོ་སྦར་བས་བཀབ་པས་ཨེ་ཕན་ཞེ།།
གངས་སེང་ཟེར་བ་གཡེར་པོ་ཅན། །
མགོ་གཡུ་རལ་མེད་ན་ཁྱི་དང་འདྲ། །
ཆོས་གདམས་ངག་མེད་པའི་བླ་མ་དེ། །
ཆོས་གོས་སེར་ཡང་ངང་པ་འདྲ། །
ལུས་འདོམ་གང་གདན་ལ་བཏིང་དང་ཕན། །
འཕྱོར་སྐྱེ་གཟུགས་མཚར་ཡང་ཀོ་གདན་འདྲ། །
རྒྱ་ཞིང་འབྲས་དྲུག་སྨིན་ལེ་དེ། །
ཁྱུང་དཀར་མཛོ་ཡི་བཀའ་དྲིན་རེད། །
མཛོ་རྒན་རྭ་ཅོ་རྒས་པའི་དུས། །
བཤས་ལ་ཕབ་ན་ངོ་རེ་ཚ། །
རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས། །
འཛམ་གླིང་བསྐོར་བ་འཁོར་ལེ་ཟེར། །
གསལ་ཉི་ཟླའི་མདུན་ལ་ཨེ་འགྲོ་ཞེ། །
རྒས་པའི་གཉེར་མར་འཕྱིས་རྒྱུ་མེད། །
བསྐོས་པའི་ལས་ལ་ཟུར་རྒྱུ་མེད། །
གུར་དཀར་པོ་གངས་རི་ཉིལ་འདྲ་དགོས། །
གུར་སེར་པོ་སྤང་མེ་མཆེད་འདྲ་དགོས། །
གུར་ནག་པོ་རྫ་རི་ཉིལ་འདྲ་དགོས། །
གུར་དམར་པོ་ཁྲག་མཚོ་འཁྱིལ་འདྲ་དགོས། །
གུར་སྔོན་པོ་གཡུ་མཚོ་འཁྱིལ་འདྲ་དགོས། །
རྒྱུ་ཡོད་ན་བུ་མོ་སྤུན་གཉིས་རེད། །
རྒྱུ་མེད་ན་བུ་མོ་དཔོན་གཡོག་རེད། །
གྲོགས་ལ་ཐལ་གཏོར་རྒྱག་མི་རེད།
དགྲ་ལ་ལག་གཡུགས་བྱེད་མི་རེད། །
རྒྱལ་པོའི་བཀའ་ལ་ཡར་ཟློག་མེད། །
རི་གཟར་རྦབ་ལ་གྱེན་འགྲིལ་མེད། །
ཆབ་ཆུ་བོ་འབབ་ན་བཀག་འགོག་མེད། །
རླུང་ཟེར་མ་འཚུབ་ན་ཡ་བོ་མེད། །
ཐོག་དམར་པོ་འཕངས་ན་གཡོལ་ས་མེད། །
རྒྱལ་པོ་ལྟོགས་དུས་གཡུལ་རེ་ལངས། །
ཕོ་གསར་ཞེད་དུས་འཁོར་བར་འཁྱམས། །
དགྲ་ལ་དགྲ་ལན་མ་གསོས་ཡོད། །
གཉེན་ལ་ཇ་ཆང་མ་འཕྲོད་ཡོད། །
གངས་དཀར་སེང་གེའི་གཡུ་རལ་གཅིག །
ཁྱི་རྒན་རྒྱ་བོའི་སྤུ་རལ་གཉིས། །
འདྲ་བསམ་བསྡུར་རྒྱུ་ལར་ནས་མེད། །
བྲེ་སེར་འབྲོང་གི་རྭ་ཅོ་གཅིག །
གླང་རྒན་སྔོན་མོའི་རུ་ཐུར་གཉིས། །
མགོ་རྭ་ཅོ་བརྒྱན་ལེ་འདྲ་བསམ་སྟེ། །
དོན་དངོས་བསྡུར་རྒྱུ་ལར་ནས་མད། །
དམར་ཡག་སྟག་གི་རི་མ་དང་། །
ཚེར་གསེབ་ཝ་མོའི་གྲ་ཚན་གཉིས། །
གྲྭ་ཚན་ཡོད་པ་འདྲ་བསམ་སྟེ། །
རི་མོ་མི་གཅིག་ཁག་ཁག་རེད། །
གུར་དཀར་རྒྱལ་པོ་ར་དཀར་མགོ། །
རང་ཐག་ཆོད་ལེ་ཚིག་གཅིག་མེད། །
རླུང་དམར་གར་རྒྱུགས་འགྲོ་མི་རེད། །
གུར་སེར་རྒྱལ་པོ་ར་ཁྲ་མགོ། །
ཚེ་ཚེ་འདྲ་བའི་མཐོ་འདོད་ཆེ། །
ལས་བྱ་བ་བྱ་སྤུ་རླང་འཁྱེར་རེད། །
གུར་ནག་རྒྱལ་པོ་ར་ནག་མགོ། །
གླང་རྒན་འདྲ་བའི་ཨུ་ཚུགས་ཆེ། །
བཟང་བའི་ཇུས་ཤིག་འདོན་རྒྱུ་མེད། །
སྒོ་ང་དཀར་པོའི་སེར་རིལ་གཅིག །
རྨ་བྱ་སེར་པོའི་སྒྲོ་མདོངས་གཉིས། །
བྱ་རྒྱལ་ཁུ་བྱུག་གསུང་སྐད་གསུམ། །
མི་འགྱུར་མཛེས་པོ་ཆེ་གསུམ་རེད། །
སྒ་སྲབ་མེད་པའི་རྐྱང་ཆུང་དེ། །
ལྷ་འདྲེ་སྟོང་གི་ཚེ་ཐར་རེད། །
ལེབ་ཆེན་སྤང་ལ་རི་མོ་བྲིས། །
རྒྱ་མཚོ་འཁྱིལ་བའི་ནང་རྒྱུད་ནས། །
སྟོབས་ཆུ་སྲིན་ངར་མའི་ཁ་རླངས་ལ། །
འགྲན་ཡ་ཚོག་མི་སུ་འདྲ་ཡོད། །
དགྲ་སྔོན་ལ་རྒྱལ་ཡང་རྗེས་ལ་ཕམ། །
གཏམ་སྔོན་ལ་བདེན་ཡང་རྗེས་ལ་ནོར། །
ཚིག་ལ་ནོར་འཁྲུལ་མང་པོ་ཡོད། །
ཆོས་ལ་བདེན་རྫུན་མང་པོ་ཡོད། །
མི་ཁ་གཏམ་ལ་བལྟ་རྒྱུ་མེད། །
གངས་སྟོད་མཐོན་པོའི་གཡུ་རལ་དེ། །
སེང་གེ་འགྱིང་པའི་དཔའ་རྟགས་རེད། །
གངས་དང་བྲལ་ན་ངོམ་ས་མེད། །
རྒྱ་གསེར་སེར་པོའི་རྒྱན་ཡ་ལ། །
རག་ཤུལ་གསེར་མདོག་སྟོན་གྱི་ཟེར། །
རག་ཤུལ་གསེར་མདོག་ཨེ་ཡོང་ལགས། །
སེར་པོ་གསེར་དང་རྒྱ་རག་གཉིས།
རིན་ཐང་གོང་དེ་ཁག་ཁག་རེད། །
རྒྱ་དངུལ་ཁམ་པའི་རྒྱན་ཡ་ལ། །
ཏི་ཚས་དངུལ་མདོག་སྟོན་གྱི་ཟེར། །
རྒྱ་དངུལ་མདུན་ལ་ངོ་རེ་ཚ། །
རྒྱ་ར་སྨུག་པོ་ཕོ་རོག་མདོག །
བྲོད་སྲམ་དཀར་པོ་འགྱུར་མེད་གཉིས། །
རིན་ཐང་གོང་ཚད་བསྐོར་གྱི་ཟེར། །
བོད་སྲམ་གོང་ཚད་ཨེ་ལོན་ཞེ། །
དགུང་ཉི་ཟླ་ཤར་ནས་ནུབ་ལ་འགྲོ། །
འོད་ཟེར་གླིང་བཞིར་ཁྱབ་པའི་དུས། །
ཉི་ཟླ་སྟོང་འགྲོ་ག་ལ་ཡིན། །
རྒྱ་བྱུར་དམར་པོའི་རྩབ་ཡ་ལ། །
སྔོན་མོ་གཡུ་ཡི་རྒྱན་ཡ་དགོས། །
དོ་ལོས་གཡུ་ཚབ་ཁག་པོ་རེད། །
རྒྱ་དངུལ་དཀར་པོའི་ཁ་ཡ་ལ། །
ཏི་ཚས་དངུལ་མདོག་སྟོན་ལེ་དེ། །
དངུལ་དཀར་པོའི་རྒྱན་ཡ་ཁག་པོ་རེད། །
རྒྱ་གསེར་སེར་པོའི་རྩབ་ཡ་ལ། །
རག་ཤུལ་གསེར་མདོག་ངོམས་ལེ་དེ། །
རྒྱ་གསེར་ངོ་ཚ་སྐྱེལ་རོགས་རེད། །
དགུང་གཡུ་འབྲུག་ངར་སྒྲ་ཆེ་ཀྱང་སྟེ། །
ཐོག་སེར་མ་བབ་ལྷ་ཡིས་གཟིགས། །
བར་སྣང་འཁྲིགས་པའི་ནང་རྒྱུད་ནས། །
འཇའ་སྤྲིན་དཀར་འཁྱུག་འདོད་མ་རེད་དེ། །
ཆར་རླུང་རྒྱས་པའི་གཞི་མ་རེད། །
གངས་ཏི་སེ་ཆགས་པའི་ནང་རྒྱུད་ལ། །
སེང་དཀར་མོ་གངས་སྡོད་བསྐོས་ཐང་རེད། །
མགོ་གཡུ་རལ་ངོམས་དུས་མ་རེད་དེ། །
དུས་དེ་རིང་ངོམས་ལེ་སྐུ་དྲིན་རེད། །
དགྲ་འཆི་བདག་ཀླད་ནས་བསྐོར་བའི་དུས། །
སྲོག་ཐར་བ་ཟེར་ལེ་ཁག་པོ་རེད། །
ནད་ཚབ་གདོན་གྱིས་གང་བའི་དུས། །
སྨྲན་བཟང་དྲུག་ཟས་ཀྱང་ཁག་པོ་རེད། །
ཤི་ཕ་རོལ་དམྱལ་བར་ལྷུང་བའི་དུས། །
ཐུགས་ཡར་འདྲན་བཟེར་བ་ཁག་པོ་རེད། །
བྱ་ཁུ་བྱུག་མོན་ལ་ལོག་པའི་དུས། །
འབྲས་དྲུག་སྨིན་ལུགས་གང་འདྲ་བྱུང་། །
སྦྲང་ཆར་ཟིལ་མ་ཆད་དང་ཕན། །
ས་གཞིར་རྩྭ་རྒྱུད་གང་འདྲ་འཁྲུངས། །
ང་རྒྱ་ཚ་གླིང་ལ་མེད་དང་ཕན། །
གླིང་དཀར་པོའི་ཇུས་དེ་གང་འདྲ་ཤོར། །
གླིང་གི་རྒྱ་ཚ་ཞལ་དཀར་ཁོང་། །
སྒོ་ཐེམ་དཀྱིལ་གྱི་རིལ་མ་ཡིན། །
རྒྱ་མཚོའི་གཏིང་གི་མར་མེ་ཡིན། །
སྒོ་ཁྱི་ངན་པས་བདག་པོ་འབྲད། །
ཚེ་རོགས་ངན་པས་སྲོག་རྩ་བཅད། །
བླ་མ་ངན་པས་བཀའ་ཆོས་ཕུང་། །
དཔོན་པོ་ངན་པས་རང་སྡེ་བརླག །
གླ་བ་རོག་པོ་འཕག་འཚག་ཅན། །
རྩི་བཟང་དྲུག་སྲོག་གཅོད་རང་གིས་འཁུར། །
དུས་མཐའ་མ་རྙི་རྭ་མགོ་ལ་གོན། །
རྩི་བཟང་དྲུག་མི་ཡི་ལག་ན་ཤོར། །
རྫ་ཁྲ་ཡག་དཀྱིལ་གྱི་འབྲོང་ཆུང་དེ། །
ཤ་ཚིལ་གཉིས་པོ་ལྤགས་པས་བཏུམ། །
སྡོད་མི་ཚུགས་རྫ་ལམ་སྤང་ལམ་འགྲིམ། །
ཕོ་ངར་མའི་མདའ་ཡིས་ཐང་ལ་ཕབ། །
མགོ་རུ་ཐུར་ཡོད་ལེས་ཅི་ལ་ཕན། །
མཐའ་མ་ཤ་ཀོ་ཐང་ལ་ཕབ། །
དུང་དཀར་གཡུ་རལ་རྒྱས་ཉིན་མོ། །
གྲོང་ཁྱི་རྒན་ངར་སྐད་ཡ་རེ་ང་། །
ནགས་ཚལ་དཀྱིལ་གྱི་དམར་ཡག་སྟག །
འཛུམ་དྲུག་ནགས་ནས་རྒྱས་པའི་དུས། །
གསེབ་ཝ་མོའི་གྲ་ངོམ་ངོ་རེ་ཚ། །
བྱ་རྒྱལ་གནམ་འཕང་གཅོད་པའི་དུས། །
བྱིའུ་ཆུང་རྩལ་ངོམ་སྙིང་རེ་རྗེ། །
རྒྱུ་མེད་རྒྱུ་ཡོད་ཆེ་ན་ཡང་། །
ཕྱུག་པོའི་མིང་ཆེན་ཐོབ་ལེ་མིན། །
གཉོམ་ཆུང་འདུག་ལུགས་མཁས་པས་ན། །
བཙན་པོར་བྱ་ཐབས་ཡོད་ལེ་མིན། །
བརྒྱ་ལུག་འཕག་འདོད་ཆེན་མོ་བ། །
དཔྱད་ན་འཕར་སྤྱང་ཤ་སྐལ་རེད། །
གེ་སར་དགྲ་ལ་འཐུལ་དུས་མེད། །
འབྲུག་མོའི་སྡུག་ལ་ཡལ་དུས་མེད། །
དཔྱད་ན་བྱེ་མའི་སྐུ་མཁར་འདྲ། །
བྱེ་མའི་མཁར་ལ་ཐོན་དུས་མེད། །
གླག་ནག་གནམ་ནས་གཤོམ་པའི་དུས། །
རེའུ་ཆུང་བདེ་མོ་ཨེ་ཡོང་ཞེ། །
གཟིག་ཐིག་ལེ་དར་མའི་ཁ་ཙ་ལ། །
ཁྱི་གསར་བདེ་མོ་ཨེ་ཡོང་ཞེ། །
སྐྱ་ཁྲས་གཤོག་འགྱུར་རྒྱག་པའི་དུས། །
བྱིའུ་ཆུང་བདེ་མོ་ཨེ་ཡོང་ཞེ། །
སྒ་སྲབ་མེད་པའི་སྨུག་ཆུང་དེ། །
ན་བར་རྩེད་བྲོ་མི་འཁྲབ་ནས། །
མི་འཇོན་རྫ་ལམ་བསྐོར་བསྐྱོད་བྱས། །
སྨུག་ཆུང་ལྟོགས་ཤི་རྒྱག་འདོད་རེད། །
དགྲ་སྔོན་ལ་རྒྱལ་ནས་ཕྱི་མ་ཕམ། །
རྒྱལ་གཞིས་ཤོར་བའི་སྔ་ལྟས་རེད། །
གླིང་དཀར་སྟག་འདྲ་གཟིག་འདྲ་ལ། །
ཞང་ཡུལ་ཝ་ཚན་ངོམས་ས་མེད། །
རྒྱ་མཚོ་མཐའ་ནས་འཁྱིལ་བའི་དུས། །
ས་སྐམ་པོ་ཟེར་བ་ཨེ་ལུས་ཞེ། །
ཐོག་དམར་གནམ་ནས་ལྷུང་ཉིན་མོ། །
མགོ་སྦར་བས་བཀབ་པས་ཨེ་ཕན་ཞེ།།
གངས་སེང་ཟེར་བ་གཡེར་པོ་ཅན། །
མགོ་གཡུ་རལ་མེད་ན་ཁྱི་དང་འདྲ། །
ཆོས་གདམས་ངག་མེད་པའི་བླ་མ་དེ། །
ཆོས་གོས་སེར་ཡང་ངང་པ་འདྲ། །
ལུས་འདོམ་གང་གདན་ལ་བཏིང་དང་ཕན། །
འཕྱོར་སྐྱེ་གཟུགས་མཚར་ཡང་ཀོ་གདན་འདྲ། །
རྒྱ་ཞིང་འབྲས་དྲུག་སྨིན་ལེ་དེ། །
ཁྱུང་དཀར་མཛོ་ཡི་བཀའ་དྲིན་རེད། །
མཛོ་རྒན་རྭ་ཅོ་རྒས་པའི་དུས། །
བཤས་ལ་ཕབ་ན་ངོ་རེ་ཚ། །
རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས། །
འཛམ་གླིང་བསྐོར་བ་འཁོར་ལེ་ཟེར། །
གསལ་ཉི་ཟླའི་མདུན་ལ་ཨེ་འགྲོ་ཞེ། །
རྒས་པའི་གཉེར་མར་འཕྱིས་རྒྱུ་མེད། །
བསྐོས་པའི་ལས་ལ་ཟུར་རྒྱུ་མེད། །
གུར་དཀར་པོ་གངས་རི་ཉིལ་འདྲ་དགོས། །
གུར་སེར་པོ་སྤང་མེ་མཆེད་འདྲ་དགོས། །
གུར་ནག་པོ་རྫ་རི་ཉིལ་འདྲ་དགོས། །
གུར་དམར་པོ་ཁྲག་མཚོ་འཁྱིལ་འདྲ་དགོས། །
གུར་སྔོན་པོ་གཡུ་མཚོ་འཁྱིལ་འདྲ་དགོས། །
རྒྱུ་ཡོད་ན་བུ་མོ་སྤུན་གཉིས་རེད། །
རྒྱུ་མེད་ན་བུ་མོ་དཔོན་གཡོག་རེད། །
གྲོགས་ལ་ཐལ་གཏོར་རྒྱག་མི་རེད།
དགྲ་ལ་ལག་གཡུགས་བྱེད་མི་རེད། །
རྒྱལ་པོའི་བཀའ་ལ་ཡར་ཟློག་མེད། །
རི་གཟར་རྦབ་ལ་གྱེན་འགྲིལ་མེད། །
ཆབ་ཆུ་བོ་འབབ་ན་བཀག་འགོག་མེད། །
རླུང་ཟེར་མ་འཚུབ་ན་ཡ་བོ་མེད། །
ཐོག་དམར་པོ་འཕངས་ན་གཡོལ་ས་མེད། །
རྒྱལ་པོ་ལྟོགས་དུས་གཡུལ་རེ་ལངས། །
ཕོ་གསར་ཞེད་དུས་འཁོར་བར་འཁྱམས། །
དགྲ་ལ་དགྲ་ལན་མ་གསོས་ཡོད། །
གཉེན་ལ་ཇ་ཆང་མ་འཕྲོད་ཡོད། །
གངས་དཀར་སེང་གེའི་གཡུ་རལ་གཅིག །
ཁྱི་རྒན་རྒྱ་བོའི་སྤུ་རལ་གཉིས། །
འདྲ་བསམ་བསྡུར་རྒྱུ་ལར་ནས་མེད། །
བྲེ་སེར་འབྲོང་གི་རྭ་ཅོ་གཅིག །
གླང་རྒན་སྔོན་མོའི་རུ་ཐུར་གཉིས། །
མགོ་རྭ་ཅོ་བརྒྱན་ལེ་འདྲ་བསམ་སྟེ། །
དོན་དངོས་བསྡུར་རྒྱུ་ལར་ནས་མད། །
དམར་ཡག་སྟག་གི་རི་མ་དང་། །
ཚེར་གསེབ་ཝ་མོའི་གྲ་ཚན་གཉིས། །
གྲྭ་ཚན་ཡོད་པ་འདྲ་བསམ་སྟེ། །
རི་མོ་མི་གཅིག་ཁག་ཁག་རེད། །
གུར་དཀར་རྒྱལ་པོ་ར་དཀར་མགོ། །
རང་ཐག་ཆོད་ལེ་ཚིག་གཅིག་མེད། །
རླུང་དམར་གར་རྒྱུགས་འགྲོ་མི་རེད། །
གུར་སེར་རྒྱལ་པོ་ར་ཁྲ་མགོ། །
ཚེ་ཚེ་འདྲ་བའི་མཐོ་འདོད་ཆེ། །
ལས་བྱ་བ་བྱ་སྤུ་རླང་འཁྱེར་རེད། །
གུར་ནག་རྒྱལ་པོ་ར་ནག་མགོ། །
གླང་རྒན་འདྲ་བའི་ཨུ་ཚུགས་ཆེ། །
བཟང་བའི་ཇུས་ཤིག་འདོན་རྒྱུ་མེད། །
སྒོ་ང་དཀར་པོའི་སེར་རིལ་གཅིག །
རྨ་བྱ་སེར་པོའི་སྒྲོ་མདོངས་གཉིས། །
བྱ་རྒྱལ་ཁུ་བྱུག་གསུང་སྐད་གསུམ། །
མི་འགྱུར་མཛེས་པོ་ཆེ་གསུམ་རེད། །
སྒ་སྲབ་མེད་པའི་རྐྱང་ཆུང་དེ། །
ལྷ་འདྲེ་སྟོང་གི་ཚེ་ཐར་རེད། །
ལེབ་ཆེན་སྤང་ལ་རི་མོ་བྲིས། །
རྒྱ་མཚོ་འཁྱིལ་བའི་ནང་རྒྱུད་ནས། །
སྟོབས་ཆུ་སྲིན་ངར་མའི་ཁ་རླངས་ལ། །
འགྲན་ཡ་ཚོག་མི་སུ་འདྲ་ཡོད། །
དགྲ་སྔོན་ལ་རྒྱལ་ཡང་རྗེས་ལ་ཕམ། །
གཏམ་སྔོན་ལ་བདེན་ཡང་རྗེས་ལ་ནོར། །
ཚིག་ལ་ནོར་འཁྲུལ་མང་པོ་ཡོད། །
ཆོས་ལ་བདེན་རྫུན་མང་པོ་ཡོད། །
མི་ཁ་གཏམ་ལ་བལྟ་རྒྱུ་མེད། །
གངས་སྟོད་མཐོན་པོའི་གཡུ་རལ་དེ། །
སེང་གེ་འགྱིང་པའི་དཔའ་རྟགས་རེད། །
གངས་དང་བྲལ་ན་ངོམ་ས་མེད། །
རྒྱ་གསེར་སེར་པོའི་རྒྱན་ཡ་ལ། །
རག་ཤུལ་གསེར་མདོག་སྟོན་གྱི་ཟེར། །
རག་ཤུལ་གསེར་མདོག་ཨེ་ཡོང་ལགས། །
སེར་པོ་གསེར་དང་རྒྱ་རག་གཉིས།
རིན་ཐང་གོང་དེ་ཁག་ཁག་རེད། །
རྒྱ་དངུལ་ཁམ་པའི་རྒྱན་ཡ་ལ། །
ཏི་ཚས་དངུལ་མདོག་སྟོན་གྱི་ཟེར། །
རྒྱ་དངུལ་མདུན་ལ་ངོ་རེ་ཚ། །
རྒྱ་ར་སྨུག་པོ་ཕོ་རོག་མདོག །
བྲོད་སྲམ་དཀར་པོ་འགྱུར་མེད་གཉིས། །
རིན་ཐང་གོང་ཚད་བསྐོར་གྱི་ཟེར། །
བོད་སྲམ་གོང་ཚད་ཨེ་ལོན་ཞེ། །
དགུང་ཉི་ཟླ་ཤར་ནས་ནུབ་ལ་འགྲོ། །
འོད་ཟེར་གླིང་བཞིར་ཁྱབ་པའི་དུས། །
ཉི་ཟླ་སྟོང་འགྲོ་ག་ལ་ཡིན། །
རྒྱ་བྱུར་དམར་པོའི་རྩབ་ཡ་ལ། །
སྔོན་མོ་གཡུ་ཡི་རྒྱན་ཡ་དགོས། །
དོ་ལོས་གཡུ་ཚབ་ཁག་པོ་རེད། །
རྒྱ་དངུལ་དཀར་པོའི་ཁ་ཡ་ལ། །
ཏི་ཚས་དངུལ་མདོག་སྟོན་ལེ་དེ། །
དངུལ་དཀར་པོའི་རྒྱན་ཡ་ཁག་པོ་རེད། །
རྒྱ་གསེར་སེར་པོའི་རྩབ་ཡ་ལ། །
རག་ཤུལ་གསེར་མདོག་ངོམས་ལེ་དེ། །
རྒྱ་གསེར་ངོ་ཚ་སྐྱེལ་རོགས་རེད། །
དགུང་གཡུ་འབྲུག་ངར་སྒྲ་ཆེ་ཀྱང་སྟེ། །
ཐོག་སེར་མ་བབ་ལྷ་ཡིས་གཟིགས། །
བར་སྣང་འཁྲིགས་པའི་ནང་རྒྱུད་ནས། །
འཇའ་སྤྲིན་དཀར་འཁྱུག་འདོད་མ་རེད་དེ། །
ཆར་རླུང་རྒྱས་པའི་གཞི་མ་རེད། །
གངས་ཏི་སེ་ཆགས་པའི་ནང་རྒྱུད་ལ། །
སེང་དཀར་མོ་གངས་སྡོད་བསྐོས་ཐང་རེད། །
མགོ་གཡུ་རལ་ངོམས་དུས་མ་རེད་དེ། །
དུས་དེ་རིང་ངོམས་ལེ་སྐུ་དྲིན་རེད། །
དགྲ་འཆི་བདག་ཀླད་ནས་བསྐོར་བའི་དུས། །
སྲོག་ཐར་བ་ཟེར་ལེ་ཁག་པོ་རེད། །
ནད་ཚབ་གདོན་གྱིས་གང་བའི་དུས། །
སྨྲན་བཟང་དྲུག་ཟས་ཀྱང་ཁག་པོ་རེད། །
ཤི་ཕ་རོལ་དམྱལ་བར་ལྷུང་བའི་དུས། །
ཐུགས་ཡར་འདྲན་བཟེར་བ་ཁག་པོ་རེད། །
བྱ་ཁུ་བྱུག་མོན་ལ་ལོག་པའི་དུས། །
འབྲས་དྲུག་སྨིན་ལུགས་གང་འདྲ་བྱུང་། །
སྦྲང་ཆར་ཟིལ་མ་ཆད་དང་ཕན། །
ས་གཞིར་རྩྭ་རྒྱུད་གང་འདྲ་འཁྲུངས། །
ང་རྒྱ་ཚ་གླིང་ལ་མེད་དང་ཕན། །
གླིང་དཀར་པོའི་ཇུས་དེ་གང་འདྲ་ཤོར། །
གླིང་གི་རྒྱ་ཚ་ཞལ་དཀར་ཁོང་། །
སྒོ་ཐེམ་དཀྱིལ་གྱི་རིལ་མ་ཡིན། །
རྒྱ་མཚོའི་གཏིང་གི་མར་མེ་ཡིན། །
སྒོ་ཁྱི་ངན་པས་བདག་པོ་འབྲད། །
ཚེ་རོགས་ངན་པས་སྲོག་རྩ་བཅད། །
བླ་མ་ངན་པས་བཀའ་ཆོས་ཕུང་། །
དཔོན་པོ་ངན་པས་རང་སྡེ་བརླག །
གླ་བ་རོག་པོ་འཕག་འཚག་ཅན། །
རྩི་བཟང་དྲུག་སྲོག་གཅོད་རང་གིས་འཁུར། །
དུས་མཐའ་མ་རྙི་རྭ་མགོ་ལ་གོན། །
རྩི་བཟང་དྲུག་མི་ཡི་ལག་ན་ཤོར། །
རྫ་ཁྲ་ཡག་དཀྱིལ་གྱི་འབྲོང་ཆུང་དེ། །
ཤ་ཚིལ་གཉིས་པོ་ལྤགས་པས་བཏུམ། །
སྡོད་མི་ཚུགས་རྫ་ལམ་སྤང་ལམ་འགྲིམ། །
ཕོ་ངར་མའི་མདའ་ཡིས་ཐང་ལ་ཕབ། །
མགོ་རུ་ཐུར་ཡོད་ལེས་ཅི་ལ་ཕན། །
མཐའ་མ་ཤ་ཀོ་ཐང་ལ་ཕབ། །
འབྲེལ་ཡོད་འོས་སྦྱོར།