logo

སློབ་གསོའི་སྐོར་གྱི་གཏམ་དཔེ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-02-07 ཀློག་གྲངས།:
གཅིག་བཤད་དོན་ལ་མ་གནས་ན། །
བརྒྱ་བཤད་སྟོང་བཤད་སྟོང་བ་ཡིན། །

གཏམ་ཐག་ཐུང་ན་ཉན་བདེ། །
ཡོབ་ཐག་ཐུང་ན་ཞོན་བདེ། །

མཁས་པ་ཡིན་ན་སྔོན་རིག་དགོས། །
མིག་ཅན་ཡིན་ན་གཞུག་རིག་དགོས། །

ནང་ཕུ་ནུའི་བར་ལ་གྱོད་མི་མཛའ། །
ཤ་རྒྱུ་མའི་བར་ལ་གྲི་མི་མཛའ། །

དོན་ཆེན་གཞུག་ལ་མ་བསྐྱུར། །
ཚིག་ཆེན་སྔོན་ལ་མ་བཤད། །

སེམས་བསམ་པ་གཞན་ལ་མ་གནག །
མར་དམྱལ་བར་ལྷུང་བའི་རྒྱུ་ཡིན། །

                                                            «མདོ་སྨད་ཀྱི་གཏམ་དཔེ་དོན་ལྡན་ཕྱོགས་གཅིག་ཏུ་དྲིལ་བ»ལས་བཏུས།
འབྲེལ་ཡོད་འོས་སྦྱོར།