ཨ་ཅེ་རྒྱ་བཟའི་གླུ་གཞས་ཐོར་བཏུས།
རྩོམ་པ་པོ།:བསམ་ཤོད་པ་དཀོན་ཅོག་ཡོན་ཏན་གྱིས
ཡོང་ཁུངས།:སྤང་རྒྱན་མེ་ཏོག
དུས་ཚོད།:2023-03-08
ཀློག་གྲངས།:
དམངས་ཁྲོད་ཀྱི་ངག་རྒྱུན་ལྟར་ན། མི་ལོ1300ལྷག་གི་ཡར་སྔོན་དུ། ལྷ་གཅིག་ཨ་ཅེ་རྒྱ་བཟའ་མཆོག་ལྷ་སར་བྱོན་པའི་ཚེ། ད་ལྟའི་སྣང་རྫོང་སྐྱེམས་སྟོང་ཤང་གི་བླ་ཡེར་གྲོང་ཚོར་ནུབ་གཅིག་ཞག་བཞུགས་གནང་། ཕྱི་ཉིན་སྔ་པོར་ཕེབས་རྡོག་ཐོན་པས་ན་ཁོང་གི་གླུ་དེབ་ཡུལ་དེར་ལུས་པའི་བྱིན་རླབས་ནུས་མཐུ་ལས་བླ་ཡེར་བའི་སྐྱེས་ཕོ་མོ་ཐམས་ཅད་རྐང་བྲོ་གླུ་གཞས་ལ་ཧ་ཅང་མཁས་པར་གྱུར། དེས་ན་ཡུལ་མི་ཚོས་ཀོང་ཇོ་མཆོག་ལ་དྲིན་གཟོའི་ཕྱིར་རྐང་བྲོ་གླུ་གཞས་དེ་དག་གི་སྤྱི་མིང་ལ“ཨ་ཅེ་རྒྱ་བཟའི་གླུ་གཞས”ཞེས་སུ་བཏགས་ཏེ། ལོ་རྒྱུས་ཀྱི་ཆུ་རྒྱུན་ཤིན་ཏུ་རིང་མོའི་ཁྲོད་མི་མུས་རྒྱུད་བཅས་སུ་རྒྱུན་འཛིན་དང་འཕེལ་རྒྱས་གང་ལེགས་བཏང་བས་ད་མཚམས་སུ། ནང་དོན་གྱི་ཆ་ནས་མཐོ་སྒང་མི་རིགས་ཀྱི་འབྱུང་ཁུངས་དང་འཇིག་རྟེན་གྱི་གྲུབ་ཚུལ་དང་། མཐོ་བ་ཉི་ཟླ་སྐར་གསུམ་གྱི་བྱེད་ནུས་དང་དམའ་བ་རི་ཆུ་ཀླུང་གསུམ་གྱི་བྱེད་ལས། རུས་རྒྱུད་ཚོ་པའི་ཐོན་སྐྱེད་བྱེད་སྲོལ་དང་འཚོ་རྩིས་ཀྱི་གོམས་གཤིས། གདོད་མའི་དད་གུས་དང་ཆོས་ལུགས་ཀྱི་འཕེལ་རྒྱས་སོགས་སྤྱི་དང་། ཡང་སྒོས་སུ་དྭགས་སྨད་ཁུལ་གྱི་འཚོ་བ་ཡི་གོམས་གཤིས་དང་། ཐོན་སྐྱེད་ཀྱི་ལམ་སྲོལ། སེམས་ཁམས་ཀྱི་འཁྱེར་བཟོ། མཛེས་སྤྱོད་ཀྱི་རིན་ཐང་། ཀུན་སྤྱོད་ཀྱི་ལྟ་བ་སོགས་ཕྱོགས་ཀུན་མི་གསལ་བ་མེད་ཅིང་། འཁྲབ་གཏོང་གི་ཆ་ནས་རྫི་གླུ་དང་། ལས་གཞས། གྲལ་གླུ། ཁྲུང་གླུ། ཆང་གཞས། རྦད་ཤགས། སྒོར་གཞས། གླུ་ཆུང་བྲོ་རྒྱག་སོགས་རྣམ་པ་ཤིན་ཏུ་མང་ལ། གདངས་དབྱངས་དང་འགྱུར་ཁུག་སྣ་མང་ཕུན་ཚོགས་ཅན་གྱི་གཞན་དྲིང་མི་འཇོག་ཅིང་། རང་ཁྱད་ཟབ་མངོན་གྱི་གླུ་གཞས་མི་འདྲ་བ་སུམ་ཁྲི་ཙམ་ཡོད་པས་རྒྱ་ཆེ་ཞིང་གཏིང་མཐའ་དཔོག་པར་དཀའ་བའི་སྐྱེམས་སྟོང་ཁུལ་གྱི་དམངས་ཁྲོད་ངག་རྒྱུན་རྣམ་པའི་གླུ་མཛོད་ཤིན་ཏུ་ཆེན་མོ་ཞིག་ཏུ་གྲུབ་ནས་ཡོད་པས་ན། སྤྱི་ལོ2007ལོར། སྣང་རྫོང་གི་རྫོང་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད། ད་ལམ་དེ་དག་ལས་ཚབ་མཚོན་རང་བཞིན་ལྡན་པའི་གླུ་གཞས་མི་འདྲ་བ་ཁག9བསྡུ་སྒྲིག་ཞུས་པ་གཤམ་གསལ།
ཇོ་བོ་མི་བསྐྱོད་རྡོ་རྗེ།(གྲལ་གླུ།)
ར་མོ་ཆེ་ལ་བཞུགས་པའི། །ཇོ་བོ་མི་བསྐྱོད་རྡོ་རྗེ། །
ཇོ་བོར་གསེར་ཤོག་སྒྲོན་མཁན། །ཚོང་དཔོན་ནོར་བུ་བཟང་པོ། །
ར་མོ་ཆེ་ལ་བཞུགས་པའི། །ཇོ་བོ་མི་བསྐྱོད་རྡོ་རྗེ། །
ཇོ་བོར་མར་ཕུད་འབུལ་མཁན། །འབྲོག་དཔོན་ནོར་ལྷ་གཡང་ཆགས། །
ར་མོ་ཆེ་ལ་བཞུགས་པའི། །ཇོ་བོ་མི་བསྐྱོད་རྡོ་རྗེ། །
ཇོ་བོར་ཆང་ཕུད་འབུལ་མཁན། ། ལྷ་སའི་ཨ་མ་ཆང་མ། །
གཞོན་པས་དཔའ་རྩལ་ངོམས་སུ་ཕྱིན།(རྦད་ཤགས།)
ང་གཞོན་པས་མ་ཕྱིན་གཞོན་པས་ཕྱིན། །
གཞོན་པས་སྟག་ཚང་རོང་ལ་ཕྱིན། །
ངས་སྟག་ཕྲུག་བརྒྱ་ལ་རྩེད་མོ་རྩེད། །
སྟག་ཨ་ཕ་ཡོད་ན་ཆས་སུ་ཤོག །
སྟག་ཨ་མ་ཡོད་ན་ངར་ནས་ཤོག །
ང་གཞོན་པས་མ་ཕྱིན་གཞོན་པས་ཕྱིན། །
ང་གཞོན་པས་གཟིག་ཚང་རོང་ལ་ཕྱིན། །
ངས་གཟིག་ཕྲུག་བརྒྱ་ལ་རྩེད་མོ་རྩེད། །
གཟིག་ཨ་ཕ་ཡོད་ན་ཆས་སུ་ཤོག །
གཟིག་ཨ་མ་ཡོད་ན་ངར་ནས་ཤོག །
ང་གཞོན་པས་མ་ཕྱིན་གཞོན་པས་ཕྱིན། །
ང་གཞོན་པས་དོམ་ཚང་རོང་ལ་ཕྱིན། །
ངས་དོམ་ཕྲུག་བརྒྱ་དང་རྩེད་མོ་རྩེད། །
དོམ་ཨ་ཕ་ཡོད་ན་ཆས་སུ་ཤོག །
དོམ་ཨ་མ་ཡོད་ན་ངར་ནས་ཤོག །
ང་གཞོན་པས་མ་ཕྱིན་གཞོན་པས་ཕྱིན། །
ང་གཞོན་པས་དྲེད་ཚང་རོང་ལ་ཕྱིན། །
ངས་དྲེད་ཕྲུག་བརྒྱ་དང་རྩེད་མོ་རྩེད། །
དྲེད་ཨ་ཕ་ཡོད་ན་ཆས་སུ་ཤོག །
དྲེད་ཨ་མ་ཡོད་ན་ངར་ནས་ཤོག །
འགྱུར་བ་ཡོང་ས་མ་རེད།(ཁྲུང་གླུ།)
ང་ཚོའི་མགོ་འདྲེན་དཔོན་པོ། །གྲུ་ཤན་རྟ་མགོ་འདྲ་བྱུང་། །
ཆུ་མོ་ཁ་ཞེང་ཆེ་ཡང་། །འགྱུར་བ་ཡོང་ས་མ་རེད། །
སྔོན་མོ་གཡུ་ལས་གྲུབ་པའི། །གཡུ་ཡི་སྒྲོལ་མ་གསུང་བྱོན། །
གཡུ་ནི་དོ་ལོ་མིན་པས། །འགྱུར་བ་ཡོང་ས་མ་རེད། །
སེར་པོ་གསེར་ལས་གྲུབ་པའི། །གསེར་སྐུ་ཕྱག་ན་རྡོ་རྗེ། །
གསེར་ནི་ར་རྒན་མིན་པས། །འགྱུར་བ་ཡོང་ས་མ་རེད། །
དཀར་པོ་དུང་ལས་གྲུབ་པའི། །དུང་གི་ཐུགས་རྗེ་ཆེན་མོ། །
དུང་ནི་ཉ་ལྕིབས་མིན་པས། །འགྱུར་བ་ཡོང་ས་མ་རེད། །
དམར་པོ་བྱུ་རུས་གྲུབ་པའི། །བྱུ་རུ་དམ་ཆོས་དམར་པོ། །
བྱུ་རུ་བཙག་དམར་མིན་པས། །འགྱུར་བ་ཡོང་ས་མ་རེད། །
གནས་མཆོག་ཙཱ་རི།(གླུ་ཆུང་བྲོ་རྒྱག)
ཙཱ་རི་རྩེ་ནས་བསྐོར་ཡོད། །སྨྱུག་མ་རོང་ནས་བཅད་ཡོད། །
མ་དང་མཁའ་འགྲོའི་བྱིན་རླབས། །སྨྱུག་མའི་ཚིགས་ནས་མཇལ་བྱུང་། །
ཙཱ་རི་སྐོར་ནི་བསྐོར་ཡོད། །ཙཱ་རི་མཚོ་དཀར་བསྐོར་ཡོད། །
མཚོ་དཀར་ཨེ་ཀ་ཛཱ་ཏིས། །ལུས་ཀྱི་སྒྲིབ་པ་དག་སོང་། །
ཅིག་ཅར་ན་མའི་ན་གཞོང་། །རྡོ་རྗེ་ཕག་མོའི་བཞུགས་གནས། །
ཙཱ་རིའི་དཔའ་བོ་དཔའ་མོ། །མཁའ་འགྲོ་བརྒྱ་ཡི་གདན་ས། །
འབྲུ་ནི་སྐྱེམས་སྟོང་འབྲུ་རེད། །ཆུ་ནི་ཙཱ་རིའི་ཆུ་རེད། །
འབྲུ་ལ་བྲོ་བ་མེད་ཀྱང་། །ཆུ་ལ་བྱིན་རླབས་ཡོད་དོ། །
མཚོ་དེ་པད་མ་གནམ་མཚོ། །ངང་ཕྲུག་བརྒྱ་ཡི་ཨ་མ། །
མཚོ་ཁ་མཐོ་རུ་མ་གཏོགས། །དམའ་རུ་འགྲོ་ས་མ་རེད། །
དེ་རིང་ཡག་ནི་ཡག་བྱུང་། །ནམ་ཟླ་སྐྱ་མོ་ཡག་བྱུང་། །
ད་ནི་ནམ་ཟླ་སྐྱ་མོས། །ནམ་གཞུག་སྐྱོང་རོགས་གནང་དང་། །
ཆུང་ཆུང་མིག་ལ་མཛེས་པ། །བ་ལུ་རྒྱ་མའི་མེ་ཏོག །
རྩེ་མོ་ཁ་མདོག་མཚར་བ། །རྩ་བ་དྲི་མ་ཞིམ་པ། །
དཔོན་པོ་གསེར་གྱི་རི་ལ།(ཆང་གཞས།)
དཔོན་པོ་གསེར་གྱི་རི་ལ། །ཞབས་ཕྱི་ཐང་དཀར་རྒོད་པོ། །
ཐང་དཀར་རྒོད་པོའི་བློ་གཏད། །གསེར་གྱི་རི་ལ་བཅོལ་ཡོད། །
ང་ཚོའི་དཔོན་པོ་ལྷ་རེད། །དཔོན་པོའི་ཆིབས་རྟ་འཇའ་རེད། །
འཇའ་ལ་གསེར་ཤོག་བསྒྲོན་ནས། །རང་ཡུལ་ཕྱོགས་སུ་ལོག་འགྲོ། །
རི་དེ་གཡང་ཆགས་རི་ལ། །རྩྭ་ངན་དུག་རྩྭ་མ་སྐྱེས། །
རི་དྭགས་གླ་བའི་ཕྲུ་གུ། །གཡང་ཆགས་རི་ལ་ཆགས་ཡོད། །
སྟར་ཁའི་ནང་ཁོག་ཞིམ་པ། །ཁམ་བུའི་ཕྱི་ཁོག་ཞིམ་པ། །
ང་ཡི་ཕ་མ་སྤུན་མཆེད། །ལུས་ཀྱི་དྲི་མ་ཞིམ་པ། །
དབྱར་ཁ་དཀར་ལོས་སྒྲིབ་སོང་། །དགུན་ཁ་བལ་ལོས་སྒྲིབ་སོང་། །
རྫི་བོའི་ནོར་ལྷ་གཡང་ཆགས། །གནས་བཟོད་མདའ་ལས་བདེ་བ། །
ཁང་པ་རྒྱང་བཀྲག་དཀར་པོ།(སྒོར་གཞས།)
ཁང་པ་རྒྱང་བཀྲག་དཀར་པོ། །གཟིམ་ཆུང་གསེར་གྱི་པ་ཏྲ། །
གསེར་གྱི་པ་ཏྲའི་ནང་དུ། །རྩ་བའི་སློབ་དཔོན་བཞུགས་ཡོད། །
རྩ་བའི་སློབ་དཔོན་མཇལ་བར། །དུང་དང་རྒྱ་གླིང་དགོས་ཀྱི། །
དུང་དང་རྒྱ་གླིང་བྱུང་ན། །སློབ་དཔོན་མཇལ་ཁ་ཐོབ་ཀྱི། །
ཁང་པ་རྒྱང་བཀྲག་དཀར་པོ། །གཟིམ་ཆུང་གཡུ་ཡི་པ་ཏྲ། །
གཡུ་ཡི་པ་ཏྲའི་ནང་དུ། །མགོ་འདྲེན་དཔོན་པོ་བཞུགས་ཡོད། །
མགོ་འདྲེན་དཔོན་པོ་མཇལ་བར། །ཁ་བཏགས་དཀར་པོ་དགོས་ཀྱི། །
ཁ་བཏགས་དཀར་པོ་བྱུང་ན། །དཔོན་པོའི་མཇལ་ཁ་ཐོབ་ཀྱི། །
ཁང་པ་རྒྱང་བཀྲག་དཀར་པོ། །གཟིམ་ཆུང་དུང་གི་པ་ཏྲ། །
དུང་གི་པ་ཏྲའི་ནང་དུ། །དྲིན་ཆེན་ཕ་མ་བཞུགས་ཡོད། །
དྲིན་ཆེན་ཕ་མ་མཇལ་བར། །ཆང་དང་ཇ་ཁྲ་དགོས་ཀྱི། །
ཆང་དང་ཇ་ཁྲ་བྱུང་ན། །ཕ་མའི་མཇལ་ཁ་ཐོབ་ཀྱི། །
བྱ་ཕོའི་བཤད་པ།(སྒོར་གཞས།)
བྱ་ཕོའི་མགོ་དེ་ཨོ་རྒྱན་པད་ཞྭ་འདྲ། །
བླ་མ་བཟང་པོ་ཞིག་གིས་ཚོང་རོགས་ཟེར། །
བླ་མ་དགོངས་པ་མ་འཚོམ་ཚོང་གི་མིན། །
ང་རང་དགོས་འདོད་ཡོད་ནས་ཉོས་པ་ཡིན། །
བྱ་ཕོའི་མཆུ་དེ་སྣག་བུམ་སྨྱུག་སྒྲོག་འདྲ། །
དྲུང་ཡིག་མཁས་པ་ཞིག་གིས་ཚོང་རོགས་ཟེར། །
དྲུང་ཡིག་དགོངས་པ་མ་འཚོམ་འཚོང་གི་མིན། །
ང་རང་དགོས་འདོད་ཡོད་ནས་ཉོས་པ་ཡིན། །
བྱ་ཕོའི་རྐང་དེ་ཉ་པའི་ལྕགས་ཀྱུ་འདྲ། །
ཉ་པ་རྒན་པོ་ཞིག་གིས་འཚོང་རོགས་ཟེར། །
ཉ་པ་རྒན་པོ་དགོངས་པ་མ་འཚོམ་རོགས། །
ང་རང་དགོས་འདོད་ཡོད་ནས་ཉོས་པ་ཡིན། །
གནམ་ས།(སྒོར་གཞས།)
གནམ་ལ་མ་བཞུགས་གནམ་ལབཞུགས། །
གནམ་ལ་འཁོར་ལོ་རྩིབས་བརྒྱད་བཞུགས། །
ཉི་ཟླ་སྐར་གསུམ་གནམ་གྱི་རྒྱན། །
གནམ་རྒྱན་ཡོད་པས་མུན་པ་གསལ། །
ས་ལ་མ་བཞུགས་ས་ལ་བཞུགས། །
ས་ལ་པདྨ་འདབ་བརྒྱད་བཞུགས། །
རི་ཆུ་ཀླུང་གསུམ་ས་ཡི་རྒྱན། །
ས་རྒྱན་ཡོད་པས་ལོ་ཡག་རྒྱས། །

གནས་བཟོད་མདའ་ལས་བདེ་བ།(རྫི་གླུ།)

འབྲེལ་ཡོད་འོས་སྦྱོར།