གབ་ཚིག་བྱིས་པའི་མེ་ལོང་ཞེས་བ་བཞུགས་སོ། །
རྩོམ་པ་པོ།:
ཡོང་ཁུངས།:ཀོས་ནན་རྫོང་རིག་རྩལ་རྒྱང་སྒྲོག་ཅུའུ།
དུས་ཚོད།:2023-10-13
ཀློག་གྲངས།:
རྒྱལ་མཚོ་ཆེན་པོ་རྦ་རླབས་འཕྱུར།།
གཡུ་འབྲུག་སྔོན་མོ་གནམ་ལ་སོང་།།
༼ཇ་ཁོལ་བ།༽
སྟོང་སྡེ་བའི་རྒྱུ་མ་ཁོག་ན་ཡོད།།
སྤུན་གཉིས་ཀའི་རྒྱུ་མས་རང་མཆུ་བཅིང་།།
མཚན་མོ་རྒྱུ་མ་ཁོག་ན་བསྡུ།།
༼ལྷམ་སྒྲོག༽
སྟེང་ལྷ་ཡུལ་ནས་སེང་པྲང་སྒྲིག།
བར་གཉན་ཡུལ་ནས་འཁྲུག་པ་རྒྱབ།།
འོད་ཀླུ་ཡུལ་ནས་ཁ་བ་འབབ།།
༼ནས་འཐག་པ།༽
སྔོན་མོ་གཡུ་ཡི་ཐང་དཀྱིལ་ན།།
དུང་གི་མེ་ལོང་རང་བྱོན་ཞིག།
༼ཉ་གང་ཟླ་བ།༽
འགྲོ་དུས་གསེག་དང་གསེག་ནས་འགྲོ།།
འདུས་དུས་འགྲམ་དང་འགྲམ་ནས་འདུག།
༼གྲུ།༽
སེམས་ཅན་ཐམས་ཅད་ཉལ་ནས་འཆི།།
གསེར་གྱི་ཀ་བ་ལངས་ནས་འཆི།།
༼སྤོས་ཐུར།༽
ས་ནག་གད་པའི་ཡང་སྟེང་ན།།
ར་ནག་རྡོ་རྗེ་ཐ་ར་ར།།
༼གྲོག་མའི་ཚང།༽
ཁྲི་གཅིག་ཁྲི་གཉིས་ཁྲི་མ་འབུམ།།
ཁྲི་མ་འབུམ་གྱི་ཡང་སྟེང་ན།།
གཡང་མོ་ལུག་གིས་གང་ནས་ཡོད།།
༼རམ་བུའི་མེ་ཏོག༽
བྲག་ཐོག་ལུ་གུ་རྩེ་རྩེ།།
བྲག་ཞབས་ཁ་བ་འབབ་འབབ།།
༼ནས་འཐག་པ།༽
བྲག་ཐོག་རྒྱལ་མཚོ་འཁྱིལ་ཉལ་མ།།
མགོ་བོ་བཀྱགས་དུས་སིག་གེ་འགྲོ།།
༼སྦྲུལ༽
དང་པོ་ཁ་མཚར་ཀུན་གྱི་གཞི།།
བར་དུ་རིག་པ་འགྱེད་པའི་ཐབས།།
ཐ་མ་དགེ་བ་སྒྲུབ་པའི་ཆོས།།
༼གབ་ཚིག༽
ཐོན་མ་རེན་གོང་ནས་སྔོན་ལ་ཐོན།།
འཆི་མ་རན་གོང་ནས་སྔོན་ལ་འཆི།།
༼མེ་ཏོག༽
སྒོར་མོ་རྡོ་ཡི་གྲ་གྲས།།
སྲ་མོ་ལྕགས་ཀྱིས་གྲ་གྲས།།
སྙིང་མོ་བལ་གྱི་གྲ་གྲས།།
དེ་གསུམ་འཛོམས་ན་ཇ་ཞིག།
༼མེ་ཆ།༽
དཀར་ཆུང་གངས་རིའི་འགོ་ལ།།
དམར་ཆུང་བྱུ་རུའི་ཕྲ་རྒྱན་འདྲ།།
༼ཞོ་གྲོ་མ།༽
དཀྱིལ་འཁོར་བར་སྣང་ཁམས་ན་བཞེངས།།
ལྷ་བཟོ་དཀྱིལ་འཁོར་དབུས་སུ་བཞུགས།།
༼རྒྱ་ནང་གི་སྡོམ།༽
བྱུ་རུ་དམར་པོའི་ཐོར་ཚུགས་ཅན།།
འཇའ་མཚོན་སྣ་ལྔའི་དར་གོས་ཅན།།
ཁ་ནས་དྲག་པོའི་སྔགས་འདོན་མཁན།།
༼ཁྱིམ་བྱ་དེ་ཕོ།༽
དུག་ཧ་ལ་ནག་པོ་གཏེར་ལ་སྦས།།
མགོ་རལ་བ་རྫིག་གེར་ཕྱིན་ལ་ཐོན།།
མགར་བས་མ་མགར་ཁྲོ་རིལ་རྒྱལ།།
གཡུག་ནི་མི་དགོས་སུ་ལི་ལི།།
༼ཐང་ཁྲོམ།༽
དང་བོ་མཛོ་མོའི་རྭ་དང་འདྲ།།
བར་དུ་དཀྱིལ་འཁོར་ཐིག་དང་འདྲ།།
ཐ་མ་རྐུ་མའི་བརྐུས་པ་འདྲ།།
༼ཟླ་བ།༽
སྲིད་པའི་བྱ་ནག་གཤོག་རིང་།།
རྒྱབ་གཤོག་གཅིག་དཀར་གཅིག་ནག།
༼ཟླ་བ།༽
གོས་ཆེན་སེར་པོའི་གུར་ནང་ན།།
དུང་གི་ཟླ་བ་ཐོར་ཅོག་ཅན།།
༼ཨུཏྤལ་སེར་པོ།༽
གུར་དཀར་པོ་གསེར་གྱི་རྩིབ་མ་བརྒྱ།།
ནང་ཀ་བ་གཅིག་གིས་གནམ་ལ་བཀྱགས།།
༼ཤ་མོ།༽
ནག་ར་ཁ་ཆེའི་ཁ་ནང་ན།།
དམར་ལུ་སྤུ་མེད་ཐད་དུ་བཟུང་།།
དམ་ཉམས་མགོ་འགྱེས།།
བཀྱེད་ནས་བརྒྱབ།།
བཟུང་ནས་བརྒྱབ།།
༼མགར་བ།༽
སྒང་རེ་སྒང་ནས་བྲོ་ཞིག་འཁྲབ།།
ཙན་དན་ལུང་བ་འུར་གྱིས་བཀང་།།
༼རྒྱག་གླིང་།༽
འདུ་ཁང་སེར་བོའི་ཡང་ཐོག་ན།།
རྗེ་བླ་མ་གསེར་གྱི་ན་བཟའ་ཅན།།
དེ་ཉིན་མཚན་མེད་པར་སྒོམ་ལ་བཞུགས།།
༼གསེར་ཏོག༽
ཕྱི་བལྟས་རྣམ་རྒྱལ་ཁང་བཟང་།།
ནང་བལྟས་གསེར་གྱི་ཀ་བ།།
ཀ་བ་ས་ལ་མི་ཐུག།
སིང་སིང་འུར་སྒྲ་སྒྲོག་མཁས།།
༼དྲིལ་བུ།༽
བླ་མ་གཅིག་ལ་སློབ་མ་གཉིས།།
བླ་སློབ་གསུམ་པོ་སྒོམ་ལ་བཞུགས།།
སྒོམ་རྒྱགས་འདུ་ཁང་ཀླད་ན་ཡོད།།
༼རི་དྭགས་ཆོས་འཁོར།༽
གཉིས་ཀར་འགྲུབ་པ་མང་ཉུང་མེད།།
ཞག་འདུག་བྱེད་མཁན་གཅིག་ཀྱང་མེད།།
༼ལྷམ།༽
ཤོག་ཁུག་གྲུ་བཞི་གླིང་བཞི།།
འཕྲེན་ས་ལྕགས་སྒམ་ལྗང་ཁུ།།
འགྲོ་སྤྱད་སྣ་མ་སྣ་ཚོགས།།
ཐོན་ན་ཁ་བརྡ་རྐྱང་རྐྱང་།།
༼འཕྲིན་ཡིག༽
ནག་རིལ་ནག་ཆུང་ཧེ་རུ་ཀ།
ས་ལ་ས་ལའི་རྒྱན་ཆ་ཅན།།
ས་བདག་རྒྱལ་པོས་དམ་ལ་བཏགས།།
༼བཏགས་ཁྱི།༽
གོ་ཁའི་རྒན་མོ་དཀང་རིལ་མ།།
རེ་རེ་འཕག་དུས་ཇེ་ཆེར་འགྲོ།།
༼འཕང་འཁལ་བ།༽
སོག་པོའི་མཛོ་མོ་ཐིག་བརྒྱ་མ།།
མ་ཁེད་མ་ནི་འབྲུ་བརྒྱ་དགོས།།
༼བརྒྱ་མ།༽
དགོན་ཆུང་གཅིག་གིས་ནང་ན།།
བན་དེ་བརྒྱ་དང་བརྒྱད་ཡོད།།
༼སེའུ་འབྲི།༽
གསེར་ཁྲི་སེར་པོའི་ཡང་སྟེང་ན།།
རྩ་བའི་བླ་མ་གདན་ལ་བཞུགས།།
༼མཆོད་མེ།༽
མགོ་ཨ་ལུང་། །
དཀྱིལ་མེ་ལོང་། །
རྔ་མ་སྦྲུལ་ཞགས། །
༼འུར་རྡོ།༽
དཀར་སང་དཀར་པོ་དུང་འདྲ་འདྲ།།
ནག་སར་ནག་པོ་སྣག་ཚ་འདྲ་འདྲ།།
སྐུ་ལུས་ཡག་པོ་བུམ་ཆུང་འདྲ་འདྲ།།
གསུང་སྐད་སྙེན་མོ་རྒྱ་གླིང་འདྲ་འདྲ།།
༼ཁྲུང་ཁྲུང་།༽
སྐྱ་རིང་མཁར་གྱི་ནང་ཤོད་ན།།
དཀར་པོ་དུང་གི་ཡར་སྟོད་ན།།
གསེར་གྱི་རིལ་བུ་རང་བབ་ཞིག།
༼རྐྱལ་བ་ནང་གི་མར།༽
རྒྱང་བལྟས་ཡག་པོ་སྡག་ལྦ་མོའི་གྲ་དང་འདྲ།།
ལུས་ལ་ཐུག་ན་ནག་པོ་དགྲ་དང་འདྲ།།
མེད་ན་མི་རུང་ཤིན་དུ་མཁོ་དགོས་ཆེ།།
༼མེ།༽
ཕ་གནམ་ལ་དབྱངས།།
བུ་གཞན་དུ་འཁྱམས།།
༼ལྡེ་མིག༽
ལྕགས་ཀྱི་མཆུ་ཏོ་ཅན།།
ཀོ་བའི་རྣ་ལོང་ཅན།།
དབྱར་ཟླ་གསུམ་ལ་མཚམས་ལ་འདུག།
དགུན་ཟླ་གསུམ་ལ་དམ་ལ་འདོགས།།
༼ལྕགས་ཕུར།༽
རྟ་དམར་པོ་རུ་ལ་སོང་།།
སྟན་ནག་པོ་ཤུལ་དུ་ལུས།།
༼རི་ལ་མེ་ཤོར་བ།༽
མགོ་རིན་ཆེན་རྒྱན་ཡག།
སོག་པ་སྟོང་སྐུད་འཁྱིལ་ཡག།
རྔ་མ་འཇའ་མཚོན་ལྡེན་ཡག།
༼རྨ་བྱ།༽
གཅིག་ནི་རི་བོའི་གཡས་ན་ཡོད།།
གཅིག་ནི་རི་བོའི་གཡོན་ན་ཡོད།།
ཕན་ཚུན་ཁ་བརྡ་ཅི་ཡང་ཚོར།།
མི་ཚེ་གང་པོར་ངོ་མི་ཐུག།
༼རྣ་བ།༽
ལུག་ཐོང་རྭ་དེ་ཐད་ནས་སྐྱེས།།
ཐད་ལ་སྐྱེས་ནས་ཆད་རྒྱུ་མེད།།
ཟོས་ཟོས་ཚང་མ་ཀླད་ནས་སྐྱུག།
ཀླད་ལ་བསྐྱུགས་ནས་ཟད་རྒྱུ་མེད།།
༼འབུར་ལེན།༽
གཡུ་འབྲུག་སྔོན་མོ་གནམ་ལ་སོང་།།
༼ཇ་ཁོལ་བ།༽
སྟོང་སྡེ་བའི་རྒྱུ་མ་ཁོག་ན་ཡོད།།
སྤུན་གཉིས་ཀའི་རྒྱུ་མས་རང་མཆུ་བཅིང་།།
མཚན་མོ་རྒྱུ་མ་ཁོག་ན་བསྡུ།།
༼ལྷམ་སྒྲོག༽
སྟེང་ལྷ་ཡུལ་ནས་སེང་པྲང་སྒྲིག།
བར་གཉན་ཡུལ་ནས་འཁྲུག་པ་རྒྱབ།།
འོད་ཀླུ་ཡུལ་ནས་ཁ་བ་འབབ།།
༼ནས་འཐག་པ།༽
སྔོན་མོ་གཡུ་ཡི་ཐང་དཀྱིལ་ན།།
དུང་གི་མེ་ལོང་རང་བྱོན་ཞིག།
༼ཉ་གང་ཟླ་བ།༽
འགྲོ་དུས་གསེག་དང་གསེག་ནས་འགྲོ།།
འདུས་དུས་འགྲམ་དང་འགྲམ་ནས་འདུག།
༼གྲུ།༽
སེམས་ཅན་ཐམས་ཅད་ཉལ་ནས་འཆི།།
གསེར་གྱི་ཀ་བ་ལངས་ནས་འཆི།།
༼སྤོས་ཐུར།༽
ས་ནག་གད་པའི་ཡང་སྟེང་ན།།
ར་ནག་རྡོ་རྗེ་ཐ་ར་ར།།
༼གྲོག་མའི་ཚང།༽
ཁྲི་གཅིག་ཁྲི་གཉིས་ཁྲི་མ་འབུམ།།
ཁྲི་མ་འབུམ་གྱི་ཡང་སྟེང་ན།།
གཡང་མོ་ལུག་གིས་གང་ནས་ཡོད།།
༼རམ་བུའི་མེ་ཏོག༽
བྲག་ཐོག་ལུ་གུ་རྩེ་རྩེ།།
བྲག་ཞབས་ཁ་བ་འབབ་འབབ།།
༼ནས་འཐག་པ།༽
བྲག་ཐོག་རྒྱལ་མཚོ་འཁྱིལ་ཉལ་མ།།
མགོ་བོ་བཀྱགས་དུས་སིག་གེ་འགྲོ།།
༼སྦྲུལ༽
དང་པོ་ཁ་མཚར་ཀུན་གྱི་གཞི།།
བར་དུ་རིག་པ་འགྱེད་པའི་ཐབས།།
ཐ་མ་དགེ་བ་སྒྲུབ་པའི་ཆོས།།
༼གབ་ཚིག༽
ཐོན་མ་རེན་གོང་ནས་སྔོན་ལ་ཐོན།།
འཆི་མ་རན་གོང་ནས་སྔོན་ལ་འཆི།།
༼མེ་ཏོག༽
སྒོར་མོ་རྡོ་ཡི་གྲ་གྲས།།
སྲ་མོ་ལྕགས་ཀྱིས་གྲ་གྲས།།
སྙིང་མོ་བལ་གྱི་གྲ་གྲས།།
དེ་གསུམ་འཛོམས་ན་ཇ་ཞིག།
༼མེ་ཆ།༽
དཀར་ཆུང་གངས་རིའི་འགོ་ལ།།
དམར་ཆུང་བྱུ་རུའི་ཕྲ་རྒྱན་འདྲ།།
༼ཞོ་གྲོ་མ།༽
དཀྱིལ་འཁོར་བར་སྣང་ཁམས་ན་བཞེངས།།
ལྷ་བཟོ་དཀྱིལ་འཁོར་དབུས་སུ་བཞུགས།།
༼རྒྱ་ནང་གི་སྡོམ།༽
བྱུ་རུ་དམར་པོའི་ཐོར་ཚུགས་ཅན།།
འཇའ་མཚོན་སྣ་ལྔའི་དར་གོས་ཅན།།
ཁ་ནས་དྲག་པོའི་སྔགས་འདོན་མཁན།།
༼ཁྱིམ་བྱ་དེ་ཕོ།༽
དུག་ཧ་ལ་ནག་པོ་གཏེར་ལ་སྦས།།
མགོ་རལ་བ་རྫིག་གེར་ཕྱིན་ལ་ཐོན།།
མགར་བས་མ་མགར་ཁྲོ་རིལ་རྒྱལ།།
གཡུག་ནི་མི་དགོས་སུ་ལི་ལི།།
༼ཐང་ཁྲོམ།༽
དང་བོ་མཛོ་མོའི་རྭ་དང་འདྲ།།
བར་དུ་དཀྱིལ་འཁོར་ཐིག་དང་འདྲ།།
ཐ་མ་རྐུ་མའི་བརྐུས་པ་འདྲ།།
༼ཟླ་བ།༽
སྲིད་པའི་བྱ་ནག་གཤོག་རིང་།།
རྒྱབ་གཤོག་གཅིག་དཀར་གཅིག་ནག།
༼ཟླ་བ།༽
གོས་ཆེན་སེར་པོའི་གུར་ནང་ན།།
དུང་གི་ཟླ་བ་ཐོར་ཅོག་ཅན།།
༼ཨུཏྤལ་སེར་པོ།༽
གུར་དཀར་པོ་གསེར་གྱི་རྩིབ་མ་བརྒྱ།།
ནང་ཀ་བ་གཅིག་གིས་གནམ་ལ་བཀྱགས།།
༼ཤ་མོ།༽
ནག་ར་ཁ་ཆེའི་ཁ་ནང་ན།།
དམར་ལུ་སྤུ་མེད་ཐད་དུ་བཟུང་།།
དམ་ཉམས་མགོ་འགྱེས།།
བཀྱེད་ནས་བརྒྱབ།།
བཟུང་ནས་བརྒྱབ།།
༼མགར་བ།༽
སྒང་རེ་སྒང་ནས་བྲོ་ཞིག་འཁྲབ།།
ཙན་དན་ལུང་བ་འུར་གྱིས་བཀང་།།
༼རྒྱག་གླིང་།༽
འདུ་ཁང་སེར་བོའི་ཡང་ཐོག་ན།།
རྗེ་བླ་མ་གསེར་གྱི་ན་བཟའ་ཅན།།
དེ་ཉིན་མཚན་མེད་པར་སྒོམ་ལ་བཞུགས།།
༼གསེར་ཏོག༽
ཕྱི་བལྟས་རྣམ་རྒྱལ་ཁང་བཟང་།།
ནང་བལྟས་གསེར་གྱི་ཀ་བ།།
ཀ་བ་ས་ལ་མི་ཐུག།
སིང་སིང་འུར་སྒྲ་སྒྲོག་མཁས།།
༼དྲིལ་བུ།༽
བླ་མ་གཅིག་ལ་སློབ་མ་གཉིས།།
བླ་སློབ་གསུམ་པོ་སྒོམ་ལ་བཞུགས།།
སྒོམ་རྒྱགས་འདུ་ཁང་ཀླད་ན་ཡོད།།
༼རི་དྭགས་ཆོས་འཁོར།༽
གཉིས་ཀར་འགྲུབ་པ་མང་ཉུང་མེད།།
ཞག་འདུག་བྱེད་མཁན་གཅིག་ཀྱང་མེད།།
༼ལྷམ།༽
ཤོག་ཁུག་གྲུ་བཞི་གླིང་བཞི།།
འཕྲེན་ས་ལྕགས་སྒམ་ལྗང་ཁུ།།
འགྲོ་སྤྱད་སྣ་མ་སྣ་ཚོགས།།
ཐོན་ན་ཁ་བརྡ་རྐྱང་རྐྱང་།།
༼འཕྲིན་ཡིག༽
ནག་རིལ་ནག་ཆུང་ཧེ་རུ་ཀ།
ས་ལ་ས་ལའི་རྒྱན་ཆ་ཅན།།
ས་བདག་རྒྱལ་པོས་དམ་ལ་བཏགས།།
༼བཏགས་ཁྱི།༽
གོ་ཁའི་རྒན་མོ་དཀང་རིལ་མ།།
རེ་རེ་འཕག་དུས་ཇེ་ཆེར་འགྲོ།།
༼འཕང་འཁལ་བ།༽
སོག་པོའི་མཛོ་མོ་ཐིག་བརྒྱ་མ།།
མ་ཁེད་མ་ནི་འབྲུ་བརྒྱ་དགོས།།
༼བརྒྱ་མ།༽
དགོན་ཆུང་གཅིག་གིས་ནང་ན།།
བན་དེ་བརྒྱ་དང་བརྒྱད་ཡོད།།
༼སེའུ་འབྲི།༽
གསེར་ཁྲི་སེར་པོའི་ཡང་སྟེང་ན།།
རྩ་བའི་བླ་མ་གདན་ལ་བཞུགས།།
༼མཆོད་མེ།༽
མགོ་ཨ་ལུང་། །
དཀྱིལ་མེ་ལོང་། །
རྔ་མ་སྦྲུལ་ཞགས། །
༼འུར་རྡོ།༽
དཀར་སང་དཀར་པོ་དུང་འདྲ་འདྲ།།
ནག་སར་ནག་པོ་སྣག་ཚ་འདྲ་འདྲ།།
སྐུ་ལུས་ཡག་པོ་བུམ་ཆུང་འདྲ་འདྲ།།
གསུང་སྐད་སྙེན་མོ་རྒྱ་གླིང་འདྲ་འདྲ།།
༼ཁྲུང་ཁྲུང་།༽
སྐྱ་རིང་མཁར་གྱི་ནང་ཤོད་ན།།
དཀར་པོ་དུང་གི་ཡར་སྟོད་ན།།
གསེར་གྱི་རིལ་བུ་རང་བབ་ཞིག།
༼རྐྱལ་བ་ནང་གི་མར།༽
རྒྱང་བལྟས་ཡག་པོ་སྡག་ལྦ་མོའི་གྲ་དང་འདྲ།།
ལུས་ལ་ཐུག་ན་ནག་པོ་དགྲ་དང་འདྲ།།
མེད་ན་མི་རུང་ཤིན་དུ་མཁོ་དགོས་ཆེ།།
༼མེ།༽
ཕ་གནམ་ལ་དབྱངས།།
བུ་གཞན་དུ་འཁྱམས།།
༼ལྡེ་མིག༽
ལྕགས་ཀྱི་མཆུ་ཏོ་ཅན།།
ཀོ་བའི་རྣ་ལོང་ཅན།།
དབྱར་ཟླ་གསུམ་ལ་མཚམས་ལ་འདུག།
དགུན་ཟླ་གསུམ་ལ་དམ་ལ་འདོགས།།
༼ལྕགས་ཕུར།༽
རྟ་དམར་པོ་རུ་ལ་སོང་།།
སྟན་ནག་པོ་ཤུལ་དུ་ལུས།།
༼རི་ལ་མེ་ཤོར་བ།༽
མགོ་རིན་ཆེན་རྒྱན་ཡག།
སོག་པ་སྟོང་སྐུད་འཁྱིལ་ཡག།
རྔ་མ་འཇའ་མཚོན་ལྡེན་ཡག།
༼རྨ་བྱ།༽
གཅིག་ནི་རི་བོའི་གཡས་ན་ཡོད།།
གཅིག་ནི་རི་བོའི་གཡོན་ན་ཡོད།།
ཕན་ཚུན་ཁ་བརྡ་ཅི་ཡང་ཚོར།།
མི་ཚེ་གང་པོར་ངོ་མི་ཐུག།
༼རྣ་བ།༽
ལུག་ཐོང་རྭ་དེ་ཐད་ནས་སྐྱེས།།
ཐད་ལ་སྐྱེས་ནས་ཆད་རྒྱུ་མེད།།
ཟོས་ཟོས་ཚང་མ་ཀླད་ནས་སྐྱུག།
ཀླད་ལ་བསྐྱུགས་ནས་ཟད་རྒྱུ་མེད།།
༼འབུར་ལེན།༽
འབྲེལ་ཡོད་འོས་སྦྱོར།