logo

༄༅། །ཨེ་འགོག་སྐོར་གྱི་གཏམ་དཔེ་ཁག་ཅིག

རྩོམ་པ་པོ།:རྫས་ཚ་ཆོས་འཕེལ། ཡོང་ཁུངས།:དཔལ་མགོན་རྫོང་བོད་སྐད་ཨུད་རྩོམ་སྒྱུར་ཅུད། དུས་ཚོད།:2023-12-01 ཀློག་གྲངས།:

ཨེ་ཛིས་མྱི་རྫོད། བྱེ་མས་སྤང་རྫོད།

ནད་ཨེ་ཛི་འགོས་ན་བཅོས་ཐབས་མེད། ལུས་ཐལ་རྡུལ་འགོས་ན་སྤུགས་ཐབས་ཡོད།

དུག་ཨེ་ཛི་མི་འགོ་འཕྲོད་བསྟེན་དགོས། ཕྱི་དམྱལ་བར་མི་ལྷུང་དགེ་སེམས་དགོས།

མྱི་རིགས་བརླག་བྱེད་ནང་དམེ་ཡིན། མྱི་རྗེས་གཅོད་བྱེད་ཨེ་ཛི་ཡིན།

སྦལ་བ་རྨས་མས་རོགས་ཟླ་རྫོད། ཨེ་ཛི་ནད་པས་ཕྱི་རྒྱུད་རྫོད།

སྡིག་ཨེ་ཛི་ཡོད་ན་གསང་མི་ཉན། དགེ་བྱས་རྗེས་ཡོད་ན་ངོམ་མི་ཉན།

སྤང་བྱེ་མས་གཡོགས་ན་ལག་པས་བཅོས་དགོས། ནད་ཨེ་ཛིས་བཟུང་ན་སེམས་པས་བྱམས་དགོས།

ནད་ཡོད་རུང་ཨེ་ཛི་མིན་དགོས། དགྲ་ཡོད་རུང་གཤིན་རྗེ་མི་དགོས།

ཨེ་ཛིའི་ནད་ལ་གཟབ་ཤེས་དགོས། རུལ་སུངས་ལས་ལ་གཡོལ་ཤེས་དགོས།
༡༠
སྣོད་བཅུད་རིག་གསུམ་སྲུངས་དགོས། ཉལ་ཐ་ཨེ་ཛིར་འཛེམ་དགོས།
༡༡
འཕྲོད་བསྟེན་ཤེས་བྱ་བླངས་བྱ་ཡིན། ཟས་ངན་སྤྱོད་ངན་སྤང་བྱ་ཡིན།
༡༢
མ་རྒྱུད་ངན་པས་ཕྱི་རྒྱུད་རྫོད། ཨེ་ཛི་ནད་པས་རིགས་རྒྱུད་རྫོད།
༡༣
ཨ་ཛིའི་འདྲེ་རྒོད་ཟློག་བྱེད། འཕྲོད་བསྟེན་སྔགས་རྒོད་རལ་རྫིག
༡༤
ཟས་སྤྱོད་འཕྲོད་ན་འབྱུང་བཞི་བདེ། འབྱུང་བཞི་བདེ་ན་ཨེ་འགོག་ཡིན།
༡༥
མྱི་རིགས་སྐྱོབ་བྱེད་སློབ་གསོ་ཡིན། མྱི་རྒྱུད་སྲུང་བྱེད་ཨེ་འགོག་ཡིན།
༡༦
འདོད་ཆགས་ཆེ་ན་མགོ་ཆག་ཡོང་། ཨེ་ཛི་འགོས་ན་ཚེ་ཆག་ཡོང་།
༡༧
ཨེ་འགོག་བཤད་ན་ངོ་མ་ཚ། ཕ་ས་སྲུང་ན་བག་མ་ཚ།
༡༨
སྡིག་པ་གསང་ན་འདི་ཕྱི་གཉིས་ལ་གནོད། ཨེ་ནད་གསང་ན་རང་རོགས་གཉིས་ལ་གནོད།
༡༩
ཨེ་ཛི་ནད་པར་བྱམས་དགོས། ཨེ་ཛི་ནད་ལ་སྡང་དགོས།
༢༠
ཨེ་འགོག་སྒྲུབ་ན་དཔའ་དགོས། སློབ་གསོ་སྒྲུབ་ན་བརྟན་དགོས།
འབྲེལ་ཡོད་འོས་སྦྱོར།