མདའ་བཤད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-02-15
ཀློག་གྲངས།:
གངས་སྲིན་པོ་རི་རྒྱལ་ལྷུན་པོ། །
བྱ་རྒོད་པོ་ལྡིང་བསྐོར་རྒྱག་གི །
རྟ་མཆོག་དཀར་གསེར་གྱི་གཟུངས་བཞུགས། །
གནས་བསྐལ་བ་སྟོང་གི་བང་རིམ། །
ས་ཧོར་མོ་ཁོག་གི་སྐྱེས་ལྷ། །
མདའ་ལྟོང་མོ་ཁ་ལོ་བསྒྱུར་ནས། །
སྟག་ངར་མ་འཛུམ་དྲུག་རྒོད་དུས། །
དགྲ་ཕྱོགས་བཞི་མཐའ་ནས་ལངས་དུས། །
ནང་ངན་པ་གཡང་ལ་འགུགས་དུས། །
ཕྱི་བསྟན་དགྲ་ཆམ་ལ་ཕབ་ནོ། །
སྐྱེས་གནས་རི་ས་བཅུ་དབང་ཕྱུག །
ཞལ་དཀར་པོ་དགྲ་འདུལ་དབང་ཕྱུག །
བུ་སྐྱེས་རྒྱ་ཅན་གྱི་སྐྱབས་མགོན། །
དགྲ་བགེགས་ཆེན་བར་མོའི་ཁྲོད་ན། །
ནམ་ཡིན་ཡང་རེ་ས་ཁྱོད་ཡིན། །
ཕྱི་སྐོར་ན་འཛམ་པོ་གླིང་རེད། །
ནང་སྐོར་རེ་དམག་ལུང་གཞུང་ན། །
གདུང་བཙན་པོ་དམག་གི་དཔུང་བ། །
ཁྲ་སྒར་ནས་རི་ཞིག་བཏབ་ཡོད། །
སྡེ་ཡག་པ་སེམས་དཀར་ནང་གི །
ཕྱོགས་འགོ་དཔོན་སྐྱོང་གི་ཁྲི་དཔོན། །
ནང་སྡེ་འདིའི་ཚོ་དྲུག་དཔོན་པོ། །
གསུང་དམ་ཆོས་རྩ་བའི་བླ་མ། །
དཀར་ལས་འབྲས་དབྱེ་བ་ཕྱེ་ནས། །
ཐག་ནག་པོས་མདུད་པ་གྲོལ་ནས། །
མ་སེམས་ཅན་བདེ་ལ་བཀོད་ཡོད། །
མདའ་ལེབ་མའི་ངག་རྒྱུན་རིང་མོ། །
ཆུ་བཞིན་དུ་བཞུར་རྒྱུ་མེད་རུང་། །
གནོད་སྦྱིན་ནག་པོས་རང་སྐད། །
གཅན་གཟན་གཏུམ་པོར་སྐྲག་གི །
འཛམ་གླིང་གེ་སར་རྒྱལ་བོ། །
ཕྱོགས་བཞི་དགྲ་བཞི་འདུལ་ནོ། །
དགྲ་ལྷ་ནག་པོའི་མཐུ་རེད། །
དཔའ་རྟུལ་སུམ་ཅུའི་སྟོབས་རེད། །
མདའ་ལེབ་མོའི་ངོ་སོ་ཡོད་དེ། །
གླིང་དཀར་པོའི་བསྟན་པ་རང་སྐྱོང་། །
བཙན་པོ་གདུང་གི་རྒྱུད་ན། །
མདའ་ལེབ་མོའི་ངར་ཞིག་མེད་ན། །
ཕོ་རྩལ་སྣ་དགུ་འཛོམས་མེད། །
ཡངས་ལ་སྐྱེན་པའི་ངར་མ། །
མཚོན་ཆས་རྩེ་མོ་མིན་ན། །
མངའ་ཐང་འདི་ལ་ལྟོས་ཤིག །
ཡངས་མོ་གནམ་གྱི་འོག་ནས། །
བདེ་མོ་ས་ཡི་སྟེང་ནས། །
ཚེ་དང་སྲོག་གི་བདག་པོ། །
ཁ་རྒྱབ་གཉིས་ཀྱི་རེ་ས། །
སྨུག་པོ་ལྡོང་གི་རྒྱུད་པ། །
བར་མ་ཆད་ཡུན་ཞིག་རིང་ནོ། །
མདའ་ལེབ་མོའི་བཀའ་དྲིན་ལོས་ཡིན། །
མདའ་དེ་ཡི་རིགས་ལ་དབྱེ་ན། །
རྒོད་སྲོ་རྒྱང་ཆོད་ཅན་པོ། །
ཁྲ་སྒྲོ་མྱུར་ལ་སྐྱེན་པ། །
གླག་སྒྲོ་སྟོབས་ཤུགས་ཆེ་བས། །
སུམ་སྟོད་ཁམས་གསུམ་ཟིལ་གནོན། །
བཞི་སྟོད་དགྲ་བཞི་གཉེན་པོ། །
ཤིང་མདའ་ལྕགས་མདའ་བར་ནས། །
ཁྲབ་མདེའུ་ངར་མ་རང་འཛོམས། །
དེའི་ཞོར་ར་གཞུ་ལོས་གླེང་། །
གཞུ་ཡ་མཆོག་ཤྭ་ར་དཀར་པོ། །
སྲ་མོ་རྣོ་ཡི་ཟུངས་ཡོད། །
གཞུ་མཆོག་འབྲོང་རྭ་སྨུག་པོ། །
སྙི་མོ་ལྕགས་ཀྱི་ཟུངས་ཡོད། །
དེའི་སྟེང་ན་འབྲུག་རུས་སྒ་གཉིས། །
དེའི་བར་ན་འཆང་བཟུང་སྦ་བ། །
དཔེ་བཞག་ན་ཉི་ཟླ་སྐར་གསུམ། །
ངས་དེ་འདྲ་མ་ཞིག་བཤད་དེ། །
མདའ་ལི་མའི་ངོ་སོ་བསྟོད་དོ། །
བྱ་རྒོད་པོ་ལྡིང་བསྐོར་རྒྱག་གི །
རྟ་མཆོག་དཀར་གསེར་གྱི་གཟུངས་བཞུགས། །
གནས་བསྐལ་བ་སྟོང་གི་བང་རིམ། །
ས་ཧོར་མོ་ཁོག་གི་སྐྱེས་ལྷ། །
མདའ་ལྟོང་མོ་ཁ་ལོ་བསྒྱུར་ནས། །
སྟག་ངར་མ་འཛུམ་དྲུག་རྒོད་དུས། །
དགྲ་ཕྱོགས་བཞི་མཐའ་ནས་ལངས་དུས། །
ནང་ངན་པ་གཡང་ལ་འགུགས་དུས། །
ཕྱི་བསྟན་དགྲ་ཆམ་ལ་ཕབ་ནོ། །
སྐྱེས་གནས་རི་ས་བཅུ་དབང་ཕྱུག །
ཞལ་དཀར་པོ་དགྲ་འདུལ་དབང་ཕྱུག །
བུ་སྐྱེས་རྒྱ་ཅན་གྱི་སྐྱབས་མགོན། །
དགྲ་བགེགས་ཆེན་བར་མོའི་ཁྲོད་ན། །
ནམ་ཡིན་ཡང་རེ་ས་ཁྱོད་ཡིན། །
ཕྱི་སྐོར་ན་འཛམ་པོ་གླིང་རེད། །
ནང་སྐོར་རེ་དམག་ལུང་གཞུང་ན། །
གདུང་བཙན་པོ་དམག་གི་དཔུང་བ། །
ཁྲ་སྒར་ནས་རི་ཞིག་བཏབ་ཡོད། །
སྡེ་ཡག་པ་སེམས་དཀར་ནང་གི །
ཕྱོགས་འགོ་དཔོན་སྐྱོང་གི་ཁྲི་དཔོན། །
ནང་སྡེ་འདིའི་ཚོ་དྲུག་དཔོན་པོ། །
གསུང་དམ་ཆོས་རྩ་བའི་བླ་མ། །
དཀར་ལས་འབྲས་དབྱེ་བ་ཕྱེ་ནས། །
ཐག་ནག་པོས་མདུད་པ་གྲོལ་ནས། །
མ་སེམས་ཅན་བདེ་ལ་བཀོད་ཡོད། །
མདའ་ལེབ་མའི་ངག་རྒྱུན་རིང་མོ། །
ཆུ་བཞིན་དུ་བཞུར་རྒྱུ་མེད་རུང་། །
གནོད་སྦྱིན་ནག་པོས་རང་སྐད། །
གཅན་གཟན་གཏུམ་པོར་སྐྲག་གི །
འཛམ་གླིང་གེ་སར་རྒྱལ་བོ། །
ཕྱོགས་བཞི་དགྲ་བཞི་འདུལ་ནོ། །
དགྲ་ལྷ་ནག་པོའི་མཐུ་རེད། །
དཔའ་རྟུལ་སུམ་ཅུའི་སྟོབས་རེད། །
མདའ་ལེབ་མོའི་ངོ་སོ་ཡོད་དེ། །
གླིང་དཀར་པོའི་བསྟན་པ་རང་སྐྱོང་། །
བཙན་པོ་གདུང་གི་རྒྱུད་ན། །
མདའ་ལེབ་མོའི་ངར་ཞིག་མེད་ན། །
ཕོ་རྩལ་སྣ་དགུ་འཛོམས་མེད། །
ཡངས་ལ་སྐྱེན་པའི་ངར་མ། །
མཚོན་ཆས་རྩེ་མོ་མིན་ན། །
མངའ་ཐང་འདི་ལ་ལྟོས་ཤིག །
ཡངས་མོ་གནམ་གྱི་འོག་ནས། །
བདེ་མོ་ས་ཡི་སྟེང་ནས། །
ཚེ་དང་སྲོག་གི་བདག་པོ། །
ཁ་རྒྱབ་གཉིས་ཀྱི་རེ་ས། །
སྨུག་པོ་ལྡོང་གི་རྒྱུད་པ། །
བར་མ་ཆད་ཡུན་ཞིག་རིང་ནོ། །
མདའ་ལེབ་མོའི་བཀའ་དྲིན་ལོས་ཡིན། །
མདའ་དེ་ཡི་རིགས་ལ་དབྱེ་ན། །
རྒོད་སྲོ་རྒྱང་ཆོད་ཅན་པོ། །
ཁྲ་སྒྲོ་མྱུར་ལ་སྐྱེན་པ། །
གླག་སྒྲོ་སྟོབས་ཤུགས་ཆེ་བས། །
སུམ་སྟོད་ཁམས་གསུམ་ཟིལ་གནོན། །
བཞི་སྟོད་དགྲ་བཞི་གཉེན་པོ། །
ཤིང་མདའ་ལྕགས་མདའ་བར་ནས། །
ཁྲབ་མདེའུ་ངར་མ་རང་འཛོམས། །
དེའི་ཞོར་ར་གཞུ་ལོས་གླེང་། །
གཞུ་ཡ་མཆོག་ཤྭ་ར་དཀར་པོ། །
སྲ་མོ་རྣོ་ཡི་ཟུངས་ཡོད། །
གཞུ་མཆོག་འབྲོང་རྭ་སྨུག་པོ། །
སྙི་མོ་ལྕགས་ཀྱི་ཟུངས་ཡོད། །
དེའི་སྟེང་ན་འབྲུག་རུས་སྒ་གཉིས། །
དེའི་བར་ན་འཆང་བཟུང་སྦ་བ། །
དཔེ་བཞག་ན་ཉི་ཟླ་སྐར་གསུམ། །
ངས་དེ་འདྲ་མ་ཞིག་བཤད་དེ། །
མདའ་ལི་མའི་ངོ་སོ་བསྟོད་དོ། །
འབྲེལ་ཡོད་འོས་སྦྱོར།
