བྱ་ཁུ་བྱུག་དང་འབྲེལ་བའི་གཏམ་དཔེ་འགའ།
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2026-07-27
ཀློག་གྲངས།:
ཁུ་བྱུག་སྔོན་མོའི་གསུང་སྐད་དེ།།
དགུན་ཟླ་གསུམ་གྲགས་ན་རྣམ་རྟོག་རེད།།
ཁུ་བྱུག་སྐད་ངན་གྲགས་པའི་དུས།།
མཁའ་ལྡིང་གླག་གིས་ཕབ་ལེ་འདྲ།།
བྱ་ཁུ་བྱུག་སླེབས་ཁར་ཁྭ་ཏ་སྨྱོ།།
དགུང་སྦྲང་ཆར་འབབ་ཁར་སྤྲིན་གསར་སྨྱོ།།
བྱ་ཁུ་བྱུག་སྔོན་མོ་མོན་ནས་ཡོང་།།
དབྱར་ཟླ་གསུམ་མཚར་ན་ལྷ་བྱ་རེད།།
དགུན་ཟླ་གསུམ་མཚར་ན་འདྲེ་བྱ་རེད།།
བྱ་ཁུ་བྱུག་སྔོན་མོ་མོན་ནས་འོང་།།
སྐད་དྲུག་འགྱུར་ལྷ་ཤིང་རྩེ་ནས་བརྒྱབ།།
དགའ་མི་དགའ་ལྷ་ཤིང་ཁོ་རང་རེད།།
སྡུག་མི་སྡུག་ལྷ་ཤིང་ཁོ་རང་རེད།།
ཁུ་བྱུག་མོན་ནས་མ་སླེབས་དུས།།
འཇོལ་མོས་སྐད་ངན་སྔོན་ལ་བརྒྱབ།།
སྐད་སྙན་ཁུ་བྱུག་འབྱོར་བའི་དུས།།
འཇོལ་མོ་གར་སོང་རིག་རྒྱུ་མེད།།
བྱ་ཁུ་བྱུག་སྔོན་མོ་མོན་ནས་བྱོན།།
ལྷ་ཤིང་རྩེ་ནས་དྲུག་འགྱུར་བརྒྱབ།།
ཆར་སྦྲང་ཆར་ཟིལ་མ་མ་བབས་ན།།
མོན་ཁུ་བྱུག་གསུང་སྐད་སྟོང་པ་རེད།།
བྱ་ཁུ་བྱུག་ཕུ་གྲགས་མདའ་གྲགས་ལ།།
མ་གྲགས་ས་དེ་སྟག་ལུང་རེད།།
ཡང་མིན་ན་ཁུ་བྱུག་ཁྲེལ་མེད་རེད།།
ཡང་མིན་ན་སྟག་ལུང་བསོད་ཟད་རེད།།
བྱ་ཁུ་བྱུག་སྔོན་མོས་གླིང་བཞི་བསྐོར།།
སྐད་དྲུག་འགྱུར་འཛམ་གླིང་ཀུན་ལ་བརྒྱབ།།
ཟས་ཁ་ཟས་ལྷོ་ཡུལ་མོན་ལ་བརྟེན།།
བྱ་ཁུ་བྱུག་རང་ས་བཟུང་བ་ལ།།
ཁྲ་དར་མས་གཤོག་ལམ་འགྲན་དོན་མེད།།
(གཏམ་དཔེ་ཕྱོགས་བསྒྲིགས་ལས་དྲངས།)
དགུན་ཟླ་གསུམ་གྲགས་ན་རྣམ་རྟོག་རེད།།
ཁུ་བྱུག་སྐད་ངན་གྲགས་པའི་དུས།།
མཁའ་ལྡིང་གླག་གིས་ཕབ་ལེ་འདྲ།།
བྱ་ཁུ་བྱུག་སླེབས་ཁར་ཁྭ་ཏ་སྨྱོ།།
དགུང་སྦྲང་ཆར་འབབ་ཁར་སྤྲིན་གསར་སྨྱོ།།
བྱ་ཁུ་བྱུག་སྔོན་མོ་མོན་ནས་ཡོང་།།
དབྱར་ཟླ་གསུམ་མཚར་ན་ལྷ་བྱ་རེད།།
དགུན་ཟླ་གསུམ་མཚར་ན་འདྲེ་བྱ་རེད།།
བྱ་ཁུ་བྱུག་སྔོན་མོ་མོན་ནས་འོང་།།
སྐད་དྲུག་འགྱུར་ལྷ་ཤིང་རྩེ་ནས་བརྒྱབ།།
དགའ་མི་དགའ་ལྷ་ཤིང་ཁོ་རང་རེད།།
སྡུག་མི་སྡུག་ལྷ་ཤིང་ཁོ་རང་རེད།།
ཁུ་བྱུག་མོན་ནས་མ་སླེབས་དུས།།
འཇོལ་མོས་སྐད་ངན་སྔོན་ལ་བརྒྱབ།།
སྐད་སྙན་ཁུ་བྱུག་འབྱོར་བའི་དུས།།
འཇོལ་མོ་གར་སོང་རིག་རྒྱུ་མེད།།
བྱ་ཁུ་བྱུག་སྔོན་མོ་མོན་ནས་བྱོན།།
ལྷ་ཤིང་རྩེ་ནས་དྲུག་འགྱུར་བརྒྱབ།།
ཆར་སྦྲང་ཆར་ཟིལ་མ་མ་བབས་ན།།
མོན་ཁུ་བྱུག་གསུང་སྐད་སྟོང་པ་རེད།།
བྱ་ཁུ་བྱུག་ཕུ་གྲགས་མདའ་གྲགས་ལ།།
མ་གྲགས་ས་དེ་སྟག་ལུང་རེད།།
ཡང་མིན་ན་ཁུ་བྱུག་ཁྲེལ་མེད་རེད།།
ཡང་མིན་ན་སྟག་ལུང་བསོད་ཟད་རེད།།
བྱ་ཁུ་བྱུག་སྔོན་མོས་གླིང་བཞི་བསྐོར།།
སྐད་དྲུག་འགྱུར་འཛམ་གླིང་ཀུན་ལ་བརྒྱབ།།
ཟས་ཁ་ཟས་ལྷོ་ཡུལ་མོན་ལ་བརྟེན།།
བྱ་ཁུ་བྱུག་རང་ས་བཟུང་བ་ལ།།
ཁྲ་དར་མས་གཤོག་ལམ་འགྲན་དོན་མེད།།
(གཏམ་དཔེ་ཕྱོགས་བསྒྲིགས་ལས་དྲངས།)
འབྲེལ་ཡོད་འོས་སྦྱོར།
