ཉན་ཐོས་སྡེ་བའི་ལུགས་ཀྱི་ཐུབ་པའི་མཛད་བཅུ་ངོ་སྤྲོད་བསྡུས་པ།
རྩོམ་པ་པོ།:བསམ་འགྲུབ་རྒྱལ།
ཡོང་ཁུངས།:རྔ་བའི་བོད་ཡིག་ཚགས་པར།
དུས་ཚོད།:2018-04-17
ཀློག་གྲངས།:
ཉན་ཐོས་སྡེ་བའི་ལུགས་ཀྱི་ཐུབ་པའི་མཛད་བཅུ་ངོ་སྤྲོད་བསྡུས་པ།
བསམ་འགྲུབ་རྒྱལ།
འཛམ་གླིང་ལོ་རྒྱུས་ཐོག་གྲུབ་འབྲས་གཞན་དང་མི་མཚུངས་པའི་མི་སྣ་ཁྱད་པར་ཅན་ཞིག་འཁྲུངས་མྱོང་།དེ་ཡིས་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་བསུབ་ཐབས་མེད་པའི་དྲན་ཤིང་བཞག་ཡོད།དེ་ནི་གོ་ཏ་མ་གཞོན་ནུ་དོན་གྲུབ་ཟེར་བ་དེ་ཡིན་ལ། ཁོང་གིས་མཁྱེན་དཔྱོད་ཡངས་པའི་ལྟ་བ་དང་རང་སྟེང་གི་ནུས་པར་བརྟེན་ནས་འཇིག་རྟེན་དུ་ནང་བའི་ཆོས་ལུགས་མངོན་འགྱུར་བྱས་པ་རེད།
ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་དུས་དཀྱིལ་དུ་གྲོང་ཁྱེར་སེར་སྐྱའི་ཁབ་ཀྱི་ལིམ་བུ་ནའི་ཚལ་དུ་སྐུ་འཁྲུངས། གནས་མཆོག་དེ་ཉིད་ནི་ཧི་མ་ལ་ཡའི་རི་རྒྱུད་དང་འབྲེལ་བའི་གངས་ཏི་སེའི་ཉེ་འགྲམ་དུ་ཡོད་ལ། ཁོང་གི་ཡབ་རྒྱལ་བོ་ཟས་གཙང་མ་ནི་ཤཀྱཱའི་རིགས་ཀྱི་རྒྱལ་བོ་ཡིན་པས་ཤཀྱཱའི་རིགས་ཀྱིས་དུས་ཐོག་དེར་དབང་སྒྱུར་ཞིང་རྗེས་སོར་བལ་བོའི་བྱང་ཕྱོགས་ཀྱི་རྒྱ་གར་གྱི་རི་ཁུལ་དུ་གནས་བཅས། ངག་རྒྱུན་ལྟར་ན། ཁོང་གི་ཡུམ་སྒྱུ་འཕྲུལ་མ་སྐུ་ན་ཆུང་ངུའི་དུས་སུ་རང་མངལ་སྦྲུམ། གླང་བོ་ཆེ་ཞིག་གིས་མེ་ཏོག་པདྨ་དཀར་བོ་ཞིག་མོའི་མངལ་དུ་བཞག་ཟེར། དེ་ལས་སྐུ་འཁྲུངས་པས་ན་འདི་ལ་གཞོན་ནུ་དོན་གྲུབ་མ་ཡུམ་གྱི་གློ་གཡས་པ་ནས་སྐུ་བལྟམས་པ་ཟེར།
གཉིས་པ། ཕྱོགས་བཞིར་གོམ་པ་བདུན་བདུན་སྤོས་པའི་མཛད་པ།
དོན་དངོས་ཐོག་གཞོན་ནུ་དོན་གྲུབ་ནི་བྱིས་པའི་གནས་སྐབས་དང་གཞོན་པའི་གནས་སྐབས། དར་མའི་གནས་སྐབས་ཀྱི་ནར་སོན་ཀྱི་གོ་རིམ་ནི་རྒྱ་གར་གྱི་ན་གཞོན་སྤྱིར་བཏང་ཞིག་དང་འདྲ་བ་ཡིན།ཁོང་རྒྱུན་པར་རྩེད་དགའ་དང་འདོད་ཡོན་ལ་གཡེང་བ། གླུ་དང་གར་ལ་རོལ་ནས་འཚོ་བ་བསྐྱལ། ངག་རྒྱུན་ལྟར་ན། གཞོན་ནུ་དོན་གྲུབ་སྐྱེས་མ་ཐག་ཤར་ལྷོ་ནུབ་བྱང་སྟེ་ཕྱོགས་བཞི་ལ་གོམ་པ་བདུན་བདུན་སྤོས་པས།ཁོའི་འཁྱར་འཁྱོར་གྱི་གོམ་པ་བདུན་པོ་དེ་ཡིས་མ་འོངས་པར་དོན་ཆེན་ཞིག་འབྱུང་བའི་སྔ་ལྟས་ཡིན་པའི་རྟེན་འབྲེལ་འགྲིག
གསུམ་པ། འཁོར་བ་བློས་བཏང་བའི་མཛད་པ།
ལོ་ན་གཞོན་པའི་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་བུ་མོ་གྲགས་འཛིན་མ་ཆུང་མར་བསུས་ནས་ལོ་ངོ་བཅུར་དགའ་བདེའི་དཔལ་ལ་རོལ་ནས་ལོ་ཉེར་དགུར་སོན། རྗེས་སོར་བུ་མོ་གྲགས་འཛིན་མར་བུ་གཅིག་སྐྱེས་ཤིང་མིང་ལ་སྲས་སྒྲ་གཅན་འཛིན་ཞེས་བཏགས། སྲས་སྐྱེས་པ་དང་བསྟུན་གཞོན་ནུ་དོན་གྲུབ་ཀྱི་དམིགས་ཡུལ་ལ་འགྱུར་ལྡོག་གཞན་ཞིག་བྱུང་ཞིང་དེས་མི་ཚེ་ལ་སྒུལ་ཤུགས་ཀྱང་བསྩལ་བས། ཁྱིམ་གཞིས་དང་རྒྱུ་ནོར་སྤངས་ནས་ཡུལ་གྱར་གྲྭ་བཙུན་པའི་འཚོ་བ་བསྐྱལ། རྒྱུ་ནོར་ཡོད་ཚད་བློས་བཏང་རྗེས་གསོལ་རས་ཧྲལ་ཧྲུལ་གྱོན་ཞིང་འཁར་བ་དང་ལྷུང་བཟེད་ཁོ་ན་བསྣམས་ནས་ལོ་ངོ་དྲུག་གི་རིང་ལ་གནས་ངེས་མེད་འགྲིམས། སློང་མོའི་ཚུལ་གྱིས་བསོད་སྙོམས་བྱས་ཀྱི་འཚོ་བ་རོལ་ཏེ་དཀའ་ཐུབ་ཀྱི་གནས་ལ་གཞོལ། བསོད་ནམས་ཀྱི་ཚོགས་རྫོགས་ཏེ་དབྱར་གནས་ལ་འདུག་པའི་གོ་སྐབས་ཐེངས་ཤིག་རེག་པས། ད་ལྟའི་རྒྱ་གར་གྱི་བེརྡར་ འི་ཡུལ་གྱི་བྱང་ཆུབ་ཤིང་དྲུང་དུ་ངལ་གསོ་མཛད། དེར་སྒོམ་སྒྲུབ་ལ་ཞུགས་ནས་སྐྱེ་གནས་ཀྱི་ངོ་བོར་བསམ་བློ་བཏང་བ་རེད། དེ་རྗེས་བྱང་ཆུབ་ཤིང་དྲུང་ཞེས་གྲགས་པའི་གནས་འདི་ལ་ནང་བའི་རྗེས་འཇུག་པའི་ས་ཆེན་པོའི་ལྟེ་བ་ཞེས་བསྔགས་པའི་ཡུལ་དུ་གྱུར་ལ། ཁོང་ཉིད་མ་རིགས་པའི་བཅིངས་པ་ལས་སད་དེ་ལུས་ཀྱི་དཀའ་ཐུབ་ལ་མངོན་པར་ཞུགས་པ་རེད།
བཞི་བ། དཀའ་བ་སྤྱད་པའི་མཛད་པ།
གནད་འགག་གི་དུས་སུ། གཽ་ཏ་མ་གཞོན་ནུ་དོན་གྲུབ་ཀྱིས་འཇིག་རྟེན་དང་རིན་ཐང་ལྟ་བའི་སོམ་ཉི་ལ་རྒོལ་ཅིང་ཡི་དྭགས་ལྟར་སྣང་བརྙན་གྱི་རྣམ་པར་གནས། ཉིན་མཚན་ཀུན་ཏུ། བྱང་ཆུབ་ཤིང་དྲུང་དུ་བཞུགས་ནས་ཟས་ཀྱང་བཅག་སྟེ་ཉིན་རེར་འབྲས་ཆན་རྡོག་རེའི་ཚིམ་པར་བྱས་པས་ཧ་ལམ་ཤ་རིད་ནས་ཤི་ལ་ཁད་དུ་གྱུར། ཡིད་ཀྱང་མུག་ནས་ཡོད་པའི་སྐབས་ཤིག་ལ། གློ་བུར་རྟོགས་པ་སད་ནས། ལུས་སེམས་ཀྱི་དཀའ་ཐུབ་ཁོ་ནས་སངས་རྒྱས་ཐབས་བྲལ་བའི་ངེས་ཤེས་རྒྱུད་ལ་འཁྲུངས་སོ།།
ལྔ་བ། ངེས་པར་འབྱུང་བའི་མཛད་པ།
ངག་རྒྱུན་ལྟར་ན། ཉིན་ཞིག་གཙང་བོའི་ནང་དུ་ཁྲུས་བྱས་རྗེས་ཕྱིར་ལོག་པའི་ལམ་བར་དུ། དམངས་ཕལ་བའི་བུ་མོ་ཞིག་གིས་ཁ་ཟས་སྐོར་ཞིག་དྲངས་པས་ཡི་དྭགས་ལྟར་སྣང་བའི་ལུས་པོར་གསོན་ཤུགས་རྒྱས་པ་དང་ཆབས་ཅིག ཕྱོགས་སུ་ལྷུང་བའི་སྤངས་པ་ཙམ་གྱིས་སངས་རྒྱས་ཐབས་མེད་པའི་གནས་ལུགས་རྙེད་དེ།ལོངས་སྤྱོད་ཁོ་ན་དང་ཕྱོགས་ལྷུང་གི་དཀའ་སྤྱད་ཁོ་ནའི་དབང་དུ་མི་འགྲོ་བར་བདག་མེད་རྟོགས་པའི་ཤེས་རབ་ལ་བརྟེན་ནས་ལོངས་སྤྱོད་སྤངས་རྒྱུའི་ཐབས་ལམ་ཡག་ཤོས་དེ་རྙེད་པ་རེད།
བདུད་སྡུག་ཏོ་ཅན་གྱིས་ཁོང་ལ་མཐོ་འཚམས་པའི་དུས་སུ།ཁོང་གིས་ཕྱག་རྒྱ་ཞིག་མཛད་པ་དེའང་འཛམ་གླིང་ཡོངས་ཀྱི་སྒྱུ་རྩལ་དག་གི་ཀུན་རྟོག་གི་ས་བོན་དུ་གྱུར། ཁོང་གིས་ལག་གཡས་པ་ཐུར་དུ་བསྟན་དེ་མཛུབ་རྩེ་ས་ལ་རེག་པས་གནམ་ས་གཡོས་བྱུང་། དེ་ནས་བདུད་སྡིག་ཏོ་ཅན་དང་ཁོའི་རྗེས་འཇུག་པ་རྣམས་སྐྲག་ནས་བྲོས། དེའི་དགོང་མོར་གཞོན་ནུ་དོན་གྲུབ་ཀྱིས་རྨི་ལམ་ཞིག་རྨིས་པ་ནི་དེ་སྔོན་རང་ཉིད་འཆི་བ་ལ་མངོན་པར་ཕྱོགས་ཏེ་ལྡོག་ཐབས་མེད་པ་ཞིག་བྱུང་། དེ་ནས་ཁོས་འཁོར་གྱི་གནས་དང་འཁོར་བའི་འཇིག་རྟེན་གྱི་རང་བཞིན་ངོ་མ་དེ་རྟོགས་ནས་དཀའ་བ་ཆེན་པོ་སྤྱད་པས་ངེས་འབྱུང་གི་བློ་སྐྱེས་པ་རེད།
དྲུག་པ། ཤཀྱཱའི་རིགས་ཀྱི་ཐུབ་པའི་མཛད་པ།
གཞོན་ནུ་དོན་གྲུབ་ཀྱིས་ལོ་ངོ་བཞི་བཅུའི་རིང་ལ་ཆོས་ཚན་རིང་ཐུང་ཐེངས་གཉིས་ཀ་ཧ་ལམ་ཁྲི5གསུངས་ཟེར།ལོ་ངོ་བཞི་བཅུའི་ལོ་ཟླའི་ཁྲོད་དུ་ཁོང་གི་གམ་དུ་བཅར་བའི་སློབ་མའི་ཚོགས་ཀྱིས་ཁོང་ལ་ཤཀྱཱ་མུ་ནེ་ཞེས་འབོད་ཅིང་དོན་ནི་ཤཀྱཱའི་རིགས་ཀྱི་ཐུབ་པ་ཟེར་བ་དེ་ཡིན། རིམ་བཞིན་མི་རྣམས་ཀྱིས་ཁོང་ནི་ད་ལྟའི་སངས་རྒྱས་ལ་ངོས་འཛིན། སངས་རྒྱས་ཞེས་པའི་བརྡ་ཆད་འདི་ལ་རྟག་ཏུ་གོ་བ་ལོག་པར་ལེན་གྱི་འདུག དོན་ངོ་མས་བཤད་ན། སངས་རྒྱས་ཟེར་བ་ནི་སེམས་ཀྱི་རྟོགས་པའི་ཚད་ཞིག་ལ་གོ་སྟེ་ཡོངས་སུ་སད་པའི་དོན་རེད།
བདུན་པ། ཤཱ་རིའི་བུ་དང་ཀུན་དགའ་བོའི་མཛད་པ།
ནང་བའི་ཆོས་ལུགས་ཀྱི་བརྐོས་རིས་པ་དང་རི་མོ་བས་ཆེས་ཁྱད་དུ་འཕགས་པའི་སྒྱུ་རྩལ་ཁྱད་ནོར་ལ་བརྟེན་ནས་སྟོན་པ་སངས་རྒྱས་རྗེས་ཀྱི་ལོ་ཟླའི་ནང་གི་དོན་དག་གལ་ཆེན་དག་ཟིན་ཐོར་བཀོད་ཡོད།ཚབ་མཚོན་རང་བཞིན་དུ་གྱུར་བ་ཞིག་ནི་ཁོང་གི་ཞབས་རྗེས་ཟུང་རེད། དེའི་ཐོག་ཏུ་རྩུབས་མ་ལྡན་པའི་འཁོར་ལོ་ཞིག་ཡོད།དེས་ངོ་མཚར་གྱི་གཏམ་རྒྱུད་ཞིག་མཚོན་ཡོད་དེ།སངས་རྒྱས་ཀྱི་རྗེས་འཇུག་བྲམ་ཟེ་ཞིག་གིས་སངས་རྒྱས་ཤཀྱཱ་ཐུབ་པའི་ཞབས་གཉིས་ས་ངོས་སུ་འཁོད་པར་ཤིང་རྟའི་འཁོར་ལོའི་དབྱིབས་རྩུབས་སྟོང་དང་ལྡན་པའི་རྗེས་ཤུལ་ཞིག་མཐོང་བྱུང་།འདི་ནི་ཏག་ཏག་ནང་བའི་རྗེས་འཇུག་ཐོག་མ་སྟེ་དགེ་འདུན་པའི་གྲངས་ཀ་དང་མཉམ་པ་རེད།
སྟོན་པའི་མཚན་སྙན་རིམ་བཞིན་རྒྱས་ཤིང་ཁོང་གི་ཡབ་རྒྱལ་བོ་སྲས་གཙང་མས་ཤཀྱཱའི་རིགས་རྒྱུད་ཀྱི་ཆོས་ལུགས་ལས་སྐྱེས་པ་གཅིག་ངེས་པར་དགེ་འདུན་པའི་སྡེ་ལ་ཞུགས་དགོས་པའི་ཆོས་ཀྱི་བཀའ་ཕབ།སྔ་མོའི་གསར་དར་ཆོས་ལུགས་ལ་སྐྱབས་སུ་འགྲོ་མཁན་གྱི་ཁྲོད་དུ། ཁོང་ཚོའི་ངེས་པར་བསྟེན་དགོས་པའི་སློབ་དཔོན་གཉིས་ཡོད་དེ། གཅིག་གི་མིང་ལ་ཤཱ་རིའི་བུ་དང་ཅིག་ཤོས་ཀྱི་མིང་ལ་ཀུན་དགའ་བོ་ཟེར། དེ་ལས་ཀུན་དགའ་བོ་ནི་སངས་རྒྱས་ཤཀྱཱ་ཐུབ་པ་དང་བར་ཐག་ཆེས་ཉེ་བའི་ཁོང་གི་ལག་རོགས་པ་ཡིན། འདི་གཉིས་ཉེ་འཁོར་གཞན་དག་དང་ལྷན་དུ་བརྐོས་རིས་དག་ལས་རྟག་པར་མཐོང་ཞིང་སྟོན་པའི་གཡས་གཡོན་དུ་བཞུགས་ནས་ཡོད་པ་དེ་ཡིན།
སྟོན་པ་ཤཀྱཱ་ཐུབ་པའི་འཚོ་བའི་ཁྲོད་གལ་ཆེ་བའི་མི་སྣ་གཞན་ཞིག་ནི་ཀུན་ཤེས་ཀོ་ནྱ་ཡིན། ཁོ་ནི་སྟོན་པ་ཤཀྱཱ་ཐུབ་པའི་ཕ་སྤུན་ནུ་བོ་ཡིན། སྟོན་པའི་མཛད་པ་ལ་སྡང་སེམས་འཆང་ནས་སྟོན་པ་དགུང་ལོ་བདུན་ཅུ་ཡས་མས་སུ་ངོ་ལོག་ཟིང་ཆ་བསླངས་ནས་ཐ་ན་སྟོན་པ་བཀྲོངས་རྩིས་བྱས་པའང་ཐེངས་གཅིག་མིན། དེས་རྗེས་འཇུག་ནང་ཁུལ་མི་མཐུན་པའི་དཀྲུགས་ཤིང་བཟོས་མོད། འོན་ཀྱང་ཀུན་ཤེས་ཀོ་ཊི་ནྱ་ནང་བའི་གྲས་ནས་བུད་པ་དང་། བཤད་ཚོད་ལ་ཁོ་འདས་རྗེས་སུ་དམྱལ་བའི་རིམ་པ་འོག་མར་ལྟུང་བྱུང་ཟེར།
བརྒྱད་པ། ངོ་མཚར་བའི་མཛད་པ།
སྟོན་པ་ཤཀྱཱ་ཐུབ་པ་འཁྲུངས་སའི་རིགས་རྒྱུད་ཁྲོད་མི་ལ་ལས་ཁོང་ཉིད་སངས་རྒྱས་པ་ཁས་མི་ལེན། དེ་བས། མི་རྣམས་ལ་ཡིད་ཆེས་ཡོང་བའི་ཆེད་དུ་ངོ་མཚར་བའི་མཛད་པ་ཞིག་སྟོན་དགོས་བྱུང་། ཁོང་སྐྱེས་སའི་སེར་སྐྱའི་གྲོང་དུ་མི་ངན་གདུག་པ་ཅན་དག་གི་མཐོང་ས་ནས་ནམ་མཁར་འཕགས་ཤིང་གཙུག་ཏོར་ནས་མེ་ལྕེའི་འོད་འབར། ལུས་སྨད་ནས་ཆུའི་ཟེགས་མ་གཏོར། ནམ་མཁའི་དབྱིངས་ལ་རྡོ་རྗེའི་ཕ་ལམ་གྱི་ལམ་བྱས་ནས་དེའི་ཐོག་བགྲོད་ནས་སོང་།
སྟོན་པ་ཤཀྱཱ་ཐུབ་པ་མེ་ཆུ་ལ་དབང་འབྱོར་བའི་དབང་དུ་བཏང་ན།ངག་རྒྱུན་ཁྲོད་ཁོང་གིས་ཆུ་བོ་གང་གའི་ཕྱོགས་གཉིས་རྐང་སྟེགས་སུ་བྱས་པའི་མཛད་པ་དེ་དང་བསྡུར་ཐབས་མེད། ཁོང་གི་ཡུམ་སྒྱུ་འཕྲུལ་མ་སྔ་མོ་ནས་སྐུ་གཤེགས་རྗེས་དགའ་ལྡན་གྱི་གནས་སུ་ཚེ་འཕོས། སྟོན་པ་ཁོང་ཉིད་དགའ་ལྡན་གྱི་གནས་སུ་ཕེབས་ནས་རྒྱ་གར་གྱི་རིམ་པ་སོ་གསུམ་པའི་ལྷ་གཙོ་བོའི་གནས་སུ་ཉིན་སོ་གསུམ་གྱི་རིང་ལ་མ་ཡུམ་ལ་སངས་རྒྱས་པའི་ལམ་གྱི་རིམ་པ་གསུངས་པར་མི་རྣམས་ཡིད་ཆེས་བྱེད་ཀྱི་ཡོད། ཕྱིར་མི་ཡུལ་དུ་ཕེབས་སྐབས། ཟླ་གཅིག་ལོངས་པའི་དགོང་མོ་ཞིག་ལ། དགེ་འདུན་གྱི་གནས་ཞེས་གདགས་པའི་སར་བབས། ཁོང་གིས་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་གསེར་དངུལ་རང་བཞིན་ཅན་གྱི་སྐས་གདང་ཞིག་རྫུ་འཕྲུལ་གྱིས་བྱས་ཤིང་། ས་དེ་གའི་མི་རྣམས་ཀྱི་མཐོང་ས་ནས་གཟི་བྱིན་འབར་བའི་སྒོ་ནས་རྒྱ་གར་གྱི་ལྷ་ཆེན་པོ་ཚངས་པས་གཡས་དང་བརྒྱ་བྱིན་གྱིས་གཡོན་དུ་སྐྱོར་ནས་སྟེང་དུ་ཐུར་བབས།
དགུ་བ། མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ།
སྟོན་པ་ཤཀྱཱ་ཐུབ་པ་ནི་རྒྱ་གར་ཆོས་ལུགས་ལས་ནར་སོན་པའི་རྗེས་འཇུག་ཤིག་ཡིན་ཙ་ན།རྒྱ་གར་ཆོས་ལུགས་ཀྱི་ལྷ་མང་པོར་དད་པ་ཡོད་མཁན་ཞིག་ཡིན། ཡིད་ལ་ངེས་རྒྱུའི་དོན་གལ་ཆེན་ཞིག་ནི་སྤྱིར་ན་ནང་བ་འཇིག་རྟེན་གྱི་ལྷ་ལ་མི་དད་མོད། འོན་ཀྱང་སངས་རྒྱས་ནི་རྟོགས་པ་ཆེས་མཐོ་བའི་སངས་རྒྱས་དེ་ཡིན། ཐེག་པ་ཆེན་པོའི་ལུགས་ལྟར་ན། སྟོན་པ་ཤཀྱཱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་འཇིག་རྟེན་དུ་སངས་རྒྱས་བྱོན་པ་བཞི་པ་ཡིན། ཁོང་གི་སྐྱེ་བ་སྔོན་མ་དག་ནི་སྔོན་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་སྐྱེས་པ་བཞེས་ཤིང་། མ་འོངས་སངས་རྒྱས་རྗེ་བཙུན་བྱམས་པ་ཡིན། ཐེག་པ་ཆེན་པོའི་ནང་བའི་རྗེས་འཇུག་པ་དག་ཀྱང་སངས་རྒྱས་དང་པོ་ལ་དད་ཅིང་དེ་ལས་གཞན་པའི་ལྷ་ཆེན་པོ་ལྔའམ་སངས་རྒྱས་ལྔལའང་དད། དེ་ལྔ་ལ་བསྐལ་བཟང་སངས་རྒྱས་སྟོང་གི་དང་བོའི་སྐྱེ་བར་ངོས་འཛིན་གནང་ཡོད། སངས་རྒྱས་རྣམ་པར་སྣང་མཛད་དང་མི་འཁྲུགས་པ་དང་། རིན་ཆེན་འབྱུང་གནས་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་དང་ལྔའོ། །
བཅུ་བ། སྐུ་མྱ་ངན་ལས་འདས་པའི་མཛད་པ།
རྒྱལ་བ་ཉིད་ནི་འཇིག་རྟེན་ལས་རྣམ་པར་རྒྱལ་ཏེ་མྱ་ངན་ལས་འདས་ལ། ནང་བ་བའི་རྟོགས་པའི་ཚད་ཆེས་མཐོ་བ་ཞིག་ནི་འཆི་བ་ལ་དབང་འབྱོར་བ་དེ་ལགས།གནད་ཀྱི་འགངས་འདི་ལ་སྒྱུ་རྩལ་བ་རྣམས་ཀྱིས་དང་དོད་ཆེར་བགྱིས་ཤིང་། སྒྱུ་རྩལ་གྱི་རྣམ་པ་ལ་བརྟེན་དེ་ནམ་ཡང་བརྗེད་ཐབས་བྲལ་བའི་སྣང་བརྙན་དེ་ལྟ་བུ་ཞིག་བསྐྲུན་ཀྱང་སྲིད།རྒྱལ་བ་ཁོང་སྤྱི་ལོ་སྔོན་གྱི486ལོར་སྐུ་གཤེགས་ཟེར། ཉི་མ་རེ་རེར་རྒས་བཞིན་པའི་རྒན་པོ་དེ། སྔོན་ཆད་དང་འདྲ་བའི་གོམ་སྟབས་ལ་བརྟེན་ནས་བལ་བོ་དང་ཐག་ཉེ་བའི་མཐའ་མཚམས་སྟེ་ཅིས་ཧྲི་ན་ཅ་ཟེར་བའི་སྡེ་བ་ཆུང་ཆུང་དེར་འབྱོར། དེར་འབྱོར་ནས་ཁོང་གིས་རང་ཉིད་དང་ཆེས་ཐུགས་རྒྱུད་མཐུན་པའི་དངོས་སློབ་ཞིག་དང་ལྷན་དུ་ཆེས་མཐའ་མཇུག་གི་བཞེས་པ་གནང་། ཁོང་ལུས་ཀྱི་དཀའ་ཐུབ་ལ་གནས་བའི་དུས་སྐབས་ཀྱི་ཚད་གཞི་གཞིར་བཟུང་ན། ཟས་ངན་ངོན་ལ་བསྟེན་པ་དང་། རང་གཅིག་པུས་བཞེས་བ་གནང་།དཀའ་བ་སྣ་ཚོགས་ཁྱད་དུ་བསད་ནས་ཆུ་གཙང་བོ་ཞིག་གི་འགྲམ་དུ་གསོ་སྦྱང་ལ་གནས་སྐབས་ལུས་ཀྱི་སྒྲིབ་པ་མཐའ་དག་པ་འདི་ནི་ཁོང་ཉིད་ཀྱི་འཇིག་རྟེན་འདིར་བཞུགས་པའི་ཆེས་མཐའ་མཇུག་གི་མཛད་པ་ངོ་མཚར་ཅན་ཞིག་གོ།
མཇུག་མཐར་མལ་ཁྲིའི་སྟེང་དུ་དབུ་བྱང་ཕྱོགས་ལ་ཕྱོགས་ཤིང་ལུས་གཡོན་པའི་རྩུབས་གཞོགས་ལ་བསྟེན་ནས་དེའི་ནུབ་མོར་སྐུ་མྱ་ངན་ལས་འདས་ནས་ཁོང་གི་ཉེ་གནས་ཤིག་གིས་གདུང་མེ་ལྷར་ཕུལ་བར་བཞེད།
འབྲེལ་ཡོད་འོས་སྦྱོར།