སློབ་དཔོན་ཕྱོགས་གླང་གི་གཏན་ཚིགས་རིག་པ་གསར་མའི་སྒྲུབ་ངག་ལ་དཔྱད་པ།
རྩོམ་པ་པོ།:ཤ་བོ་ཐར
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-01-07
ཀློག་གྲངས།:
གཉིས་པ། ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་གི་དཔེ་ལ་བརྟག་པ།
དེ་ཡང་སྨྲ་བའི་དབང་ཕྱུག་ཆེན་མོ་སློབ་དཔོན་ཕྱོགས་ཀྱི་གླང་བོའི་ཡར་སྔོན་དུ་ཕྱི་ནང་ཐུན་མོང་དུ་ཁས་ལེན་པའི་གཞན་དོན་རྗེས་དཔག་གི་རྟེན་དུ་གྱུར་བའི་སྒྲུབ་ངག་གི་རྣམ་པ་ནི་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་ཡིན་ལ། དེར་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་གཏན་ཚིགས་རྙིང་མ་ཞེས་མཚན་གསོལ་ཞིང་། སློབ་དཔོན་ཕྱོགས་གླང་གིས་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་དེ་ལྷག་ཆད་ཟློས་གསུམ་གྱི་སྐྱོན་དུ་མཐོང་ནས་ལེགས་པར་བཀག་སྟེ། རྟགས་ཆོས་ཀྱི་འབྲེལ་བ་མེད་ན་མི་འབྱུང་བའི་ལྟ་གྲུབ་གསར་དུ་རྙེད་ནས་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་གི་སྲོལ་ལེགས་པར་ཕྱེ་ལ། དེར་མཁས་མང་རྣམས་ཀྱིས་གཏན་ཚིགས་གསར་མ་ཞེས་བརྗོད། འོ་ན་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་སྐྱོན་ཅན་ཇི་ལྟ་བུ་ཞེ་ན།
དཔེར་ན།
སྒྲ་ནི་མི་རྟག་སྟེ། (དམ་བཅའ)
བྱས་པའི་ཕྱིར། (གཏན་ཚིགས)
དཔེར་ན་བུམ་པ་བཞིན།(དཔེ)
བུམ་པ་བྱས་པ་བཞིན་དུ་སྒྲ་ཡང་བྱས། (ཉེ་བར་སྦྱར་བ)
དེའི་ཕྱིར་སྒྲ་མི་རྟག (མཇུག་སྡུད)ཅེས་པའི་སྒྲུབ་ངག་ལྟ་བུ། ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་དེར《ཀུན་བཏུས་རང་འགྲེལ》ལས། “ཡན་ལག་རྣམས་ལས་གང་རྗེས་སུ་དཔག་པར་བྱ་བ་བསྟན་པ་དེ་ནི་ཁོ་བོ་ཅག་གི་སྒྲུབ་བྱེད་དུ་མི་འདོད་དེ། དེ་ཉིད་ཐེ་ཚོམ་སྐྱེད་པར་བྱེད་པའི་ཕྱིར་རོ།།”[15]ཞེས་གསུངས་པ་ལྟར། རྗེས་སུ་དཔག་པར་བྱ་བའམ་དམ་བཅའ་སྒྲུབ་བྱེད་དུ་འགོད་པ་མི་འཐད་དེ། དམ་བཅའ་སྒྲུབ་བྱེད་དུ་བཀོད་ཀྱང་ནུས་པ་གང་ཡང་མེད་པར་སྔར་ཀྱི་རྗེས་སུ་དཔག་པ་ལ་ཐེ་ཚོམ་བསྐྱེད་པར་བྱེད་དོ།། ཡང་གཞུང་དེ་ཉིད་ལས། “གཞན་གྱི་ཤེས་པར་འདོད་པ་ལ་སོགས་པའི་ཡན་ལག་ཉེ་བར་སྦྱར་བ་དང་མཇུག་སྡུད་དག་ནི་འདིར་བསལ་བ་ཡིན་ནོ།།”[16]ཞེས་གསུངས་པ་བཞིན། ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་ནི་ལྷག་པ་དང་། བཟློས་པ་དང་། ཆད་པ་བཅས་ཀྱི་སྐྱོན་དང་བཅས་པ་ཡིན་ཏེ། དམ་བཅའ་དང་ཉེ་བར་སྦྱར་དང་། མཇུག་སྡུད་གསུམ་པོ་བརྗོད་པ་ལྷག་པའི་སྐྱོན་ཡོད་པ་དང་། ཉེ་བར་སྦྱར་བའི་ཁྲོད་དུ“སྒྲ་ཡང་བྱས”ཞེས་ཕྱོགས་ཆོས་བརྗོད་པ་ནི་ཟློས་པའི་ཕྱིར་དང་། མཇུག་སྡུད་དང་དམ་བཅའ་གཉིས་བརྗོད་པ་ཟློས་པའི་སྐྱོན་ཡོད་པའི་ཕྱིར་རོ།། གཞན་ཡང་དེ་ལྟ་བུའི་སྒྲུབ་ངག་ལ་ཆད་པའི་སྐྱོན་ཡོད་དེ། དཔེ་དངོས་སུ་བསྟན་ཀྱང་ཁྱབ་པ་དངོས་སུ་མ་བསྟན་པ་ཆད་པའི་ཕྱིར། དེའི་ཕྱིར་སློད་དཔོན་གྱིས་སྒྲུབ་ངག་གི་སྐྱོན་དེ་དག་བསལ་ཏེ་ཡན་ལག་གསུམ་ལྡན་དུ་བཏང་བ་ནི་འདི་ལྟ་སྟེ།
སྒྲ་མི་རྟག་སྟེ། (དམ་བཅའ)
བྱས་པའི་ཕྱིར། (གཏན་ཚིགས)
གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། (མཐུན་དཔེ)
གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན།(མི་མཐུན་དཔེ)ཞེས་པ་ལྟ་བུའི་སྒྲུབ་ངག་འདིར་ཡན་ལག་གསུམ་དང་ལྡན་པ་ཡིན་ཏེ། དམ་བཅའ་དང་གཏན་ཚིགས་དང་དཔེ་བཅས་གསུམ་གྱིས་གྲུབ་པའི་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་ཅིག་ཡིན། སྒྲུབ་ངག་འདིས་གོང་གི་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་གི་ལྷག་བཟློས་ཀྱི་སྐྱོན་རྣམས་བསལ་ཅིང་དཔེ་དང་ཁྱབ་པ་དངོས་སུ་བསྟན་པའི་སྒྲུབ་ངག་ཡིན་ཏེ། 《རིགས་པ་ལ་འཇུག་པ》ལས། “དཔེར་ན་སྒྲ་མི་རྟག་པར་སྒྲུབ་པ་ནི་དམ་བཅའ་བའི་ཚིག་ཡིན་ནོ།། བྱས་པའི་ཕྱིར་ནི་གཏན་ཚིགས་ཡིན་ནོ།། གང་བྱས་པ་དེ་མི་རྟག་པར་མཐོང་སྟེ་བུམ་པ་ལ་སོགས་པ་བཞིན་ནོ།། མཐུན་ཕྱོགས་སུ་བརྗོད་ལ་ཡོད་པའི་རྗེས་འགྲོ་ཡིན་ནོ།། གང་རྟག་པ་དེ་བྱས་པ་མ་ཡིན་པར་མཐོང་སྟེ་ནམ་མཁའ་བཞིན་ནོ།། ལྡོག་པར་བརྗོད་ལ”[17]ཞེས་གསུངས་པར་སྒྲུབ་ངག་དེའི་གྲུབ་ཆ་གསལ་བོར་བསྟན་ཅིང་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཡང་གསལ་བོར་བཀོད་ཡོད། དེ་ཡང་སྒྲ་མི་རྟག་པ་ནི་བསྒྲུབ་བྱ་དང་། བྱས་པའི་ཕྱིར་ཞེས་པའི་སྐབས་ཀྱི་བྱས་པ་དེ་སྒྲུབ་ཀྱི་ཕྱོགས་ཀྱི་ཆོས་ཡིན་ནོ།། “གང་བྱས་ན་མི་རྟག་པས་ཁྱབ”ཅེས་རྟགས་དེ་བསྒྲུབ་བྱའི་ཆོས་ཀྱི་སྤྱིའི་མཐུན་ཕྱོགས་སུ་ཡོད་པར་སྟོན་པའི་རྗེས་ཁྱབ་ཡིན་ལ། དེ་སྒྲུབ་ཀྱི་མཐུན་དཔེ་ནི་བུམ་པ་བཀོད་དེ། བུམ་པའི་སྟེང་དུ་བྱས་པ་དང་བྱས་ན་མི་རྟག་པས་ཁྱབ་པའི་རྟགས་ལ་བརྟེན་ནས“གང་བྱས་ན་མི་རྟག་པས་ཁྱབ”ཅེས་རྗེས་ཁྱབ་སྒྲུབ་པར་བྱེད་པ་ཡིན། “གང་རྟག་ན་མ་བྱས་པས་ཁྱབ”ཅེས་པའི་རྟགས་དེ་བསྒྲུབ་བྱའི་ཆོས་ཀྱི་སྤྱིའི་མི་མཐུན་ཕྱོགས་ལ་མེད་པར་སྟོན་པའི་ལྡོག་ཁྱབ་ཡིན་ལ། དེ་སྒྲུབ་ཀྱི་མི་མཐུན་དཔེ་ནམ་མཁའ་བཀོད་དེ། ནམ་མཁའི་སྟེང་དུ་བྱས་པ་མ་ཡིན་ན་མི་རྟག་པ་མ་ཡིན་པས་ཁྱབ་པའི་རྟགས་ལ་བརྟེན་ནས“གང་རྟག་ན་མ་བྱས་པས་ཁྱབ”ཅེས་པའི་ལྡོག་ཁྱབ་སྒྲུབ་པར་བྱེད་ལ། དེས་ན་མཐུན་དཔེ“བུམ་པ”དང་མི་མཐུན་དཔེ“ནམ་མཁའ”གཉིས་ཀྱི་བྱེད་ལས་ནི། ཕྱོགས་བསྡུས་རྗེས་དཔག(归纳推理)གི་རིགས་པ་ལ་བརྟེན་ནས“གང་བྱས་ན་མི་རྟག་པས་ཁྱབ”ཅེས་པ་དང“གང་རྟག་ན་མ་བྱས་པས་ཁྱབ”ཅེས་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་སྒྲུབ་པར་བྱེད་པ་ཡིན་ལ། དེ་ཡང་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་གི་དཔེའི་བྱེད་ལས་ལྟར་མཚུངས་ཆོས་རིགས་བསྒྲེའི་རྗེས་དཔག(类比推理)གི་ཐབས་ལ་བརྟེན་ནས་སྒྲུབ་བྱ་སྒྲུབ་པ་ཞིག་མ་ཡིན་པར། བྱེ་བྲག་གི་ཆོས་བུམ་པ་གཅིག་པུའི་་སྟེང་དུ་བུམ་པ་བྱས་པ་ཡིན་པ་དང་། བྱས་ན་མི་རྟག་པས་ཁྱབ་པ་རྒྱུན་མཚན་དུ་བྱས་ནས་གང་བྱས་པ་ཡིན་པ་ཐམས་ཅད་མི་རྟག་པ་ཡིན་དགོས་པར་ཕྱོགས་བསྡུས་བྱས་པའི་རྗེས་དཔག་གི་རྣམ་པ་ཞིག་ཡིན། རྣམ་པ་འདི་ལ་སྡོམ་ཚིག་རྣམ་དག་ཅིག་ཐོབ་ངེས་པ་མ་ཡིན་ཏེ། བྱས་པའི་ཁྱད་ཆོས་ལྡན་པའི་བྱེ་བྲག་གི་ཆོས་བུམ་པ་གཅིག་པུའི་སྟེང་ནས་བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་རྟགས་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཆོས་ཉིད་ཅིག་གཏན་ལ་དབབ་པ་དང་ཀུན་ནས་མཚུངས་ཕྱིར། དཔེ་བུམ་པ་གཅིག་པུའི་་སྟེང་དེ་སྒྲུབ་ཀྱི་ཁྱབ་པ་ཚད་མས་ངེས་ནའང་དངོས་པོ་ཐམས་ཅད་ཀྱི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ཚད་མས་ངེས་པའི་མ་ཁྱབ། དེའི་ཕྱིར་ཕྱོགས་བསྡུས་རྗེས་དཔག་གི་རིགས་པ་ལ་བརྟེན་ནས་བསྒྲུབ་བྱ་སྒྲུབ་པའི་རྣམ་པ་དེ་ནི་སྡོམ་ཚིག་གམ་མཇུག་སྡུད་རྣམ་དག་ཅིག་ཐོབ་ངེས་པ་མ་ཡིན་པར་ཐོབ་སྲིད་པ་ཞིག་ཡིན་ནོ།།
དེ་ཡང་སྒྲུབ་ངག་འདིའི་སྤྱིའི་རྗེས་དཔག་གི་རྣམ་པའི་ཆ་ནས་རྣམ་འབྱེད་རྗེས་དཔག་གི་ཚན་གསུམ་སྒྲུབ་ངག་གི་རྣམ་པ་དང་མཚུངས་ལ། སྒྲུབ་བྱེད་ཆེ་བ”གང་བྱས་ན་མི་རྟག་པས་ཁྱབ”ཅེས་པ་དང“གང་རྟག་ན་མ་བྱས་པས་ཁྱབ”ཅེས་པ་སྒྲུབ་པའི་ཕྱིར་དཔེ་ཆོས་ཅན་བུམ་པ་དང་ནམ་མཁའ་གཉིས་བཀོད་པ་ཡིན། དེའི་ཕྱིར་དཔེ་ཆོས་ཅན་བུམ་པ་དང་ནམ་མཁའ་གཉིས་ཀྱིས་བསྒྲུབ་བྱ“སྒྲ་མི་རྟག་པ”ཐད་ཀར་སྒྲུབ་པ་མ་ཡིན་པར། སྒྲུབ་བྱེད་ཆེ་བ”གང་བྱས་ན་མི་རྟག་པས་ཁྱབ”ཅེས་པ་དང“གང་རྟག་ན་མ་བྱས་པས་ཁྱབ”ཅེས་པ་ཐད་ཀར་སྒྲུབ་པ་ལ་བརྟེན་ནས་བསྒྲུབ་བྱ“སྒྲ་མི་རྟག་པ”བརྒྱུད་ནས་སྒྲུབ་པ་ཞིག་ཡིན། གཞན་རྟགས་ཀྱི་ཚུལ་གསུམ་གྱི་ལམ་ནས་སྒྲུབ་ངག་གི་དཔེ་ལ་དཔྱད་ན། སློབ་དཔོན་ཕྱོགས་གླང་གིས་དེ་སྒྲུབ་ཀྱི་གཏན་ཚིགས་ལ་ཚུལ་གསུམ་ཚང་ན་ད་གཟོད་རྟགས་ཡང་དག་ཏུ་བཤད་པས། རྟགས་ཡང་དག་གི་མཚན་ཉིད་ནི་ཚུལ་གསུམ་ཚང་བ་ཞེས་བཀོད། དེ་ཡང་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་ཏུ་རྟགས་ཀྱི་ཚུལ་གསུམ་སྟེ། ཕྱོགས་ཆོས་དང་རྗེས་ཁྱབ་ལྡོག་ཁྱབ་གསུམ་གསལ་བོར་བསྟན་ལ། རྒྱ་ནག་གི་མཁས་པ་རྣམས་ཀྱིས་ཕྱོགས་ཀྱི་ཁྱད་ཆོས་བརྗོད་པའི་ཡན་ལག་བྱས་པ་ཁོ་ནར་མ་གཏོགས་རྟགས་ཞེས་བརྗོད་པར་མི་རིགས་ཤིང་། རྟགས་ཚུལ་གཉིས་པ་དང་གསུམ་པ་སྟེ་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་སྒྲུབ་བྱེད་ཀྱི་མཐུན་དཔེ་བུམ་པ་དང་མི་མཐུན་དཔེ་ནམ་མཁའ་གཉིས་ལ་དཔེ་ཞེས་བརྗོད་པར་མ་ཟད། དེ་སྒྲུབ་ཀྱི་ཡུལ་དུ་གྱུར་བའི་རྗེས་ཁྱབ་དང་ལྡོག་ཁྱབ་བརྗོད་པ་གཉིས་ལ་ཡང་དཔེ་ཞེས་བརྗོད་དོ།། དེ་ལྟར་ན། དེ་སྒྲུབ་ཀྱི་སྒྲུབ་བྱེད་བུམ་པ་དང་ནམ་མཁའི་རྟགས་ལ་བརྟེན་ནས་བསྒྲུབ་བྱ”གང་བྱས་ན་མི་རྟག་པས་ཁྱབ”ཅེས་པ་དང“གང་རྟག་ན་མ་བྱས་པས་ཁྱབ”ཅེས་པ་སྒྲུབ་པའི་སྒྲུབ་བྱེད་དང་བསྒྲུབ་བྱ་གཉིས་ལ་དཔེ་ཞེས་པར་སྣང་པས། དེ་སྒྲུབ་ཀྱི་བསྒྲུབ་བྱ་དང་སྒྲུབ་པར་བྱེད་པའི་གཏན་ཚིགས་གཉིས་ལ་དཔེ་ཞེས་བརྗོད་པ་ནི་སློབ་དཔོན་གྱི་དགོངས་པ་དང་མཐུན་པ་ཕར་ཞོག་གཏན་ཚིགས་རིགས་པ་ལ་ཡང་འགལ་ལོ།། དེའི་ཕྱིར་རྗེས་ལྡོག་གི་ཁྱབ་པ་སྒྲུབ་བྱེད་དུ་གྱུར་བའི་ཆོས་ལ་དཔེའི་ཡན་ལག་ཅེས་བརྗོད་པ་མ་གཏོགས། སྒྲུབ་བྱའི་ཡུལ་དུ་གྱུར་བའི་རྗེས་ལྡོག་གཉིས་ལ་དཔེ་ཞེས་བརྗོད་པ་མི་འཐད་དོོ།། དེ་ན་སློབ་དཔོན་མཆོག་གི་གཏན་ཚིགས་གསར་མའི་སྒྲུབ་ངག་གི་དཔེ་དེར་ནུས་པ་ཅི་ཞིག་ཡོད་ཅེ་ན། ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་གི་དཔེ་ལ་ནུས་པ་ཆེན་པོ་ཡོད་དེ། རྗེ་རིན་པོ་ཆེས“ཁྱབ་པ་ལ་དཔེ་དགོས་པའི་རྒྱུ་མཚན་ནི། བྱས་པ་ལ་མི་རྟག་པས་ཁྱབ་པ་དེ་ངེས་པའི་གཞི་མེད་མི་རུང་སྟེ། གཞི་དང་མ་འབྲེལ་བ་ཚད་མའི་གཞལ་བྱར་མི་རུང་བའི་ཕྱིར་རོ།།[18]”ཞེས་གསུངས་པ་བཞིན། ང་ཚོས་རྗེས་ལྡོག་གི་ཁྱབ་པ་ངེས་པའི་ཚེ་བྱེ་བྲག་གི་དཔེར་བརྗོད་གཅིག་ལ་བརྟེན་དགོས་པས། དེ་ནི་དཔེའི་ནུས་པ་ཡིན་ནོ།། གལ་ཏེ་མཐུན་དཔེ་ཡང་དག་ཅིག་མེད་ཚེ། ཕྱི་རྒོལ་གྱིས་ཚད་མའི་ལམ་ནས་རྗེས་ལྡོག་གི་ཁྱབ་པ་རྟོགས་པར་མི་ནུས་ལ། ཚན་གསུམ་སྒྲུབ་ངག་གི་སྒྲུབ་བྱེད་ཆེ་བ་ཡང་མི་འགྲུབ་པས། རྗེས་སུ་དཔག་ཐབས་དང་བྲལ་བ་ཡིན་ནོ།། དེའི་ཕྱིར་སློབ་དཔོན་ཕྱོགས་གླང་གི་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་གི་དཔེར་ནུས་པ་ཡོད་པར་མ་ཟད་མེད་ན་མི་འགྲུབ་པའི་ནུས་པ་ཆེན་པོ་ཡོད་དོ།། འདི་ནི་སློབ་དཔོན་མཆོག་གི་སྒྲུབ་ངག་གི་ཁྱད་ཆོས་ཡིན་ལ་ཐུན་མིན་གྱི་འཕེལ་རྒྱས་ཆེན་པོ་ཞིག་ཀྱང་ཡིན་ནོ།།

འབྲེལ་ཡོད་འོས་སྦྱོར།
-
སློབ་དཔོན་ཕྱོགས་གླང་གི་གཏན་ཚིགས་རིག་པ་གསར་མའི་སྒྲུ...