logo

བདེན་སྣང་གིས་ཕྱུག་པའི་སྒྱུ་རྩལ་གྱི་འཇིག་རྟེན།

རྩོམ་པ་པོ།:རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-24 ཀློག་གྲངས།:

མཇུག་བསྡུ་བའི་གཏམ།

        གོང་གསལ་སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་གསར་རྩོམ་གྱི་སྤྱི་ཁོག་ཁྱད་ཆོས་ལ་བལྟས་ན། ཁོའི་བརྩམས་སྒྲུང་ཁྲོད་ཀྱི་བརྗོད་བྱ་ཕལ་ཆེ་བ་རོང་འབྲོག་ཁུལ་དུ་འཚོ་གནས་ལ་རོལ་བཞིན་པའི་མི་སེར་དཀྱུས་མའི་ལས་དབང་དང་རྒྱུན་གཏན་གྱི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་མཚོན་པ་གཙོ་བོར་བྱས་ཡོད་པས་ཁོང་ནི་བོད་ཀྱི་ཤང་གྲོང་གི་རྩོམ་པ་པོའི(乡土作家)ཚབ་མཚོན་མི་སྣ་རེད་ཅེས་བརྗོད་ན་ཆོག་པར་སྙམ། ཁོའི་བརྩམས་སྒྲུང་དག་སྒྱུ་རྩལ་མཚོན་ཐབས་ཕུན་སུམ་ཚོགས་པོ་ཡོད་ཀྱང་། སྔར་བཞིན་བྱུང་རིམ་གཙོར་འཛིན་པའི་བརྩམས་སྒྲུང་གི་འཕེལ་རིམ་ངོས་ན་ཡོད་པ་ལས། གཤིས་ཀ་དང་སེམས་ཁམས་ཞིབ་འབྲི་གཙོར་བྱེད་པའི་བརྩམས་སྒྲུང་གསར་རྩོམ་ལ་ད་དུང་འཇུག་སྒོ་ཚུགས་མེད། ཁོས་རང་ཉིད་ཀྱི་བརྗོད་བྱའི་ནང་དོན་དང་དོ་མཉམ་པའི་སྒོ་ནས་བརྩམས་སྒྲུང་སོ་སོར་རང་ཉིད་དང་འཚམས་པའི་སྒྱུ་རྩལ་གྱི་མཚོན་ཐབས་རེ་རེ་སྤེལ་ཡོད་ལ། ལྷག་པར་དུ་ཁོའི་ཉེ་དུས་ཀྱི་བརྩམས་སྒྲུང་ལ་ལར་ནང་དོན་དང་རྣམ་པ་གང་རུང་ཆ་ནས་ཐོད་བརྒལ་དང་གསར་གཏོད་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད། བརྩམས་སྒྲུང་གི་ཁ་གྲངས་ཆ་ནས་བཤད་ན། ཁོ་ནི་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོའི་ཁྲོད་ནས་བརྩམས་སྒྲུང་གི་ཁ་གྲངས་ཆེས་མང་བའི་རྩོམ་པ་པོའི་གྲས་ཤིག་ཡིན། ཁོའི་  བརྩམས་ཆོས་མང་པོ་ཞིག་མི་གཤིས་དང་ཚུལ་མིན་མི་གཤིས་བར་གྱི་འགལ་འདུ་དང་། ཕུགས་བསམ་དང་དངོས་ཡོད་བར་གྱི་འགལ་འདུ་སོགས་མཚོན་པ་ལྷུར་དུ་བླངས་ཡོད་པས། དེ་ལས་ཁོས་མི་གཤིས་གསོ་སྐྱོང་དང་མི་རྣམས་ལ་བསམ་གཞིག་གི་བར་སྣང་ཞིག་བཞེངས་སྐྲུན་བྱེད་པར་སྨྱུག་ཁ་བཀོལ་བཞིན་ཡོད་པ་ཤེས་ཐུབ་ལ། ཁོའི་བརྩམས་སྒྲུང་མང་དག་ཅིག་ལ་མི་རྣམས་ཀྱི་ཡིད་ཀྱི་དྭངས་བ་འདྲེན་ཐུབ་པ་དང་ཡིད་སེམས་འགུལ་བར་བྱེད་པའི་ཁྱད་ཆོས་ལྡན་ཡོད་པས། ང་ཚོ་ཀློག་མཁན་ལ་མཛེས་རྟོག་གི་སྤྲོ་བ་ལྷུར་དུ་ལེན་པའི་སྒྱུ་རྩལ་གྱི་འཇིག་རྟེན་ཞིག་མཁོ་འདོན་གནང་ཡོད། དེ་ཡང་ཡིན་ཏེ། སྡི་རྡོའོ་ལོ(狄德罗)ཡིས“ཕུལ་དུ་བྱུང་བའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ན་དེར་དོན་སྙིང་ཆེན་པོ་ཞིག་ལྡན་ཡོད་པ་ཡིན་ཏེ། དེས་གཅིག་ནས་མི་རྣམས་ལ་མཛེས་ཚོར་གྱི་ཉམས་སྣང་ཞིག་སྦྱིན་པར་བྱེད་ལ། གཉིས་ནས་དེས་མི་རྣམས་ལ་བསམ་གཞིག་གི་བར་སྟོང་ཞིག་མཁོ་འདོན་བྱེད་པ་ཡིན”【87】ཅེས་པ་བཞིན་ནོ།   ཕུའུ་ཞི་ཅིན་གྱིས“དཔྱད་བརྗོད་ནི་རྩོམ་རིག་སྒྱུ་རྩལ་གྱི་མཛེས་པ་དང་ཉེས་པ་ལྷང་ལ་འདོན་པའི་ཚན་རིག་ཅིག་རེད” 【88】ཅེས་གསུངས་པ་ལྟར། སྤྱིར་རྩོམ་རིག་དཔྱད་བརྗོད་ནི་ཚན་རིག་དང་འབྲེལ་བའི་བྱ་བ་ཞིག་ཡིན་ཡང་། ཁོ་བོའི་རྩོམ་རིག་གཞུང་ལུགས་ཀྱི་ཚུ་ཚད་ཞན་པ་དང་། ལྟ་རྒྱ་མཐོང་རྒྱ་ཆུང་བ་སོགས་ཀྱི་ཕྱི་ནང་གཉིས་ཀའི་རྒྱུ་རྐྱེན་མང་དག་ ཅིག་གིས་རྐྱེན་པས། རྩོམ་འདིའི་སྔ་ཕྱི་བར་གསུམ་དུ་མ་རྟོགས་དང་ལོག་རྟོག་གིས་དྲངས་པའི་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་མངའ་སྲིད་ལ། དཀའ་ས་བཞག་ནས་སླ་སར་སྤྲོས་བཤད་བྱེད་པ་སྟེ་རྒན་པོ་སོ་མེད་ཀྱིས་ཟས་ཟ་བའི་སྣང་ཚུལ་ཡང་ཡོད་སྲིད་པས། མཁྱེན་རྒྱ་ཡངས་པའི་དགེ་བའི་བཤེས་གཉེན་དང་འབྲེལ་ཡོད་ཀློག་པ་པོ་རྣམ་པས་འཕྱ་དམོད་དང་མཐོང་ཆུང་གི་དུག་མདའ་མི་འཕེན་པར་གནས་ལུགས་ཅན་གྱི་སྨྲ་ལྕེའི་ལམ་ནས་ཐན་པས་གདུང་བའི་ཁོ་བོའི་ཞིང་ས་སྐྱ་བོར་ཆུ་ལུད་དྲོད་གསུམ་གྱིས་ཕྱུག་པའི་བཀའ་སློབ་དང་དགོངས་འཆར་སྦྲང་ཆར་སིལ་མ་གང་མང་ལྷུག་སྩོལ་ཡོད་པར་མཁྱེན་མཁྱེན།
མཆན་འགྲེལ་དང་དཔྱད་གཞིའི་ཡིག་ཆ།
【1】【3】【13】【63】【64】【66】【81】【84】བྱ་གཞུང་དབྱངས་བྷས་བརྩམས།《རྩོམ་རིག་དང་མི》【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ8པར་ཐེངས་དང་པོ་དཔར།  P2,P83,P71,P7,P290,P25-26,P94,P110
【2】《གངས་རྒྱན་མེ་ཏོག》【J】2011ལོའི་དུས་དེབ་གསུམ་པ། P71--72
【4】【71】【72】黄健/王东莉著《文学与人生》【M】浙江大学出版社 2004年7月第1版 P36,P12,P26
【5】【46】རྣམ་སྲས་ཀྱིས་བརྩམས།《བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག》【M】མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ7པར་ཐེངས་དང་པོ་དཔར།  P3,P83
【6】【7】བློ་བཟང་ཆོས་རྒྱལ་གྱིས་གཙོ་སྒྲིག་བྱས། 《རང་གྲོལ་ཞིབ་འཇུག》【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2010ལོའི་ཟླ2པར་ཐེངས་དང་པོ་དཔར། P39,P40
【8】《སྦྲང་ཆར》【J】2011ལོའི་དུས་དེབ་དང་པོ། P198
【9】【10】《སྦྲང་ཆར》【J】2010ལོའི་དུས་དེབ་བཞི་བ། P173,P174
【11】【34】【60】【80】ཧྥིན་ཡུས་ཀྲུའུ་ཡིས་བརྩམས། སངས་རྒྱས་ཀྱིས་བསྒྱུར། 《སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ》【M】མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1987ལོའི་ཟླ8པར་ཐེངས་གཉིས་པ་དཔར།  P269,P185,P17,P165
【12】【25】【47】ཁྲི་བསམ་གཏན་དང་རྣམ་སྲས་གཉིས་ཀྱིས་བརྩམས།《རྩོམ་ལ་འཇུག་ཚུལ་རིག་བརྒྱའི་སྒོ་འབྱེད་ངོ་མཚར་འཕྲུལ་གྱི་ལྡེ་མིག》【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་ཟླ6པར་ཐེངས་དང་པོ་དཔར།  P226,P225-226,P210
【14】རྒོད་ཕྲུག་དཔལ་འབྱོར་གྱི་སྙན་ངག་《རི་གྲོང》ཞེས་པ་ལས་དྲངས་ཤིང་། སྙན་ངག་དེ་ཁོའི་སྙན་ངག་ཕྱོགས་བསྒྲིགས་《ཕ་ཡུལ་གྱི་ནམ་མཁའ། ཕ་ཡུལ་གྱི་སྤྲིན་དཀར》ཞེས་པའི་ནང་འཁོད་ཡོད།
【15】དུར་བུད་རྣམ་གྲགས་ཀྱི་སྙན་ངག 《འབོད་པའི་གཡབ་མོ》ཞེས་པ་ལས་དྲངས།
【16】【17】【21】【32】【33】【39】【42】【86】བདུད་ལྷ་རྒྱལ་གྱིས་བརྩམས། 《བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ》【D】ཅེས་པའི་ནང་གསལ།
【18】【19】【43】【77】གུར་མགོན་སྐྱབས་དང་སྒྲོལ་མ་རྒྱལ་གྱིས་བརྩམས། 《རྩོམ་རིག་གཞུང་ལུགས》【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2010ལོའི་ཟླ6པར་ཐེངས་དང་པོ་དཔར།  P175,P175,176,P155,P121
【20】《སྦྲང་ཆར》【J】2012ལོའི་དུས་དེབ་དང་པོ། P198
【22】【23】མགོ་ལོག་རྣམ་རྒྱལ་གྱིས་བསྒྱུར། 《ཁུང་ཙིའི་གསུང་སྒྲོས》【M】མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ8པར་ཐེངས་དང་པོ་དཔར། P49,P48
【24】【51】【52】【53】【69】【70】སྟོབས་རྒྱལ་གྱིས་བརྩམས།《རྩོམ་རིག་རྣམ་བཤད》【M】མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོའི་ཟླ༡༠པར་ཐེངས་དང་པོ་དཔར།  P132,P51-52,P148,P165,P81,P84-85
【26】【27】རྡོ་རྗེ་རིན་ཆེན་གྱིས་བརྩམས།《རྩོམ་རིག་གཞུང་ལུགས་གནད་བསྡུས》【M】མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ4བར་ཐེངས་གསུམ་པ་དཔར།  P21,P29
【28】【57】傅道彬/于笰著《文学是什么》【M】北京大学出版社  2002年7月第2次印刷 P27,P34
【29】【36】【48】ལྕགས་ཐར་གྱིས་བརྩམས་བསྒྲིགས་བྱས།《བོད་རྩོམ་གསར་བའི་བརྩམས་ཆོས་བདམས་བཀོད》【M】ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོའི་ཟླ11པར་པར་ཐེངས་གཉིས་པ། P55, P223,P223
【30】ཆོས་སྐྱོང་གིས་གཙོ་སྒྲིག་བྱས། 《རང་གྲོལ་ཞིབ་འཇུག》【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ5བར་ཐེངས་དང་པོ་དཔར།  P211
【31】《民族文学》【J】2011年第九期
【35】朱光潜 著《谈文学》【M】漓江出版社  2011年10月第1版 P114
【37】罗素(英)著 李国山等译 《罗素道德哲学》【M】九州出版社 2004年9月第一版 P63
【38】刘再复著 《性格组合论》【M】上海文艺出版社 1986年7月版 P93
【40】འཕགས་པ་ཀླུ་སྒྲུབ། 《དབུ་མ་རིག་པའི་ཚོགས་དྲུག་དང་བྱང་ཆུབ་སེམས་འབྲེལ》【M】སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།  P177
【41】ཁྲི་སེམས་དཔས་བརྩམས།《བསམ་གཞིག་གི་ཁ་དོག》【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2008ལོའི་ཟླ4བར་དཔར། P58
【44】ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་བརྩམས། 《དགེ་འདུན་ཆོས་འཕེལ》【M】སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ10བར་པར་ཐེངས་གསུམ་པ་བཏབ།  P62
【45】王岳川 著《当代西方最新文论教程》【M】复旦大学出版社  2008年12月第1版第一次印刷  P5
【49】【55】【83】《སྦྲང་ཆར》【J】2012ལོའི་དུས་དེབ་གསུམ་པ།  P159,P161,P155
【50】སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་གྱིས་བསྒྲིགས། 《དཔལ་དོན་གྲུབ་རྒྱལ་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》【C】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ12པར་ཐེངས་དང་པོ་དཔར།  P253
【54】《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》【J】2012ལོའི་དུས་དེབ་གཉིས་པ།  P42
【56】བདུད་ལྷ་རྒྱལ་གྱིས་བརྩམས། 《འཚོལ་རྟོག་སྙིང་སྟོབས》【M】ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།  2004ལོའི་ཟླ1པོར་ཐེངས་དང་པོ་དཔར། P38
【58】རྡོ་བྱམས་རྒྱལ་གྱིས་བརྩམས།《དུས་སྐབས་གསར་བའི་བོད་ཀྱི་སྒྲུང་རིང་གི་བྱུང་འཕེལ་དང་གནས་བབ་ལ་དཔྱད་པ》【D】P14
【59】བསོད་ནམས་དབང་ལྡན་དང་བུ་བཞི་གཉིས་ཀྱིས་བརྩམས།《རྩོམ་རིག་རྣམ་བཤད》【M】ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1996ལོའི་ཟླ8པར་ཐེངས་དང་པོ་དཔར། P86
【61】སྟག་འབུམ་རྒྱལ། 《ཁ་བ་མེད་པའི་དགུན་ཁ》【M】མི་རིགས་དཔེ་སྐྲུན་ཁང་།  2012ལོའི་ཟླ5བར་པར་ཐེངས་དང་བོ། P103
【62】【75】朱光潜 著《文艺心理学》【M】复旦大学出版社  P79,P140
【65】丁尔纲 著 《新时期文学思潮轮》【M】中国广播电视出版社 1990年5月第一版第1次印刷 P31
【67】童庆炳主编 《文学理论教程》(第四版)【M】高等教育出版社 2008年11月4次印刷 P12
【68】以群主编 《文学的基本原理》【M】上海文艺出版社 1984年6月6次印刷 P17
【73】白烨主编 《文学新书评》【M】社会科学文献出版社 2005年6月第一版 P63
【74】【79】《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》【J】2011ལོའི་དུས་དེབ་བཞི་བ། P88,P68
【76】《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》【J】2009ལོའི་དུས་དེབ་བཞི་བ།  P132
【78】张未民等编选 《新世纪文学研究》【M】人民文学出版社 2007年1月第一次印刷 P143
【82】བདུད་ལྷ་རྒྱལ་གྱི《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི་ལོ་རྒྱུས་དོན་སྙིང་བཤད་པ》ཞེས་པ་ལས་དྲངས།
【85】དཔལ་མོས་གཙོ་སྒྲིག་བྱས། དེང་རབས་བོད་ཀྱི་སྐྱེས་མའི་བརྩམས་ཆོས་བདམས་སྒྲིག་ལས《དཔྱད་རྩོམ་ཕྱོགས་བསྒྲིགས》【C】 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ༩བར་པར་ཐེངས་དང་བོ་དཔར། P74
【87】鲁枢元著《文学与心理学》【M】学林出版社  2011年1月第一版  P483
【88】ཆབ་བྲག་མགོན་པོ་སྐྱབས་ཀྱིས་གཙོ་སྒྲིག་བྱས།《ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཞིབ་འཇུག》【M】 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ6པར་དཔར་ཐེངས་དང་བོ། P92

བཀའ་དྲིན་ཞུ་ཡིག

        ལོ་ངོ་བཞི་ཡི་སློབ་ཆེན་གྱི་འཚོ་བ་འདི་ལྟར་མཇུག་རྫོགས་ལ་ཉེ་སོང་། ལོ་ངོ་བཞི་ཡི་ཡར་སྔོན་དུ་ང་རང་དྲིན་ཆེན་ཕ་མའི་བཀའ་མངགས་སྙིང་ཁར་གླན་ནས་རེ་བ་དང་ཕུགས་འདུན་ཅེས་པའི་རྒྱང་རིང་གི་རྨི་ལམ་དེ་སེམས་བཞིན་ཤེས་བྱ་ཡི་དོ་ར་ནུབ་བྱང་ཚང་འདིར་ཐོན། སྐབས་དེ་དུས་ཀྱི་གནས་ཚུལ་དག་ལ་ཕྱིར་དྲན་རེ་བྱས་ན། དངོས་གནས་ཁ་སང་གི་ཉི་མ་དང་འདྲ་བར་ང་ཚོ་དང་ཅི་འདྲའི་བར་ཐག་ཉེ་ཨང་། ད་ཆ་སློབ་གྲྭ་ཐོན་ལ་ཉེ་བའི་མཚམས་འདིར། སེམས་དབུས་སུ་དགའ་སྐྱོ་ཟུང་འབྲེལ་གྱི་སྣང་བ་ཞིག་འཆར་ཡོང་། དགའ་འོས་པ་ནི་ང་རང་ཡང་སློབ་ཆེན་སློབ་མ་གཞན་དང་འདྲ་བར་ཤེས་བྱའི་འཇུག་ངོགས་ནུབ་བྱང་ཚང་འདིར་བརྩེ་ལྡན་གྱི་དགེ་སློབ་དུ་མ་ཞིག་དང་ལྷན་དུ་སྐྱིད་སྡུག་འདྲེས་མའི་སློབ་གཉེར་གྱི་ལམ་བུར་བཞུགས་ཤིང་།  རང་དགོས་བཅུ་ཕྲག་རིག་པའི་གནས་ལ་སྦྱངས་བརྩོན་བྱེད་པའི་གོ་སྐབས་ཐོབ་པས་ཡིན།  སྐྱོ་བ་སྐྱེས་དོན་ནི། རང་ཉིད་ཀྱི་སློབ་གཉེར་དུས་ཚོད་ལ་གཙིགས་ཆེན་མ་བྱས་པའི་དབང་གིས།   སློབ་གྲྭ་ཆེན་མོ་བ་ཞེས་པའི་མིང་བྱང་ཞིག་འཁུར་ཁུལ་བྱས་ཀྱང་།  དོན་དངོས་སུ་མིང་དོན་མཚུངས་པའི་སློབ་ཆེན་སློབ་མ་རྣལ་མ་ཞིག་དང་བསྡུར་ན་ད་དུང་ཅི་འདྲའི་རྒྱང་ཐག་རིང་ཨང་།  མཚམས་འདིར།  ལོ་ངོ་བཞི་ཡི་སློབ་ཆེན་གྱི་འཚོ་བའི་ནང་ཁོ་བོའི་སློབ་སྦྱོང་དང་འཚོ་བའི་ཐད་མངོན་ལྐོག་གང་རུང་ནས་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་གྱི་དགེ་སློབ་སྤྱི་དང་།   སྒོས་སུ་དཔྱད་རྩོམ་འདི་འབྲི་བའི་བརྒྱུད་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་གཟིགས་ཞིབ་དང་མཛུབ་སྟོན་གནང་མཁན་དགེ་རྒན་རྡོ་རྗེ་རིན་ཆེན་མཆོག་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ལས་ཅང་མེད་པ་འདྲ། བཀའ་དྲིན་ཆེ། སླད་ཕྱིན་གྱི་ལོ་ཟླའི་ནང་ཐམས་ཅད་གང་བསམ་ལས་ལ་རེ་བའི་འབྲས་བཟང་སྨིན་པ་དང་། ལུས་བདེ་སེམས་སྐྱིད་ཡོང་བའི་སྨོན་འདུན་ཞུ་བ་ཡིན།
                         བཀྲ་ཤིས།   ཞལ་དྲོ།                 

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས།
2013ལོའི་ཟླ5པའི་ཚེས20ཉིན་ལ།
2009ལོའི་རྩོམ་རིག་འཛིན་གྲྭ་དང་པོ།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།