logo

བོད་ཀྱི་དེང་རྩོམ་གྱི་དུས་མཚམས་སྐོར་གྱི་འཆར་སྒོ།

རྩོམ་པ་པོ།:མིག་དམར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-07-27 ཀློག་གྲངས།:

    དང་པོ། རྩོམ་རིག་འདི་བྱུང་བའི་དུས་སྐབས་ཀྱི་ཁྱད་ཆོས།

   སྤྱི་ལོ་1951ནས་བཟུང་བོད་འདི་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་སུ་འཕེལ་རྒྱས་བྱུང་ཞིང༌། ལོ་ངོ་ལྔ་བཅུ་ཡས་མས་ཀྱི་དུས་ཚོད་ནང་ཐོན་སྐྱེད་འབྲས་བུའི་བདག་དབང་དང་སྤྱི་ཚོགས་འཚོ་བའི་རྣམ་པ་བཅས་ལ་རྩ་བའི་འགྱུར་ལྡོག་ཐེབས་པ་ཙམ་མ་ཟད། ཀྱག་ཀྱོག་གི་ལམ་བུ་མང་པོ་བརྒྱུད་ནས་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་འཚོ་བར་རིམ་བཞིན་ཁ་ཕྱོགས་པའི་འགོ་ཚུགས། དུས་ཡུན་ལོ་ངོ་ལྔ་བཅུ་ཙམ་དེ་བོད་ཀྱི་ལོ་རྒྱུས་ཧྲིལ་པོའི་ནང་སྐད་ཅིག་ལྟ་བུར་སྣང་མོད། འོན་ཏེ་སྤྱི་ལོ་1951ལོར་བོད་ལ་ཞི་བས་བཅིངས་འགྲོལ་ཐོབ་པ་དེས་བོད་ཀྱི་སྤྱི་ཚོགས་ངོ་བོར་འགྱུར་ལྡོག་བྱུང་ཞིང་བོད་མིའི་བསམ་བློར་མཛུབ་སྟོན་བྱེད་མཁན་དེ་མར་ཁེ་སི་རིང་ལུགས་ཡིན་པས་བོད་མིའི་སེམས་ཁམས་འདུ་ཤེས་དང༌། རིག་གནས། ལྷག་པར་དུ་མི་ཚེའི་ལྟ་བ་བཅས་ལ་འགྱུར་ལྡོག་ངེས་ཅན་བྱུང་ལ། བསྒྱུར་བཅོས་སྒོ་དབྱེ་བྱས་རྗེས་བོད་ཀྱི་རིག་གནས་ལ་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ཤུགས་རྐྱེན་སྔར་བས་ཆེ་བ་ཐེབས་པས་བོད་ཀྱི་སྤྱི་ཚོགས་ནང་བསམ་ཕྱོགས་གསར་པ་དང་རིན་ཐང་གི་ལྟ་བ་གསར་པ་མང་པོ་ཐོན་ཅིང༌། དེ་སྔའི་ཞིང་འབྲོག་ལས་ལྟེ་བར་བྱེད་པའི་འཚོ་བའི་རྣམ་པར་འགྱུར་བ་ཐེབས་ནས་བོད་འདིར་ཁྲོམ་རྭ་དང་ཚོང་གཉེར། གཞི་རྒྱ་ཆེ་བའི་ཁེ་ལས་སོགས་སྣ་མང་གི་སྤྱི་ཚོགས་འཚོ་དང༌། ལས་རིགས་དང་ཐོན་སྐྱེད་ཀྱི་རྣམ་པ་སྔར་མེད་གསར་པ་མང་པོ་གྲུབ་ལ། ལྷག་པར་དུ་རིག་གནས་ཐད་རང་གི་མེས་པོས་བཞག་པ་རྣམས་རྒྱུན་འཛིན་ཙམ་མ་ཡིན་པར་མི་རིགས་གཞན་གྱི་ལེགས་ཆ་སློབ་སྦྱོང་དང་སྡུད་ལེན། རང་མཁོ་རང་སྤྱོད་ཀྱི་ཚ་རླབས་ཤིག་ཆགས།  བོད་ཀྱི་ལོ་རྒྱུས་ལ་བལྟས་ན། སྤྱི་ཚོགས་ཀྱི་ངོ་བོར་འགྱུར་ལྡོག་བྱུང་བ་ཙམ་དུ་མ་ཟད། བསམ་བློར་མཛུབ་ཁྲིད་བྱེད་མཁན་གྱི་ལྟ་བར་རྩ་བ་ནས་འགྱུར་བ་བྱུང་བ་དེ་འདྲ་ཧ་ཅང་མཐོང་དཀའ་བ་ཞིག་ཡིན་པ་དང༌། ཐོན་སྐྱེད་ཀྱི་རྣམ་པ་མང་ལ། ལས་རིགས་ཀྱི་དབྱེ་བ་སྣ་ཚོགས་པ། གསར་དུ་ཐོན་པའི་ལས་རིགས་འགས་ཞིང་འབྲོག་ལས་ལྟེ་བར་བྱེད་པའི་ལམ་སྲོལ་ལ་གཡོ་འགུལ་གཏོང་བ་དེ་འདྲའང་ཧ་ཅང་མཐོང་དཀའ་ལ་ཕྱོགས་བཞི་མཚམས་བརྒྱད་ནས་བསམ་བློའི་རླབས་རྒྱུན་དང༌། རིག་གནས་ཀྱི་ཤུགས་རྐྱེན་འདྲ་མིན་སྣ་ཚོགས་ཐེབས་པ་དེ་འདྲ་དེ་བས་མཐོང་དཀའ་བ་ཡིན་སྟབས། སྤྱི་ལོ་1951ལོ་ནས་ད་ལྟ་བར་གྱི་དུས་སྐབས་འདི་ནི་བོད་ཀྱི་སྔར་སོང་ལོ་རྒྱུས་གང་དང་ཡང་མི་འདྲ་བ་ཞིག་ཡིན་ནོ།

    གཉིས་པ། རྩོམ་རིག་རང་ངོས་ཐད་ཀྱི་རྒྱུ་མཚན།

   བོད་ཀྱི་དེང་རབས་རྩོམ་རིག་གིས་སྲོལ་རྒྱུན་རྩོམ་རིག་གི་ཁྱད་ཡོན་མང་དག་རྒྱུན་འཛིན་བྱས་ཡོད་པ་སྨོས་མེད་ཡིན་ནའང་སྤྱི་ལོ་1951ལོ་རྗེས་ནས་བོད་ཀྱི་དེང་རབས་རྩོམ་རིག་ལ་བཞག་དོན་ནི་རྩོམ་རིག་རང་ངོས་ལ་སྔར་དང་མི་འདྲ་བའི་ཁྱད་ཆོས་ལྡན་པས་སམ་རྩོམ་རིག་རང་ངོས་ལ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བས་ཡིན།

  (དང་པོ་)རྩོམ་གྱི་སྒྲིག་གཞིའི་ཐད་ཀྱི་འགྱུར་ལྡོག

  རྩོམ་གྱི་སྒྲིག་གཞིའི་འགྱུར་བ་དེ་རྩོམ་སྣ་གཅིག་གཉིས་ཙམ་རྒྱུ་མཚན་དུ་བྱ་རྒྱུ་མིན་པར་སྐབས་དེའི་བརྩམས་ཆོས་མང་ཆེ་བ་དང་སྐབས་དེའི་རྩོམ་པ་པོ་རྣམས་ཀྱི་ལྟ་བ་སོགས་རྒྱུ་མཚན་དུ་བྱ་དགོས།

  སྲོལ་རྒྱུན་རྩོམ་གྱི་སྒྲིག་གཞི་དང་བསྡུར་ན་དེང་རབས་རྩོམ་གྱི་སྒྲིག་གཞི་དེ་རྒྱས་པ་ནས་བསྡུས་པ་དང་སྟབས་བདེ་མིན་པ་ནས་སྟབས་བདེའི་ཐོག་ལ་འགྱུར་བ་བྱུང་ཡོད། དེ་ཡང་སྲོལ་རྒྱུན་རྩོམ་མང་ཆེ་བར་ཅུང་རྙོག་འཛིང་ཆེ་བའི་སྒྲིག་གཞི་ཞིག་ཡོད་པ་སྟེ་བརྩམས་ཆོས་ཀྱི་མཚན་བྱང་དང༌། འགྱུར་ཕྱག ཉན་སྐུལ། དམ་བཅའ་སོགས་རྩོམ་གྱི་དངོས་གཞིའི་བརྗོད་བྱ་མ་བསྟན་པའི་སྔོན་དུ་སྔོན་འགྲོའི་སྒྲིག་གཞི་མ་མཐར་གཉིས་ཡན་ཡོད་པ་སྟེ་དཔེར་ན་སྐབས་སོ་སོའི་དཔེ་མཚོན་བརྩམས་ཆོས་ལ་བལྟས་ན་《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་》ལྟ་བུར་ཐོག་མར་རྩོམ་གྱི་མཚན་བྱང་དང་དེ་ནས་འཕགས་པ་འཇམ་

དཔལ་གཞོན་ནུར་ཕྱག་འཚལ། དེ་ནས་སྟོན་པ་ཤཱཀྱ་ཐུབ་པར་ཕྱག་འཚལ་སོགས་འགྱུར་ཕྱག་《རཱ་མ་ཎའི་རྟོགས་བརྗོད་》ལྟ་བུར་ཐོག་མར་རྩོམ་གྱི་མཚན་བྱང་དེ་ནས་རིམ་བཞིན་སངས་རྒྱས་དབང་གི་རྒྱལ་པོར་གུས་འདུད། སྙན་ངག་མ་ཤེས་པ་དང་ཤེས་པའི་སྐྱོན་ཡོན་བརྗོད་ནས་ལྷ་མོ་དབྱངས་ཅན་མར་བསྟོད་པ། 《རྟེན་འབྲེལ་བསྟོད་པ་》ལྟ་བུར་ཐོག་མར་མཚན་བྱང་དང་དེ་ནས་རྟེན་འབྲེལ་གཟིགས་ཤིང་འདོམས་པའི་རྒྱལ་བ་ཤཱཀྱ་ཐུབ་པར་གུས་འདུད་《ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་》ལྟ་བུར་ཐོག་མར་མཚན་བྱང་དང་དེ་ནས་རྒྱལ་བའི་ཚོགས་གཉིས་ཀྱི་ཡོན་ཏན་བརྗོད་ནས་རྒྱལ་བ་ལ་གུས་འདུད་སོགས་མདོར་ན་རྩོམ་ནང་དུ་སྒྲིག་གཞི་དེ་ལྟར་བེད་སྤྱོད་པ་ཙམ་མ་ཟད། མཆོད་བརྗོད་སོགས་དངོས་སུ་མི་འགོད་ནའང་རྩོམ་པ་པོས་སྒྲིག་གཞི་དེ་ལྟར་བྱས་པ་ལ་མ་འདོད་པ་རྩ་བ་ནས་མེད་ཁར་བསམ་བློའི་ཐོག་ནས་ཁས་ལེན་གནང་གི་ཡོད་པ།


འབྲེལ་ཡོད་འོས་སྦྱོར།