logo

སྙན་ངག་པའི་བློ་སྦྱོང་གླེང་བ།(1)

རྩོམ་པ་པོ།:དཔལ་ལྡན། ཡོང་ཁུངས།:གངས་རྒྱན་མེ་ཏོག དུས་ཚོད།:2008-07-15 ཀློག་གྲངས།:

བོད་ཀྱི་སྙན་ངག་གསར་བའི་གནས་བབ་ལ་དམིགས་པ།

  ངས་འདི་ནས་གླེང་བར་འདོད་པ་ནི་ང་ཚོ་བོད་ཀྱི་སྙན་ངག་གསར་བའི་གནས་བབ་དང་དེ་གསར་རྩོམ་གནང་མཁན་གྱི་སྙན་ངག་པ་དག་ལ་དམིགས་ནས་བཤད་པར་བྱ་རྒྱུ་ཡིན་ལ། ལོ་ངོ་ཉི་ཤུ་ལྷག་གི་ལོ་རྒྱུས་ལས་མེད་པའི་ང་ཚོ་བོད་ཀྱི་སྙན་ངག་གསར་བ་འདིར་མཚོན་ན། ཐོག་མ་ཉིད་ནས་གཞུང་ལུགས་ཀྱིས་དེ་ལ་སྣེ་ཁྲིད་བཟང་བོ་བྱེད་ཐུབ་མེད་པ་དང་། སྙན་ངག་རྩོམ་མཁན་མང་ཆེ་ཤོས་ཤིག་གི་རྩོམ་འབྲིའི་དམིགས་ཡུལ་གསལ་བོ་མིན་པ། ན་གཞོན་སྙན་ངག་པ་རེ་འགས་སྙན་ངག་ནི་ཚིག་རྒྱན་རོལ་རྩེད་ཙམ་ལ་ངོས་བཟུང་ནས་ཡིད་ཤེས་དང་སེམས་ཀྱིས་ངམ་བརླམས་པའི་ཡིད་བརྙན་དང་ཚིག་སྦྱོར་མཚར་བོ་གང་བྱུང་དུ་སྒྲིག་པསྙན་ངགཡིན་པར་འདོད་པ་སོགས་ཀྱི་དབང་གིས་སྙན་ངག་གསར་བ་འདི་བདེ་ཐང་སྒོས་འཕེལ་རྒྱས་འབྱུང་བར་གེགས་བྱེད་ཀྱིན་པས་ན། དཔྱོད་ལྡན་རྣམས་ཀྱིས་སེམས་རྣལ་མོ་དང་བློ་ཞིབ་མོས་དཔྱད་བརྗོད་དང་དགག་བཞག་སྤྲོས་ནས། འཚོལ་དཔྱོད་དང་འབྲི་སྦྱོང་གི་གོ་རིམ་ཁྲོད་ནས་ལུས་ཡོད་པའི་ང་ཚོའི་བོད་ཀྱི་སྙན་ངག་གསར་བ་འདི་ལེགས་ལམ་དུ་ཁྲིད་གང་ཐུབ་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བའི་དོན་དག་ཅིག་ཡིན་ནོ།།

  དེ་ཡང་ང་ཚོ་བོད་ཀྱི་སྙན་ངག་གསར་བ་འདིར་མཚོན་ན། སྤྱིའི་ཆ་ནས་དགའ་འོས་པའི་སྣང་ཚུལ་ཡ་མ་གཟུགས་ཤིག་དང་གསོག་གསོབ་ཀྱི་ངང་དུ་གནས་པ་ལ་ཕྱིའི་རྒྱུ་རྐྱེན་དང་ནང་གི་རྒྱུ་རྐྱེན་གང་མང་ཡོད་དུ་ཆུག་ཀྱང་གཙོ་བོ་ནི་དེ་གསར་རྩོམ་གནང་མཁན་གྱི་སྙན་ངག་པ་དང་སྙན་ངག་པའི་བློ་སྦྱོང་ལ་རག་ལས་སྙམ། དེང་སྐབས་བོད་ཁུལ་དུསྙན་ངག་པམང་པོ་འཚང་ཁ་ཤིག་ཤིག་བྱེད་ཅིང་གང་འདོད་ཅི་དྲན་ལྟར་བྲིས་པའི་སྙན་ངག་སྣ་ཚོགས་ཤིག་གཞུང་དང་སྒེར་གྱི་དུས་དེབ་སྣ་མང་སྟེང་སྤེལ་གྱིན་ཡོད་ལ། ཕྱོགས་ཞེན་དང་རིང་ལུགས་ཀྱིས་འཁྱེར་བའིབསྟོད་པདངསྨད་པའིརླུང་བུ་ཡང་འཛིན་མའི་ཁྱོན་ན་རང་དགར་ལྡང་ཞིང་། ཡིག་ངོ་ཆོད་ཙམ་དང་ཚིག་སྦྱོར་ཙམ་སྤེལ་ཤེས་པ་ཚང་མ་རང་སྣང་ཐན་ཐུན་གླུ་རུ་ལེན་པའི་ལས་ལ་འཐམ་ནསསྙན་ངགཡིན་པར་རློམ་པའི་དཔེ་དེབ་སྲབ་མཐུག་ཅི་རིགས་ས་ཁྱབ་རྡོ་ཁྱབ་ཏུ་བཏང་བས། སྙན་ངག་གིས་མིའི་རྣམ་ཤེས་དང་སེམས་ངོའི་ནག་ནོག་ལ་བྱི་དོར་བྱེད་པའི་ལས་འགན་བླ་ན་མེད་པ་དེ་ཡང་མོག་པོར་བཟོས་བྱུང་། དེའི་ཕྱིར་ཁོ་བོས་འདི་ནས་ཕངས་སེམས་སྣ་མང་གི་བསམ་ཡུན་རིས་སུ་དོར་ནས། ང་ཚོ་བོད་ཀྱི་སྙན་ངག་གསར་རྩོམ་ཁྲོད་ཀྱི་གོལ་ལམ་ལ་དམིགས་ཤིང་། ན་གཞོན་སྙན་ངག་པ་ཚོའི་གསར་རྩོམ་གྱི་ནུས་པ་དེ་ཉིད་ཅུང་ཙམ་མཐོར་འདེགས་གཏོང་ཨེ་ཐུབ་སྙམ་པ་དང་། སྙན་ངག་སྒྱུ་རྩལ་འདིའི་དངོས་ཡོད་ཀྱི་ཕན་ནུས་ལ་ཤུགས་སྣོན་ཙམ་རྒྱག་ཨེ་ཐུབ་སྙམ་པའི་སེམས་བྱང་གིས་དེད་ནས། བོད་ཀྱི་སྙན་ངག་གསར་བ་རྩོམ་མཁན་གྱི་སྙན་ངག་པ་ཚོའི་ཆེས་རྩ་བའི་བློ་སྦྱོང་སྐོར་ཞིག་མཐོར་འདེགས་ཡོང་བར་སྙིང་དབུས་འབོད་སྒྲ་ཞིག་སྒྲོག་པའི་ངལ་བ་བསྟེན་དགོས་བྱུང་།

  ཐོག་མར། ང་ཚོ་བོད་ཀྱི་སྙན་ངག་པ་ཚོས་རང་ཉིད་ཀྱི་མཛེས་རྟོག་གི་ལྟ་བ་དང་བྱ་དངོས་ལ་ཡང་དག་སྒོས་བརྡར་ཤ་གཅོད་པའི་ནུས་པ་མཐོར་འདེགས་གཏོང་བར་ཤུགས་སྣོན་རྒྱག་དགོས་ཏེ། སྙན་ངག་པ་ནི་སྤྱི་ཚོགས་མགྲིན་ཚབ་པ་དང་དུས་རབས་ཀྱི་སྔོན་སྐྱོད་པ་ཡིན་པའི་ཆ་ནས། སྙན་ངག་པའི་ལྟ་སྒོམ་སྤྱོད་གསུམ་ནི་སྤྱི་ཚོགས་ཀྱི་སྤྱོད་ལམ་སྣ་ཚོགས་ཀྱི་ཚད་ཤིང་ལྟ་བུར་འཇོག་ཅིང་། སྙན་ངག་པའི་བརྩམས་ཆོས་ནི་དུས་རབས་ཤིག་ངོས་འཛིན་དང་རྒྱུས་ལོན་བྱེད་སྤྱད་ཀྱི་མེ་ལོང་ལྟ་བུར་ཡང་བརྩིས་པས་ན། བརྡར་ཤ་གཅོད་པའི་ནུས་པ་དེ་ནི་སྙན་ངག་པའི་གསར་རྩོམ་གྱི་ཁྲོད་དུ་ཆེས་གལ་ཆེ་བར་སྣང་། དེ་ཡང་སྤྱིར་ན་སྙན་ངག་ནི་གཙོ་བོ་ཚོར་སྣང་ལ་བརྟེན་ནས་གསར་རྩོམ་བྱེད་དགོས་པའི་རྩོམ་ལུས་ཤིག་ཡིན་ནའང་། དཔྱོད་ཤེས་ཀྱི་རིག་འདི་ཡང་མཐོང་ཆེན་བྱ་དགོས་པའི་གནད་ཅིག་ཡིན། དཔྱོད་ཤེས་ནི་བྱ་དངོས་ཤིག་གི་བཟང་ངན་ཐག་གཅོད་བྱེད་ཀྱི་ཚད་ཐིག་ལྟ་བུ་ཡིན་ཞིང་། གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་རྩོམ་རིག་གཞུང་ལུགས་པ་ཧི་ལ་ཟིས་བརྩམས་ཆོས་ལེགས་པོ་འཁྱོངས་དགོས་ན། བརྡར་ཤ་གཅོད་པའི་ནུས་པ་ནི་ཐོག་མའི་རྨང་གཞི་དང་མགོ་ཁུངས་ཡིནཞེས་པ་ནང་བཞིན། གསར་རྩོམ་གྱི་གོ་རིམ་ཁྲོད་དུ་དཔྱོད་ཤེས་ནི་སྙན་ངག་པའི་མཛེས་རྟོག་གི་ལྟ་བ་དང་བརྡར་ཤ་གཅོད་པའི་ནུས་པ་སོགས་ལ་གཞི་གཅིག་ཏུ་འདྲེས་ནས་འདུག་པ་དང་། དེ་ནི་སྙན་ངག་པའི་དུས་རྒྱུན་གྱི་དཔེ་ཆའི་ལྟ་ཀློག་དང་། འཚོ་བའི་ཉམས་མྱོང་གསོག་འཇོག  རང་གི་འཚོ་སྡོད་གནས་བབ་ལ་བསམ་གཞིག་བཏང་བ་སོགས་བརྒྱུད་ནས་ཐོན་པའི་བསྐྱེད་འབྲས་ཤིག་ཀྱང་ཡིན། རིག་གནས་ནང་རྫོང་མཐུག་ཅིང་དཔེ་ཆ་མང་པོ་བཀླགས་ནས་ཤེས་བྱ་རག་ཆེ་བ་ཞིག་རང་རྒྱུད་ལ་འབྱོར་ཡོད་ཚེ། མཛེས་རྟོག་བྱ་ཡུལ་དེ་དང་བརྡར་ཤ་གཅོད་ཡུལ་དེ་ལ་ཕྱོགས་ཡོངས་དང་ཆེས་ཡང་དག་པའི་སྒོ་ནས་གདེང་འཇོག་ཐག་གཅོད་བྱ་ཐུབ། སྙན་ངག་པའི་རྒྱུད་ལ་དེ་འདྲའི་བློ་སྦྱོང་ཞིག་འཛོམས་ཚེ། ཁོས་ཐོག་མར་ཅི་


འབྲེལ་ཡོད་འོས་སྦྱོར།