༄༅།།བསམ་ཡས་གཙུག་ལག་ཁང་བཏབ་པའི་ལོ་དཔྱད་པ།
རྩོམ་པ་པོ།:སྙོམ་ལས་པ་བསོད་ནམས་དོན་གྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-03-12
ཀློག་གྲངས།:
ཨ་སྭ་སྟི། དཔལ་ལྡན་སངས་རྒྱས་གཉིས་པ་པད་འབྱུང་རྒྱལ། །
དཔལ་གྱི་མཁན་ཆེན་བོ་དྷི་ས་ཏྭའི་ཞབས། །
དཔལ་འབྱོར་སྟོབས་ཀྱིས་ཕྱུག་པའི་ཁྲི་སྲོང་རྗེས།།
དཔལ་གྱི་བསམ་ཡས་བཞེངས་འདི་ཨེ་མ་མཚར།།
བསམ་པ་ཟོལ་མེད་ཀུན་སློང་རྣམ་དག་གཅིག།
ཡས་མས་སེམས་པ་རྒོག་རྩ་སྒྲིལ་དང་གཉིས།།
བསམ་ཡུལ་འདས་པའི་སྟོབས་འཕྱོར་མངའ་ཐང་གསུམ།།
ཡས་མས་བསྟི་གནས་གཞན་གྱིས་ཅི་ལ་དོ།།
ཞེས་བསྔགགས་བརྗོད་སྔོན་དུ་ཕུལ་ནས་བོད་གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་བའི་ཡུལ་རྡོ་རྗེ་གདན་གཉིས་པ། དཔལ་བསམ་ཡས་སམ་ཟན་ཡངས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་པ་དེའི་བྱུང་བ་བརྗོད་པ་ལ། སྔོན་བྱོན་བོད་ཀྱི་མཁས་པ་དུ་མས་མཛད་པའི་བསམ་ཡས་དཀར་ཆག་རྒྱས་བསྡུས་འགའ་ཞིག་ཡོད་པར་དཔེར་ན《སྦྲ་བཞེང་ཆེ་འབྲིང》ངམ《བསམ་ཡས་བཀའ་ཐང》ལ་སོགས་པ་བརྗོང་བྱ་བསམ་ཡས་གཙོར་བྱས་པ་དག་དང་། 《པདྨ་བཀའ་ཐང》《བཀའ་ཐང་ཟླངས་གླིང》《བཀའ་ཐང་གསེར་ཕྲེང》《བཀའ་ཐང་སྡེ་ལྔ》《བཻ་རོའ་འདྲ་འབག་ཆེན་མོ》སོགས་ཆོས་འབྱུང་ལོ་རྒྱུས་རྣམས་སུ་མ་བཀོད་པ་མེད་པས། དེའི་གནས་བབ་ཤེས་ཐུབ། གཙུག་ལག་ཁང་འདིའི་ནང་རྟེན་རིན་པོ་ཆེའི་སྐོར་མཁན་སློབ་ཆོས་གསུམ་སྐབས་སུ་ཇི་དང་ཇི་འདྲ་བ་བཞེངས་ཚུལ་རྣམས་གོང་སྨོས་ཡིག་ཆ་དག་ལས་ཞིབ་ཕྲ་མཁྱེན་ཐུཔ་ཀྱང་། ད་བར་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ཉི་ཤུ་རྩ་བཞི་སོང་པའི་རིང་མེ་སྐྱོན་ཐེངས་གཅིག་གཉིས་བཞེས་པ་དང་། རྒྱལ་རབས་བརྗེ་ལེན་གྱིས་ཉེར་ལེན་ལས་དར་རྒུད་ཅི་རིགས་བྱུང་ཡོ་ད་པ། ཞིག་གསོས་དང་རྟེན་གསར་པཞེངས་ཅི་མཛད་ཀྱི་དཀར་ཆག་འགའ་རེ་ཡང་ཡོད་ཚུལ་ཐོས་ཀྱང་ཁོ་བོའི་འདྲེན་བྱེད་ཀྱི་ཡུལ་དུ་མ་མཆིས་པས་རེ་ཞིག་རོ་འཛིན་དབང་པོ་གཡོ་བའི་གོ་སྐབས་མ་མཆིས་སོ། །
འོན་ཀྱང་འདི་ཉིད་བཞེངས་པའི་ལོ་དུས་དང་འགོར་ཡུན་ཐད་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་བཞེད་པ་མི་མཐུན་པས་འདིར་རྒྱལ་རབས་དང་འབྲེལ་ནས་རགས་ཙམ་དཔྱད་པར་བྱའོ། །
ཐོག་མར་གང་འདེབས་པ་པོ་འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་འཁྲུངས་ལོ་ལ་བཞེད་པ་ཡི་འདྲ་བ་མང་དུ་ཡོད་དེ། 《པདྨ་བཀའ་ཐང》དང་། 《བུ་སྟོན་ཆོས་འབྱུང》《ཆོས་འབྱུང་རིན་པོ་ཆེའི་མཛོད》《བསྟ་ན་པ་གསལ་བར་བྱེད་པའི་ཉི་འོད》《དེབ་དམར་གསར་མ》《མདོ་སྨད་ཆོས་འབྱུང》རྣམས་ཀྱིས་ས་ཕོ་རྟ་ལ་འཁྲུངས་པར་བཞེད་པ་དང་། 《ཚལ་མའི་དེཔ་དམར》དང་། 《མཁས་པའི་དགའ་སྟོན》 《རྒྱལ་རབས་གསལ་བའི་མེ་ལོང》《ལྷ་དཔང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས》《དཔལ་ལྡན་ཕུག་ལུགས》རྣམས་ཀྱིས་ལྕགས་རྟར་བཞེད།《སྦྲ་བཞད》ཀྱིས་ནི་ཕྱིས་ཀོང་ཇོ་ལ་ཡོས་བུའི་ལོ་ལ་རྒྱལ་བུ་ཆགས། དེའི་དུས་ན་རྒྱལ་པོ་ནི་ཕོ་བྲང་བྲག་དམར་འོམ་བུའི་ཚལ་ན་བཞུགས། ཡོས་བུའི་དཔྱིད་ཟླ་ར་བའི་ཚེས་གསུམ་ལ་འཁྲུངས་ཟེར། ལྔ་བ་ཆེན་མོའི《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས 》དང་ཏུན་ཧོང་གི་ཡིག་རྙིང་ནང་དུ་ཆུ་རྟ་ལོར་འཁྲུངས་པར་བཞེད། ཁོ་བོས་ཀྱང་ཕྱི་མ་སྟེ་སྣ་ཚོགས་ཞེས་པ་མུ་ཕོ་རྟའི་ལོ་སྤྱི་ལོ742ལོར་འཁྲུངས་པར་འདོད། རྒྱའི་ཡིག་ཚང་《ཐུང་ཏེན通典》ནང་དུ་བཙན་པོ755ལོ་ཐང་ཐེན་པའོ་ལོ་དང་པོར་སྲིད་བཟུང་ཞེས་པས་དགུང་ལོ་བཅུ་གསུམ་ཡར་དེད་ན་ཆུ་རྟ་ལོར་འབབ། ལོ་རྒྱུས་འགའ་རེར་བཅོ་ལྔ་ལ་རྒྱལ་སྲིད་བཟུང་ཟེར་རུང་།《ཚལ་པའི་དེབ་དམར》དང་།《མཁས་པའི་དགའསྟོན》་སོགས་སུ་བཅུ་གསུམ་ལོར་རྒྱལ་ས་བཟུང་ཟེར་བ་དེར་ང་རང་ཤིན་ཏུ་འཐད་པར་གདའ། སྤ་བཞེད་ནང་དུ་ཡོས་ཀྱི་ལོ་ལ་རྒྱལ་བུ་ཆགས་......ཡོས་བུའི་དཔྱིད་ཟླ་ར་བའི་ཚེས་གསུམ་ལ་འཁྲུངས་ཞེས་པ་དེ། ཡང་ན་རྒྱལ་བུ་མངལ་དུ་ཟླ་གཅིག་ལྷག་མ་བཞུགས་དགོས་ཤིང་། ཡང་ན་ལོ་བཅུ་གསུམ་བཞུགས་དགོས་པས་ངེད་ཅག་གི་བློ་ཡུལ་དུ་ཤོང་དཀའ་འོ། ། ཁོ་བོས་མཛུབ་རྩིས་ལྟར་ན་སྲོང་བཙན་སྒམ་པོ་ལྕགས་ཕོ་ཁྱི་སྤྱི་ལོ660ལོར་འདས་པའི་ལོ་དགུ་བཅུ་གོ་གཉིས་པ་ཆུ་ཕོ་རྟའི་ལོར་འཁྲུངས་པར་རྩིས་ན་གུང་སྲོང་གུང་བཙན་དང་། མང་སྲོང་མང་བཙན། འདུས་སྲོང་མང་པོ་རྗེ། མེས་ཨག་ཚོམ་བཅས་མི་རབས་བཞི་ཡི་དུས་ཚོད་ལ་ཉུང་དྲགས་པའི་སྐྱོན་མེད་ཅིང་། ཞོལ་ནས་ཡར་རྩིས་པ་ལྕགས་མོ་གླང་སྤྱི་ལོ821ལོར་བཙུགས་པའི་དབོན་ཞང་རྡོ་རི་ང་གི་དུས་ཚིགས་དང་ཡང་འགལ་བ་མ་མཆིས་སོ། །
ད་ནི་སྐབས་སུ་བབས་པ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཏབ་པའི་ལོ་དང་འགོར་ཡུན་དཔྱད་པར་བྱ་བ་ལ། ཡོས་ལ་རྨང་བཏིང་ནས་ཡོས་ལ་གྲུབ་པར་འདོད་མཁན་དང་ཡོས་ལ་རྨང་བཏིང་ནས་ལུག་ལ་གྲུབ་པར་འདོད་མཁན། སྟག་ལ་རྨང་བཏིང་ནས་རྟ་ལ་གྲུབ་པར་འདོད་མཁན་སོགས་ཡོད་པ་དང་། 《ཚལ་པའི་དེབ་དམར》དང་བུ་སྟོན་གྱིས་མེ་ཡོས་ནས་ས་ཡོས་བར་དང་། 《དེབ་དམར་གསར་མས》ས་ཡོས་ནས་ལྕགས་ཡོས་བར། 《མཁས་པའི་དགའ་སྟོན》གྱིས་ལྕགས་ཡོས་ནས་ཆུ་ཡོས་བར་ཡིན་པར་འདོད་ལ། 《དེབ་སྔོན》གྱིས་ཡོས་ནས་ལུག་བར་གྱི་ལོ་ལྔ་འདོད། 《པདྨ་བཀའ་ཐང》དང་། 《འདྲ་འབག་ཆེན་མོ》《ཆོས་འབྱུང་རིན་ཆེན་མཛོད》 《བསྟན་པ་གསལ་བར་བྱེད་པའི་ཉི་འོད》《ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས》སོགས་ཀྱིས་སྟག་ནས་རྟ་བར་གསུངས། 《བཙུན་མོ་བཀའ་ཐང》གིས་ས་སྟག་ནས་ཆུ་རྟ་བར་བཞེད་ཅིང་། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ནང་དུ་ཆུ་སྟག་ནས་མེ་རྟ་བར་བཞེད་འདུག་པ་འདི་ཉིད་རང་ཁུངས་བཙུན་པར་མངོན་ཏེ། རྒྱལ་པོ་དགུང་ལོ་ཉེར་གཅིག་བཞེས་པ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ་སྟེ་སྤྱི་ལོ762ཀྱི་ལོ་དེ་ཡིན། ལོ་དེ་ནི་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་བོད་དུ་ཕེབས་པའི་ལོ་དང་། བོད་བློན་ཞང་མཆིམས་རྒྱལ་གཟིགས་དང་སྟག་སྒྲ་ཀླུ་གོང་གིས་ཐང་གི་རྒྱལ་ས་ཁྲང་ཨན་བཟུང་བའི་སྔ་ལོ་དེ་ཡིན། དེས་ན་ཆུ་ཕོ་སྟག་ལ་རྨང་བཏིང་ནས་ལོ་ལྔ་སོང་བའི་ཟིལ་གནོན་ཞེས་པ་མེ་ཕོ་རྟ་ཡི་ལོ་སྤྱི་ལོ766ལ་རྫོགས་པར་གྲུབ་ལ། སྤྲེའུ་ཞེས་པ་མེ་མོ་ལུག་སྟེ་སྤྱི་ལོ767ལོར་ཨོ་རྒྱན་ཆེན་པོས་རབ་གནས་མཛད་པ་དང་མཁན་ཆེན་གྱིས་སད་མི་མི་བདུན་རབ་ཏུ་བྱུང་ནས་དམ་ཆོས་ཀྱི་སྒྲོན་མེ་སྦར་བ་ཡིན་ནོ།།
ལྔ་བ་ཆེན་པོས་སྦ་བཞེད་སོགས་སྔོན་གྱི་ཡིག་རྙིང་རྣམས་སུ་བསམ་ཡས་བརྩིགས་པའི་དགའ་སྟོན་ལོ་བཅུ་གཉིས་ཀྱི་བར་དུ་བྱས་པས་རྗེ་བློན་རྣམས་རྩེ་སྤྲོ་ལ་གཡེང་ནས་གཙུག་ལག་ཁང་གི་མཆོད་པ་དང་ཞབས་ཏོག་མ་བྱུང་བར་བརྟེན། ལུག་གི་ལོ་ལ་ཐམས་ཅད་ཡོད་སྨྲའི་དགེ་སློང་འགའ་ཞིག་སྤྱན་དྲངས་ནས་སྦ་ཁྲི་གཟིགས་ཀྱིས་རབ་ཏུ་བྱུང་བར་བཤད་པ་སོགས་ནི་ལྷད་ཞུགས་པའི་བླུན་ཚིག་གོ ། དེ་ལྟར་ན《སྤ་བཞེད》དུ་གཙུག་ལག་ཁང་ཡོས་ལ་རྨང་བཏིང་ནས་ཡོས་ལ་བརྩིགས་གྲུབ་པར་བཤད་པ་དང་། གྲུབ་སྟོན་ལོ་བཅུ་གཉིས་ཀྱི་བར་དུ་བྱས་པས་ཡོས་ནས་སྟག་གི་བར་དུ་དུས་སྟོན་གྱིས་གཡེང་པས་དེ་ལ་བརྟེན་ནས་རབ་ཏུ་བྱུང་བའི་རྒྱུ་མཚན་གྱིས་ཐམས་ཅད་ཡོད་སྨྲའི་དགེ་སློང་ཡོས་ཀྱི་ལོ་ལ་གདན་འདྲེན་དགོས་པར་ཐལ། ལུག་ཏུ་བྱས་ན་ལོ་བཞི་རྒྱུགས་པས་བསམ་བློ་མ་བཏང་བའི་གཏམ་ཡིན་ནོ།།
ཡོངས་གྲགས་སུ། བསམ་ཡས་སྤྲུལ་བའི་གཙུག་ལག་ཁང་དང་། མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་འབོད་པ་དང་། ཐང་ཡིག་དག་ལས་ཉིན་མོ་མི་ཡིས་བརྩིགས་པ་ལས། མཚན་མོ་ལྷ་འདྲེས་བརྩིགས་པ་མཐོ་ཞེས་དང་། བསམ་ཡས་བརྩིགས་པ་མི་འདྲ་སྐྱེས་པ་འདྲ་ཞེས་པ་སོགས་ཀྱིས་གཙུག་ལག་ཁང་བཞེངས་པར་དུས་ཡུན་རིང་ཐུང་ཅི་ཙམ་སོང་ཡོད་མེད་ཤེས་ཐུབ་པ་ཡིན་ནོ། །
འཛམ་གླིང་རྒྱན་གཅིག་འདིའི་རིན་བྲལ་གྱི་སྐུ་གསུང་ཐུགས་རྟེན་ཐད་ལ་རྒྱལ་པོ་གླང་དར་གྱི་སྐབས་སུ་གཏོར་བཤིག་དེ་ཙམ་སོང་མེད་སྙམ། གང་ལགས་ཞེ་ན། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། གླང་དར་གྱིས་བསམ་ཡས་གཞིག་པར་སྒོ་ནས་མཆོད་རྟེན་འོད་འབར་ཡིན་ཡང་ཟེར། ཁམས་གསུམ་དབུ་རྩེའི་བར་ན་མཆོད་རྟེན་ནག་པོ་ཆུང་ངུ་ཞིག་ཡོད་ཀྱང་ཟེར་ཏེ་དེ་པཤིག་པས་ཐོག་བབས་ནས་བཤིག་མཁན་རྣམས་ཤི་བས་འཇིག་འཕྲོ་བཅད་ཅེས་འཁོད་ཡོད་པས། དེ་བདེན་རུང་རྫུན་རུང་གང་ལྟར་རྗེས་སུ་དཔལ་མཉམ་མེད་དཱི་བཾ་ཀ་ར་བོད་དུ་ཕེབས་སྐབས་བསམ་ཡས་དཀོར་མཛོད་ཆེན་མོའི་ནང་དུ་གསང་སྔགས་ཀྱི་རྒྱ་དཔེ་སྔར་མཇལ་མ་མྱོང་བ་མང་པོ་ཡོད་པ་མཇལ་བས་ཇོ་བོའི་ཐུགས་རྒྱལ་ཆགས་ཚུལ་སོགས་ཡིག་ཆ་ཁུངས་ལྡན་མཇལ་རྒྱུ་ཡོད་པས། སྐུ་གསུང་ཐུགས་རྣམས་ལ་གཏོར་བཤིག་དེ་ཙམ་མ་བྱུང་བ་ཡིན་ནོ། །
ལོ་བཅུའི་གོད་ཆག་གི་ནང་དུ། རིན་བྲལ་གྱི་རྟེག་བྱིན་ཅན་དང་རིག་གནས་ཀྱི་དངོས་པོ་རྩ་ཆེན་རྣམས་བླུན་པོའི་བརྟུལ་ཞུགས་ཀྱིས་ཙན་དན་སོལ་པར་བཏང་བའི་དཔེ་ལྟར་བྱས་ཀྱང་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ལ་བཟང་པོའི་འོད་སྣང་གིས། གངས་ཅན་བོད་གྱི་རིག་གཞུང་གི་སྐྱེད་ཚལ་དེ་སླར་ཡང་གསལ་བར་བྱེད་པའི་སྐབས་འདིར་ང་ཚོས་ཀྱང་རང་གི་རིག་གནས་ལ་མིག་འབྲས་བཞིན་གཅེས་པར་འོས་སོ། །
སྨྲས་པ། ཡར་ལྷ་ཤམ་པོ་སྲིད་པའི་ལྷ་ཡི་གནས། །
ཡར་ཀླུང་གཙང་ཆབ་དྭངས་མ་འབབ་པའི་ཡུལ། །
ཡར་འཕེལ་བསྟན་པའི་སྲོག་ཤིང་གཙུག་ལག་ཆེས།
ཡར་ངོའི་ཟླ་བའི་དཔལ་ལ་སྐྱེངས་སྟེར་རོ། ། མདྒྲལཾ།
ཞེས་པ་འདིའང་སྙོམ་ལས་པ་བསོད་ནམས་དོན་གྲུབ་བམ་བརྡ་སྦྲོད་ཀུན་བཤད་ཀྱི་བཏགས་མིང་དུ་དབྱངས་ཅན་གཙུག་ལག་ལེགས་བཤད་དུ་འབོད་པས་བྲིས་པའོ། །

འབྲེལ་ཡོད་འོས་སྦྱོར།