logo

༄༅།།《བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་འབུར་བརྐོས་སྒྱུ་རྩལ་སྐོར་གྱི་བོད་ལྗོངས་རྡོ་བརྐོས》༼༢༽པ་དཔེ་སྐྲུན་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-04-21 ཀློག་གྲངས།:
      《བོད་ཀྱི་མཛེས་རྩལ་ཀུན་བཏུས》ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་ལས་གཞི་འགངས་ཆེན་ཞིག་ཡིན་ལ། བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར་གྱི་པར་ཡིག་སྦྲགས་མའི་དཔེ་དེབ་སྤུས་ལེགས་པོད་གྲངས་༡༠༠ཡི་བདག་ཉིད་ཅན་ཞིག་ཀྱང་ཡིན། འདིར་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་། འཇིམ་བཟོ། བཟོ་བཀོད། ལག་ཤེས་སྒྱུ་རྩལ། ཡིག་གཟུགས་བཅས་ཀྱིས་མཚོན་པའི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་གྱི་ཁོངས་གཏོགས་བྲིས་འབུར་ཇི་སྙེད་རྣམ་པར་དབྱེ་ཞིང་ལེགས་པར་བསྒྲིགས་ཏེ་དཔེ་སྐྲུན་བྱེད་ཀྱིན་པ་ལགས་ན། འདི་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་མཛེས་རྩལ་གྱི་རིགས་རྣམ་དང་ནང་དོན་གྱི་ཁྱབ་རྒྱ། པར་འདེབས་ཀྱི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་དཔེ་ཚོགས་འཐུས་ཚང་ཤོས་དང་གྲ་རྒྱས་ཤོས། སྤུས་དག་ཤོས་དེ་ཡིན་ནོ།།
སྟོན་པ་དང་གནས་བརྟན་བཅུ་དྲུག དུས་རབས་༡༧ནས༡༨བར།
      དེབ་འདི་ནི་བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་འབུར་བརྐོས་སྒྱུ་རྩལ་སྐོར་གྱི་བོད་ལྗོངས་རྡོ་བརྐོས༼༢༽པ་ཡིན་ཞིང་། དེབ་འདིར་མངའ་རིས་དང་། ནག་ཆུ། ཉིང་ཁྲི། གཞིས་ཀ་རྩེ། ལྷོ་ཁ། ལྷ་ས། ཆབ་མདོ་སོགས་ཀྱི་རྡོ་བསྐོས་སྐོར་བཀོད་ཡོད་དོ།།
སངས་རྒྱས་སྟོང་སྐུ། ཆ་ཤས།
འབྲེལ་ཡོད་འོས་སྦྱོར།