༄༅།།ཏུན་ཧོང་བོད་ཡིག་ཡིག་རྙིང《ཕུ་ནུའི་མདོ》ཡི་རྩོམ་འབྲིའི་ཁྱད་ཆོས་སྐོར་མདོར་ཙམ་གླེང་བ།
རྩོམ་པ་པོ།:འབའ་སྟོད་ཚེ་དབང་རྡོ་རྗེ།
ཡོང་ཁུངས།:བོད་ལྗོངས་ཞིབ་འཇུག
དུས་ཚོད།:2021-05-11
ཀློག་གྲངས།:
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་ཏུན་ཧོང་བོད་ཡིག་ཡིག་རྙིང་《ཕུ་ནུའི་མདོ་》ཡི་རྩོམ་འབྲིའི་ཁྱད་ཆོས་ལས། མགོ་མཇུག་བར་གསུམ་གྱི་བྱུང་རིམ་ཆ་ལག་ཚང་བ་དང་། དྲི་བ་དྲིས་ལན་གྱི་རྣམ་པ་སྤྱད་པས་ཡིད་འགུག་གི་ནུས་པ་ཆེ་བ། གཤིབ་བསྡུར་བལྟོས་བཅས་ཀྱི་ཐབས་ཤེས་སྤྱད་པས་ལེགས་ཉེས་འབྱེད་སླ་བ། གཏམ་དཔེ་སྤྱད་པས་བརྗོད་དོན་འབུར་དུ་ཐོན་པ། དཔེ་དོན་མཉམ་དུ་སྤྱད་བས་བརྗོད་བྱ་ཁ་གསལ་ལ་གསོན་ཉམས་ལྡན་པ་བཅས་ཀྱི་སྐོར་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] མི་ཆོས། 《ཕུ་ནུའི་མདོ་》 གདམས་པ། རྩོམ་སྟངས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K870 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-946X(2019)01 -124-11
གནའ་བོའི་རིག་གནས་གཏེར་མཛོད་དུ་གྲུབ་པའི་ཏུན་ཧོང་བྲག་ཕུག་ལས་ཐོན་པའི་བོད་ཡིག་ཤོག་དྲིལ་《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》 (གཤམ་དུ་《ཕུ་ནུའི་མདོ་》ཞེས་བསྡུ་རྒྱུ་ཡིན། ཨང་རྟགས་P.T.1283)①ཞེས་པ་ནི་བོད་གནའ་རབས་ཀྱི་མི་ཆོས་ལུགས་ཀྱི་གནས་ལུགས་སྟོན་པའི་ཡིག་ཆ་གལ་ཆེན་ཞིག་དང་། འཇིག་རྟེན་བྱ་བའི་སྤང་བླང་གི་རྣམ་གཞག་དང་ཡ་རབས་གུས་སྲོལ་སྟོན་པའི་མི་ཆོས་བསླབ་བྱའི་གཏེར་དུ་གྱུར་བའི་མདོ་ཞིག་ཡིན་ཞིང་། རྒྱ་ཆེའི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་ཧ་ཅང་རིང་བའི་འཚོ་བའི་ཉམས་མྱོང་དང་ཐོན་སྐྱེད་ལག་ལེན་གྱི་ཁྲོད་ནས་རིམ་གྱིས་ཕྱོགས་བསྡོམས་དང་། གསོག་འཇོག ཞུན་བརྡར་བཅས་བརྒྱུད་དེ་གྲུབ་པའི་ཐུན་མོང་བའི་བློ་གྲོས་ཀྱི་ཉིང་བཅུད་དང་། ཡུན་རིང་གི་འཚོ་བའི་ལག་ལེན་ཁྲོད་དུ་བརྡར་ཤ་ཆོད་ཅིང་ཁས་ལེན་ཐོབ་པའི་བདེན་ལུགས་ཅན་གྱི་བསམ་བློའི་གྲུབ་འབྲས་ཤིག་ཀྱང་ཡིན། 《ཕུ་ནུའི་མདོ་》ཡི་རྩོམ་ལུས་ཀྱི་གྲུབ་སྟངས་སམ་ཡང་ན་རྩོམ་འབྲིའི་རྣམ་པའི་ཐད་ཏུན་ཧོང་ཡིག་རྙིང་གཞན་དག་དང་མི་འདྲ་བར་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་ལྡན་པ་དག་གཙོ་བོ་གཤམ་གྱི་ཕྱོགས་ཁ་ཤས་ནས་སྤྱི་སྡོམ་བྱ་རུང་བར་འདོད།
ཕུ་བོས་ནུ་བོར་མདོ་དེ་ལྟ་བུ་ཞིག་གདམས་དགོས་པའི་རྒྱུ་མཚན་གང་ཞེ་ན། དེ་ཡང་གཏམ་རྒྱུད་རང་ནས་གོ་རིམ་དང་རྒྱུ་མཚན་ཆ་ཚང་ཞིག་བྱུང་ཡོད་དེ། “ནུ་བོ་ན་རེ། བདག་གྱང་ཐོན་......དང་སྦྱོད་ཞིང་སློབ་དུ་གཏང་གཏང་ན། ། ད་ནི་ཡུལ་......དགོས་ན། ། གྲོགས་ཀྱི་ནང་ན། ། ཁྱོད་ལས། ། བདག་ལ་བྱམས་པ་......བགྱེས་པ་ཡང་། ། ཤིན་ཏུ་དཀའ་སྟེ། །རྟག་ཏུ་དྲན་བ་ནི། ། ཞག་......དུ། རྨྱི་ལམ་ན་སྣངོ། ། ཡིད་ལ་ཆགས་པའི་ཚད་ནི། ། བརྗོད་ཆ་......ཀྱང། ། དཀའ་བ་ཚམ་དུ་སེམས་ཤིང་མཆིས། ། ད་སླན་ཆད་......གཆིག་ལ། ། ལས་གྱིས། བསྐལ་པས། ། མཇལ་མི་མཇལ་......པག་ཀྱང་། ། ཤིན་ཏུ་དཀའ་ན། ། བདག་འདྲ་བའི་རྣམས་གྱི་......རིགས་པར། ། བཤད་དུ་གསོལ། ། བྱམས་པའི་བཀའ་དྲིན། ནཾ་དུ......་བསྐྱུད་ན། ། བཏམས་ཤིང་བཀའ་ཆི་སྩལ་པའི་རྣམས་གྱང་།......སུ་བབ་པ་ལ། ། ཆ་ནོད་ཆིང་མཆིས། །”ཞེས་ནུ་བོ་དགོས་དབང་གིས་ཡུལ་གཞན་དུ་སྦྱོང་ཞིང་སློབ་ཏུ་འགྲོ་དགོས་པ་བྱུང་དུས། ནུ་བོས་རང་ལ་སྙིང་ལྟར་བརྩེ་བའི་ཕུ་བོམ བདག་ལ་ཉེ་གྲོགས་ཀྱི་ནང་ན་གཅེན་པོ་ཁྱེད་ལས་བྱམས་ཤིང་བརྩེ་བ་མེད་ཅིང་། ངེད་གཉིས་འདི་ལྟར་ཁ་བྲལ་རྗེས་ཡུལ་གྱིས་བསྐལ་བས། ཕྱིན་ཆད་སླར་མཇལ་དང་མི་མཇལ་གྱི་ཚོད་དཔག་ཤིན་ཏུ་བྱེད་དཀའ་བས་ན། བདག་འདྲ་བའི་ན་གཞོན་གསར་བུ་རྣམས་ཀྱིས་ཇི་ལྟར་བགྱི་བར་རིགས་པ་དག་བསྟན་དུ་གསོལ། ཁྱེད་ཀྱིས་ཇི་ལྟར་གདམས་ཤིང་བཀའ་ཅི་བསྩལ་བ་རྣམས་ཆ་ཙམ་མི་འགལ་བར་སྙིང་ལ་ཟབ་ཏུ་ནོད་ཅིང་མཆིས་ཞེས་ཞུ་བ་ཕུལ་བ་ལ། ཕུ་བོས་ད་གཟོད་གཤམ་གྱི་འཇིག་རྟེན་སྤང་བླང་གི་རྣམ་གཞག་སྟོན་པའི་མི་ཆོས་རྣམས་རེ་རེ་བཞིན་བརྗོད་པ་ཡིན།
དེ་ལྟར་ནུ་བོས་ཕུ་བོར་བྲལ་ཁའི་གདམས་ངག་དང་ཞལ་ཏ་ཞུས་པ་ལ་ཕུ་བོས་ལན་དུ། “བདགི་ཡིད་ལ་......པ་གཉིས་ཤིག་དྲན་ཏེ། ། གཆིག་ཏུ་ནི། ། ཡང་དག་པར་སྙིང་གཆིག་......མྱི་དང་བྲལ་བས། ། ཤིན་ཏུ་ལྔ་ཡིད་ལ་ཆགས། གཉིསུ་ན། །......(ཕོ་ཁྱེད)ལ། ། གཏན་ཏུ་འགྲོགས་པ་ཡང། ། དཀོན་ཏེ། མྱི་དགའ་བའི་མ་......དུ་ག་ལ་རུང་། ། ཡོང་གིས་སྙིང་གཆིག་ཕན་ཆད། ། ཡུལ་ཉེ་......རིངས་སྟེ་ལེགས་པའི་དྲོད་གྱང་། དཔག་ཏུ་མྱི་རིག །ཡིད་གྱིས་རྟག་ཏུ་......འདྲུལ་ན། ། ངོ་ཕྲད་པ་དང་ཡང་ཆི་མ་མཚུངསྟེ། ། ཁྱོད་གྱིས་ལས་བ་ཐོ་བ་ན། ། ཡུལ་གྱིས་བསྐལ་པའི་ཕྱིར། ། མྱི་དགའ་བའི་མདོར་......དུ་ཡྔ་ག་ལ་རུང་། ། ཡིད་ལ་ཆགས་པའི་ཕྱིར། ། ཁྱོད་འགྲོ་བའི་དུས་ལ་མ་བབ་པ་ཚུན་ཆད། ། གཆིག་ལ་གཆིག་བསམསྟེ། ། བྲལ་བའི་......སྐབས་མྱེད་པར་བྱའོ། ། ཡོངས་ནི། དེང་བྱེ་བ་དང་། ད་སྟེ། ལོ་བརྒྱ་ན་......བ་གཉིས། ། ཡིད་གཆིག་སྟེ། བྱེ་བྲག་མྱེདོ། ། འདྲི་བའི་རྣམས་གྱང་མཛའ་བའི་ཕྱིར་སྤོབས་པར་བྱས་སྟེ། ། ཡིད་ལ་ཆི་དྲན་པས་ལན་......ཡོངསྣི། ། གདམས་ཤིང་བཆོས་པ་ནི། སླའ། ། དེ་བཞིན་དུ་ནུས་ཤི་......པ་ནི་དཀའོ། ། དཀསྟེ། ། ཆུང་ཟད་ཆི་དྲན་བ་ནི། མདོ་ཉི་ཚེ་......བསྟན་གྱིས། ། ཡིད་ལ་བབ་པའྀ་རྣམས་ནི། ། གཟུངསུ་ཟུང་ཞིག །......བབ་ན། ། སླར་དྲིས་ཤིག ། །”ཅེས་སྙིང་དང་འདྲ་བའི་མི་དང་ཁ་བྲལ་དགོས་པ་ནི་ཡིད་ལ་ཤིན་ཏུ་འཁྲེང་མོད། གལ་སྲིད་གཅིག་སེམས་གཅིག་ལ་འདྲེས་ཤིང་མཐུན་ནས་རྟག་ཏུ་ཕན་ཚུན་ཡིད་ལ་སེམས་ན་ཡུལ་ཉེ་རིང་གང་དུ་གནས་ཀྱང་དངོས་སུ་ཕྲད་པ་དང་འདྲ་བས། ཁ་བྲལ་བ་ལ་སྐྱོམི་དགོས་ཏེ། གཏམ་གང་ཞིག་འདྲི་འདོད་པ་རྣམས་མཛའ་བའི་ཕྱིར་འཛེམ་དོགས་མེད་པར་སྤོབས་པ་ཆེར་བསྐྱེད་ཀྱིས་དྲིས་ཤིག ཡིད་ལ་གང་དྲན་པའི་ལན་འདེབས་སོ། སྤྱིར་ན་གཞན་ལ་གདམས་ཤིང་བཅོས་པ་ནི་སླ་མོད། དེ་བཞིན་དུ་ནུས་ཤིང་སྒྲུབ་པ་ནི་དཀའ། དེ་ལྟར་ཁྱོད་ལ་མཁོ་བའི་བསླབ་བྱ་མདོ་ཙམ་ཞིག་བསྟན་པར་བྱ་ཡི་ཡིད་ལ་བབས་པ་རྣམས་ནི་སེམས་ལ་ཟུངས་ཤིག མ་རྟོགས་མ་བབས་པ་དག་སླར་དྲིས་ཤིག་ཅེས་ནུ་བོ་ལ་བྲལ་ཁའི་སེམས་གསོ་དང་བཅས་རང་གིས་བསླབ་བྱ་སྟོན་པ་ཡིད་ལ་དམ་པོར་འཛིན་དགོས་པའི་སྐུལ་མ་བཏང་ཡོད། དེ་ནས་མུ་མཐུད་དུ། “ཚིག་སྟོང་བ་གཏམས་......དོན་ཆེད་པོ་ཡུན་དུ་ཡོད་པར་འགྱུརོ། ། ནོར་ཡོད་པ་བྱིན་བ་མྱི་......ཟད་ཤེསོ་དེ་ལྟ་བས་ན། བདེན་བའི་ཚིག་བྱིན་བ་ལས། ཆེ་བ་མྱེདོ།......བཟུང་ལེགསྣ། ། དེ་བླངས་པ་ལས། ནོར་དུ་ཆེ་བ་ཡང་མྱེདོ། །”ཞེས་གཞན་ལ་ཟང་ཟིང་གི་རྒྱུ་ནོར་སྟེར་བ་ལས་བདེན་པའི་གདམས་ངག་བྱིན་པ་རིན་ཐང་ཆེ་ལ། གདམས་ངག་རྣམས་ཡིད་ལ་བཟུང་ནས་ལེགས་པར་སྤྱོད་ཤེས་ན། དེ་ལས་ལྷག་པའི་ནོར་དུ་ཆེ་བ་གཞན་མེད། གཤམ་གྱི་མི་ཆོས་བསླབ་བྱ་རྣམས་རིན་ཐང་ཧ་ཅང་ཆེ་བས་དེ་དག་ཡིད་ལ་ངེས་ཤིང་ལེགས་པར་སྤྱོད་དགོས་པའི་རྟིང་སྐུལ་བྱས་ཡོད། གོང་ཞུས་དེ་དག་ལས་ང་ཚོས་བོད་མི་རིགས་ནི་གནའ་སྔ་མོ་ནས་མི་ཆོས་བསམ་བློས་མཚོན་པའི་ཡ་རབས་ཀྱི་རིག་གནས་བསམ་བློ་དང་འཇིག་རྟེན་སྤང་བླང་གི་ཤེས་བྱར་ཤིན་ཏུ་བརྩི་མཐོང་ཆེ་བའི་མི་རིགས་ཤིག་ཡིན་པ་རྟོགས་ནུས།
གཏམ་རྒྱུད་ཀྱི་གྲུབ་ཆ་གཉིས་པ་ནི་ད་གཟོད་གཞུང་འདིའི་བརྗོད་བྱ་གཙོ་བོ་རྣམས་ཡིན་ཞིང་། ཕུ་ནུ་ཟུང་གིས་དྲི་བ་དྲིས་ལན་ལ་བརྟེན་ནས་མི་ཆོས་སྐོར་གྱི་བསླབ་བྱ་མང་དུ་བསྟན་པ་དག་ཁྱོན་དྲི་བ་དོན་དགུས་རྫོགས་པར་བྱས་ཡོད། དྲི་བ་རྣམས་ཀྱང་སྔ་ཕྱིའི་གོ་རིམ་གསལ་ཞིང་ཆ་ཚང་ལ། དྲི་བ་ཕྱི་མ་ཕྱི་མ་རྣམས་སྔ་མ་སྔ་མའི་ཁ་གསབ་ཏུ་སོང་སྟེ་བསྟན་དོན་གང་ཉིད་ཇེ་རྒྱས་ཇེ་གསལ་གྱིས་འགྲེལ་བཤད་ཚགས་དམ་ཞིང་ཆ་ཚང་དུ་བགྱིས་ཡོད། འདིར་ཤེས་བྱེད་ཀྱི་དཔེ་ཙམ་དྲངས་ན། དྲི་བ་དང་པོར། “མྱིར་......སྐྱེས་པ་ལ། གང་བདེ་ན་བདེ་བའི་མཆོག་ཡིན། །”ཞེས་དྲིས་པའི་ལན་ལ། “སེམས་བདེ་ན་བདེ་བའྀ་མཆོག་ཡིན། ། སེམས་མྱི་བདེ་ན། ། གཞན་ཆི་བདེ་ཡང་བདེ་བ་མ་ཡིནོ། །”ཞེས་འཇིག་རྟེན་འདིར་མི་ལུས་བླངས་པ་ལ་བདེ་བའི་མཆོག་ནི་སེམས་བདེ་བ་ཡིན་ལུགས་བརྗོད་པ་དང་། དེར་མཐུད་ནས “སེམས་བདེ་བའོ་ཐབས་ཆི་ལྟར་བྱ །”ཞེས་གོང་གི་དྲི་བའི་རྟིང་གནོན་གྱི་ཚུལ་དུ་དྲི་བ་གཉིས་པ་བཏོན་པ་ན། ཕུ་བོས། “བདག་ལ་མཚང་མྱེད་པར་བསྣ། ། མཐོ་བའི་སན་ལྔ་མཐོ་ཞིང་བདེའོ། ། དམའ་བའི་ས་ན་ཡྔ། དམའ་ཞིང་བདེའོ། ཡོངས་...... རྒྱལ་པོའི་ཁྲིམས་ལ། ། སྲོག་སྲིད་གཉིས་བརྟན་ཏེ། ། ཆི་ལ་ཡྔ། རན་པར་བྱ་བ་རིགས་སོ། ། དེ་ལས་འགལ་དང་། ། དགྲར་ནི་གྲོགས་ལྟོག ། དཔུང་ནི་རྒྱལ་པོས་བྱསྣ། ། མ་སྙེམས་པའི་ཡྔ་མྱི་མྱེད་ལ། ཤགས་གདབ་དུ་ཡང་། ། ཡུས་མེད་ན། ། ཆི་ལ་བརྟན། །”ཞེས་དྲིས་ལན་སྔ་མའི་ཁ་གསབ་ཏུ་རང་སེམས་བདེ་བར་ཡོང་བའི་ཐབས་བྱེ་བྲག་ཏུ་བསྟན་པསའགྲེལ་བཤད་ཆ་ཚང་ཞིག་བྱུང་ཡོད་པ་ལྟ་བུས་མཚོན། དྲི་བ་དྲིས་ལན་སྔ་ཕྱི་སྤེལ་མར་བཏོན་ནས་མི་ཆོས་བསླབ་བྱ་དུ་མ་མུ་ཏིག་སྟར་ལ་བརྒྱུས་པ་ལྟར་རེ་རེ་བཞིན་ཀློག་པ་པོའི་མིག་ལམ་དུ་བཀྲམས་ཡོད།
གཏམ་རྒྱུད་ཀྱི་གྲུབ་ཆ་གསུམ་པ་ནི་མདོ་དེའི་མཇུག་སྡུད་པའི་ཚན་པ་སྟེ། ནུ་བོའི་མི་ཆོས་སྐོར་གྱི་དྲི་བ་རྣམས་ལ་ཕུ་བོས་རེ་རེ་བཞིན་ལན་བཏབ་རྗེས “ནུ་བོ་ཤིན་ཏུ་ཡིད་ལ་བབ་སྟེ། ། ཡང་དག་པའྀ་ཚིག་བདོག་པ་ནི། ། སྙིང་འབའ་ཤིག་ལ། བཏམས་པ། ལགས་གྱིས། ། གཞན་ལ་མ་བསྙད་ཆིག ། འདི་ལྟར་གཆིག་གིས་གཆིག་ལ། ། བཏམས་ཤིང་། བསྟན་ནས། ། མཛངས་པ་པོ། སྤུན་ཉིས། དེ་ནས་སོ་སོར་གྱེས་སྟེ་མཆིས་སོ། །”ཞེས་ཕུ་བོས་ལན་བཏབ་པ་རྣམས་ནུ་བོའི་ཡིད་ལ་ཤིན་ཏུ་བབས་ཏེ། གནས་ལུགས་ཡང་དག་པའི་ཚིག་རྣམས་ནི་སྙིང་ཁོང་དུ་འཆང་བ་ལགས་ཀྱི གཞན་ལ་མ་སྟོན་ཞིག་ཅེས་ཕུ་ནུ་ཟུང་དབར་གསང་གཏམ་གྱི་ཚུལ་དུ་གདམས་པའི་བསླབ་བྱ་རྣམས་དཔེ་མཁྱུད་བྱེད་དགོས་པར་བསྟན་ནས་དེའི་དོན་སྙིང་དང་རིན་ཐང་སོགས་བླ་ན་མེད་པར་བརྗོད་ཡོད། དེ་ལྟར་ཕུ་ནུ་གཉིས་ཀྱིས་གཅིག་གིས་གཅིག་ལ་གདམས་ཤིང་བསྟན་རྗེས་སོ་སོར་གྱེས་ཚུལ་བརྗོད་ནས་མདོ་ཡོངས་སུ་རྫོགས་པར་བྱས་ཡོད།
མདོར་ན། མདོ་དེའི་རྩོམ་ལུས་འགོད་སྟངས་སམ་སྒྲིག་གཞིའི་ཆ་ལ་གཞིགས་ན། མགོ་མཇུག་བར་གསུམ་ཆ་ཚང་བའི་གཏམ་རྒྱུད་ཅིག་ཡིན་པར་མཐོང་སྟེ། དང་པོར་གཏམ་རྒྱུད་འབྱུང་སའི་ཡུལ་ལྗོངས་དང་མི་སྣ་འབྲི་བཞེངས་བྱས་པས། འགོ་བརྗོད་ཀྱི་རིམ་པ་གསལ་བ་དང་། བར་གྱི་དྲི་བ་རེ་རེར་རང་སྟེང་གི་ནང་དོན་དང་ཁྱད་ཆོས་མངོན་པར་གསལ་ཁར། དྲི་བ་སྔ་ཕྱིའི་འབྲེལ་བ་ཚགས་དམ་ཞིང་མུ་འབྲེལ་བས། བརྗོད་བྱ་རྒྱ་ཆེ་ཡང་གོ་རིམ་འཁྲུགས་པའི་ཡ་མ་ཟུང་གི་ཉམས་སྣང་མེད་པ། མཐའ་མར་ཕུ་བོས་གདམས་པ་ནུ་བོའི་སེམས་གཏིང་ལ་བབས་ནས་སོ་སོར་གྱེས་ཚུལ་བརྗོད་དེ་མཇུག་སྡུད་པ་བཅས།《ཕུ་ནུའི་མདོ་》དེ་ནི་ཀུན་གྱིས་གོ་བདེ་ཞིང་ཁྱབ་གདལ་དུ་འགྲོ་སླ་བ་ལ་སོགས་པའི་ཁྱད་ཆོས་རྫོགས་པའི་མི་ཆོས་ལུགས་ཀྱི་བརྩམས་ཆོས་ཧྲིལ་པོ་ཞིག་ཏུ་གྲུབ་ཡོད།
མདོ་དེའི་རྩོམ་སྟངས་རྣམ་པའི་ཁྱད་ཆོས་གཞན་ཞིག་ནི། དེའི་ཁྲོད་ཀྱི་མི་སྣ་གཉིས་ཡིན། སྤྱིར་དྲི་བ་དྲིས་ལན་ཅན་གྱི་ རྩོམ་སྟངས་ལ་མཚོན་ན། དྲི་བ་འདོན་མཁན་དང་དྲིས་ལན་འདེབས་མཁན་གྱི་མི་སྣ་གཉིས་ཅིས་ཀྱང་ལྡན་དགོས་པ་ལྟར། མདོ་དེར་ཡང་འཇིག་རྟེན་པའི་འཚོ་བ་ལ་ཐོག་མར་འཇུག་ཅིང་། དེའི་ཐད་ཀྱི་མི་ཆོས་ཤེས་བྱ་རྣམས་རྟོགས་འདོད་ཀྱི་འདུན་པ་འགོག་མེད་དུ་མངའ་བའི་ནུ་བོ་དང་། འཇིག་རྟེན་མི་ཆོས་ལ་མྱོང་བ་ཟབ་ཅིང་ཉམས་མྱོང་གིས་ཕྱུག་པ། གང་དྲིས་ལ་སུན་སྣང་མེད་པར་ཤ་ཚའི་བསླབ་བྱ་འདོམས་མཁན་གྱི་ཕུ་བོ་ཞེས་མི་སྣ་གཉིས་ཀྱི་གཟུགས་བརྙན་བཀོད་ཡོད། སྤྱིར་ན་འཇིག་རྟེན་འདིར་ཕན་ཚུན་དབར་བློ་གཏད་རུང་བའི་མི་དང་མིའི་དབར་གྱི་འབྲེལ་བ་ནི་མང་དུ་སྣང་སྟེ། བརྩེ་དུང་གི་མདུད་རྒྱ་དམ་ཞིང་ཞེ་འདང་གི་མཚོ་མོ་ཟབ་པའི་ཕ་མ་བུ་ཕྲུག་གི་འབྲེལ་བ་དང་། མཛའ་གཅུགས་ཕྱི་ཐག་རིང་ཞིང་སྐྱིད་སྡུག་མཉམ་དུ་མྱོང་བའི་གྲོགས་པོའི་འབྲེལ་བ། བརྩེ་འདང་གཅིག་ལ་གཏད་ཅིང་མཐུན་སྣང་འོ་ཆུ་ལྟར་འདྲེས་པའི་བཟའ་ཟླའི་འབྲེལ་བ་སོགས་ལྟར་མང་མོད། དེ་དག་གི་དབར་ནའང་སོ་སོའི་ཐོབ་ཐང་དང་མོས་ཁམས་སོགས་ཅི་རིགས་པའི་དབང་གིས་ཁྱད་པར་དང་ལྐོག་ལ་སྦས་པའི་གསང་བ་རེ་མཆིས་སྲིད་པས། ཕན་ཚུན་དབར་ཡིད་ལ་གང་དྲན་ཤར་མར་བརྗོད་པར་ཚད་བཀག་ངེས་ཅན་ཞིག་འབྱུང་ངེས། འོན་ཏེ་མདོ་དེའི་ནང་དུ་ཕུ་ནུ་གཉིས་ནི་ཕན་ཚུན་དབར་བརྩེ་དུང་ཟབ་ཅིང་བློ་ཕུགས་གཅིག་ཏུ་འདྲེས་པ་དང་། ཡིད་སེམས་གཅིག་ཏུ་མཐུན་པས་བསམ་བློའི་བཀག་རྒྱ་དང་ཡིད་ཀྱི་ཐེ་ཚོམ་ཅི་ཡང་མེད་པར་རང་གི་ལྟ་ཚུལ་ལྷུག་པོར་བརྗོད་རུང་བ་ཞིག་ཏུ་བསྟན་ཡོད་དེ། མདོ་དེའི་དྲི་བ་ཉེར་དྲུག་ལས། “ནུ་བོ་ཞིག་ན། ། ཕུ་བོའི་སེམས་དང་འཐུན་བར་བྱོས་ཤིག །”ཅེས་པ་དང་། ཡང་གལ་ཏེ་ཕུ་བོས་གདམས་པ་ནུ་བོས་མ་ཉན་ན་མི་ཆོས་དང་འགལ་བ་ཡིན་ཚུལ་ལ་མདོ་དེའི་དྲི་བ་ང་དྲུག་ལས། “ཕུ་ནུ་བོ་ལ། བཏམས་གྱང་མྱི་ཉན། བཆོས་གྱང་མྱི་འགྱུར་ན་། ཆི་ལྟར་བྱའ་”ཞེས་ཕུ་བོས་ནུ་བོར་གདམས་ཀྱང་མི་ཉན། བཅོས་ཀྱང་མི་འགྱུར་ན་ཇི་ལྟར་བྱ་ཞེས་དྲིས་པའི་ལན་བྱ “འདི་ནི། ། མ་ཉེས་པར་སྟམས་ལས་ཆད་པ་དང་། སྲོག་སྲིད་གྱི་དགྲ་ལྔ་འདི་ལྟ་བུ་ལས་འབྱུང་གིས། ། ངོ་སློག་ཕོད་པར། བྱས་ལ་མྱུར་དུ། ། འགོང་ཐོད་དུ། དབྱུང་བའྀ་རིགསོ། །”ཞེས་འདི་ནི་མ་ཉེས་ཁ་གཡོག་གི་ཉེས་ཆད་ཡིན་ལ། སྲོག་དང་སྲིད་ལ་གནོད་པའི་དགྲ་ཡང་འདི་ལྟ་བུ་ལས་འབྱུང་བས་ན། ངོ་བཟློག་ཕོད་པར་གྱིས་ལ་མྱུར་བར་རྒྱང་རིང་དུ་འབུད་པར་རིགས་སོ་ཞེས་ཕུ་བོའི་གདམས་པ་ནུ་བོས་མ་ཉན་ཚེ དེ་ནི་སྲོག་སྲིད་གཉིས་ལ་གནོད་པའི་དགྲ་ལྟ་བུ་ཡིན་པས་ནུ་བོས་ངེས་པར་དུ་ཕུ་བོའི་བསླབ་བྱར་ཉན་དགོས་པའི་གནས་ལུགས་བསྟན་པ་ལས་རྟོགས་ཐུབ་པ་ཡིན། དེ་ལྟར་མདོ་དེར་དྲི་བ་འདོན་མཁན་དང་ལན་འདེབས་མཁན་གྱི་བྱེད་པ་པོའམ་མི་སྣར་བརྗོད་བྱའི་སྙིང་པོ་གསལ་བར་མཚོན་པར་ནུས་པ་ཁྱད་པར་བ་ཐོན་ཐུབ་པའི་ཕུ་ནུ་གཉིས་ཆེད་དུ་བདམས་ཡོད་པ་དེ་ཡང་མདོ་དེའི་རྩོམ་སྟངས་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད།
དེས་ན་མི་སྣ་ཕན་ཚུན་དབར་དྲི་བ་དྲིས་ལན་གྱི་རྣམ་པའི་རྩོམ་སྟངས་ནི་བོད་ལ་དུས་སྔ་པོ་ཞིག་ནས་བྱུང་ཡོད་དེ། དཔེར་ན་ད་ལྟ་ང་ཚོས་བོད་ཀྱི་གདོད་མའི་རྩོམ་རིག་གི་ཐོག་མའི་རྣམ་པར་བཞེད་ཅིང་ལྷ་སྒྲུང་གི་ཤན་ཤུགས་མངོན་པར་གསལ་བའི་《སྲིད་པ་ཆགས་གླུ་》དང་དེ་མིན་བོད་དམངས་ཁྲོད་ཀྱི་གླུ་གཞས་རིགས་མང་པོར་དྲི་བ་དྲིས་ལན་གྱི་རྩོམ་སྟངས་རྣམ་པ་སྤྱད་ཡོད་པ་ལས་ཤེས་ཐུབ། ཕྱིས་སུ་གུང་ཐང་བསྟན་པའི་སྒྲོན་མེས་རྒན་གཞོན་ཟུང་ཕན་ཚུན་ཤགས་འགྱེད་པའི་ཚུལ་གྱིས་བརྩམས་གནང་བའི་《ཉམས་མྱོང་རྒན་པོའི་འབེལ་གཏམ་》ལྟ་བུ་དང་། རྫོགས་ཆེན་རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་《ལུགས་ཀྱི་བསྟན་བཅོས་གཞོན་ནུ་བློ་ལྡན་གྱི་དྲིས་ལན་ལེགས་བཤད་བློ་གྲོས་སྙིང་པོ་》ཞེས་པ་སོགས་ཀྱང་《ཕུ་ནུའི་མདོ་》ཡི་དྲི་བ་དྲིས་ལན་གྱི་རྣམ་པའི་རྩོམ་སྟངས་དང་ཤིན་ཏུ་ཉེ་བར་བྱུང་བ་སོགས། དུས་ཕྱིས་ཀྱི་མཁས་པའི་འཇིག་རྟེན་སྤང་བླང་གི་རྣམ་གཞག་སྟོན་པའི་མི་ཆོས་དང་ཐར་པ་དོན་གཉེར་གྱི་ལྷ་ཆོས་སྐོར་གྱི་བསླབ་བྱའི་བསྟན་བཅོས་རྣམས་སུ་དྲི་བ་དྲིས་ལན་གྱི་ཚུལ་དུ་བརྩམས་གནང་བ་མི་ཉུང་བ་ཞིག་མཆིས།
མདོ་དེའི་དྲི་བ་བདུན་པར། “དྲང་......སྙོམས་པ་འདི་ལྟ་བུའི་གཞུང་གཟུང་ན། ཡུལ་དེ་ན་ཆི་བཚུན་བར་བྱ། །”ཞེས་དྲིས་པའི་ལན་ལ་ཕུ་བོ་ན་རེ། “......ཕྱུག་པོ་བས་ནི། དྲང་པོ་དབུལ་བོ་བཚུན་བར་བརྩིའོ། ། རྐུན་པོ་བས་ནི།......བར་བརྩིའོ། །”ཞེས་ཡུལ་གང་ཞིག་ཏུ་དྲང་སྙོམས་རྩ་བར་བཟུང་ན། གཡོ་ཅན་ཕྱུག་པོ་ལས་དྲང་ལྡན་དབུལ་པོ་བཟང་བར་བརྩི་བར་བརྗོད་ཡོད་ལ། དེ་རྗེས་གོང་དང་གཤིབ་བསྡུར་གྱི་ཚུལ་དུ་དྲི་བ་བརྒྱད་པར། “དེ་ལྟ་བུའི་གཞུང་མྱེད་ན། ཆི་བཚུན་ཏུ་བརྩིའ་”ཞེས་དྲིས་པ་ན་དེའི་ལན་དུ། “ཡུལ་དེ་ན། ། ཡོན་པོ་ཕྱུག་པོ་ལ་ནི་སྟོད་ཆིང་བཚུན་བར་བརྩིའོ། ། དྲང་པོ་དབུལ་...... ནི། འཕྱའ་ཞིང་སྨོད་དོ། ། རྐུན་པོ་གཆམ་པུ་ལ་ནི་དགའ། ། སྤྲང་པོ་ཕོངས་པ་ལ་ནི་གཤེའོ །”ཞེས་གལ་སྲིད་དེ་ལྟ་བུའི་དྲང་སྙོམས་ཀྱི་རྩ་འཛིན་མེད་ན། ཡུལ་དེ་རུ་གཡོ་ཅན་ཕྱུག་པོར་བསྟོད་ཅིང་བཟང་པོར་བརྩི་ལ། དྲང་པོ་དབུལ་པོར་འཕྱ་ཞིང་སྨད་པར་བྱེད། རྐུན་པོ་དང་ཁ་མཁས་ཅན་སོགས་ལ་དགའ་ཞིང་། སྤྲང་པོ་དང་ཕོངས་པ་དག་ལ་ཚིག་རྩུབ་མོས་གཤེ་བར་བྱེད། ཅེས་དྲང་སྙོམས་དང་ཡོན་པོ་སྟེ་འཁྱོག་པོ་གཉིས་ཀྱི་ངོ་བོ་དང་མཚན་གཞི་དང་བཅས་པ་ཕན་ཚུན་གཤིབ་བསྡུར་གྱིས་བསྟན་ཡོད་པ་ལྟ་བུ་ཡིན། དེ་བཞིན་དྲི་བ་བཅུ་དྲུག་པར།“མྱིའི་ཆོས་ནི་གང་། ། མྱི་ཆོས་མ་ཡིན་པ་ནི་གང། །”ཞེས་སྤྱིར་བཏང་གི་འཇིག་རྟེན་མི་ཆོས་ནི་གང་ཡིན་པ་དང་མི་ཆོས་མ་ཡིན་པ་ནི་གང་ཡིན་པ་གཤིབ་བསྡུར་གྱིས་དྲི་བ་བཏོན་རྗེས་སོ་སོར་ལན་བཏབ་པ་ལྟ་བུ་དང་། ཡང་དཔེར་ན་དྲི་བ་ཞེ་ལྔ་པར།“སྟེན་དུ་ཆི་བཟང་ཆི་ངན་”ཞེས་དང་། དྲི་བ་རེ་གཉིས་པར། “ཆུང་མ་དང་ཧ་ཆང་མཛའ་ཆེས་ན་ནི། ། གཞན་གྱིས་གྱང་ཁྲེལད། ། སྡང་བར་བྱར་ནི། ། མོའང་ཡིད་དུ་འོང་དགུ་བྱེད་ན། ཆི་ལྟར་བྱ། །”ཞེས་དང་། གཞན་ཡང་དྲི་བ་དོན་གསུམ་པར། “ཡོང་སྣི་ཇི་བྱ་འོ་ཆོག་ལ། ། ཕྱུག་པོ་དབང་ཆེན་པོས་བྱ་བ་ནི་སླ། ། དབུལ་པོ་དང་དབང་ཆུ་ངུས་བྱ་བ་ནི་དཀའ་ར་འདྲ་ན། ། དེ་ལྟར་ལགས་སམ་མ་ལགས། །”ཞེས་སོགས། བྱ་བ་གང་ཞིག་བསྒྲུབ་པར་གཤིབ་བསྡུར་གྱི་ཐབས་ལ་བརྟེན་ཏེ་དྲང་ལྡོག་གཉིས་ཀྱི་དྲི་བ་བཏོན་ནས་གསལ་ཁ་ཐོན་པར་བྱས་ཡོད་ལ། དེ་དག་གི་དྲིས་ལན་རྣམས་ཀྱང་སོ་སོར་མི་འདྲ་བ་བཏབ་ནས་གང་ཞིག་བསྒྲུབས་ན་རུང་མི་རུང་དང་། འོས་མི་འོས། ལེགས་མི་ལེགས་སོགས་སྤང་བླང་གི་ཤན་འབྱེད་སླ་བར་བཏང་ཡོད་པ་ལྟ་བུའོ།
མཆན་འགྲེལ།
① ཤོག་དྲིལ་ཡིག་ཆ་དེ་ནི་ད་ལྟ་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཡོད་ལ། ཤོག་དྲིལ་དེར་བརྗོད་དོན་གཅིག་ཡིན་པའི་དཔར་གཞི་མི་འདྲ་བ་བཞི་ཙམ་མཆིས་ཤིང་། ད་ལྟ་སོ་སོར་P. T.1283དང་P. T.2111ཞེས་དང་། P. T.0985དང་P.T.0989བཅས་ཨང་རྟགས་མི་འདྲ་བ་བཞི་བཀོད་འདུག ཏུན་ཧོང་ཡིག་རྙིང་གི་ཞིབ་འཇུག་པ་སྐུ་ཞབས་ཝང་ཡའོ་ལགས་ཀྱིས་ཤོག་དྲིལ་མི་འདྲ་བ་དེ་བཞི་ལས་སྔ་མ་གཉིས་ལ་སོ་སོར་《ལུགས་ཀྱི་བསྟན་བཅོས་ཁག་དང་པོ་》དང་《ལུགས་ཀྱི་བསྟན་བཅོས་ཁག་གཉིས་པ་》ཞེས་མིང་དུ་བཏགས་ནས་བཀོད་པ་དང་། ཕྱི་མ་གཉིས་ལ་《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》ཞེས་པ་ལས་སོ་སོར་《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》དང་《ཕས་བུར་བཏམས་ཤིང་བསྟན་པའི་མདོ་》ཞེས་མིང་དུ་བཏགས་ནས་བཀོད་འདུག
②འདིར་བཀོད་པའི་མ་ཡིག་རྣམས་ནི་སྟོབས་ལྡན་དང་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་གཙོ་སྒྲིག་མཛད་ཅིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》ཞེས་པ་ལས་ཇི་བཞིན་དྲངས་པ་ཡིན།
[བརྡ་ཆད་གཙོ་བོ།] མི་ཆོས། 《ཕུ་ནུའི་མདོ་》 གདམས་པ། རྩོམ་སྟངས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K870 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-946X(2019)01 -124-11
གནའ་བོའི་རིག་གནས་གཏེར་མཛོད་དུ་གྲུབ་པའི་ཏུན་ཧོང་བྲག་ཕུག་ལས་ཐོན་པའི་བོད་ཡིག་ཤོག་དྲིལ་《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》 (གཤམ་དུ་《ཕུ་ནུའི་མདོ་》ཞེས་བསྡུ་རྒྱུ་ཡིན། ཨང་རྟགས་P.T.1283)①ཞེས་པ་ནི་བོད་གནའ་རབས་ཀྱི་མི་ཆོས་ལུགས་ཀྱི་གནས་ལུགས་སྟོན་པའི་ཡིག་ཆ་གལ་ཆེན་ཞིག་དང་། འཇིག་རྟེན་བྱ་བའི་སྤང་བླང་གི་རྣམ་གཞག་དང་ཡ་རབས་གུས་སྲོལ་སྟོན་པའི་མི་ཆོས་བསླབ་བྱའི་གཏེར་དུ་གྱུར་བའི་མདོ་ཞིག་ཡིན་ཞིང་། རྒྱ་ཆེའི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་ཧ་ཅང་རིང་བའི་འཚོ་བའི་ཉམས་མྱོང་དང་ཐོན་སྐྱེད་ལག་ལེན་གྱི་ཁྲོད་ནས་རིམ་གྱིས་ཕྱོགས་བསྡོམས་དང་། གསོག་འཇོག ཞུན་བརྡར་བཅས་བརྒྱུད་དེ་གྲུབ་པའི་ཐུན་མོང་བའི་བློ་གྲོས་ཀྱི་ཉིང་བཅུད་དང་། ཡུན་རིང་གི་འཚོ་བའི་ལག་ལེན་ཁྲོད་དུ་བརྡར་ཤ་ཆོད་ཅིང་ཁས་ལེན་ཐོབ་པའི་བདེན་ལུགས་ཅན་གྱི་བསམ་བློའི་གྲུབ་འབྲས་ཤིག་ཀྱང་ཡིན། 《ཕུ་ནུའི་མདོ་》ཡི་རྩོམ་ལུས་ཀྱི་གྲུབ་སྟངས་སམ་ཡང་ན་རྩོམ་འབྲིའི་རྣམ་པའི་ཐད་ཏུན་ཧོང་ཡིག་རྙིང་གཞན་དག་དང་མི་འདྲ་བར་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་ལྡན་པ་དག་གཙོ་བོ་གཤམ་གྱི་ཕྱོགས་ཁ་ཤས་ནས་སྤྱི་སྡོམ་བྱ་རུང་བར་འདོད།
དང་པོ། གཏམ་རྒྱུད་ཆ་ཚང་ཞིག་གི་རྩོམ་སྟངས་རྣམ་པ་སྤྱད་པས་བརྒྱུད་རིམ་གསལ་ཞིང་ཆ་ཚང་བ།
《ཕུ་ནུའི་མདོ་》ཞེས་པའི་ལུགས་ཀྱི་བསྟན་བཅོས་དེ་ཉིད་རྩོམ་ལུས་ཀྱི་ཆ་ནས་ཚིག་ལྷུག་གི་རྣམ་པར་སྣང་ཞིང་། ནང་དོན་མགོ་མཇུག་བར་གསུམ་ཡོངས་སུ་ཆ་ཚང་བའི་བརྩམས་ཆོས་ཤིག་ཡིན་ཏེ། ལོ་རྒྱུས་ཀྱི་དུས་ཡུན་རིང་པོ་ཞིག་གི་ནང་རིམ་གྱིས་གྲུབ་པའི་མི་རིགས་ཤིག་གི་མི་ཆོས་བསམ་བློ་མཚོན་པས་ན། བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན། དེ་ཉིད་མཁན་པས་ཆེད་དུ་བྱས་པའི་གཞུང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་བསྟན་བཅོས་ལྟ་བུར་སྣང་ཡང་། དོན་དུ་དེ་ལྟར་མིན། མདོ་དེ་ཉིད་ཀྱི་བསླབ་འདོམས་ཀྱི་ཁ་གཏད་ཡུལ་ནི་མང་ཚོགས་སྤྱིར་བཏང་བའི་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་འགྲོ་འདུག་སྤྱོད་གསུམ་དང་། ལྷག་པར་དུ་སྤྱི་ཚོགས་ཐོག་གོ་གནས་དང་། ཐོབ་ཐང་། ལས་རིགས་སོགས་མི་འདྲ་བའི་མི་དང་མིའི་དབར་འབྲེལ་བ་ཇི་ལྟར་འཛིན་དགོས་པའི་སྐོར་གྱི་མི་ཆོས་བསམ་བློ་དང་ཀུན་སྤྱོད་ཀྱི་རྣམ་གཞག་ཡིན་པས། འབངས་མི་སེར་ཕལ་པས་ཀློག་འདོད་ཅིང་ཉན་སྤྲོ་བ་དང་། བཀླགས་ཤིང་ཉན་ན་གོ་སླ་ཞིང་འཇུག་བདེ་བ་ཞིག་ཡོད། དེ་ཡང་གཏམ་རྒྱུད་ཀྱི་གྲུབ་ཆ་དང་པོར། “གནའ་ཡུལ་གསེར་ཞྭ་གཡུ་......སྤུན་དུ་འཐམས་པ་གཉིས་ཤིག །མཆིན་པ་ན་བའྀ་རྩི། ཆུ་......འདུག་འདུག་པ་ལས། །ནུ་བོ་ཡུལ་གཞན་དུ་ལས་བསྐོསྟེ།......བརྙས་པར་གྱུར་ནས། །ཕུ་བོ་ལོ་ཉི་ཤུ་རྩ་དགུ་ལོན་པས།(ནུ་བོ་བཅུ་)བརྒྱད་ལོན་བར་འགྲོ་བ་ལ། །བཏམས་ཤིང་། བསྟན་པའི་མདོ།......ལོ་ཉི་ཤུ་རྩ་དགུ་ལོན་པ་ལ། །”②ཞེས་ཐོག་མར་མི་སྣ་གཙོ་བོ་གཉིས་ངོ་སྤྲོད་དང་འབྲེལ་ཏེ་མདོ་དེ་ཉིད་སྟོན་པའི་དགོས་པ་དང་སུ་ཡིས་སུ་ལ་གདམས་པ་ལ་སོགས་གསལ་བར་བསྟན་ཡོད་ཅིང་། སྐབས་འདིའི་“གནའ་”ཞེས་པར་གོ་རྒྱུ་ཆེན་པོ་ཞིག་ཡོད་ལ་བོད་རང་གི་གཏམ་རྒྱུད་འཆད་པའི་ཐུན་མིན་གྱི་འགོ་རྩོམ་སྟངས་ཤིག་སྟེ། གང་འཆད་པར་བྱ་བའི་གཏམ་རྒྱུད་ནི་མདོ་དེ་ཉིད་ཡིག་ཐོག་ཏུ་འབེབས་དུས་ད་གཟོད་བྱུང་བ་ཞིག་དང་། ཡང་ན་མ་འོངས་པར་འབྱུང་ངེས་པ་ཞིག་མ་ཡིན་པར་སྔོན་འདས་པའི་དུས་སུ་བྱུང་ཟིན་པ་ཞིག་ཡིན་པར་བསྟན་པའི་ཕྱིར། དེ་ལྟར་ཡིན་ན། དེ་ལས་བསྟན་པའི་མི་ཆོས་བསམ་བློ་དང་ཀུན་སྤྱོད་ཀྱི་ཚད་གཞི་རྣམས་ཀྱང་གནའ་སྔ་མོའི་དུས་ནས་རིམ་གྱིས་མྱོང་བས་གྲུབ་པ་དང་། ཕྱིས་སུ་སྤྱི་སྡོམ་གྱི་ཚུལ་དུ་ཡིག་ཐོག་ཏུ་བཀོད་པ་ཞིག་ཡིན་པར་རྟོགས་ནུས། གཏམ་རྒྱུད་བྱུང་བའི་དུས་ངོས་བཟུང་རྗེས་“ཡུལ་གསེར་ཞྭ་གཡུ་”ཞེས་གཏམ་རྒྱུད་འབྱུང་སའི་གནས་བསྟན་ཡོད། དེ་ལྟར་ནའང་“གསེར་ཞྭ་གཡུ་”ཞེས་པའི་གནས་དེ་དོན་དམ་ས་ཆ་གང་ཞིག་ལ་ངོས་འཛིན་དགོས་མིན་ང་ཚོ་ཕྱི་རབས་པས་ཤིན་ཏུ་རྟོགས་དཀའ་བས། གཏམ་རྒྱུད་འཆད་པའི་རྟོག་བཏགས་ཁྲོད་ཀྱི་ས་མིང་ཞིག་ཏུ་ངོས་འཛིན་ནའང་མི་ཆོག་མེད། “ཕུ་བོ་ལོ་ཉི་ཤུ་རྩ་དགུ་ལོན་པས། (ནུ་བོ་བཅུ་)བརྒྱད་ལོན་བར་འགྲོ་བ་ལ། །”ཞེས་པས་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོ་སྟེ། མི་ལོ་ཉི་ཤུ་རྩ་དགུར་སོན་པའི་ཕུ་བོས་མི་ལོ་བཅོ་བརྒྱད་ལ་སོན་པའི་ནུ་བོར་ཁ་བྲལ་ཁར་བཏམས་ཤིང་བསྟན་པའི་མདོ་ཡི་དབུ་བཙུགས་ཡོད།ཕུ་བོས་ནུ་བོར་མདོ་དེ་ལྟ་བུ་ཞིག་གདམས་དགོས་པའི་རྒྱུ་མཚན་གང་ཞེ་ན། དེ་ཡང་གཏམ་རྒྱུད་རང་ནས་གོ་རིམ་དང་རྒྱུ་མཚན་ཆ་ཚང་ཞིག་བྱུང་ཡོད་དེ། “ནུ་བོ་ན་རེ། བདག་གྱང་ཐོན་......དང་སྦྱོད་ཞིང་སློབ་དུ་གཏང་གཏང་ན། ། ད་ནི་ཡུལ་......དགོས་ན། ། གྲོགས་ཀྱི་ནང་ན། ། ཁྱོད་ལས། ། བདག་ལ་བྱམས་པ་......བགྱེས་པ་ཡང་། ། ཤིན་ཏུ་དཀའ་སྟེ། །རྟག་ཏུ་དྲན་བ་ནི། ། ཞག་......དུ། རྨྱི་ལམ་ན་སྣངོ། ། ཡིད་ལ་ཆགས་པའི་ཚད་ནི། ། བརྗོད་ཆ་......ཀྱང། ། དཀའ་བ་ཚམ་དུ་སེམས་ཤིང་མཆིས། ། ད་སླན་ཆད་......གཆིག་ལ། ། ལས་གྱིས། བསྐལ་པས། ། མཇལ་མི་མཇལ་......པག་ཀྱང་། ། ཤིན་ཏུ་དཀའ་ན། ། བདག་འདྲ་བའི་རྣམས་གྱི་......རིགས་པར། ། བཤད་དུ་གསོལ། ། བྱམས་པའི་བཀའ་དྲིན། ནཾ་དུ......་བསྐྱུད་ན། ། བཏམས་ཤིང་བཀའ་ཆི་སྩལ་པའི་རྣམས་གྱང་།......སུ་བབ་པ་ལ། ། ཆ་ནོད་ཆིང་མཆིས། །”ཞེས་ནུ་བོ་དགོས་དབང་གིས་ཡུལ་གཞན་དུ་སྦྱོང་ཞིང་སློབ་ཏུ་འགྲོ་དགོས་པ་བྱུང་དུས། ནུ་བོས་རང་ལ་སྙིང་ལྟར་བརྩེ་བའི་ཕུ་བོམ བདག་ལ་ཉེ་གྲོགས་ཀྱི་ནང་ན་གཅེན་པོ་ཁྱེད་ལས་བྱམས་ཤིང་བརྩེ་བ་མེད་ཅིང་། ངེད་གཉིས་འདི་ལྟར་ཁ་བྲལ་རྗེས་ཡུལ་གྱིས་བསྐལ་བས། ཕྱིན་ཆད་སླར་མཇལ་དང་མི་མཇལ་གྱི་ཚོད་དཔག་ཤིན་ཏུ་བྱེད་དཀའ་བས་ན། བདག་འདྲ་བའི་ན་གཞོན་གསར་བུ་རྣམས་ཀྱིས་ཇི་ལྟར་བགྱི་བར་རིགས་པ་དག་བསྟན་དུ་གསོལ། ཁྱེད་ཀྱིས་ཇི་ལྟར་གདམས་ཤིང་བཀའ་ཅི་བསྩལ་བ་རྣམས་ཆ་ཙམ་མི་འགལ་བར་སྙིང་ལ་ཟབ་ཏུ་ནོད་ཅིང་མཆིས་ཞེས་ཞུ་བ་ཕུལ་བ་ལ། ཕུ་བོས་ད་གཟོད་གཤམ་གྱི་འཇིག་རྟེན་སྤང་བླང་གི་རྣམ་གཞག་སྟོན་པའི་མི་ཆོས་རྣམས་རེ་རེ་བཞིན་བརྗོད་པ་ཡིན།
དེ་ལྟར་ནུ་བོས་ཕུ་བོར་བྲལ་ཁའི་གདམས་ངག་དང་ཞལ་ཏ་ཞུས་པ་ལ་ཕུ་བོས་ལན་དུ། “བདགི་ཡིད་ལ་......པ་གཉིས་ཤིག་དྲན་ཏེ། ། གཆིག་ཏུ་ནི། ། ཡང་དག་པར་སྙིང་གཆིག་......མྱི་དང་བྲལ་བས། ། ཤིན་ཏུ་ལྔ་ཡིད་ལ་ཆགས། གཉིསུ་ན། །......(ཕོ་ཁྱེད)ལ། ། གཏན་ཏུ་འགྲོགས་པ་ཡང། ། དཀོན་ཏེ། མྱི་དགའ་བའི་མ་......དུ་ག་ལ་རུང་། ། ཡོང་གིས་སྙིང་གཆིག་ཕན་ཆད། ། ཡུལ་ཉེ་......རིངས་སྟེ་ལེགས་པའི་དྲོད་གྱང་། དཔག་ཏུ་མྱི་རིག །ཡིད་གྱིས་རྟག་ཏུ་......འདྲུལ་ན། ། ངོ་ཕྲད་པ་དང་ཡང་ཆི་མ་མཚུངསྟེ། ། ཁྱོད་གྱིས་ལས་བ་ཐོ་བ་ན། ། ཡུལ་གྱིས་བསྐལ་པའི་ཕྱིར། ། མྱི་དགའ་བའི་མདོར་......དུ་ཡྔ་ག་ལ་རུང་། ། ཡིད་ལ་ཆགས་པའི་ཕྱིར། ། ཁྱོད་འགྲོ་བའི་དུས་ལ་མ་བབ་པ་ཚུན་ཆད། ། གཆིག་ལ་གཆིག་བསམསྟེ། ། བྲལ་བའི་......སྐབས་མྱེད་པར་བྱའོ། ། ཡོངས་ནི། དེང་བྱེ་བ་དང་། ད་སྟེ། ལོ་བརྒྱ་ན་......བ་གཉིས། ། ཡིད་གཆིག་སྟེ། བྱེ་བྲག་མྱེདོ། ། འདྲི་བའི་རྣམས་གྱང་མཛའ་བའི་ཕྱིར་སྤོབས་པར་བྱས་སྟེ། ། ཡིད་ལ་ཆི་དྲན་པས་ལན་......ཡོངསྣི། ། གདམས་ཤིང་བཆོས་པ་ནི། སླའ། ། དེ་བཞིན་དུ་ནུས་ཤི་......པ་ནི་དཀའོ། ། དཀསྟེ། ། ཆུང་ཟད་ཆི་དྲན་བ་ནི། མདོ་ཉི་ཚེ་......བསྟན་གྱིས། ། ཡིད་ལ་བབ་པའྀ་རྣམས་ནི། ། གཟུངསུ་ཟུང་ཞིག །......བབ་ན། ། སླར་དྲིས་ཤིག ། །”ཅེས་སྙིང་དང་འདྲ་བའི་མི་དང་ཁ་བྲལ་དགོས་པ་ནི་ཡིད་ལ་ཤིན་ཏུ་འཁྲེང་མོད། གལ་སྲིད་གཅིག་སེམས་གཅིག་ལ་འདྲེས་ཤིང་མཐུན་ནས་རྟག་ཏུ་ཕན་ཚུན་ཡིད་ལ་སེམས་ན་ཡུལ་ཉེ་རིང་གང་དུ་གནས་ཀྱང་དངོས་སུ་ཕྲད་པ་དང་འདྲ་བས། ཁ་བྲལ་བ་ལ་སྐྱོམི་དགོས་ཏེ། གཏམ་གང་ཞིག་འདྲི་འདོད་པ་རྣམས་མཛའ་བའི་ཕྱིར་འཛེམ་དོགས་མེད་པར་སྤོབས་པ་ཆེར་བསྐྱེད་ཀྱིས་དྲིས་ཤིག ཡིད་ལ་གང་དྲན་པའི་ལན་འདེབས་སོ། སྤྱིར་ན་གཞན་ལ་གདམས་ཤིང་བཅོས་པ་ནི་སླ་མོད། དེ་བཞིན་དུ་ནུས་ཤིང་སྒྲུབ་པ་ནི་དཀའ། དེ་ལྟར་ཁྱོད་ལ་མཁོ་བའི་བསླབ་བྱ་མདོ་ཙམ་ཞིག་བསྟན་པར་བྱ་ཡི་ཡིད་ལ་བབས་པ་རྣམས་ནི་སེམས་ལ་ཟུངས་ཤིག མ་རྟོགས་མ་བབས་པ་དག་སླར་དྲིས་ཤིག་ཅེས་ནུ་བོ་ལ་བྲལ་ཁའི་སེམས་གསོ་དང་བཅས་རང་གིས་བསླབ་བྱ་སྟོན་པ་ཡིད་ལ་དམ་པོར་འཛིན་དགོས་པའི་སྐུལ་མ་བཏང་ཡོད། དེ་ནས་མུ་མཐུད་དུ། “ཚིག་སྟོང་བ་གཏམས་......དོན་ཆེད་པོ་ཡུན་དུ་ཡོད་པར་འགྱུརོ། ། ནོར་ཡོད་པ་བྱིན་བ་མྱི་......ཟད་ཤེསོ་དེ་ལྟ་བས་ན། བདེན་བའི་ཚིག་བྱིན་བ་ལས། ཆེ་བ་མྱེདོ།......བཟུང་ལེགསྣ། ། དེ་བླངས་པ་ལས། ནོར་དུ་ཆེ་བ་ཡང་མྱེདོ། །”ཞེས་གཞན་ལ་ཟང་ཟིང་གི་རྒྱུ་ནོར་སྟེར་བ་ལས་བདེན་པའི་གདམས་ངག་བྱིན་པ་རིན་ཐང་ཆེ་ལ། གདམས་ངག་རྣམས་ཡིད་ལ་བཟུང་ནས་ལེགས་པར་སྤྱོད་ཤེས་ན། དེ་ལས་ལྷག་པའི་ནོར་དུ་ཆེ་བ་གཞན་མེད། གཤམ་གྱི་མི་ཆོས་བསླབ་བྱ་རྣམས་རིན་ཐང་ཧ་ཅང་ཆེ་བས་དེ་དག་ཡིད་ལ་ངེས་ཤིང་ལེགས་པར་སྤྱོད་དགོས་པའི་རྟིང་སྐུལ་བྱས་ཡོད། གོང་ཞུས་དེ་དག་ལས་ང་ཚོས་བོད་མི་རིགས་ནི་གནའ་སྔ་མོ་ནས་མི་ཆོས་བསམ་བློས་མཚོན་པའི་ཡ་རབས་ཀྱི་རིག་གནས་བསམ་བློ་དང་འཇིག་རྟེན་སྤང་བླང་གི་ཤེས་བྱར་ཤིན་ཏུ་བརྩི་མཐོང་ཆེ་བའི་མི་རིགས་ཤིག་ཡིན་པ་རྟོགས་ནུས།
གཏམ་རྒྱུད་ཀྱི་གྲུབ་ཆ་གཉིས་པ་ནི་ད་གཟོད་གཞུང་འདིའི་བརྗོད་བྱ་གཙོ་བོ་རྣམས་ཡིན་ཞིང་། ཕུ་ནུ་ཟུང་གིས་དྲི་བ་དྲིས་ལན་ལ་བརྟེན་ནས་མི་ཆོས་སྐོར་གྱི་བསླབ་བྱ་མང་དུ་བསྟན་པ་དག་ཁྱོན་དྲི་བ་དོན་དགུས་རྫོགས་པར་བྱས་ཡོད། དྲི་བ་རྣམས་ཀྱང་སྔ་ཕྱིའི་གོ་རིམ་གསལ་ཞིང་ཆ་ཚང་ལ། དྲི་བ་ཕྱི་མ་ཕྱི་མ་རྣམས་སྔ་མ་སྔ་མའི་ཁ་གསབ་ཏུ་སོང་སྟེ་བསྟན་དོན་གང་ཉིད་ཇེ་རྒྱས་ཇེ་གསལ་གྱིས་འགྲེལ་བཤད་ཚགས་དམ་ཞིང་ཆ་ཚང་དུ་བགྱིས་ཡོད། འདིར་ཤེས་བྱེད་ཀྱི་དཔེ་ཙམ་དྲངས་ན། དྲི་བ་དང་པོར། “མྱིར་......སྐྱེས་པ་ལ། གང་བདེ་ན་བདེ་བའི་མཆོག་ཡིན། །”ཞེས་དྲིས་པའི་ལན་ལ། “སེམས་བདེ་ན་བདེ་བའྀ་མཆོག་ཡིན། ། སེམས་མྱི་བདེ་ན། ། གཞན་ཆི་བདེ་ཡང་བདེ་བ་མ་ཡིནོ། །”ཞེས་འཇིག་རྟེན་འདིར་མི་ལུས་བླངས་པ་ལ་བདེ་བའི་མཆོག་ནི་སེམས་བདེ་བ་ཡིན་ལུགས་བརྗོད་པ་དང་། དེར་མཐུད་ནས “སེམས་བདེ་བའོ་ཐབས་ཆི་ལྟར་བྱ །”ཞེས་གོང་གི་དྲི་བའི་རྟིང་གནོན་གྱི་ཚུལ་དུ་དྲི་བ་གཉིས་པ་བཏོན་པ་ན། ཕུ་བོས། “བདག་ལ་མཚང་མྱེད་པར་བསྣ། ། མཐོ་བའི་སན་ལྔ་མཐོ་ཞིང་བདེའོ། ། དམའ་བའི་ས་ན་ཡྔ། དམའ་ཞིང་བདེའོ། ཡོངས་...... རྒྱལ་པོའི་ཁྲིམས་ལ། ། སྲོག་སྲིད་གཉིས་བརྟན་ཏེ། ། ཆི་ལ་ཡྔ། རན་པར་བྱ་བ་རིགས་སོ། ། དེ་ལས་འགལ་དང་། ། དགྲར་ནི་གྲོགས་ལྟོག ། དཔུང་ནི་རྒྱལ་པོས་བྱསྣ། ། མ་སྙེམས་པའི་ཡྔ་མྱི་མྱེད་ལ། ཤགས་གདབ་དུ་ཡང་། ། ཡུས་མེད་ན། ། ཆི་ལ་བརྟན། །”ཞེས་དྲིས་ལན་སྔ་མའི་ཁ་གསབ་ཏུ་རང་སེམས་བདེ་བར་ཡོང་བའི་ཐབས་བྱེ་བྲག་ཏུ་བསྟན་པསའགྲེལ་བཤད་ཆ་ཚང་ཞིག་བྱུང་ཡོད་པ་ལྟ་བུས་མཚོན། དྲི་བ་དྲིས་ལན་སྔ་ཕྱི་སྤེལ་མར་བཏོན་ནས་མི་ཆོས་བསླབ་བྱ་དུ་མ་མུ་ཏིག་སྟར་ལ་བརྒྱུས་པ་ལྟར་རེ་རེ་བཞིན་ཀློག་པ་པོའི་མིག་ལམ་དུ་བཀྲམས་ཡོད།
གཏམ་རྒྱུད་ཀྱི་གྲུབ་ཆ་གསུམ་པ་ནི་མདོ་དེའི་མཇུག་སྡུད་པའི་ཚན་པ་སྟེ། ནུ་བོའི་མི་ཆོས་སྐོར་གྱི་དྲི་བ་རྣམས་ལ་ཕུ་བོས་རེ་རེ་བཞིན་ལན་བཏབ་རྗེས “ནུ་བོ་ཤིན་ཏུ་ཡིད་ལ་བབ་སྟེ། ། ཡང་དག་པའྀ་ཚིག་བདོག་པ་ནི། ། སྙིང་འབའ་ཤིག་ལ། བཏམས་པ། ལགས་གྱིས། ། གཞན་ལ་མ་བསྙད་ཆིག ། འདི་ལྟར་གཆིག་གིས་གཆིག་ལ། ། བཏམས་ཤིང་། བསྟན་ནས། ། མཛངས་པ་པོ། སྤུན་ཉིས། དེ་ནས་སོ་སོར་གྱེས་སྟེ་མཆིས་སོ། །”ཞེས་ཕུ་བོས་ལན་བཏབ་པ་རྣམས་ནུ་བོའི་ཡིད་ལ་ཤིན་ཏུ་བབས་ཏེ། གནས་ལུགས་ཡང་དག་པའི་ཚིག་རྣམས་ནི་སྙིང་ཁོང་དུ་འཆང་བ་ལགས་ཀྱི གཞན་ལ་མ་སྟོན་ཞིག་ཅེས་ཕུ་ནུ་ཟུང་དབར་གསང་གཏམ་གྱི་ཚུལ་དུ་གདམས་པའི་བསླབ་བྱ་རྣམས་དཔེ་མཁྱུད་བྱེད་དགོས་པར་བསྟན་ནས་དེའི་དོན་སྙིང་དང་རིན་ཐང་སོགས་བླ་ན་མེད་པར་བརྗོད་ཡོད། དེ་ལྟར་ཕུ་ནུ་གཉིས་ཀྱིས་གཅིག་གིས་གཅིག་ལ་གདམས་ཤིང་བསྟན་རྗེས་སོ་སོར་གྱེས་ཚུལ་བརྗོད་ནས་མདོ་ཡོངས་སུ་རྫོགས་པར་བྱས་ཡོད།
མདོར་ན། མདོ་དེའི་རྩོམ་ལུས་འགོད་སྟངས་སམ་སྒྲིག་གཞིའི་ཆ་ལ་གཞིགས་ན། མགོ་མཇུག་བར་གསུམ་ཆ་ཚང་བའི་གཏམ་རྒྱུད་ཅིག་ཡིན་པར་མཐོང་སྟེ། དང་པོར་གཏམ་རྒྱུད་འབྱུང་སའི་ཡུལ་ལྗོངས་དང་མི་སྣ་འབྲི་བཞེངས་བྱས་པས། འགོ་བརྗོད་ཀྱི་རིམ་པ་གསལ་བ་དང་། བར་གྱི་དྲི་བ་རེ་རེར་རང་སྟེང་གི་ནང་དོན་དང་ཁྱད་ཆོས་མངོན་པར་གསལ་ཁར། དྲི་བ་སྔ་ཕྱིའི་འབྲེལ་བ་ཚགས་དམ་ཞིང་མུ་འབྲེལ་བས། བརྗོད་བྱ་རྒྱ་ཆེ་ཡང་གོ་རིམ་འཁྲུགས་པའི་ཡ་མ་ཟུང་གི་ཉམས་སྣང་མེད་པ། མཐའ་མར་ཕུ་བོས་གདམས་པ་ནུ་བོའི་སེམས་གཏིང་ལ་བབས་ནས་སོ་སོར་གྱེས་ཚུལ་བརྗོད་དེ་མཇུག་སྡུད་པ་བཅས།《ཕུ་ནུའི་མདོ་》དེ་ནི་ཀུན་གྱིས་གོ་བདེ་ཞིང་ཁྱབ་གདལ་དུ་འགྲོ་སླ་བ་ལ་སོགས་པའི་ཁྱད་ཆོས་རྫོགས་པའི་མི་ཆོས་ལུགས་ཀྱི་བརྩམས་ཆོས་ཧྲིལ་པོ་ཞིག་ཏུ་གྲུབ་ཡོད།
གཉིས་པ། དྲི་བ་དྲིས་ལན་གྱི་རྩོམ་སྟངས་རྣམ་པ་སྤྱད་པས་བབ་ཆགས་འིང་ཡིད་འགུག་པ།
《ཕུ་ནུའི་མདོ་》ནི་བོད་བཙན་པོའི་སྐུ་རིང་ལ་ཡིག་ཐོག་ཏུ་བཀོད་པའི་མི་ཆོས་སྐོར་གྱི་ཡིག་ཆ་གལ་ཆེན་ཞིག་ལགས་ཀྱང་། དེའི་རྩོམ་འབྲིའི་རྣམ་པ་ནི་དུས་སྐབས་དེ་དག་རིང་ལ་དར་ཁྱབ་ཆེ་བའི་བཙན་པོའི་གདུང་རབས་བརྗོད་པའི་ཚིག་ལྷུག་དང་མི་འདྲ་ལ། རྗེ་བློན་ཕན་ཚུན་དབར་བྱུང་བའི་ཚིགས་བཅད་རྣམ་པའི་མགུར་གླུ་དང་ཡང་མི་མཚུངས། དེ་བཞིན་དུ་དོན་ཆེན་ཡིག་ཆར་བཀོད་པའི་ལོ་རབས་དང་། ཉི་ཟླ་དཔང་དུ་བཞག་པའི་མནའ་ཡིག བརྗོད་དོན་ཤུགས་སུ་སྦས་པའི་མོ་ཡིག་སོགས་དང་ཡང་ཁྱད་པར་ཤིན་ཏུ་ཆེ། མདོ་དེར་མི་སྣ་ཕན་ཚུན་དབར་དྲི་བ་དྲིས་ལན་འདེབས་པའི་རྩོམ་འབྲིའི་རྣམ་པ་སྤྱད་དེ་བརྗོད་དོན་གང་ཉིད་གནད་ལ་འཁེལ་ཞིང་བློ་ངོར་འབྱོར་བདེ་བར་བྱས་ཡོད། སྤྱིར་ན་དྲི་བ་དྲིས་ལན་གྱི་རྩོམ་སྟངས་རྣམ་པ་ནི་མི་རིགས་མང་པོ་ཞིག་ལ་བྱུང་ཡོད་པའི་ཐུན་མོང་གི་རྩོམ་སྟངས་གཙོ་བོ་ཞིག་ཡིན་ཞིང་། རྩོམ་སྟངས་འདི་ལ་བརྗོད་དོན་གང་ཡིན་ཡིག་ཚོགས་དང་ཚིག་རྫོབ་ཀྱིས་མི་སྒྲིབ་པར་གནད་དུ་དྲིལ་ཅིང་གསལ་ཁ་ཐོན་པ། སྒྲིག་གཞིའི་གོ་རིམ་དང་བརྗོད་བྱའི་གཙོ་ཕལ་མི་འཆོལ་བར་སྔ་ཕྱིའི་རྒྱུ་འབྲས་ཀྱི་འབྲེལ་བ་གསལ་ཞིང་ཚགས་དམ་པ། ཀློག་འདོད་ཅིང་ཉན་སྤྲོ་ལ་བབ་ཆགས་ཤིང་ཡིད་འགུག་པ་ལ་སོགས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་མང་དུ་ལྡན་ཡོད། 《ཕུ་ནུའི་མདོ་》ཡི་ཁ་གཏད་ཡུལ་ནི་ཡོན་ཚད་ཀྱི་མཐོ་དམའ་དང་། ཤེས་རབ་ཀྱི་རྣོ་རྟུལ། སྤྱི་ཚོགས་ཀྱི་ཐོབ་ཐང་དང་ལས་གནས་ལ་སོགས་འདྲ་མིན་སྣ་ཚོགས་སུ་ངེས་པའི་འབངས་ཕལ་པའི་རྒྱུན་གཏན་གྱི་ཐོན་སྐྱེད་འཚོ་བ་ཡིན་པས། གནས་ལུགས་གང་ཞིག་ལུང་རིགས་དཔེ་གསུམ་དང་བཅས་ཏེ་མཐའ་འཁྱོལ་བར་བསྒྲུབས་ནས་གཞུང་ལུགས་སུ་སྟོན་པ་ལྟ་བུ་མིན་པར། དམངས་ཕལ་པས་ཉན་སྤྲོ་ཞིང་གོ་སླ་ལ། བློ་ངོར་འབྱོར་བདེ་བའི་དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་བརྗོད་ཡོད། དེའི་ཕྱིར་མདོ་དེའི་འཆད་ཉན་རྒྱས་སླ་ཞིང་སྤྱི་ཚོགས་ཀྱི་བྱེད་ནུས་ཀྱང་བླ་ལྷག་ཏུ་ཐོན་ངེས་པ་ནི་རྣམ་དཔྱོད་འཁྲུལ་བ་མེད་པས་བསམས་ན་ཤེས་ནུས་པ་ཞིག་ཡིན། ལྷག་པར་དུ་མདོ་དེའི་དྲི་བ་དྲིས་ལན་རྣམས་ཀྱང་སྔ་ཕྱི་ཕན་ཚུན་འབྲེལ་མེད་ཁེར་རྐྱང་དུ་གནས་ཤིང་གང་ཞིག་ཡིད་ལ་དྲན་པ་སྐབས་བསྟུན་གྱིས་བཏོན་པ་དང་བཏབ་པ་ལྟ་བུ་མ་ཡིན་པ་མ་གནད་དོན་གང་ཞིག་ལ་དམིགས་ནས་དྲི་བ་འདོན་སྐབས། ཐོག་མར་སྤྱིའི་ཆ་ནས་སྡོམ་ཚིག་རང་བཞིན་གྱི་དྲིས་ལན་ཞིག་སློག་པ་དང་། དེ་ནས་བྱ་བ་དེ་ཉིད་ལག་ལེན་དུ་ཇི་ལྟར་བསྟར་དགོས་ཚུལ་ལ་བྱེ་བྲག་གི་དྲི་བ་ཁ་ཤས་བཏོན་པ་དེ་དག་རེ་རེ་བཞིན་ལ་ལན་བཏབ་ཡོད་པས། དྲི་བ་སྔ་ཕྱི་རྣམས་ལ་སྤྱི་བྱེ་བྲག་གི་འབྲེལ་བ་ཞིག་གྲུབ་འདུག་ཅིང་། དྲི་བ་ཕྱི་མ་རྣམས་ཀྱིས་དྲི་བ་སྔ་མ་གང་ཉིད་འཐུས་སྒོ་ཇེ་ཚང་དང་ཁྱབ་རྒྱ་ཇེ་ཆེར་བཏང་ནས་ཁྱོན་ཡོངས་ཀྱི་དྲིས་ལན་ཞིབ་གསལ་ཞིག་བཏབ་ཡོད། དཔེར་ན། མདོ་དེའི་དྲི་བ་རེ་གསུམ་པར། “ནོར་གྱི་དྲོད་ཆིས་གཟུང་”ཞེས་བྱུང་བ་ལ། “ཆོག་ཤེས་པས་དྲོད་གཟུངོ་”ཞེས་ལན་བཏབ་ཡོད་པ་དང་། དེ་ནས་ཀྱང་ཁ་ཇེ་གསལ་དུ་གཏོང་བར་དྲི་བ་རེ་བཞི་པར། “ཆི་ཚམ་ན་ཆོག་”ཟེར་བ་ལ་དེའི་ལན་དུ། “ལྟོ་མ་བཀྲེས་རྒྱབ་མ་གྲང་། ། ཆུ་ཤིང་ལ་མ་བབ། ། རྐང་མ་ཆད་ན།:ཆོག་ཤེས་སྟེ། ། འདི་རྣམས་འབྱོར་ན། ཕྱུག་ལ་བདེ་བ་ཡིནོ། ། འདི་ལས་ལྷག་པའྀ་ནོར་བདོག་པ་ནི། ། བདེ་ཞིང་ཕྱུག་པ་མ་ཡིནོ། ། ནོར་གྱིས། ། བདག་འཁོལ་ཏེ། ། ནོར་དགྲར་ལྡངོ། །”ཞེས་ལན་བཏབ་པ་ནི་དྲི་བ་སྔ་མའི་ཁ་སྐོང་དུ་སོང་ཡོད་པ་གསལ་པོ་ཡིན་པ་དང་། དེ་ནས་མུ་མཐུད་དུ་དྲི་བ་རེ་ལྔ་པར། “དེས་ཆོག་ན། ། གོས་ཟས་གྱང་ངན་ཆེས་ལ། ། བྲན་དང་ཕྱུགས་གྱང་ཉུང་མ་ཆེས་སམ། །”ཞེས་དྲིས་པ་ལ། “ཡོང་དཔག་པ་ལྔ་འོག་མ་ལ་བལྟས་དང་། བདག་བས་དབུལ་བས་གྱང་ནུས་ན། ། བདག་ཇིས་མི་ཆོག ། ལྟག་མ་ལས། ། བལྟས་ན་ནི། ། ཆོག་པའྀ་མཐའ་ལྔ་མྱེདེ། ། རྒྱལ་པོ་ཡྔ་ཆོག་མྱི་མཁྱེན་ན། ཧ་ཆང་དེ་ལྟ་བུར། ། འདོད་ཆེསྟེ། ། དཔག་པའྀ་དྲོད་ཆིག་མ་རིགས་དང་། སྲོག་སྲིད་གཉིས་ལ་དམའ་འོ། ། གོས་ཟས་ནི། ། དྲོས་པ་དང་འདྲངས་པ་གཉིསུ་དགོས་པར་ཟདེ། ། ཐ་སླ་པས། ། དྲོས། ཤིང་འདྲངས་པས་ཆིས་མ་ཆོག ། བྲན་དང་ཕྱུགས་གྱང་། ངན་ལས་ལ་མ་བབ་། རྐང་གིས་མ་སོང་བས་ཆོགོ ། གྱི་ན། ། ཡུལ་། དང་ཁྱུ་ན་རྒས་པ་ལྟ། ། བདག་ལ་མྱེད་དུ་མྱི་རུང་བ་ཆི་ཡོད། ། མྱིའི་དཔོན་པོ་བྱ་ན། ། འདི་ལྟ་བུ། འདོད་པའྀ་གྲངས་མངསྣ། ། འདོད་པའྀ་མུ་སྐྱེའོ་འདོད་པའྀ་མུ་སྐྱེས་དང། ། ཡོན་པོ་མི་སྙོམས་པ་ལྔ། འདྀ་ལས་འོང་ངོ། ། རྗེ་བློན་གྱིས་བདགི་ཞོ་ཤ་དང་སྦྱར་ཏེ། ནོར་མ་བྱིན་བར། ནོར་རྙེད་པ་ནི། ། སྒྱུ་དང་ཐབས་གྱིས། བརྒལ་ཏེ། འོག་མ་ལས་ཕྲོགསྣ། ། ནོར་རང་མྱི་འོང་བ་ལ། བལྟས་ན། ། དཔོན་པོ་བྱེད་ཆིང་། དབུལ་བ་ནི་ལེགས་པའྀ་མགོ་ཆེའོ། །”ཞེས་དེ་ལྟར་ཡིན་ངེས་པའི་རྒྱུ་མཚན་དང་བཅས་འགྲེལ་བཤད་གསལ་པོ་ཞིག་བགྱིས་ཡོད་པ་ལྟ་བུའོ། ཡང་དཔེར་ན་དྲི་བ་བཅུ་བདུན་པར། “སྲི་ཞུ་ཆེ་བ་ནི་གཆམ་པུ་མ་ཡིན་ནམ། ། མཉེན་བ་ནི་མཛི་མ་ཞམ་ཆེ་བ་མ་ཡིན་ནམ། ། སྙིང་རྗེའི་ནང་ན། ། ངོ་སློག་མྱི་ཕོད་པའི་ཤས་མྱེད་དམ། གཐུམ་བ་ལ་དཔའ་བའི་ཤས་མྱེད་ཏམ། །”ཞེས་མི་ཆོས་ཀྱི་རྣམ་གྲངས་བཅུ་ལས་སྲི་ཞུ་དང་། མཉེན་པ། སྙིང་རྗེ། གཏུམ་པ་བཅས་ལ་བྱེ་བྲག་ཏུ་གཏིང་ཇེ་ཟབ་དང་ཚགས་ཇེ་ཞིབ་ཏུ་བཏང་ནས་དྲི་བ་བཏོན་པ་ལྟ་བུ་དང་། དྲི་བ་ཉེར་གཅིག་པར། “ལས་བྱའོ་ཆོག་གྲོགས་དང་འགྲོགསྟེ་བྱ་དགོས་ན། ། གྲོགས་མྱི་དགའ་བར་ཡང་མ་གྱུར་ལ། ལས་གྱང་མ་ནོར་བར་ཟིན་པར་བྱ་ན་ཆི་ལྟར་བྱ། །”ཞེས་བྱ་བ་གང་ཞིག་ལས་གྲོགས་དང་མཉམ་དུ་སྒྲུབ་དགོས་ན། གྲོགས་པོ་མི་དགའ་བར་མི་འགྱུར་ཞིང་། བྱ་བ་ཡང་མ་ནོར་བར་ལེགས་པོར་སྒྲུབ་དགོས་ན་ཅི་ལྟར་བྱ་ཞེས་བྱུང་བ་ལྟ་བུ་དང་། ཡང་དྲི་བ་ཞེ་བརྒྱད་པར། “གྲོགས་པོ་མཛའ་བོ་མངས་ན། འགའ་དང་མཇུག་ཏུ་། མཁོན་གྱིས་གྱང་དོགས་ཐོག་མ་ནས་། མྱི་མཛའ་བར་གཞག་དུ་ནི། ། ཡིད་འཐུན་ན་ཆི་ལྟར་བྱའ། །”ཞེས་གྲོགས་པོ་མང་དྲགས་ན། རེ་འགའ་ནི་མཐའ་མཇུག་ཏུ་འཁོན་པར་དོགས་པ་དང་། ཡང་རེ་འགའ་ནི་ཐོག་མ་ནས་མི་མཛའ་བ་ལ་གཞུག་ཏུ་ཡིད་མཐུན་པས་ན་ཇི་ལྟར་བྱ་ཞེས་དྲི་བ་བཏོན་པ་ལྟ་བུ་སོགས། སྔ་ཕྱིའི་དྲི་བ་རྣམས་ཀྱི་དབར་གཏན་ཚིགས་ཀྱི་འབྲེལ་བ་དམ་ཞིང་། ཕན་ཚུན་དབར་རྩོད་སྒྲུབ་གཅིག་གྱུར་གྱི་རིགས་པ་མངོན་གསལ་དུ་ཐོན་ཡོད་པས། དེ་ཡང་མདོ་དེའི་རྩོམ་འབྲིའི་རྣམ་པའི་ཐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན།མདོ་དེའི་རྩོམ་སྟངས་རྣམ་པའི་ཁྱད་ཆོས་གཞན་ཞིག་ནི། དེའི་ཁྲོད་ཀྱི་མི་སྣ་གཉིས་ཡིན། སྤྱིར་དྲི་བ་དྲིས་ལན་ཅན་གྱི་ རྩོམ་སྟངས་ལ་མཚོན་ན། དྲི་བ་འདོན་མཁན་དང་དྲིས་ལན་འདེབས་མཁན་གྱི་མི་སྣ་གཉིས་ཅིས་ཀྱང་ལྡན་དགོས་པ་ལྟར། མདོ་དེར་ཡང་འཇིག་རྟེན་པའི་འཚོ་བ་ལ་ཐོག་མར་འཇུག་ཅིང་། དེའི་ཐད་ཀྱི་མི་ཆོས་ཤེས་བྱ་རྣམས་རྟོགས་འདོད་ཀྱི་འདུན་པ་འགོག་མེད་དུ་མངའ་བའི་ནུ་བོ་དང་། འཇིག་རྟེན་མི་ཆོས་ལ་མྱོང་བ་ཟབ་ཅིང་ཉམས་མྱོང་གིས་ཕྱུག་པ། གང་དྲིས་ལ་སུན་སྣང་མེད་པར་ཤ་ཚའི་བསླབ་བྱ་འདོམས་མཁན་གྱི་ཕུ་བོ་ཞེས་མི་སྣ་གཉིས་ཀྱི་གཟུགས་བརྙན་བཀོད་ཡོད། སྤྱིར་ན་འཇིག་རྟེན་འདིར་ཕན་ཚུན་དབར་བློ་གཏད་རུང་བའི་མི་དང་མིའི་དབར་གྱི་འབྲེལ་བ་ནི་མང་དུ་སྣང་སྟེ། བརྩེ་དུང་གི་མདུད་རྒྱ་དམ་ཞིང་ཞེ་འདང་གི་མཚོ་མོ་ཟབ་པའི་ཕ་མ་བུ་ཕྲུག་གི་འབྲེལ་བ་དང་། མཛའ་གཅུགས་ཕྱི་ཐག་རིང་ཞིང་སྐྱིད་སྡུག་མཉམ་དུ་མྱོང་བའི་གྲོགས་པོའི་འབྲེལ་བ། བརྩེ་འདང་གཅིག་ལ་གཏད་ཅིང་མཐུན་སྣང་འོ་ཆུ་ལྟར་འདྲེས་པའི་བཟའ་ཟླའི་འབྲེལ་བ་སོགས་ལྟར་མང་མོད། དེ་དག་གི་དབར་ནའང་སོ་སོའི་ཐོབ་ཐང་དང་མོས་ཁམས་སོགས་ཅི་རིགས་པའི་དབང་གིས་ཁྱད་པར་དང་ལྐོག་ལ་སྦས་པའི་གསང་བ་རེ་མཆིས་སྲིད་པས། ཕན་ཚུན་དབར་ཡིད་ལ་གང་དྲན་ཤར་མར་བརྗོད་པར་ཚད་བཀག་ངེས་ཅན་ཞིག་འབྱུང་ངེས། འོན་ཏེ་མདོ་དེའི་ནང་དུ་ཕུ་ནུ་གཉིས་ནི་ཕན་ཚུན་དབར་བརྩེ་དུང་ཟབ་ཅིང་བློ་ཕུགས་གཅིག་ཏུ་འདྲེས་པ་དང་། ཡིད་སེམས་གཅིག་ཏུ་མཐུན་པས་བསམ་བློའི་བཀག་རྒྱ་དང་ཡིད་ཀྱི་ཐེ་ཚོམ་ཅི་ཡང་མེད་པར་རང་གི་ལྟ་ཚུལ་ལྷུག་པོར་བརྗོད་རུང་བ་ཞིག་ཏུ་བསྟན་ཡོད་དེ། མདོ་དེའི་དྲི་བ་ཉེར་དྲུག་ལས། “ནུ་བོ་ཞིག་ན། ། ཕུ་བོའི་སེམས་དང་འཐུན་བར་བྱོས་ཤིག །”ཅེས་པ་དང་། ཡང་གལ་ཏེ་ཕུ་བོས་གདམས་པ་ནུ་བོས་མ་ཉན་ན་མི་ཆོས་དང་འགལ་བ་ཡིན་ཚུལ་ལ་མདོ་དེའི་དྲི་བ་ང་དྲུག་ལས། “ཕུ་ནུ་བོ་ལ། བཏམས་གྱང་མྱི་ཉན། བཆོས་གྱང་མྱི་འགྱུར་ན་། ཆི་ལྟར་བྱའ་”ཞེས་ཕུ་བོས་ནུ་བོར་གདམས་ཀྱང་མི་ཉན། བཅོས་ཀྱང་མི་འགྱུར་ན་ཇི་ལྟར་བྱ་ཞེས་དྲིས་པའི་ལན་བྱ “འདི་ནི། ། མ་ཉེས་པར་སྟམས་ལས་ཆད་པ་དང་། སྲོག་སྲིད་གྱི་དགྲ་ལྔ་འདི་ལྟ་བུ་ལས་འབྱུང་གིས། ། ངོ་སློག་ཕོད་པར། བྱས་ལ་མྱུར་དུ། ། འགོང་ཐོད་དུ། དབྱུང་བའྀ་རིགསོ། །”ཞེས་འདི་ནི་མ་ཉེས་ཁ་གཡོག་གི་ཉེས་ཆད་ཡིན་ལ། སྲོག་དང་སྲིད་ལ་གནོད་པའི་དགྲ་ཡང་འདི་ལྟ་བུ་ལས་འབྱུང་བས་ན། ངོ་བཟློག་ཕོད་པར་གྱིས་ལ་མྱུར་བར་རྒྱང་རིང་དུ་འབུད་པར་རིགས་སོ་ཞེས་ཕུ་བོའི་གདམས་པ་ནུ་བོས་མ་ཉན་ཚེ དེ་ནི་སྲོག་སྲིད་གཉིས་ལ་གནོད་པའི་དགྲ་ལྟ་བུ་ཡིན་པས་ནུ་བོས་ངེས་པར་དུ་ཕུ་བོའི་བསླབ་བྱར་ཉན་དགོས་པའི་གནས་ལུགས་བསྟན་པ་ལས་རྟོགས་ཐུབ་པ་ཡིན། དེ་ལྟར་མདོ་དེར་དྲི་བ་འདོན་མཁན་དང་ལན་འདེབས་མཁན་གྱི་བྱེད་པ་པོའམ་མི་སྣར་བརྗོད་བྱའི་སྙིང་པོ་གསལ་བར་མཚོན་པར་ནུས་པ་ཁྱད་པར་བ་ཐོན་ཐུབ་པའི་ཕུ་ནུ་གཉིས་ཆེད་དུ་བདམས་ཡོད་པ་དེ་ཡང་མདོ་དེའི་རྩོམ་སྟངས་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད།
དེས་ན་མི་སྣ་ཕན་ཚུན་དབར་དྲི་བ་དྲིས་ལན་གྱི་རྣམ་པའི་རྩོམ་སྟངས་ནི་བོད་ལ་དུས་སྔ་པོ་ཞིག་ནས་བྱུང་ཡོད་དེ། དཔེར་ན་ད་ལྟ་ང་ཚོས་བོད་ཀྱི་གདོད་མའི་རྩོམ་རིག་གི་ཐོག་མའི་རྣམ་པར་བཞེད་ཅིང་ལྷ་སྒྲུང་གི་ཤན་ཤུགས་མངོན་པར་གསལ་བའི་《སྲིད་པ་ཆགས་གླུ་》དང་དེ་མིན་བོད་དམངས་ཁྲོད་ཀྱི་གླུ་གཞས་རིགས་མང་པོར་དྲི་བ་དྲིས་ལན་གྱི་རྩོམ་སྟངས་རྣམ་པ་སྤྱད་ཡོད་པ་ལས་ཤེས་ཐུབ། ཕྱིས་སུ་གུང་ཐང་བསྟན་པའི་སྒྲོན་མེས་རྒན་གཞོན་ཟུང་ཕན་ཚུན་ཤགས་འགྱེད་པའི་ཚུལ་གྱིས་བརྩམས་གནང་བའི་《ཉམས་མྱོང་རྒན་པོའི་འབེལ་གཏམ་》ལྟ་བུ་དང་། རྫོགས་ཆེན་རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་《ལུགས་ཀྱི་བསྟན་བཅོས་གཞོན་ནུ་བློ་ལྡན་གྱི་དྲིས་ལན་ལེགས་བཤད་བློ་གྲོས་སྙིང་པོ་》ཞེས་པ་སོགས་ཀྱང་《ཕུ་ནུའི་མདོ་》ཡི་དྲི་བ་དྲིས་ལན་གྱི་རྣམ་པའི་རྩོམ་སྟངས་དང་ཤིན་ཏུ་ཉེ་བར་བྱུང་བ་སོགས། དུས་ཕྱིས་ཀྱི་མཁས་པའི་འཇིག་རྟེན་སྤང་བླང་གི་རྣམ་གཞག་སྟོན་པའི་མི་ཆོས་དང་ཐར་པ་དོན་གཉེར་གྱི་ལྷ་ཆོས་སྐོར་གྱི་བསླབ་བྱའི་བསྟན་བཅོས་རྣམས་སུ་དྲི་བ་དྲིས་ལན་གྱི་ཚུལ་དུ་བརྩམས་གནང་བ་མི་ཉུང་བ་ཞིག་མཆིས།
གསུམ་པ། གཤིབ་བསྡུར་གྱི་འབྲི་ཐབས་སྤྱད་པས་ལེགས་ཉེས་སྤང་བླང་གི་ཤན་འབྱེད་སླ་བ།
སྤྱིར་ན་འཇིག་རྟེན་ལུགས་ཀྱི་བྱ་བའི་རང་བཞིན་ཏེ། དགེ་སྡིག་དང་ལེགས་ཉེས། ཕན་གནོད། བཟང་ངན། བདེ་སྡུག མཛངས་བླུན། རྒྱལ་ཕམ། ཐོབ་ཤོར། བྱམས་སྡང་། དབུལ་ཕྱུག ཁེ་གྱོང། དགྲ་གྲོགས། དྲང་འཁྱོག བསྟོད་སྨད་ལ་སོགས་ནི་མི་ཆོས་རིག་པའི་རྩ་བའི་བརྗོད་གཞི་ཡིན་ཞིང་། འགལ་ཟླར་གྲུབ་པའི་དོན་སྤྱི་དེ་དག་ལ་ངོས་འཛིན་ཇི་ལྟར་བྱ་བ་དང་། སོ་སོའི་ཚད་གཞིར་ཅི་འདྲ་འཇོག་པ། ལྷག་པར་དུ་དེ་དག་ལ་བླང་དོར་དང་འཇུག་ལྡོག་ཇི་ལྟར་བྱ་དགོས་པ་སོགས་ནི་མི་ཆོས་བསླབ་བྱའི་བརྗོད་སྙིང་གཙོ་བོ་རྣམས་ཡིན། གོང་གསལ་འཇིག་རྟེན་གྱི་བྱ་གཞག་སྣ་ཚོགས་པར་ལྟ་སྟངས་དང་གདེང་འཇོག་མི་འདྲ་བ་བྱུང་བ་ཡིས་ད་གཟོད་མི་རིགས་ཤིག་གི་མི་ཆོས་བསམ་བློའི་ཡང་སྙིང་གྲུབ་པ་ཡིན་ལ། མི་རིགས་དེའི་ཀུན་སྤྱོད་ཀྱི་རྩ་དོན་དང་། ཀུན་སྤྱོད་ཀྱི་ཚད་གཞི། ཀུན་སྤྱོད་ཀྱི་བློ་སྦྱོད། ཀུན་སྤྱོད་ཀྱི་འོས་འགན་སོགས་ཀྱང་དེ་དག་དང་རྟེན་ཅིང་འབྲེལ་ནས་གྲུབ་ཡོང་བ་ཡིན། སྤྱིར་ན་《ཕུ་ནུའི་མདོ་》ནི་བོད་བཙན་པོའི་སྐུ་དུས་ཀྱི་མི་ཆོས་ཀུན་སྤྱོད་མཚོན་པའི་ཡིག་ཆ་གལ་ཆེན་ཞིག་ལགས་ན། དེའི་བརྗོད་བྱའི་ཁྱབ་ཁོངས་ཀྱང་མདོར་བསྡུས་ན་འཇིག་རྟེན་སྤང་བླང་གི་བསླབ་བྱ་ལས་མ་འདས། འོན་ཀྱང་གོང་གསལ་མི་ཆོས་ཀུན་སྤྱོད་ཐད་ཀྱི་བརྗོད་གཞི་དེ་དག་ནི་བྱེ་བྲག་ཏུ་བརྗོད་ཁག་པའི་ལྐོག་གྱུར་ཅན་གྱི་དོན་སྤྱི་དག་ཏུ་ངེས་ན། མདོ་དེར་ལྟོས་ཟླར་གྲུབ་པའི་མི་ཆོས་ཀྱི་བརྗོད་བྱ་ཅི་རིགས་པ་དག་འབུར་ཐོན་ཡོང་ཆེད་ཕན་ཚུན་གཤིབ་བསྡུར་གྱི་ཐབས་ལ་བརྟེན་ནས་མཚན་གཞི་དང་བཅས་འགྲེལ་བཤད་ཀྱིས་བློ་ལ་ངེས་སླ་ཞིང་འདོར་ལེན་བྱེད་བདེ་བར་བྱས་པ་ཡོད་པ་དེ་ཡང་མདོ་དེའི་རྩོམ་ཐབས་ཐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད། སྐབས་འདིར་དོན་ལ་ངེས་པའི་ཤེས་བྱེད་ཀྱི་དཔེ་འགའ་དྲངས་ན་འདི་ལྟ་སྟེ།མདོ་དེའི་དྲི་བ་བདུན་པར། “དྲང་......སྙོམས་པ་འདི་ལྟ་བུའི་གཞུང་གཟུང་ན། ཡུལ་དེ་ན་ཆི་བཚུན་བར་བྱ། །”ཞེས་དྲིས་པའི་ལན་ལ་ཕུ་བོ་ན་རེ། “......ཕྱུག་པོ་བས་ནི། དྲང་པོ་དབུལ་བོ་བཚུན་བར་བརྩིའོ། ། རྐུན་པོ་བས་ནི།......བར་བརྩིའོ། །”ཞེས་ཡུལ་གང་ཞིག་ཏུ་དྲང་སྙོམས་རྩ་བར་བཟུང་ན། གཡོ་ཅན་ཕྱུག་པོ་ལས་དྲང་ལྡན་དབུལ་པོ་བཟང་བར་བརྩི་བར་བརྗོད་ཡོད་ལ། དེ་རྗེས་གོང་དང་གཤིབ་བསྡུར་གྱི་ཚུལ་དུ་དྲི་བ་བརྒྱད་པར། “དེ་ལྟ་བུའི་གཞུང་མྱེད་ན། ཆི་བཚུན་ཏུ་བརྩིའ་”ཞེས་དྲིས་པ་ན་དེའི་ལན་དུ། “ཡུལ་དེ་ན། ། ཡོན་པོ་ཕྱུག་པོ་ལ་ནི་སྟོད་ཆིང་བཚུན་བར་བརྩིའོ། ། དྲང་པོ་དབུལ་...... ནི། འཕྱའ་ཞིང་སྨོད་དོ། ། རྐུན་པོ་གཆམ་པུ་ལ་ནི་དགའ། ། སྤྲང་པོ་ཕོངས་པ་ལ་ནི་གཤེའོ །”ཞེས་གལ་སྲིད་དེ་ལྟ་བུའི་དྲང་སྙོམས་ཀྱི་རྩ་འཛིན་མེད་ན། ཡུལ་དེ་རུ་གཡོ་ཅན་ཕྱུག་པོར་བསྟོད་ཅིང་བཟང་པོར་བརྩི་ལ། དྲང་པོ་དབུལ་པོར་འཕྱ་ཞིང་སྨད་པར་བྱེད། རྐུན་པོ་དང་ཁ་མཁས་ཅན་སོགས་ལ་དགའ་ཞིང་། སྤྲང་པོ་དང་ཕོངས་པ་དག་ལ་ཚིག་རྩུབ་མོས་གཤེ་བར་བྱེད། ཅེས་དྲང་སྙོམས་དང་ཡོན་པོ་སྟེ་འཁྱོག་པོ་གཉིས་ཀྱི་ངོ་བོ་དང་མཚན་གཞི་དང་བཅས་པ་ཕན་ཚུན་གཤིབ་བསྡུར་གྱིས་བསྟན་ཡོད་པ་ལྟ་བུ་ཡིན། དེ་བཞིན་དྲི་བ་བཅུ་དྲུག་པར།“མྱིའི་ཆོས་ནི་གང་། ། མྱི་ཆོས་མ་ཡིན་པ་ནི་གང། །”ཞེས་སྤྱིར་བཏང་གི་འཇིག་རྟེན་མི་ཆོས་ནི་གང་ཡིན་པ་དང་མི་ཆོས་མ་ཡིན་པ་ནི་གང་ཡིན་པ་གཤིབ་བསྡུར་གྱིས་དྲི་བ་བཏོན་རྗེས་སོ་སོར་ལན་བཏབ་པ་ལྟ་བུ་དང་། ཡང་དཔེར་ན་དྲི་བ་ཞེ་ལྔ་པར།“སྟེན་དུ་ཆི་བཟང་ཆི་ངན་”ཞེས་དང་། དྲི་བ་རེ་གཉིས་པར། “ཆུང་མ་དང་ཧ་ཆང་མཛའ་ཆེས་ན་ནི། ། གཞན་གྱིས་གྱང་ཁྲེལད། ། སྡང་བར་བྱར་ནི། ། མོའང་ཡིད་དུ་འོང་དགུ་བྱེད་ན། ཆི་ལྟར་བྱ། །”ཞེས་དང་། གཞན་ཡང་དྲི་བ་དོན་གསུམ་པར། “ཡོང་སྣི་ཇི་བྱ་འོ་ཆོག་ལ། ། ཕྱུག་པོ་དབང་ཆེན་པོས་བྱ་བ་ནི་སླ། ། དབུལ་པོ་དང་དབང་ཆུ་ངུས་བྱ་བ་ནི་དཀའ་ར་འདྲ་ན། ། དེ་ལྟར་ལགས་སམ་མ་ལགས། །”ཞེས་སོགས། བྱ་བ་གང་ཞིག་བསྒྲུབ་པར་གཤིབ་བསྡུར་གྱི་ཐབས་ལ་བརྟེན་ཏེ་དྲང་ལྡོག་གཉིས་ཀྱི་དྲི་བ་བཏོན་ནས་གསལ་ཁ་ཐོན་པར་བྱས་ཡོད་ལ། དེ་དག་གི་དྲིས་ལན་རྣམས་ཀྱང་སོ་སོར་མི་འདྲ་བ་བཏབ་ནས་གང་ཞིག་བསྒྲུབས་ན་རུང་མི་རུང་དང་། འོས་མི་འོས། ལེགས་མི་ལེགས་སོགས་སྤང་བླང་གི་ཤན་འབྱེད་སླ་བར་བཏང་ཡོད་པ་ལྟ་བུའོ།
བཞི་པ། གཏམ་དཔེ་མང་དུ་སྤྱད་པས་བརྗོད་དོན་འབུར་དུ་ཐོན་ཞིང་གནད་དུ་འཕིགས་པ།
སྤྱིར་གཏམ་དཔེ་ཞེས་པ་ནི་གང་ཞིག་སྨྲ་བའི་གཏམ་གྱི་སྒྲུབ་བྱེད་ཀྱི་ཚུལ་དུ་འོས་པའི་དཔེའམ་བརྗོད་འདོད་གཏམ་གྱི་དཔེར་གྱུར་པའི་སྐད་ཆའི་ཉིང་བཅུད་ལ་བརྗོད། དེ་ནི་ཡུན་རིང་གི་འཚོ་བའི་ཉམས་མྱོང་ལས་སྤྱི་སྡོམ་དུ་གྲུབ་པས་བདེན་ལུགས་སུ་འཛིན་རུང་ལ། དངོས་ཡོད་ལག་ལེན་གྱིས་ཞུན་བརྡར་དང་ཚོད་བགམ་ཡང་ཡང་བརྒྱུད་པས་རིམ་གྱིས་སྐད་ཆའི་ཉིང་བཅུད་དུ་གྲུབ་པ་ཞིག་ཡིན། གཏམ་གང་ཞིག་བརྗོད་དུས་བར་བར་དུ་གཏམ་དཔེ་རེ་གཉིས་འོས་འཚམས་སུ་སྤྱད་ན། བརྗོད་དོན་འབུར་དུ་ཐོན་ཞིང་གནད་ལ་འཕིགས་པ་སོགས་ཀྱི་ཕན་ནུས་རྒྱ་ཆེར་ལྡན། རང་ཅག་བོད་མི་རིགས་ལ་མཚོན་ན། གཏམ་གང་ཞིག་བརྗོད་དུས་གཏམ་དཔེ་མང་དུ་བཀོལ་ནས་སྒྲུབ་བྱེད་ཇེ་བཙན་དང་ངེས་ཤེས་ཇེ་ཟབ་ཏུ་གཏོང་བ་ནི་གནའ་སྲོལ་རྒྱུན་ནས་བྱུང་བའི་བོད་མིའི་མྱོང་གོམས་གཤིས་ལུགས་སུ་གྲུབ་པའི་གཏམ་གྱི་བརྗོད་སྲོལ་ཐུན་མོང་མ་ཡིན་པ་ཞིག་སྟེ། དུས་ད་ལྟའང་“གནའ་མི་བོད་ཀྱི་གཏམ་དཔེ་ལ་”ཞེས་དང་“སྲིད་པ་བོད་ཀྱི་གཏམ་དཔེ་ལ་”ཞེས་པ་སོགས་རྒྱུན་སྤྱོད་བྱེད་པས་མཚོན་ལ། ཏུན་ཧོང་བོད་ཡིག་ཡིག་རྙིང་དང་《སུམ་པ་མ་ཤགས་ཆེད་པོ་》སོགས་ལས་ཀྱང་རྟོགས་ནུས། ལྷག་པར་དུ་《ཕུ་ནུའི་མདོ་》 རུ་གནས་ལུགས་གང་ཞིག་སྟོན་དུས།“གཏམ་རྙིང་པ་དག་ལས་” ཞེས་ལན་ཁ་ཤས་སུ་བྱུང་སྟེ། གཏམ་དཔེ་རྣམས་གང་ལ་གང་འཚམས་སུ་སྤྱད་ནས་བསྟན་བྱ་ཇེ་གསལ་དུ་བཏང་ཡོད། དཔེར་ན། དྲི་བ་ཞེ་དགུ་པར།“ཉེས་པའི་ལན་ལེགས་པས། ། གློན་བ་ཡོད་གྱི། ། ལེགས་པའི་ལན་ཉེས་པས་གློན་བ་ནི། ཡོངས་གྱིས། མི་སྲིད་དོ། །”ཞེས་ལེགས་ཉེས་ཀྱི་ལན་ལ་དྲིན་ཇི་ལྟར་འཇལ་དགོས་ཚུལ་བསྟན་པ་དང་། དྲི་བ་ང་གསུམ་པར། “ལེགས་པ་ལ་ནི། དགྲ་ལ་ཡོད་གྱང་ལེན། ། ཉེས་པ་ལ་ནི། ། བདག་ལ་ཡོད་གྱང་འདོར་”ཞེས་ལེགས་ཉེས་འབྱེད་པ་ལ་རང་གཞན་གྱི་ཁྱད་པར་མི་དགར་བར་སྤྱི་སྙོམས་ཀྱིས་འདོར་ལེན་བྱ་དགོས་ཚུལ་བསྟན་པ། ཡང་དྲི་བ་བདུན་ཅུ་པར། “བུ་གཆིག་བདོག་ན། གཆིགི་ནོར་གྱིས་ཕྱུགས། །གཉིས་བདོག་ན་གཉིས་གྱི་ནོར་གྱིས་ཕྱུག །”ཅེས་ཁྱིམ་སྲིད་འཛིན་པ་ལ་བུ་མང་དུ་དགོས་ཚུལ་བརྗོད་པ་དང་། དེ་བཞིན་དུ་དྲི་བ་དོན་གསུམ་པར། “ཕྱུག་པོ་ནི། ནོར་གྱིས་ཕུང་བ་ཡོདོ། ། འཛངས་པ་ནི་ཚིག་གིས་བརླག་པ་ཡོད་དོ། །”ཞེས་ཕྱུག་པོ་དང་མཛངས་པ་རྣམས་ཀྱིས་རང་ཚོད་འཛིན་དགོས་པར་བསྟན་པ་དང་། ཡང་དེ་ལས། “ཡིད་ལ་དྲན་བ་ལས་གྱང་། ལེགས་པས་སྨྲས་ན། ཁ་ནི་དཔལ་གྱི་སྒོ་མོའོ། ། ལྕེ་ནི་ཕྲུལ་གྱི་ལྡེ་མྱིག་ཆེས་བྱའོ། ། ཉེས་པར་སྨྲས་ན། ། ཁ་ནི་བྱུར་གྱི་སྒོ་མོ། ། ལྕེ་ནི་བདུད་གྱི་སྟེ་རེ་ཞེས་བྱ་ཞེས་གྱང་གྲགོ །”ཞེས་གཏམ་གང་ཞིག་བརྗོད་ཀྱང་ལེགས་པར་སྨྲ་བ་ལས་ཉེས་པར་སྨྲ་མི་རུང་སྟེ། དུས་རྒྱུན་རང་གི་ཁ་དང་ལྕེ་ལ་བདག་པོ་དང་ཆོ།ད་འཇི།ན་བྱས་ཏེ་ངག་བཙུན་དགོས་པའི་ཚད་གསལ་པོར་བསྟན་ཡོད་པ་ལྟ་བུ་ཡིན། ཡང་དཔེར་ན་ཡིག་རྙིང་དེའི་དཔར་གཞི་མི་འདྲ་བ་སྟེ། ཤོག་དྲིལ་བཞི་པ་p.T.0989ན།“ཉེས་ན་བུ་ཡང་གསད། ལེགས་ན་ནོ་དགྲ་ཡང་བསྟོད་”ཅེས་གལ་ཏེ་ལེགས་ཉེས་ཀྱི་བྱ་བ་གང་ཞིག་བྱས་ཚེ་རང་གི་བུ་དང་དགྲ་ལའང་ཁྱད་པར་མི་འབྱེད་པར་དྲང་སྙོམས་ཀྱིས་ལྟ་དགོས་ཚུལ་བསྟན་པ་ལྟ་བུ་སོགས་མདོར་ན། 《ཕུ་ནུའི་མདོ་》རུ་གཏམ་དཔེ་མང་པོ་གང་འོས་སུ་བཀོལ་ཡོད་པ་དེས་གཅིག་ན་བསྟན་བྱ་གང་ཉིད་འབུར་དུ་ཐོན་ཞིང་གནད་ལ་འཁེལ་བའི་ནུས་པ་ཐོན་ཡོད་པ་དང་། གཉིས་ན་མི་ཆོས་གང་ཞིག་བསྟན་པ་ལུགས་མཐུན་ཚད་ལྡན་དུ་བསྒྲུབས་ནས་གོ་སྐོན་བློ་འགུག་གི་ནུས་པ་ལྡབ་འགྱུར་གྱིས་མཐོ་རུ་སོང་ཡོད། གཏམ་དཔེ་དུ་མ་གང་ལ་དེ་འཚམས་སུ་བཀོལ་བ་དེ་ཡང་མདོ་དེའི་རྩོམ་འབྲིའི་རྣམ་པའི་ཐད་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཏུ་གྲུབ་ཡོད།
ལྔ་པ། དཔེ་དོན་མཉམ་དུ་སྦྱར་བས་བརྗོད་དོན་གསལ་ཞིང་གསོན་ཉམས་ལྡན་པ།
སྤྱིར་དཔེ་དོན་མཉམ་དུ་སྦྱར་ནས་བརྗོད་དོན་གསལ་བར་བྱེད་པ་ནི་བོད་རང་ལ་གནའ་སྔ་མོ་ནས་བྱུང་ཞིང་རྒྱ་ཆེར་སྤྱོད་པའི་རྩོམ་སྟངས་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་ང་ཚོས་ཏུན་ཧོང་བོད་ཡིག་ཡིག་རྙིང་གཞན་དག་ལ་བལྟས་པ་ཙམ་གྱིས་ཀྱང་ཤེས་ཐུབ་པ་ཡིན། སྤྱིར་རང་གིས་བརྗོད་པའི་དོན་གང་ཞིག་དཔེ་རུ་འགོད་པ་དེར་བརྗོད་བྱ་གསལ་བར་བྱེད་པ་དང་རྗོད་བྱེད་མཛེས་པར་བྱེད་པའི་བྱེད་ནུས་གཉིས་ཙམ་ཡོད་ཅིང་།《ཕུ་ནུའི་མདོ་》ལ་ཡང་སྐད་ཆའི་སྒྱུ་རྩལ་ཐད་ཀྱི་ཁྱད་ཆོས་དེ་ལྟ་བུ་ལྡན་ཡོད། 《ཕུ་ནུའི་མདོ་》ནི་མི་ཆོས་ཀྱི་བསླབ་བྱ་སྟོན་པའི་གཞུང་ལུགས་རང་བཞིན་ཅན་གྱི་ཡིག་ཆ་ཞིག་ཡིན་པ་ལས་རྩོམ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་རྐྱང་པ་ཞིག་མིན་པས། བརྗོད་དོན་གང་ཉིད་དཔེ་རུ་བཀོད་པ་འགའ་རེ་བྱུང་ཡོད་ལ། དེ་དག་ཀྱང་བརྗོད་དོན་གཟབ་ནན་ཅན་དང་ལྐོག་གྱུར་ཅན་གྱི་མི་ཆོས་གང་ཞིག་གསལ་བྱེད་དུ་སྦྱར་ནས་བརྗོད་པས། དེས་གཅིག་ན་བརྗོད་བྱའི་ངོ་བོ་ཇེ་གསལ་དུ་བཏང་ཞིང་སྐད་ཆར་གསོན་ཉམས་བླ་ལྷག་ཏུ་བསྐྱེད་ལ། གཉིས་ན་བཀླག་འདོད་ཅིང་གོ་སླ་བ་དང་ཡིད་འགུག་ཅིང་ངེས་ཤེས་སྐྱེས་སླ་བའི་གོ་སྐོན་སློབ་གསོའི་ནུས་པ་ཆེན་པོ་ལྡན་ཡོད། དེ་ཡང་མདོ་དེའི་དྲི་བ་ལྔ་པར། “མྱིའི་དཔོན་པོ་བྱེད་ན། ། ནམ་ཀ་དང་མཚུངས་པར་སྙོམས་ཤིང་སྲང་དང་འདྲ་བར་དྲང་”ཞེས་འབངས་མི་ཀུན་གྱིས་བརྩི་ཞིང་བཀུར་བའི་དཔོན་པོ་ཞིག་བྱེད་དགོས་ན། ནམ་མཁའ་དང་འདྲ་བར་ཀུན་ལ་སྙོམས་ཤིང་སྲང་མདའ་དང་འདྲ་བར་དྲང་དགོས་པར་གདམས་པ་དང་། དྲི་བ་བཅུ་པར། “གསྩུག་གི་ནོར་མཐོང་ན་འདྲེ་མཐོང་བ་དང་འདྲ་བར་མྱི་དགའ་བ་བརྩིའོ། ། བསླུ་བའི་ཟས་མཐོང་ན། སྐྱུག་བྲོ་བ་དང་འདྲ་བར། མྱི་ཞིམ་བར་བརྩིའོ། །”ཞེས་དྲང་བདེན་མ་ཡིན་པར་ལྐོག་རྔན་ལས་ཐོབ་པའི་རྒྱུ་ནོར་མཐོང་ན། དེ་ནི་གདོན་འདྲེ་མཐོང་བ་ཇི་བཞིན་མི་དགའ་བར་བརྩི་དགོས་པ་དང་། གཞན་ལས་བསླུ་བྲིད་ཀྱིས་ཐོབ་པའི་ཟས་མཐོང་ན། དེ་ནི་སྐྱུག་བྲོ་བའི་མི་གཙང་བ་མཐོང་བ་ཇི་བཞིན་ཞེ་ལོག་པར་བརྩི་དགོས་པར་གདམས་པ། ཡང་དྲི་བ་ཉེར་བརྒྱད་པར། “གཞོན་བ་དང་། གཡོག་བྲན་ཞེས། ། ས་རྡོ་དང་མཚུངས་རྗེད་ང་བ་དང་། མྱི་མྱི་ཕངས་པ་དང་། རྒྱུད་དང་རྟེན་མྱེད་པར་མྱི་བྱའ། །”ཞེས་ལོ་ན་གཞོན་པ་དག་དང་། གཡོག་བྲན་རྣམས་ས་རྡོ་དང་འདྲ་བར་ཇི་མི་སྙམ་པར་བྱ་མི་རུང་བར་བསྟན་པ་སོགས། དཔེ་དང་སྦྱར་ཏེ་མི་ཆོས་ཀྱི་བསླབ་བྱ་བསྟན་པས། བརྗོད་བྱའི་མཚོན་དོན་ཁ་གསལ་གོ་བདེར་བྱུང་ཁར། དོན་ལ་ངེས་ཤེས་བསྐྱེད་སླ་ཞིང་ཚིག་ཀྱང་གསོན་ཉམས་ལྡན་པར་བྱུང་ཡོད། ལྷག་པར་དུ་དྲི་བ་སོ་གཉིས་པར། “བུ་ཚ་ཕ་མས་གསོས་ཏེ། ། ཕངས་པའི་རིམ་འགྲོ་མྱིག་དང་མཚུངས་པར་བྱས་པ་ཡང་། ། རྐས་པའི་བསེལ་དང་ལན་གློན་བར་དགོསུ་ཟད་དེ། ། སྐྱེས་ན་སླར་ལན་བླན་ཞིང་ཆི་ནུས་གྱིས་བྱ་བའི་རིགསོ། །དཔེར་ན། གཆན་ཟན། མཚའ་དང་བྱ་རྒོད་ཀྱི་བུ་ཡང་། ། ཕ་མའི་དྲིན་གྱི་ལན་གློན་ན། མྱིའི་བུ་ལྟ་ཆི་སྨོས་མ་རབས་གྱིས་ཕན་གཞན་དུ་གདགསུ་མྱེད་གྱང་། ། ཕ་མའི་ངག་མཉན་ཏེ། ཡིད་དང་མ་གལ་པེའི་རིམ་འགྲོ་ཆེར་བྱ་བའི་རིགསོ། ། ཕ་མ་ཡོད་གྱི་བར་དུ། ། བུ་ཕོ་སྨོས། ། ཤེས་གྱང་། གློན་གདབ་པའི་རིགས་གྱི། ། སོ་ནམ་གྱི་དབང་བྱ་བའི་མྱི་རིགསོ། ། བུ་འང་ཐུགས་ཐུབ་མྱི་བྱེད་ན། མནའ་མ་ལྟ་ཆི་སྨོས། ། ཕ་མ་དང་བླ་མ་ལ། སྲི་ཞུ་མྱེད་ན། དེ་ནི་ཕྱུགས་དང་མཚུངས་གྱིས། ། མྱི་ཞེས་མྱིང་མ་གདགས་ཤིག །”ཅེས་ཕ་མས་རང་གི་བུ་ཚ་ཆུང་དུས་ནས་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་ཐུགས་བརྩེ་བས་གཅེས་སྐྱོང་གནང་བ་དང་། ཕ་མའི་དྲིན་ལན་ནི་གཅན་གཟན་འཕར་བ་དང་བྱ་རྒོད་ཀྱིས་ཀྱང་འཇལ་ན་མིས་ནི་སྨྲོས་མི་དགོས་པ་དང་། ཡང་ཕ་མ་དང་གོང་རིམ་ལ་སྲི་ཞུ་མ་བསྒྲུབས་ན། དེ་ནི་དུད་འགྲོ་དང་འདྲ་བར་མིའི་མཚན་ཉིད་མ་ཚང་བ་ཡིན་ལུགས་སོགས་མཚོན་བྱེད་དཔེའི་ཐོག་ནས་བརྗོད་པས། དེའི་སྟོབས་ཀྱིས་བརྗོད་སྙིང་གི་གནས་ལུགས་སམ་བརྗོད་བྱའི་ངོ་བོ་ལྡབ་འགྱུར་གྱིས་ཇེ་གསལ་དུ་སོང་བ་དང་། གོ་སྐོན་བློ་འགུག་གི་ནུས་པ་བླ་ལྷག་ཏུ་ཐོན་ཡོད་པ་ལྟ་བུའོ། །མཆན་འགྲེལ།
① ཤོག་དྲིལ་ཡིག་ཆ་དེ་ནི་ད་ལྟ་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཡོད་ལ། ཤོག་དྲིལ་དེར་བརྗོད་དོན་གཅིག་ཡིན་པའི་དཔར་གཞི་མི་འདྲ་བ་བཞི་ཙམ་མཆིས་ཤིང་། ད་ལྟ་སོ་སོར་P. T.1283དང་P. T.2111ཞེས་དང་། P. T.0985དང་P.T.0989བཅས་ཨང་རྟགས་མི་འདྲ་བ་བཞི་བཀོད་འདུག ཏུན་ཧོང་ཡིག་རྙིང་གི་ཞིབ་འཇུག་པ་སྐུ་ཞབས་ཝང་ཡའོ་ལགས་ཀྱིས་ཤོག་དྲིལ་མི་འདྲ་བ་དེ་བཞི་ལས་སྔ་མ་གཉིས་ལ་སོ་སོར་《ལུགས་ཀྱི་བསྟན་བཅོས་ཁག་དང་པོ་》དང་《ལུགས་ཀྱི་བསྟན་བཅོས་ཁག་གཉིས་པ་》ཞེས་མིང་དུ་བཏགས་ནས་བཀོད་པ་དང་། ཕྱི་མ་གཉིས་ལ་《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》ཞེས་པ་ལས་སོ་སོར་《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》དང་《ཕས་བུར་བཏམས་ཤིང་བསྟན་པའི་མདོ་》ཞེས་མིང་དུ་བཏགས་ནས་བཀོད་འདུག
②འདིར་བཀོད་པའི་མ་ཡིག་རྣམས་ནི་སྟོབས་ལྡན་དང་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་གཙོ་སྒྲིག་མཛད་ཅིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་》ཞེས་པ་ལས་ཇི་བཞིན་དྲངས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།