༄༅།།《རིན་ཆེན་གཏེར་མཛོད་ཆེན་མོ་》ཡི་བཀའ་བསྡུ་དང་འབྲེལ་བའི་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ།:དཔལ་རྡོར།
ཡོང་ཁུངས།:བོད་ལྗོངས་ཞིབ་འཇུག
དུས་ཚོད།:2021-05-27
ཀློག་གྲངས།:
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་དུས་རབས་བཅུ་དགུ་པའི་ནང་རིས་མེད་བསྟན་པ་སྤེལ་བའི་ཤིང་རྟ་ཆེན་པོ་མཁྱེན་ཀོང་རྣམ་གཉིས་ཀྱིས་《རིན་ཆེན་གཏེར་མཛོད་》དུ་གཏེར་ཆོས་གང་ཞིག་བཀའ་བསྡུ་མཛད་ཡོད་ཚུལ་དང་། ཇི་ལྟར་བསྡུ་བར་མཛད་ཚུལ། བཀའ་བསྡུ་མཛད་པའི་དགོས་པ། དེ་བཞིན་དེའི་བཀའ་བསྡུ་བ་པོ་ནི་ཀོང་སྤུལ་ཡོན་ཏན་རྒྱ་མཚོས་གཙོས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་ཡིན་སྐོར་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] རིན་ཆེན་གཏེར་མཛོད། གཏེར་ཆོས། བཀའ་བསྡུ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G258.2[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2019)02-090-09
བོད་གངས་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཡ་གྱལ་སྔ་འགྱུར་རྙིང་མའི་ཕྱོགས་ལ་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་དང་འབྲེལ་བའི་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ་ཞེས་གྲགས་པའི་རིང་ལུགས་ཀྱི་ཀ་ཆེན་རྣམ་པ་གཉིས་ལས། སྐབས་འདིར་ཉེ་བརྒྱུད་གཏེར་མའི་སྐོར་ལས་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱིས་《རིན་ཆེན་གཏེར་མཛོད་ཆེན་མོ་》བཀའ་བསྡུ་ཇི་ལྟར་མཛད་ཚུལ་སྐོར་རགས་ཙམ་གླེང་བར་བྱ་བ་ལ།
༢ གཏེར་ཆོས་གང་བཞག་དང་གོ་རིམ་བསྒྲིགས་ལུགས་ཀྱི་ས་བཅད་སྐོར། ཀོང་སྤྲུལ་རིན་པོ་ཆེས་གཏེར་ཆོས་བཀའ་བསྡུ་མཛད་སྐབས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐོག་མར་གཏེར་ཆོས་གང་བཀའ་བསྡུ་དགོས་པ་དང། གོ་རིམ་བསྒྲིགས་ལུགས་ཀྱི་ས་བཅད་དུ་《ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་ཟབ་རྒྱས་ཆོས་ཚུལ་རབ་འབྱམས་ཀྱི་གླེང་བ་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་》⑾ཅེས་པ་མཛད་ཅིང་། དེ་རྗེས་ཀོང་སྤྲུལ་རིན་པོ་ཆེས་དེ་ལ་གཞི་མཛད་ནས་གཏེར་ཆོས་རྣམས་བསྒྲིགས་གནང་བའི་སྐོར་ལ་《རིན་ཆེན་གཏེར་མཛོད་》ལས། “ཀུན་མཁྱེན་བླ་མ་རིན་པོ་ཆེའི་⑿སྙན་དབང་དུ་ཞུས་ཤིང་གསོལ་བ་བཏབ་པས་ཤིན་ཏུ་དགྱེས་པ་ཆེན་པོས་ཐོག་མར་ལེགས་སོའི་དབུགས་དབྱུང་དང་ཇི་ལྟར་བསྒྲིག་བྱའི་གོ་རིམ་ས་བཅད་ཞིབ་མོ་བསྩལ་”⒀ཞེས་དང། ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་ཞལ་ནས། “རྗེ་ཉིད་(འཇམ་དབྱངས་མཁྱེན་བརྩེའི་དབང་པོ་)ནས་གཏེར་ཕྲན་སྐོར་པོད་བཞི་ཙམ་འདུ་མཛད་པ་དེ་དག་ལ་གཞི་བྱས་པའི་ཆོས་མཛོད་འདི་བསྡུ་བའི་བཀའ་འཇམ་མགོན་རྡོ་རྗེ་འཆང་ཆེན་པོར་བབས་པའི་གཟིགས་སྣང་འཁྲུངས་པས་བསྡུ་རུང་བའི་གནང་བ་བསྔགས་བརྗོད་བཅས་བསྡུ་བར་འོས་པ་རྣམས་ཀྱི་དཀར་ཆག་ཟབ་རྒྱས་ཆོས་ཀྱི་སྒོ་འབྱེད་ཀྱང་ཕྱག་ཐོར་བཏབ་ཅིང་རྒྱས་བསྡུས་ཀྱི་བསླབ་སྟོན་དང་། ངེས་པར་བཀའ་བསྡུ་མཛད་གྲུབ་པའི་ཞབས་བསྐུལ་གསོལ་འདེབས་བཅས། ཁྱད་པར་རྡོ་རྗེའི་ལུང་དོན་མཛོད་ཆེད་ལྔ་ཡི་ཡ་གྱལ་རིན་ཆེན་གཏེར་མཛོད་དུ་མཚན་གསོལ་དགོས་པའི་རྒྱུ་མཚན་ཞིབ་རྒྱས་སུ་སྩལ་”⒁ཞེས་པ་སོགས་འཁོད་པ་ལྟར་ཡིན། 《རིན་ཆེན་གཏེར་མཛོད་》ཀྱི་དཀར་ཆག་དང་བརྒྱུད་ཡིག་གི་མཚན་ཡང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་ས་བཅད་ཀྱི་མཚན་དང་མཚུངས་པར་《གཏེར་མཛོད་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་》⒂ཅེས་གསོལ་འདུག
༣ 《རིན་ཆེན་གཏེར་མཛོད་》ཀྱི་ཐོག་མའི་མཚན།《རིན་ཆེན་གཏེར་མཛོད་》ལ་ཐོག་མའི་མཚན་ཇི་ལྟར་གསོལ་བའི་སྐོར་ལ་《ཀོང་སྤྲུལ་རང་རྣམ་》ལས། “(མེ་འབྲུག་༡༨༥༦ལོ་)འདི་སྐོར་གཏེར་ཆོས་གསར་བྲིས་རྣམས་ལ་མཛོད་ཀྱི་མིང་ཐོགས་རིན་ཆོག་པ་མེད་པས་གཏེར་ཕྲེང་དུ་བཏགས་པ་པོད་བཅུ་སྐོར་གྲུབ་འདུག་པའི་བྲིས་པ་རྣམས་ནས་ཞུ་དག་བརྡ་མཚོན་དང་ཡོན་སྤྲད་”⒃ཅེས་གསུངས་པ་ལྟར། གཏེར་ཆོས་ཕྱོགས་བསྒྲིགས་གནང་ནས་ལོ་གཅིག་སོང་རྗེས་སུ་པོད་བཅུ་སྐོར་ཙམ་གྲུབ་སྟེ་མཚན་ལ་གཏེར་ཕྲེང་ཞེས་གསོལ་བ་གསལ་པོ་ཡིན། འོན་ཀྱང་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་ཞལ་ནས། “ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེའམ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཞལ་སྔ་ནས་སྔ་ཕྱིར་བྱོན་པའི་གཏེར་རྙིང་གིས་གཙོས། གཏེར་ཕྲན་ཕྱོགས་བསྒྲིགས་ཀྱི་པུ་སྟི་བཅུ་སྐོར་སྩལ་བའི་མཚན་ཡང་རིན་ཆེན་གཏེར་ཕྲན་དུ་གསོལ་བར་མཛད། སླར་གཏེར་ཆོས་རྒྱུན་གར་བཞུགས་རྣམས་ཀྱི་རྩ་གསུམ་ཆོས་སྐྱོང་ཕྲིན་ལས་རྫོགས་རིམ་དང་བཅས་པའི་སྙིང་པོ་རྣམས་འདུས་པ་ཞིག་མཛད་པར་བཞེད་དེ། ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་སྤྱན་སྔར་རུང་མིན་བརྟག་པ་དང་། རུང་ཚེ་གནང་བ་སྩོལ་ཞིང་ཡིག་ཆ་ཇི་ལྟར་འཇོག་འོས་པའི་གནས་སྣང་གི་བཀའ་འདྲི་སྩལ་”⒄ཞེས་《ཀོང་སྤྲུལ་རང་རྣམ་》དང་ཅུང་མི་མཐུན་པར་མཚན་“རིན་ཆེན་གཏེར་ཕྲན་”ཞེས་གསོལ་ཚུལ་གསུངས་ཡོད། དེས་ན་ཁོ་བོའི་བསམ་པར། འདིའི་སྐོར་ལ་《ཀོང་སྤྲུལ་རང་རྣམ་》དུ་གོང་སྨོས་ལྟར། ཉིད་ཀྱིས་གཏེར་ཆོས་ཕྱོགས་བསྒྲིགས་མ་མཛད་པའི་སྔོན་དུ་མཁྱེན་བརྩེ་རིན་པོ་ཆེ་ལ་གཏེར་ཆོས་ཕྱོགས་བསྡུ་གནང་རུང་མིན་བཀའ་འདྲི་ཞུས་ཤིང་། མཁྱེན་བརྩེ་རིན་པོ་ཆེ་ལས་བསྡུ་རུང་བའི་གནང་བ་ཐོབ་རྗེས་གཏེར་ཆོས་ཕྱོགས་བསྒྲིགས་ཀྱི་དབུ་བརྩམས་ཤིང་། དེའི་ལོ་ཕྱི་མ་སྟེ། སྤྱི་ལོ་༡༨༥༦ལོར་གཏེར་ཆོས་པོད་བཅུ་སྐོར་གསར་བསྒྲིགས་གྲུབ་པ་དང་། མཚན་ལ་“གཏེར་ཕྲེང་”ཞེས་གསོལ་ཚུལ་འཁོད་པ་མ་ཟད། སྔ་ཕྱིར་“གཏེར་ཕྲེང་”ཞེས་ཐེངས་གཉིས་ཙམ་བྱུང་བས།⒅ རང་རྣམ་གྱི་བཞེད་ཚུལ་དེ་རང་ཁུངས་བཙུན་པར་འདོད།
༤ 《རིན་ཆེན་གཏེར་མཛོད་》ཅེས་མཚན་ཇི་ལྟར་བྱུང་ཚུལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་རྫོང་སར་མཁྱེན་བརྩེའི་དབང་པོ་རྣམ་གཉིས་ཕན་ཚུན་བླ་སློབ་ཏུ་གྱུར་ཏེ། ཐུན་མོང་མ་ཡིན་པའི་ཆོས་དང་དམ་ཚིག་གི་འབྲེལ་བ་ཤིན་ཏུ་ཟབ་ཅིང་། ཁྱད་པར་ཕན་ཚུན་དག་སྣང་དང་མོས་གུས་རེ་ལྟོས་གཅིག་ལྕོགས་སུ་སྣང་བས། ཀོང་སྤྲུལ་རིན་པོ་ཆེས་བརྩམས་གནང་བ་དང་བསྡུ་བསྒྲིགས་མཛད་པའི་གསུང་རྣམས་ལའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དག་པའི་གཟིགས་སྣང་ལ་བརྟེན་ནས་མཛོད་ཆེན་ལྔ་ཞེས་མཚན་གསོལ་ཡོད། 《རིན་ཆེན་གཏེར་མཛོད་》ཅེས་པའི་མཚན་གྱི་སྐོར་ལ་《ཀོང་སྤྲུལ་རང་རྣམ་》ལས། ལྕགས་བྱ་སྤྱི་ལོ་༡༨༦༡ལོར། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་པའི་གཟིགས་སྣང་དུ། མཆོད་རྟེན་ཤིན་ཏུ་ཆེན་པོ་ཞིག་ལ་སྒོ་བཞི། བུམ་སྒོ་དང་ལྔ་འདུག་པ་ལ་ཕེབས་པས། ནང་དུ་རྟེན་དང་བཀོད་པ་གླེགས་བམ་ཤིན་ཏུ་མང་པོ་འདུག་པ་འདི་ཅི་རེད་ཅེས་དྲིས་པས། མི་ཞིག་གིས་ངོ་སྤྲད་ནས་འདི་མཛོད་ལྔ་ཞེས་པ་ཡིན་ཚུལ་རྒྱུ་མཚན་ཤིན་ཏུ་མང་པོ་བཤད་པ་ཞིག་བྱུང་བས། ཁྱོད་ལ་མཛོད་ལྔ་ཞེས་པའི་བཀའ་བབས་ཤིག་ཡོད་པ་ཡིན་འདུག་པས་གཏེར་ཆོས་བསྒྲིགས་མ་འདི་རྣམས་ལའང་གཏེར་མཛོད་ཀྱི་མིང་བཏགས་དགོས་པར་འདུག་ཅེས་གསུངས་⒆ཚུལ་འཁོད་པ་དང་། དེ་བཞིན་“སྔར་གཏེར་ཕྲེང་དུ་བཏགས་པ་དེ་འདི་སྐོར་(ཆུ་ཁྱི་སྤྱི་ལོ་༡༨༦༢ལོ་)ནས་རིན་ཆེན་གཏེར་མཛོད་ཀྱི་མཚན་དུ་བཞག་”⒇ཅེས་གསུངས་པ་སོགས་ལ་གཞིགས་ན། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ལྕགས་བྱ་སྤྱི་ལོ་༡༨༦༡ལོར་ཀོང་སྤྲུལ་རིན་པོ་ཆེར་ཕྱོགས་བསྒྲིགས་མཛད་པའི་གཏེར་ཆོས་རྣམས་ལ་རིན་ཆེན་གཏེར་མཛོད་ཅེས་མཚན་གསོལ་དགོས་པར་གསུངས་པ་དང་། ཀོང་སྤྲུལ་རིན་པོ་ཆེས་ཀྱང་དེ་ལྟར་ཆུ་ཁྱི་སྤྱི་ལོ་༡༨༦༢ལོར་གཏེར་ཆོས་ཕྱོགས་བསྒྲིགས་རྣམས་ལ་རིན་ཆེན་གཏེར་མཛོད་ཅེས་མཚན་བཏགས་གནང་བ་གསལ་པོ་ཡིན།
༥ 《རིན་ཆེན་གཏེར་མཛོད་》བཀའ་བསྡུ་མཛད་པ་པོའི་སྐོར། 《རིན་ཆེན་གཏེར་མཛོད་》ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་བཀའ་བབས་མཛོད་ཆེན་རྣམ་ལྔའི་ཡ་གྱལ་ཞིག་ཡིན་ཞིངཡ དེ་ཉིད་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་བཀའ་བསྡུའམ་ཕྱོགས་བསྒྲིགས་གནང་བ་ཞིག་ཡིན་པ་ཀུན་ལ་ཡོངས་སུ་གྲགས་ཤིང་གྲུབ་པ་ཞིག་ཡིན་མོད། ད་དུང་འདིའི་བཀའི་བསྡུ་བ་པོ་གཙོ་བོ་གཅིག་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཡིན་པ་ནི། ཀོང་སྤྲུལ་རིན་པོ་ཆེས་གཏེར་ཆོས་ཐོག་མར་ཕྱོགས་བསྡུ་མཛད་སྐབས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གཏེར་ཆོས་གང་དང་གང་བཀའ་བསྡུ་དགོས་པ་དང་ཇི་ལྟར་བསྒྲིགས་ཚུལ་གྱི་ས་བཅད་མཛད་པ་སོགས་གོང་དུ་སྨོས་པ་དག་ལས་རགས་ཙམ་ཤེས་ནུས་ལ། དེ་བཞིན་《རིན་ཆེན་གཏེར་མཛོད་》ལས། “བར་དུ་སྔར་མ་ཐོབ་པ་ཕལ་མོ་ཆེའི་སྨིན་གྲོལ་དང་། ལྷག་པར་གཏེར་རྙིང་དཔེ་ལུང་གི་རྒྱུན་སྔར་ནས་ཆད་པ་མང་པོ་ཡང་གཏེར་དུ་བྱོན་པས་མཚོན་ཉེ་བརྒྱུད་ཀྱི་བྱིན་རླབས་དུ་མ་དང་བཅས་ཏེ་རྗེས་སུ་གནང་མཐར་གཞན་ཕན་ཕྲིན་ལས་ཀྱི་སྒོ་འཕར་དབྱེ་བར་མཛད་པ་སོགས་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་བསྩལ་”﹙21﹚ཞེས་གཏེར་རྙིང་དཔེ་ལུང་གི་རྒྱུན་སྔར་ནས་ཆད་པ་མང་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་ཡང་གཏེར་དུ་བྱོན་ནས་བཀའ་བསྡུ་མཛད་ཐུབ་པ་བྱུང་བ་དང་། ཁྱད་པར་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱི་ཞལ་སློབ་ལྷག་བསམ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་《རིན་ཆེན་གཏེར་མཛོད་ཆེན་མོ་སྤར་དུ་ཇི་ལྟར་བསྒྲུབས་པའི་ཚུལ་དཔག་བསམ་གསར་པའི་འཁྲི་ཤིང་》ལས། “འདི་ལྟ་བུ་སྣང་བར་མཛད་པ་པོ་ནི་པདྨ་འོད་གསལ་མདོ་སྔགས་གླིང་པ་དང། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྣམ་པ་﹙22﹚གཉིས་ཏེ། དེ་ཡང་ཚུལ་མཐོང་གི་བློ་ངོ་དང་སྦྱར་ནས་བོད་གངས་ཅན་ཙམ་ན་གྲགས་ཤིང་གྲུབ་པའི་ཟབ་གཏེར་གྱི་ཆོས་སྒོ་ཇི་སྙེད་པ་དེང་སང་རྒྱུན་བཞུགས་ངེས་རྣམས་རྟག་གུས་ཀྱི་ཐུགས་བརྩོན་དྲག་པོས་གསན་བསམ་གྱིས་གཏན་ལ་ཕབ། དོན་ཉམས་བཞེས་ལ་སྦྱར་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་བསྟན། དོན་དམ་པར་རྩ་གསུམ་རབ་འབྱམས་རྒྱ་མཚོའི་སྣང་བ་དང་རྟག་ཏུ་འགྲོགས་ཤིང་བཀའ་བསྡུའི་གནང་བ་ཁྱད་པར་ཅན་བརྙེས། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་སོགས་རྩ་གསུམ་རྒྱ་མཚོས་ཕྲིན་ལས་དུས་སུ་བབས་པར་ལུང་བསྟན་པས་རྗེ་བླ་མ་རྣམ་གཉིས་བཀའ་བགྲོས་པའི་ཚུལ་གྱིས་ཟབ་གསང་གི་ཆོས་ཚུལ་རིན་པོ་ཆེ་ཇི་སྙེད་པ་ཆོས་མཛད་གཅིག་པུར་བསྡུ་བར་མཛད་པ་ཡིན་ནོ། །ཚུལ་དེས་ན་ཉན་ཐོས་ཀྱི་ཐེག་པའི་སྐབས་སུ་བཀའ་བསྡུ་བ་པོ་འོད་སྲུང་ལ་སོགས་པ་བཞིན་དུ་སྐབས་འདིའི་སྡུད་པ་པོ་ནི་རྗེ་བླ་མ་རྣམ་གཉིས་ཡིན་”﹙23﹚ཞེས་གསུངས་པ་ལས་དེ་བས་ངེས་པ་རྙེད་ཐུབ།
གཞན་ཡང་གཏེར་སྟོན་མཆོག་གྱུར་གླིང་པའང་《རིན་ཆེན་གཏེར་མཛོད་》ཀྱི་བཀའ་བསྡུ་དང་འབྲེལ་བ་ཟབ་མོ་ཡོད་པའི་གཏེར་སྟོན་པ་ཞིག་ཡིན་ཏེ། ཀོང་སྤྲུལ་རིན་པོ་ཆེས་གཏེར་ཆོས་བཀའ་བསྡུ་མཛད་ནས་ལོ་གཅིག་ཙམ་སོང་བའི་མེ་འབྲུག་སྤྱི་ལོ་༡༨༥༦ལོའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། ཁོང་གིས་གཏེར་སྟོན་པ་ཁག་ལ་མུ་མཐུད་གཏེར་ཆོས་རྣམས་བཀའ་བསྡུ་མཛད་རུང་མིན་གྱི་བརྟག་པ་ཞུ་སྐབས་དང་། དེ་རྗེས་དམིགས་བསལ་ཉེ་བརྒྱུད་གཏེར་ཆོས་རྣམས་ཀྱི་སྨིན་གྲོལ་གདམས་གཏད་ཞུ་སྐབས་《རིན་ཆེན་གཏེར་མཛོད་》ལས།“སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའང་ཡིད་ཆེས་རྩོད་བྲལ་གྱི་ཕྲིན་ལས་དབུ་ཚུགས་པའི་ཐོག་མར་རུང་མིན་བརྟག་པ་གནང་བས་རུང་ངེས་པའི་ལུང་བྱང་དམིགས་བསལ་ཐོབ། བར་དུ་ཚོགས་ཀྱི་འཁོར་ལོ་བཅས་གནང་བ་ལན་གསུམ་ཞུས་པར་གཏེར་སྟོན་བརྒྱ་རྩ་སྤྱི་དང་བྱེ་བྲག་དམིགས་སུ་བསལ་བ་ཁ་ཤས་ཀྱི་གཏེར་ཆོས་ཉེ་བརྒྱུད་དུ་གསན་འདུག་པ་རྣམས་ཀྱི་སྨིན་གྲོལ་གདམས་གཏད་ཞུས། མཐར་རྗེ་ཉིད་ཀྱི་གཏེར་བྱོན་མདོ་དང་སྒྱུ་འཕྲུལ་གཙོར་གྱུར་སྔར་ས་སྟེང་དུ་མ་བྱོན་པ་རྣམས་ཀྱང་སྐལ་པ་བཟང་པོའི་དཔྱིད་དུ་ནོས་པ་དེ་དག་ལ་བརྟེན་ནས་འདི་ཉིད་སྡུད་པའི་རྩོལ་བ་ལ་ཞུགས་པ་ཡིན་”﹙24﹚ཞེས་བྱུང་བ་ལས་ཤེས་ནུས
༦ 《རིན་ཆེན་གཏེར་མཛོད་》དངོས་ཇི་ལྟར་བསྒྲིགས་པའི་སྐོར། སྤྱིར་གཏེར་ཆོས་ནི་རྒྱ་ཆེ་ལ་གྲངས་མང་བ་ཞིག་ཡིན་མོད། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་བཀའ་བསྡུ་མཛད་སྐབས་རང་འདོད་གྱ་ཚོམ་གྱིས་དཔེ་སྣ་གང་རྙེད་བསྡུས་གནང་བ་ཞིག་མ་ཡིན་པར། གཙོ་བོར་གཏེར་ཆོས་ལས་དཔེ་ལུང་གཉིས་ཀའི་རྒྱུན་ནུབ་ན་ཤིན་ཏུ་ཕངས་པ་རྣམས་བསྡུས་ཤིང་། བཀའ་བརྒྱད་དང་དགོངས་འདུས་ལྟ་བུ་གཏེར་ཆོས་རྒྱ་ཆེ་ཞིང་རྒྱུན་དར་རྒྱས་ཡོངས་གྲགས་སུ་བཞུགས་པ་རྣམས་ལས་ཉེར་མཁོའི་སྙིང་པོ་ཙམ་བསྡུས་པ། ཚན་པ་ཆུང་ཞིང་རྒྱུན་དཀོན་པ་རྣམས་གཞུང་ཆ་ལག་རྫོགས་པར་བཞུགས་སུ་གསོལ་བ། དེ་མིན་དབང་གི་རྩ་བ་ནི་སྨིན་གླིང་ཁྲི་ཆེན་འགྱུར་མེད་རྡོ་རྗེས་(༡༦༤༦ནས་༡༧༡༤)བཀའ་བསྡུ་གནང་བའི་《འདོད་འཇོ་བུམ་བཟང་》 ལ་གཞི་བྱས་ཏེ་བསྡུ་བར་མཛད་པ་ཡིན།﹙25﹚སྐབས་དེར་གཏེར་ཆོས་རྩོད་པ་ཅན་རྣམས་བསྡུ་བར་མཛད་མེད། གང་ལྟར་འདིའི་སྐོར་ལ་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་ཞལ་ནས། “བོད་དང་བོད་ཆེན་པོའི་ལྗོངས་སུ་དབང་ལུང་གི་རྒྱུན་ལྟ་ཞོག དཔེ་རྒྱུན་ཙམ་ཡང་མཐོང་ཐོས་དཀོན་པ་རྣམས་འབད་པ་བརྒྱ་ཕྲག་དུ་མས་ཆེད་དུ་བཙལ་བའི་སྒོ་ནས་གཏེར་རྙིང་བྱིན་རླབས་ཅན་དང་། ཁྱད་པར་རྒྱུན་ཤིན་ཏུ་དཀོན་ཞིང་དབྱིངས་སུ་གཞོལ་བར་ཉེ་ལ་ཁད་མཐའ་དག་གི་ཕྱོགས་ནས་རྩ་བར་བཟུང་བའི་སྟེང་། མི་གསལ་བ་རྣམས་གསལ་བར་ཕྱུངས། འཁྲུགས་པ་གོ་རིམ་དུ་བསྡེབས། མ་ཚང་བ་རྣམས་ཁ་སྐོང་། བརྒྱུད་ལྡན་མན་ངག་གིས་ཟུར་བརྒྱན་པ་སོགས་ཆེད་དུ་བྱ་འོས་རིགས་ཀྱང་བཏང་སྙོམས་དང་། གྱ་ཚོམས་སུ་འཇུག་པ་གཉིས་ཀ་མ་ཡིན་པར་ཚད་མའི་ཁུངས་དང་བསྡེབས་ནས་བྱིན་རླབས་ཀྱི་དྲོད་ཉམས་པ་མེད་པའི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་དང་བཅས་རྒྱུད་ལུང་མན་ངག་གསུམ་དང་འབྲེལ་བའི་ཟབ་རྒྱས་གཉིས་ལྡན་གྱི་ཕུང་པོར་སྤུངས་ཏེ་ཕྱོགས་གཅིག་ཏུ་སྡུད་པའི་ངོ་མཚར་རྨད་དུ་བྱུང་བའི་རང་བཞིན་འདི་ལྟ་བུ་ནི། སྟོན་པ་ཐུབ་པའི་དབང་པོ་དང་། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་མཛོད་ཆེན་རྣམ་ལྔའི་བདག་པོར་ལུང་དུ་བསྟན་པའི་དགོས་དོན་གེགས་མེད་ལྷུན་གྱིས་གྲུབ་པའི་རྒྱན་དུ་བྱུང་བའོ་”﹙26﹚ཞེས་དང་། 《ཀོང་སྤྲུལ་རང་རྣམ་》ལས།“དེ་ལྟར་ས་གཏེར་དགོངས་གཏེར་དག་སྣང་སྙན་བརྒྱུད་ཀྱི་ཆོས་སྐོར་རྒྱ་ཆེ་བ་རྣམས་ཀྱི་དབང་གི་སྙིང་པོ་དང་། ཁྲིད་རྒྱུན་ཡོད་རིགས་རྩ་བར་བཟུང་། སྒྲུབ་ཐབས་ཕྲིན་ལས་དབང་ཆོག བསྙེན་ཡིག་དང་ཁྲིད་ཡིག་སོགས་གང་དགོས་གསར་དུ་སྦྱར། ཆོས་ཚན་ཉུང་ངུ་དང་རྒྱུན་དཀོན་པའི་རིགས། གཏེར་ཕྲན་རྣམས་ཀྱི་གཞུང་དང་ཡིག་རྙིང་རྣམས་ཕྱོགས་གཅིག་ཏུ་བསྡུས། དེ་དག་ལའང་གསལ་བྱེད་དགོས་པ་ལ་ཟུར་འདེབས་སོགས་ཞིབ་པར་བཀོད་པའི་པུསྟི་འབྲིང་ཚད་དྲུག་ཅུར་ལོངས་པ་བཞུགས་”﹙27﹚ཞེས་གསུངས་པ་ལྟར་ཡིན། མདོར་ན། ཀོང་སྤྲུལ་རིན་པོ་ཆེས་ཤིང་ཡོས་སྤྱི་ལོ་༡༨༥༥ལོར་《རིན་ཆེན་གཏེར་མཛོད་》བཀའ་བསྡུ་མཛད་པའི་དབུ་བརྩམས་ཤིང་། ས་འབྲུག་སྤྱི་ལོ་༡༨༦༨ལོའི་ཟླ་བ་བཞི་པའི་ཚེས་བཅུ་ནས་ཟླ་བ་བདུན་པའི་ཚེས་བཅོ་ལྔའི་བར་གཏེར་མཛོད་ཀྱི་དབང་ལུང་ཐེངས་དང་པོ་གནང་ཡོད། དེས་ན་དབང་ལུང་ཐེངས་དང་པོ་གནང་སྐབས་རྩ་བའི་ཆ་ནས་གཏེར་མཛོད་བཀའ་བསྡུ་གནང་ཟིན་མོད།《རིན་ཆེན་གཏེར་མཛོད་》ཀྱི་བཀའ་བསྡུ་ནི་དཔེ་རྒྱུན་ཕྱོགས་བསྡུ་མཛད་རྒྱུ་ཁོ་ན་ཙམ་མ་ཡིན་པར། ད་དུང་གང་བཀའ་བསྡུ་གནང་བའི་གཏེར་ཆོས་རྣམས་ཀྱི་དབང་ལུང་གི་རྒྱུན་བཙལ་ཞིང་སྤེལ་དགོས་པ་དང་། སྒྲུབ་ཐབས་དང་དབང་ཆོག བསྙེན་ཡིག་དང་ཁྲིད་ཡིག་སོགས་མེད་པ་རྣམས་གསར་དུ་མཛད་དགོས་པ་དང་། དེ་བཞིན་དུ་དཀྱིལ་འཁོར་དང་ཙཀ་ལི་རྣམས་ཀྱང་འབད་པ་ཆེན་པོས་ཐུགས་རྩོལ་གནང་དགོས་པ་ཡིན་ཏེ། དེ་ནི་ཁོང་གིས་སྐུ་ཚེ་གཅིག་ལ་གཏེར་མཛོད་ཀྱི་དབང་ལུང་ཐེངས་ལྔ་གནང་བ་ལས་ཤེས་ཐུབ་པ་མ་ཟད། 《ཀོང་སྤྲུལ་རང་རྣམ་》དུ་ལྕགས་སྟག་སྤྱི་ལོ་༡༨༩༠ལོར་“གཏེར་མཛོད་ཁྲིད་ཡིག་རིགས་རིམ་པར་བྲིས་”ཞེས་གསལ་བ་འདིས་ཀྱང་ཀོང་སྤྲུལ་རིན་པོ་ཆེ་དགུང་ལོ་དོན་བརྒྱད་ལ་ཕེབས་དུས་སུའང་བསྙེན་མཚམས་སོགས་སུ་དེ་འབྲེལ་གྱི་ཕྱག་ལས་མཛད་བཞིན་ཡོད་པ་རྟོགས་ཐུབ། དེ་ལྟར་ཁོང་གིས་གཏེར་མཛོད་ཀྱི་བཀའ་བསྡུ་ཐོག་མར་སྤྱི་ལོ་༡༨༥༥ལོར་དབུ་བརྩམས་པ་ནས་སྤྱི་ལོ་༡༨༩༠ལོའི་བར་མ་མཐར་མི་ལོ་སོ་ལྔ་ཙམ་འགོར་ཡོད།
མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①⒀﹙21﹚﹙24﹚﹙28﹚ཀོང་སྤུལ་ཡོན་ཏན་རྒྱ་མཚོ། 《རིན་ཆེན་གཏེར་མཛོད་དཀར་ཆག་དང་བརྒྱུད་ཡིག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་》དཔལ་སྤུངས་དཔར་མ། པོད་ཁ་པ། ༤བ༣ ༥ན༤ ༥ན༡ ༥བ༡ ༥བ༦
② གཏེར་སྟོན་མཆོག་གི་སྤྲུལ་སྐུ་གསུམ་ནི། གཏེར་སྟོན་ཉང་རལ་ཉི་མ་འོད་ཟེར་( ༡༡༢༤ནས་༡༡༩༢)དང་། གུ་རུ་ཆོས་དབང་( ༡༢༡༢ནས་༡༢༧༠)རིག་འཛིན་རྒོད་ལྡེམ་(༡༣༣༧ནས་༡༤༠༩)གསུམ་ལ་ཟེར།
③ གླིང་པ་བཅུ་གཅིག་ནི། ཨུ་རྒྱན་གླིང་པ་( ༡༣༢༣ནས་?)དང་། སངས་རྒྱས་གླིང་པ། ( ༡༣༤༠ནས་༡༣༩༦) རྡོ་རྗེ་གླིང་པ། ( ༡༣༤༦ནས་༡༤༠༥) ཀུན་སྐྱོང་གླིང་པ། ( ༡༣༩༦ནས་༡༤༧༧) རིན་ཆེན་གླིང་པ། རཏྣ་གླིང་པ། ( ༡༤༠༣ནས་༡༤༧༨) པདྨ་གླིང་པ།(༡༤༥༠ནས་?) ཀརྨ་གླིང་པ། ལས་འཕྲོ་གླིང་པ།( ༡༥༨༥ནས་༡༦༥༦) བསམ་གཏན་གླིང་པ།( ༡༦༥༥ནས་?) བསྟན་གཉིས་གླིང་པ་(༡༤༨༠)ནས་༡༥༣༥)བཅས་ཡིན།
④ མཁྱེན་ཀོང་མཆོག་གསུམ་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་(༡༨༢༠ནས་༡༨༨༩)དང་། ཀོང་སྤུལ་ཡོན་ཏན་རྒྱ་མཚོ(༡༨༡༣ནས་༡༨༩༩) གཏེར་སྟོན་མཆོག་གྱུར་གླིང་པ་(༡༨༢༩ནས་༡༨༧༠)བཅས་གསུམ་ཡིན།
⑤《འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་རྩོམ་གཅེས་སྒྲིག་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ལོའི་དཔར་གཞི་དང་པོ། ཤ་༤༠
⑥ བླ་རྫོགས་ཐུགས་གསུམ་ནི། བྱིན་རླབས་ཅན་བླ་མ་ཞི་དྲག་གི་སྐོར་དང་། ཟབ་ལམ་ཐམས་ཅད་ཀྱི་མཐར་རྫོགས་ཆེན་གྱི་སྐོར། བོད་གངས་ཅན་གྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་སྒྲུབ་སྐོར་བཅས་ལ་ཟེར།
⑦《རྡོ་གྲུབ་འཇིགས་མེད་བསྟན་ཉིའི་གསུང་འབུམ་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་དཔར་གཞི་དང་པོ། པོད་གཉིས་པ། ཤ་༤༩༡
⑧⒃⒇ ཀོང་སྤུལ་ཡོན་ཏན་རྒྱ་མཚོ། 《ཕྱོགས་མེད་རིས་མེད་ཀྱི་བསྟན་པ་ལ་འདུན་ཤིང་དགེ་སྦྱོང་གི་གཟུགས་བརྙན་འཆང་བ་བློ་གྲོས་མཐའ་ཡས་ཀྱི་སྡེའི་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན་》ཞེས་པ་ནི་《ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་》ནང་འཁོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོ། ཤ་༡༨༡ ༡༨༡ ༢༡༥ན་གསལ།
⑨ ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་མཚན་གྱི་རྣམ་གྲངས་ཤིག
⑩ བྲག་གཡབ་གདོང་ཀཾ་ཁྲི་རིན་པོ་ཆེའི་གསུང་《རྒྱུད་སྡེ་ཀུན་བཏུས་ཀྱི་བྱུང་ཚུལ་དང་བཀའ་བསྡུ་ཇི་ལྟར་མཛད་པའི་འཕྲོས་གླེང་ཟབ་དོན་སྒོ་འབྱེད་ལྡེ་མིག་》ཅེས་པའི་ཞལ་སྐོང་དུ་རྫོང་སར་མཁྱེན་བརྩེའི་ཉེ་གནས་འཇམ་དབྱངས་ལེགས་པའི་བློ་གྲོས་ཀྱིས་མཛད་པའི་《རྗེ་བླ་མ་རྣམ་གསུམ་གྱི་ཕྱིའི་རྣམ་ཐར་རགས་བསྡུས་ཙམ་》ཞེས་པར་གསལ། 《རྒྱུད་སྡེ་ཀུན་བཏུས་》སྡེ་དགེའི་དཔར་མ། པོད་ཨ་པ། ལྡེབ་རིང་བརྩིས་༢༥༤ན་༦
⑾《འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ་》རྫོང་སར་གྱི་ཤིང་དཔར་མ། པོད་ཉེར་གསུམ་པ། ཤ་༣༥༧ནས་༤༦༣ན་གསལ།
⑿ སྐབས་འདིར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གོ
⒁⒄﹙25﹚ཀརྨ་པ་མཁའ་ཁྱབ་རྡོ་རྗེ། 《བདེ་བར་གཤེགས་པའི་བསྟན་པའི་ཡང་སྙིང་རིག་འཛིན་གྱི་སྡེ་སྣོད་སྔ་འགྱུར་ཟབ་མོ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཆོས་སྡེ་སྤར་དུ་བསྒྲུབས་པའི་རྟོགས་བརྗོད་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་རྒྱ་མཚོའི་སྤྲིན་གྱི་བླ་བྲེ་》ཞེས་པ་ནི་《ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་བཀའ་འབུམ་》པོད་དགུ་པ། དཔལ་སྤུངས་དཔར་མར་གསལ། ཤ་༦ན༧ ༦ན༧ ༡༠ན༦
⒂ འདིའི་མཚན་ཆ་ཚང་ལ་《རིན་ཆེན་གཏེར་མཛོད་དཀར་ཆག་དང་བརྒྱུད་ཡིག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་》ཅེས་ཞུ།
⒅ ཀོང་སྤུལ་ཡོན་ཏན་རྒྱ་མཚོ། 《ཕྱོགས་མེད་རིས་མེད་ཀྱི་བསྟན་པ་ལ་འདུན་ཤིང་དགེ་སྦྱོང་གི་གཟུགས་བརྙན་འཆང་བ་བློ་གྲོས་མཐའ་ཡས་ཀྱི་སྡེའི་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན་》ཞེས་པ་ནི་《ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་》ནང་འཁོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོ། ཤ་༡༨༡དང་༢༡༥གཉིས་ན་གསལ།
⒆ ཀོང་སྤུལ་ཡོན་ཏན་རྒྱ་མཚོ། 《ཕྱོགས་མེད་རིས་མེད་ཀྱི་བསྟན་པ་ལ་འདུན་ཤིང་དགེ་སྦྱོང་གི་གཟུགས་བརྙན་འཆང་བ་བློ་གྲོས་མཐའ་ཡས་ཀྱི་སྡེའི་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན་》ཞེས་པ་ནི་《ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་》ནང་འཁོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༧ལོ། ཤ་༢༡༢ ༢༡༥ ༣༥༩བཅས་སུ་གསལ།
﹙22﹚པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་གཉིས་ནི་རིམ་པར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་གཏེར་སྟོན་གྱི་མཚན་ཡིན།
﹙23﹚ལྷག་བསམ་བསྟན་པའི་རྒྱལ་མཚན། 《རིན་ཆེན་གཏེར་མཛོད་ཆེན་མོ་སྤར་དུ་ཇི་ལྟར་བསྒྲུབས་པའི་ཚུལ་དཔག་བསམ་གསར་པའི་འཁྲི་ཤིང་》ཞེས་པ་ནི་ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་《རིན་ཆེན་གཏེར་མཛོད་དཀར་ཆག་དང་བརྒྱུད་ཡིག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་》ཅེས་པའི་ནང་འཁོད། དཔལ་སྤུངས་དཔར་མ། པོད་ཨི་པ། ༣ན༣
﹙26﹚སི་ཏུ་པདྨ་དབང་མཆོག་རྒྱལ་པོ། 《རིན་ཆེན་གཏེར་གྱི་ཆོས་མཛོད་ཆེན་མོའི་རྟོགས་བརྗོད་ངོ་མཚར་བདུད་རྩིའི་འབྱུང་གནས་》ཞེས་པ་ནི་ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་《རིན་ཆེན་གཏེར་མཛོད་དཀར་ཆག་དང་བརྒྱུད་ཡིག་དངོས་གྲུབ་སྐོ་བརྒྱ་འབྱེད་པའི་ལྡེའུ་མིག་》ཅེས་པའི་ནང་འཁོད། དཔལ་སྤུངས་དཔར་མ། པོད་ཁ་པ།
[བརྡ་ཆད་གཙོ་བོ།] རིན་ཆེན་གཏེར་མཛོད། གཏེར་ཆོས། བཀའ་བསྡུ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G258.2[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2019)02-090-09
བོད་གངས་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཡ་གྱལ་སྔ་འགྱུར་རྙིང་མའི་ཕྱོགས་ལ་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་དང་འབྲེལ་བའི་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ་ཞེས་གྲགས་པའི་རིང་ལུགས་ཀྱི་ཀ་ཆེན་རྣམ་པ་གཉིས་ལས། སྐབས་འདིར་ཉེ་བརྒྱུད་གཏེར་མའི་སྐོར་ལས་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱིས་《རིན་ཆེན་གཏེར་མཛོད་ཆེན་མོ་》བཀའ་བསྡུ་ཇི་ལྟར་མཛད་ཚུལ་སྐོར་རགས་ཙམ་གླེང་བར་བྱ་བ་ལ།
གཅིག གང་བསྡུ་བར་བྱ་བའི་ཆོས།
གཏེར་མ་ཞེས་པ་ནི་ཡོངས་གྲགས་ཀྱི་བཤད་སྲོལ་ལྟར་ན། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མ་འོངས་པའི་གདུལ་བྱ་རྣམས་ཀྱི་ཆེད་དུ་གསུངས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་ཆོས་ཏེ། སྐབས་དེར་དུས་སུ་མ་བབས་པའི་ཆོས་སྐོར་རྣམས་བོད་ཀྱི་ས་རྡོ་རི་བྲག་སོགས་སུ་གཏེར་དུ་སྦས་ཤིང་། ཕྱིས་སུ་དུས་ལ་བབ་ཅིང་ལུང་བསྟན་པར་གྲགས་པའི་གཏེར་སྟོན་པ་རྣམས་ཀྱིས་བཞེས་པའི་ཆོས་སྐོར་རྣམས་ལ་བརྗོད་པ་ཡིན་པར་བཤད། དེའི་སྐོར་ལ་《རིན་ཆེན་གཏེར་མཛོད་དཀར་ཆག་དང་བརྒྱུད་ཡིག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་》 (འོག་ཏུ་《རིན་ཆེན་གཏེར་མཛོད་》ཅེས་འགོད་རྒྱུ་)ལས། “གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་མཆོག་གི་སྤྲུལ་སྐུ་གསུམ། འཁྲུལ་མེད་གླིང་པ་བཅུ་གཅིག་གཙོ་བོར་གྱུར་པ་སྔོན་བྱོན་བསྟན་འཛིན་མཁས་གྲུབ་ཆེན་པོ་རྣམས་ལ་ཡོངས་སུ་གྲགས་པའི་གཏེར་རྙིང་རིགས་ལ་གཞི་བྱས། ཕྱིས་བྱོན་ཆོས་དང་གང་ཟག་ཚད་མར་གྱུར་ཀྱང་དུས་སྐབས་རྟེན་འབྲེལ་དབང་གིས་ཁ་གཅིག་གི་སྙན་ལམ་དུ་མཚན་ཙམ་ཡང་འབྱོན་དུ་མི་བཏུབ་པ་མང་དུ་སྣང་བ་རྣམས་ནི་རེ་ཞིག་བཏང་སྙོམས་སུ་བཞག ཡོངས་ལ་གྲགས་ཤིང་ང་ཁྱོད་ཀྱི་ཕྱོགས་འཛིན་ཆུང་བའི་ཕྱིས་ཀྱི་གཏེར་ཆོས་ཕལ་མོ་ཆེ་རྣམས་ཀྱང་དཀྱུས་སུ་བཀོད་པའོ་”①ཞེས་གསུངས་པ་ལྟར། དུས་རབས་བཅུ་པའི་ནང་ཙམ་དུ་བྱོན་པའི་གཏེར་སྟོན་ཀུན་གྱི་ཐོག་མ་སངས་རྒྱས་བླ་མ་དང་། དེ་རྗེས་རིམ་པར་བྱོན་པའི་མཆོག་གི་སྤྲུལ་སྐུ་②གསུམ། གླིང་པ་བཅུ་གཅིག་③སོགས་ནས་དུས་རབས་བཅུ་དགུ་པའི་ནང་བྱོན་པའི་མཁྱེན་ཀོང་མཆོག་གསུམ་④སོགས་གཏེར་སྟོན་པ་ཚད་ལྡན་རྣམས་ཀྱིས་སྤྱན་དྲངས་པའི་གཏེར་ཆེན་དང་གཏེར་ཕྲན་ཇི་སྙེད་ཅིག་བཞུགས་པ་རྣམས་ནི་བསྡུ་བར་བྱ་བའི་ཆོས་སོ། དེའང་གཏེར་ཆེན་དང་གཏེར་ཕྲན་གྱི་ཁྱད་པར་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་《གསང་སྔགས་གསར་རྙིང་གི་གདན་རབས་》སུ།“དེ་ཡང་གང་ཟག་གཅིག་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བར་སྟོན་པ་ལ་གཏེར་ཆེན། གཞན་ཡང་ལས་ཚོགས་ཕྲན་བུ་རེ་ཙམ་ཐོན་པ་ལ་གཏེར་ཕྲན་ཞེས་གཏེར་བདག་གླིང་པས་བཞེད་དེ། སྔ་མ་ནི་མངའ་བདག་ཉང་ཡབ་སྲས་ལྟ་བུ་དང་། ཕྱི་མ་ནི་སྐལ་ལྡན་བྱིས་པ་གཏེར་སྟོན་ལྟ་བུ་ལ་འཇོག་”⑤ཅེས་དང་།《ལས་འཕྲོ་གཏེར་བརྒྱུད་ཀྱི་རྣམ་བཤད་》ལས། “གཏེར་ཆོས་ཀྱི་རིགས་ཐམས་ཅད་ཀྱི་ནང་ནས་མང་ཤོས་ནི་བླ་རྫོགས་ཐུགས་⑥གསུམ་སྟེ། དེ་གསུམ་མ་ཚང་ན་གཏེར་ཆེན་མིན་ཞེས་གྲགས་པ་ལྟར། གཏེར་ཆེན་ཐམས་ཅད་ལ་གསུམ་ཀ་ཚང་བར་བཞུགས་ཤིང་། གཏེར་ཕྲན་ལའང་གསུམ་པོའི་གང་རུང་རེ་མེད་པ་ཆེར་མི་སྣང་བའི་ཕྱིར་”⑦ཞེས་གསུངས།
གཉིས། ཇི་ལྟར་སྡུད་པའི་ཚུལ།
༡ མཁྱེན་ཀོང་རྣམ་གཉིས་དགོངས་པ་གཅིག་ཏུ་བབས་པའི་སྐོར། 《རིན་ཆེན་གཏེར་མཛོད་》བཀའ་བསྡུ་གནང་རྒྱུར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་རྣམ་གཉིས་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་བབས་པ་སྟེ། དེའང་ཀོང་སྤྲུལ་རིན་པོ་ཆེའི་ཐུགས་ལ་བཀའ་དགོངས་ཕུར་གསུམ་སོགས་ཟབ་གཏེར་ཆེན་པོའི་རིགས་རྣམས་འཆད་ཉན་དར་རྒྱས་སུ་བཞུགས་ཀྱང་། ཡིད་ཆེས་ཁུངས་བཙུན་གྱི་དཔེ་དང་དབང་ལུང་གཉིས་ཀའི་རྒྱུན་དཀོན་པའི་གཏེར་ཕྲན་ཟབ་གཉན་ཅན་རྣམས་ནི་དེ་ལྟར་མིན་པས། ཕྱོགས་གཅིག་ཏུ་བསྡུ་བར་དགོངས་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་དགོངས་སྐོར་ཞུ་སྐབས། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཀྱང་གཏེར་ཕྲན་གྱི་སྐོར་ཕྱོགས་བསྡུས་མཛད་རྒྱུའི་ཐུགས་བཞེད་སྔར་ནས་ཡོད་ཚུལ་དང་། དེའི་སྐབས་གཏེར་ཕྲན་གྱི་སྐོར་པོད་བཞི་ཙམ་ཕྱོགས་བསྡུས་མཛད་ཚར་ཡོད་ཚུལ་གསུངས་པ་མ་ཟད། ཀོང་སྤྲུལ་རིན་པོ་ཆེར་གཏེར་ཕྲན་གྱི་སྐོར་བཀའ་བསྡུ་མཛད་རྒྱུའི་ཐུགས་བཞེད་ཡོད་པ་མཁྱེན་རྗེས། ཉིད་ཀྱིས་བསྒྲིགས་པའི་གཏེར་ཕྲན་པོད་བཞི་པོ་ཀོང་སྤྲུལ་ལ་གནང་ནས། དེ་ལ་གཞི་བྱས་ཏེ་གཏེར་ཆེན་རྣམས་ཀྱི་བླ་རྫོགས་ཐུགས་གསུམ་ཚང་ལ། གཏེར་ཕྲན་རྒྱུན་དཀོན་པ་རྣམས་བསྒྲིགས་ན་ལེགས་ཚུལ་གྱི་བཀའ་གནང་བ་ལྟར་ཡིན། དེ་རྗེས་ཀོང་སྤྲུལ་རིན་པོ་ཆེས་བསྒྲིགས་གནང་བ་ཡིན་ཚུལ་ལའང་《ཀོང་སྤྲུལ་རང་རྣམ་》 ལས། “སྔར་(ཤིང་ཡོས་༡༨༥༥ལོར་)རང་གི་བསམ་ཡུལ་དུ་གཏེར་ཕྲན་རྙིང་མ་གལ་ཆེན་མང་པོ་སྔ་ཕྱིར་ཐོབ་པ་འདི་རྣམས་ཕྱོགས་བསྡུས་ཀྱི་དཔེ་ཞིག་ཡོད་ན་རྒྱུན་ལ་ཕན་འགྲོ་བར་འདུག་སྙམ། དེའི་རྩོལ་བ་ཞིག་དྲན། ཡང་དེ་དག་ཀྱང་ཕན་གནོད་ཀྱི་ལས་ཕྲན་ཚེགས་ཙམ་རེད་འདུག་པས་གཏེར་སྟོན་ཡོངས་གྲགས་གཙོ་བོ་རྣམས་ཀྱི་གཏེར་ཆོས་རྒྱུན་དཀོན་ཅིང་ཉུང་ལ་འདུས་པ་རྣམས་ཀྱི་དབང་རྒྱུན་ཕྱོགས་བསྡུས་ཤིག་གི་མཉམ་དུ་གཏེར་ཕྲན་རྣམས་ཡོད་པ་ཞིག་བྱུང་ན་ལེགས་སྙམ་ཀུན་གཟིགས་རིན་པོ་ཆེར་བཀའ་འདྲི་ཞུས་པར། ཁོང་ནས་ཀྱང་གཏེར་ཕྲན་རྣམས་བསྡུས་པའི་པོད་བཞི་ཙམ་བྲིས། ད་སྟེ་དེ་རྣམས་ལ་གཞི་བྱས་ནས་ཁྱོད་ཀྱི་འདོད་པ་དེ་ལྟར་གཏེར་ཆེན་རྣམས་ཀྱི་བླ་རྫོགས་ཐུགས་གསུམ་ཚང་བ་ཞིག་གིས་གཞུང་བྱས་ནས་བྲི་རྒྱུ་བྱུང་ན་ཤིན་ཏུ་ལེགས་འདུག་གསུངས་པ་ཕེབས་པས། དེ་ལྟར་ན་གཏེར་ཆོས་གང་བཞག་དང་གོ་རིམ་བསྒྲིགས་ལུགས་ཀྱི་དཀར་ཆག་ཅིག་མཛད་གྲུབ་པར་ཞུས། འདི་སྐབས་དེ་ལྟར་འགྲུབ་པ་དང་གནང་བ་ཞུ་བའི་ཆེད་དུ་བསམ་ལྷུན་ཡོན་ཏན་གཏེར་མཛོད་ཀྱི་བསྙེན་པ་དང་གསོལ་འདེབས་རེ་ཞིག་བགྱིས་པས་ལྟས་ཀྱང་ལེགས་”⑧ཞེས་གསུངས། གཞན་ཡང་འདིའི་སྐོར་ལ་རྫོང་སར་མཁྱེན་བརྩེའི་ཉེ་གནས་འཇམ་དབྱངས་ལེགས་པའི་བློ་གྲོས་ཀྱི་ཞལ་ནས།“གཏེར་མའི་ཕྱོགས་ཐམས་ཅད་དཀར་ཆག་གསར་བསྒྲིགས་བཅས་བསྡུས་པར་པུསྟི་བཅོ་ལྔ་ཙམ་ལོངས་མཚམས་འཇམ་མགོན་པདྨ་གར་དབང་⑨ནས་ཐུགས་སྩོལ་ཆེན་པོས་འཕྲོ་སྐྱོང་མཛད་པས་རིན་ཆེན་གཏེར་མཛོད་ཆེན་པོ་གྲུབ་སྟེ་ད་ལྟ་བོད་ལྗོངས་ཕལ་ཆེར་ཁྱབ་”⑩ཅེས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཉིད་ཀྱིས་ཕྱོགས་བསྒྲིགས་མཛད་པའི་གཏེར་ཆོས་པོད་བཅོ་ལྔ་ཙམ་ཞིག་ཀོང་སྤྲུལ་རིན་པོ་ཆེར་གནང་བར་གསུངས། དེས་ན་འཇམ་དབྱངས་མཁྱེན་བརྩེས་སྔར་གྱི་གཏེར་ཆོས་པོད་བཞིའི་ཐོག་ཏུ་རྗེས་སུ་སླར་པོད་བཅུ་གཅིག་སྟེ། སྔ་ཕྱིར་གཏེར་ཆོས་པོད་བཅོ་ལྔ་ཕྱོགས་བསྡུས་མཛད་ནས་ཀོང་སྤྲུལ་རིན་པོ་ཆེ་ལ་གནང་ཚུལ་མཐོང་ཐུབ། ༢ གཏེར་ཆོས་གང་བཞག་དང་གོ་རིམ་བསྒྲིགས་ལུགས་ཀྱི་ས་བཅད་སྐོར། ཀོང་སྤྲུལ་རིན་པོ་ཆེས་གཏེར་ཆོས་བཀའ་བསྡུ་མཛད་སྐབས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐོག་མར་གཏེར་ཆོས་གང་བཀའ་བསྡུ་དགོས་པ་དང། གོ་རིམ་བསྒྲིགས་ལུགས་ཀྱི་ས་བཅད་དུ་《ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་ཟབ་རྒྱས་ཆོས་ཚུལ་རབ་འབྱམས་ཀྱི་གླེང་བ་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་》⑾ཅེས་པ་མཛད་ཅིང་། དེ་རྗེས་ཀོང་སྤྲུལ་རིན་པོ་ཆེས་དེ་ལ་གཞི་མཛད་ནས་གཏེར་ཆོས་རྣམས་བསྒྲིགས་གནང་བའི་སྐོར་ལ་《རིན་ཆེན་གཏེར་མཛོད་》ལས། “ཀུན་མཁྱེན་བླ་མ་རིན་པོ་ཆེའི་⑿སྙན་དབང་དུ་ཞུས་ཤིང་གསོལ་བ་བཏབ་པས་ཤིན་ཏུ་དགྱེས་པ་ཆེན་པོས་ཐོག་མར་ལེགས་སོའི་དབུགས་དབྱུང་དང་ཇི་ལྟར་བསྒྲིག་བྱའི་གོ་རིམ་ས་བཅད་ཞིབ་མོ་བསྩལ་”⒀ཞེས་དང། ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་ཞལ་ནས། “རྗེ་ཉིད་(འཇམ་དབྱངས་མཁྱེན་བརྩེའི་དབང་པོ་)ནས་གཏེར་ཕྲན་སྐོར་པོད་བཞི་ཙམ་འདུ་མཛད་པ་དེ་དག་ལ་གཞི་བྱས་པའི་ཆོས་མཛོད་འདི་བསྡུ་བའི་བཀའ་འཇམ་མགོན་རྡོ་རྗེ་འཆང་ཆེན་པོར་བབས་པའི་གཟིགས་སྣང་འཁྲུངས་པས་བསྡུ་རུང་བའི་གནང་བ་བསྔགས་བརྗོད་བཅས་བསྡུ་བར་འོས་པ་རྣམས་ཀྱི་དཀར་ཆག་ཟབ་རྒྱས་ཆོས་ཀྱི་སྒོ་འབྱེད་ཀྱང་ཕྱག་ཐོར་བཏབ་ཅིང་རྒྱས་བསྡུས་ཀྱི་བསླབ་སྟོན་དང་། ངེས་པར་བཀའ་བསྡུ་མཛད་གྲུབ་པའི་ཞབས་བསྐུལ་གསོལ་འདེབས་བཅས། ཁྱད་པར་རྡོ་རྗེའི་ལུང་དོན་མཛོད་ཆེད་ལྔ་ཡི་ཡ་གྱལ་རིན་ཆེན་གཏེར་མཛོད་དུ་མཚན་གསོལ་དགོས་པའི་རྒྱུ་མཚན་ཞིབ་རྒྱས་སུ་སྩལ་”⒁ཞེས་པ་སོགས་འཁོད་པ་ལྟར་ཡིན། 《རིན་ཆེན་གཏེར་མཛོད་》ཀྱི་དཀར་ཆག་དང་བརྒྱུད་ཡིག་གི་མཚན་ཡང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་ས་བཅད་ཀྱི་མཚན་དང་མཚུངས་པར་《གཏེར་མཛོད་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་》⒂ཅེས་གསོལ་འདུག
༣ 《རིན་ཆེན་གཏེར་མཛོད་》ཀྱི་ཐོག་མའི་མཚན།《རིན་ཆེན་གཏེར་མཛོད་》ལ་ཐོག་མའི་མཚན་ཇི་ལྟར་གསོལ་བའི་སྐོར་ལ་《ཀོང་སྤྲུལ་རང་རྣམ་》ལས། “(མེ་འབྲུག་༡༨༥༦ལོ་)འདི་སྐོར་གཏེར་ཆོས་གསར་བྲིས་རྣམས་ལ་མཛོད་ཀྱི་མིང་ཐོགས་རིན་ཆོག་པ་མེད་པས་གཏེར་ཕྲེང་དུ་བཏགས་པ་པོད་བཅུ་སྐོར་གྲུབ་འདུག་པའི་བྲིས་པ་རྣམས་ནས་ཞུ་དག་བརྡ་མཚོན་དང་ཡོན་སྤྲད་”⒃ཅེས་གསུངས་པ་ལྟར། གཏེར་ཆོས་ཕྱོགས་བསྒྲིགས་གནང་ནས་ལོ་གཅིག་སོང་རྗེས་སུ་པོད་བཅུ་སྐོར་ཙམ་གྲུབ་སྟེ་མཚན་ལ་གཏེར་ཕྲེང་ཞེས་གསོལ་བ་གསལ་པོ་ཡིན། འོན་ཀྱང་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་ཞལ་ནས། “ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེའམ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཞལ་སྔ་ནས་སྔ་ཕྱིར་བྱོན་པའི་གཏེར་རྙིང་གིས་གཙོས། གཏེར་ཕྲན་ཕྱོགས་བསྒྲིགས་ཀྱི་པུ་སྟི་བཅུ་སྐོར་སྩལ་བའི་མཚན་ཡང་རིན་ཆེན་གཏེར་ཕྲན་དུ་གསོལ་བར་མཛད། སླར་གཏེར་ཆོས་རྒྱུན་གར་བཞུགས་རྣམས་ཀྱི་རྩ་གསུམ་ཆོས་སྐྱོང་ཕྲིན་ལས་རྫོགས་རིམ་དང་བཅས་པའི་སྙིང་པོ་རྣམས་འདུས་པ་ཞིག་མཛད་པར་བཞེད་དེ། ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་སྤྱན་སྔར་རུང་མིན་བརྟག་པ་དང་། རུང་ཚེ་གནང་བ་སྩོལ་ཞིང་ཡིག་ཆ་ཇི་ལྟར་འཇོག་འོས་པའི་གནས་སྣང་གི་བཀའ་འདྲི་སྩལ་”⒄ཞེས་《ཀོང་སྤྲུལ་རང་རྣམ་》དང་ཅུང་མི་མཐུན་པར་མཚན་“རིན་ཆེན་གཏེར་ཕྲན་”ཞེས་གསོལ་ཚུལ་གསུངས་ཡོད། དེས་ན་ཁོ་བོའི་བསམ་པར། འདིའི་སྐོར་ལ་《ཀོང་སྤྲུལ་རང་རྣམ་》དུ་གོང་སྨོས་ལྟར། ཉིད་ཀྱིས་གཏེར་ཆོས་ཕྱོགས་བསྒྲིགས་མ་མཛད་པའི་སྔོན་དུ་མཁྱེན་བརྩེ་རིན་པོ་ཆེ་ལ་གཏེར་ཆོས་ཕྱོགས་བསྡུ་གནང་རུང་མིན་བཀའ་འདྲི་ཞུས་ཤིང་། མཁྱེན་བརྩེ་རིན་པོ་ཆེ་ལས་བསྡུ་རུང་བའི་གནང་བ་ཐོབ་རྗེས་གཏེར་ཆོས་ཕྱོགས་བསྒྲིགས་ཀྱི་དབུ་བརྩམས་ཤིང་། དེའི་ལོ་ཕྱི་མ་སྟེ། སྤྱི་ལོ་༡༨༥༦ལོར་གཏེར་ཆོས་པོད་བཅུ་སྐོར་གསར་བསྒྲིགས་གྲུབ་པ་དང་། མཚན་ལ་“གཏེར་ཕྲེང་”ཞེས་གསོལ་ཚུལ་འཁོད་པ་མ་ཟད། སྔ་ཕྱིར་“གཏེར་ཕྲེང་”ཞེས་ཐེངས་གཉིས་ཙམ་བྱུང་བས།⒅ རང་རྣམ་གྱི་བཞེད་ཚུལ་དེ་རང་ཁུངས་བཙུན་པར་འདོད།
༤ 《རིན་ཆེན་གཏེར་མཛོད་》ཅེས་མཚན་ཇི་ལྟར་བྱུང་ཚུལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་རྫོང་སར་མཁྱེན་བརྩེའི་དབང་པོ་རྣམ་གཉིས་ཕན་ཚུན་བླ་སློབ་ཏུ་གྱུར་ཏེ། ཐུན་མོང་མ་ཡིན་པའི་ཆོས་དང་དམ་ཚིག་གི་འབྲེལ་བ་ཤིན་ཏུ་ཟབ་ཅིང་། ཁྱད་པར་ཕན་ཚུན་དག་སྣང་དང་མོས་གུས་རེ་ལྟོས་གཅིག་ལྕོགས་སུ་སྣང་བས། ཀོང་སྤྲུལ་རིན་པོ་ཆེས་བརྩམས་གནང་བ་དང་བསྡུ་བསྒྲིགས་མཛད་པའི་གསུང་རྣམས་ལའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དག་པའི་གཟིགས་སྣང་ལ་བརྟེན་ནས་མཛོད་ཆེན་ལྔ་ཞེས་མཚན་གསོལ་ཡོད། 《རིན་ཆེན་གཏེར་མཛོད་》ཅེས་པའི་མཚན་གྱི་སྐོར་ལ་《ཀོང་སྤྲུལ་རང་རྣམ་》ལས། ལྕགས་བྱ་སྤྱི་ལོ་༡༨༦༡ལོར། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་པའི་གཟིགས་སྣང་དུ། མཆོད་རྟེན་ཤིན་ཏུ་ཆེན་པོ་ཞིག་ལ་སྒོ་བཞི། བུམ་སྒོ་དང་ལྔ་འདུག་པ་ལ་ཕེབས་པས། ནང་དུ་རྟེན་དང་བཀོད་པ་གླེགས་བམ་ཤིན་ཏུ་མང་པོ་འདུག་པ་འདི་ཅི་རེད་ཅེས་དྲིས་པས། མི་ཞིག་གིས་ངོ་སྤྲད་ནས་འདི་མཛོད་ལྔ་ཞེས་པ་ཡིན་ཚུལ་རྒྱུ་མཚན་ཤིན་ཏུ་མང་པོ་བཤད་པ་ཞིག་བྱུང་བས། ཁྱོད་ལ་མཛོད་ལྔ་ཞེས་པའི་བཀའ་བབས་ཤིག་ཡོད་པ་ཡིན་འདུག་པས་གཏེར་ཆོས་བསྒྲིགས་མ་འདི་རྣམས་ལའང་གཏེར་མཛོད་ཀྱི་མིང་བཏགས་དགོས་པར་འདུག་ཅེས་གསུངས་⒆ཚུལ་འཁོད་པ་དང་། དེ་བཞིན་“སྔར་གཏེར་ཕྲེང་དུ་བཏགས་པ་དེ་འདི་སྐོར་(ཆུ་ཁྱི་སྤྱི་ལོ་༡༨༦༢ལོ་)ནས་རིན་ཆེན་གཏེར་མཛོད་ཀྱི་མཚན་དུ་བཞག་”⒇ཅེས་གསུངས་པ་སོགས་ལ་གཞིགས་ན། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ལྕགས་བྱ་སྤྱི་ལོ་༡༨༦༡ལོར་ཀོང་སྤྲུལ་རིན་པོ་ཆེར་ཕྱོགས་བསྒྲིགས་མཛད་པའི་གཏེར་ཆོས་རྣམས་ལ་རིན་ཆེན་གཏེར་མཛོད་ཅེས་མཚན་གསོལ་དགོས་པར་གསུངས་པ་དང་། ཀོང་སྤྲུལ་རིན་པོ་ཆེས་ཀྱང་དེ་ལྟར་ཆུ་ཁྱི་སྤྱི་ལོ་༡༨༦༢ལོར་གཏེར་ཆོས་ཕྱོགས་བསྒྲིགས་རྣམས་ལ་རིན་ཆེན་གཏེར་མཛོད་ཅེས་མཚན་བཏགས་གནང་བ་གསལ་པོ་ཡིན།
༥ 《རིན་ཆེན་གཏེར་མཛོད་》བཀའ་བསྡུ་མཛད་པ་པོའི་སྐོར། 《རིན་ཆེན་གཏེར་མཛོད་》ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་བཀའ་བབས་མཛོད་ཆེན་རྣམ་ལྔའི་ཡ་གྱལ་ཞིག་ཡིན་ཞིངཡ དེ་ཉིད་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་བཀའ་བསྡུའམ་ཕྱོགས་བསྒྲིགས་གནང་བ་ཞིག་ཡིན་པ་ཀུན་ལ་ཡོངས་སུ་གྲགས་ཤིང་གྲུབ་པ་ཞིག་ཡིན་མོད། ད་དུང་འདིའི་བཀའི་བསྡུ་བ་པོ་གཙོ་བོ་གཅིག་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཡིན་པ་ནི། ཀོང་སྤྲུལ་རིན་པོ་ཆེས་གཏེར་ཆོས་ཐོག་མར་ཕྱོགས་བསྡུ་མཛད་སྐབས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གཏེར་ཆོས་གང་དང་གང་བཀའ་བསྡུ་དགོས་པ་དང་ཇི་ལྟར་བསྒྲིགས་ཚུལ་གྱི་ས་བཅད་མཛད་པ་སོགས་གོང་དུ་སྨོས་པ་དག་ལས་རགས་ཙམ་ཤེས་ནུས་ལ། དེ་བཞིན་《རིན་ཆེན་གཏེར་མཛོད་》ལས། “བར་དུ་སྔར་མ་ཐོབ་པ་ཕལ་མོ་ཆེའི་སྨིན་གྲོལ་དང་། ལྷག་པར་གཏེར་རྙིང་དཔེ་ལུང་གི་རྒྱུན་སྔར་ནས་ཆད་པ་མང་པོ་ཡང་གཏེར་དུ་བྱོན་པས་མཚོན་ཉེ་བརྒྱུད་ཀྱི་བྱིན་རླབས་དུ་མ་དང་བཅས་ཏེ་རྗེས་སུ་གནང་མཐར་གཞན་ཕན་ཕྲིན་ལས་ཀྱི་སྒོ་འཕར་དབྱེ་བར་མཛད་པ་སོགས་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་བསྩལ་”﹙21﹚ཞེས་གཏེར་རྙིང་དཔེ་ལུང་གི་རྒྱུན་སྔར་ནས་ཆད་པ་མང་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་ཡང་གཏེར་དུ་བྱོན་ནས་བཀའ་བསྡུ་མཛད་ཐུབ་པ་བྱུང་བ་དང་། ཁྱད་པར་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱི་ཞལ་སློབ་ལྷག་བསམ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་《རིན་ཆེན་གཏེར་མཛོད་ཆེན་མོ་སྤར་དུ་ཇི་ལྟར་བསྒྲུབས་པའི་ཚུལ་དཔག་བསམ་གསར་པའི་འཁྲི་ཤིང་》ལས། “འདི་ལྟ་བུ་སྣང་བར་མཛད་པ་པོ་ནི་པདྨ་འོད་གསལ་མདོ་སྔགས་གླིང་པ་དང། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྣམ་པ་﹙22﹚གཉིས་ཏེ། དེ་ཡང་ཚུལ་མཐོང་གི་བློ་ངོ་དང་སྦྱར་ནས་བོད་གངས་ཅན་ཙམ་ན་གྲགས་ཤིང་གྲུབ་པའི་ཟབ་གཏེར་གྱི་ཆོས་སྒོ་ཇི་སྙེད་པ་དེང་སང་རྒྱུན་བཞུགས་ངེས་རྣམས་རྟག་གུས་ཀྱི་ཐུགས་བརྩོན་དྲག་པོས་གསན་བསམ་གྱིས་གཏན་ལ་ཕབ། དོན་ཉམས་བཞེས་ལ་སྦྱར་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་བསྟན། དོན་དམ་པར་རྩ་གསུམ་རབ་འབྱམས་རྒྱ་མཚོའི་སྣང་བ་དང་རྟག་ཏུ་འགྲོགས་ཤིང་བཀའ་བསྡུའི་གནང་བ་ཁྱད་པར་ཅན་བརྙེས། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་སོགས་རྩ་གསུམ་རྒྱ་མཚོས་ཕྲིན་ལས་དུས་སུ་བབས་པར་ལུང་བསྟན་པས་རྗེ་བླ་མ་རྣམ་གཉིས་བཀའ་བགྲོས་པའི་ཚུལ་གྱིས་ཟབ་གསང་གི་ཆོས་ཚུལ་རིན་པོ་ཆེ་ཇི་སྙེད་པ་ཆོས་མཛད་གཅིག་པུར་བསྡུ་བར་མཛད་པ་ཡིན་ནོ། །ཚུལ་དེས་ན་ཉན་ཐོས་ཀྱི་ཐེག་པའི་སྐབས་སུ་བཀའ་བསྡུ་བ་པོ་འོད་སྲུང་ལ་སོགས་པ་བཞིན་དུ་སྐབས་འདིའི་སྡུད་པ་པོ་ནི་རྗེ་བླ་མ་རྣམ་གཉིས་ཡིན་”﹙23﹚ཞེས་གསུངས་པ་ལས་དེ་བས་ངེས་པ་རྙེད་ཐུབ།
གཞན་ཡང་གཏེར་སྟོན་མཆོག་གྱུར་གླིང་པའང་《རིན་ཆེན་གཏེར་མཛོད་》ཀྱི་བཀའ་བསྡུ་དང་འབྲེལ་བ་ཟབ་མོ་ཡོད་པའི་གཏེར་སྟོན་པ་ཞིག་ཡིན་ཏེ། ཀོང་སྤྲུལ་རིན་པོ་ཆེས་གཏེར་ཆོས་བཀའ་བསྡུ་མཛད་ནས་ལོ་གཅིག་ཙམ་སོང་བའི་མེ་འབྲུག་སྤྱི་ལོ་༡༨༥༦ལོའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། ཁོང་གིས་གཏེར་སྟོན་པ་ཁག་ལ་མུ་མཐུད་གཏེར་ཆོས་རྣམས་བཀའ་བསྡུ་མཛད་རུང་མིན་གྱི་བརྟག་པ་ཞུ་སྐབས་དང་། དེ་རྗེས་དམིགས་བསལ་ཉེ་བརྒྱུད་གཏེར་ཆོས་རྣམས་ཀྱི་སྨིན་གྲོལ་གདམས་གཏད་ཞུ་སྐབས་《རིན་ཆེན་གཏེར་མཛོད་》ལས།“སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའང་ཡིད་ཆེས་རྩོད་བྲལ་གྱི་ཕྲིན་ལས་དབུ་ཚུགས་པའི་ཐོག་མར་རུང་མིན་བརྟག་པ་གནང་བས་རུང་ངེས་པའི་ལུང་བྱང་དམིགས་བསལ་ཐོབ། བར་དུ་ཚོགས་ཀྱི་འཁོར་ལོ་བཅས་གནང་བ་ལན་གསུམ་ཞུས་པར་གཏེར་སྟོན་བརྒྱ་རྩ་སྤྱི་དང་བྱེ་བྲག་དམིགས་སུ་བསལ་བ་ཁ་ཤས་ཀྱི་གཏེར་ཆོས་ཉེ་བརྒྱུད་དུ་གསན་འདུག་པ་རྣམས་ཀྱི་སྨིན་གྲོལ་གདམས་གཏད་ཞུས། མཐར་རྗེ་ཉིད་ཀྱི་གཏེར་བྱོན་མདོ་དང་སྒྱུ་འཕྲུལ་གཙོར་གྱུར་སྔར་ས་སྟེང་དུ་མ་བྱོན་པ་རྣམས་ཀྱང་སྐལ་པ་བཟང་པོའི་དཔྱིད་དུ་ནོས་པ་དེ་དག་ལ་བརྟེན་ནས་འདི་ཉིད་སྡུད་པའི་རྩོལ་བ་ལ་ཞུགས་པ་ཡིན་”﹙24﹚ཞེས་བྱུང་བ་ལས་ཤེས་ནུས
༦ 《རིན་ཆེན་གཏེར་མཛོད་》དངོས་ཇི་ལྟར་བསྒྲིགས་པའི་སྐོར། སྤྱིར་གཏེར་ཆོས་ནི་རྒྱ་ཆེ་ལ་གྲངས་མང་བ་ཞིག་ཡིན་མོད། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་བཀའ་བསྡུ་མཛད་སྐབས་རང་འདོད་གྱ་ཚོམ་གྱིས་དཔེ་སྣ་གང་རྙེད་བསྡུས་གནང་བ་ཞིག་མ་ཡིན་པར། གཙོ་བོར་གཏེར་ཆོས་ལས་དཔེ་ལུང་གཉིས་ཀའི་རྒྱུན་ནུབ་ན་ཤིན་ཏུ་ཕངས་པ་རྣམས་བསྡུས་ཤིང་། བཀའ་བརྒྱད་དང་དགོངས་འདུས་ལྟ་བུ་གཏེར་ཆོས་རྒྱ་ཆེ་ཞིང་རྒྱུན་དར་རྒྱས་ཡོངས་གྲགས་སུ་བཞུགས་པ་རྣམས་ལས་ཉེར་མཁོའི་སྙིང་པོ་ཙམ་བསྡུས་པ། ཚན་པ་ཆུང་ཞིང་རྒྱུན་དཀོན་པ་རྣམས་གཞུང་ཆ་ལག་རྫོགས་པར་བཞུགས་སུ་གསོལ་བ། དེ་མིན་དབང་གི་རྩ་བ་ནི་སྨིན་གླིང་ཁྲི་ཆེན་འགྱུར་མེད་རྡོ་རྗེས་(༡༦༤༦ནས་༡༧༡༤)བཀའ་བསྡུ་གནང་བའི་《འདོད་འཇོ་བུམ་བཟང་》 ལ་གཞི་བྱས་ཏེ་བསྡུ་བར་མཛད་པ་ཡིན།﹙25﹚སྐབས་དེར་གཏེར་ཆོས་རྩོད་པ་ཅན་རྣམས་བསྡུ་བར་མཛད་མེད། གང་ལྟར་འདིའི་སྐོར་ལ་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་ཞལ་ནས། “བོད་དང་བོད་ཆེན་པོའི་ལྗོངས་སུ་དབང་ལུང་གི་རྒྱུན་ལྟ་ཞོག དཔེ་རྒྱུན་ཙམ་ཡང་མཐོང་ཐོས་དཀོན་པ་རྣམས་འབད་པ་བརྒྱ་ཕྲག་དུ་མས་ཆེད་དུ་བཙལ་བའི་སྒོ་ནས་གཏེར་རྙིང་བྱིན་རླབས་ཅན་དང་། ཁྱད་པར་རྒྱུན་ཤིན་ཏུ་དཀོན་ཞིང་དབྱིངས་སུ་གཞོལ་བར་ཉེ་ལ་ཁད་མཐའ་དག་གི་ཕྱོགས་ནས་རྩ་བར་བཟུང་བའི་སྟེང་། མི་གསལ་བ་རྣམས་གསལ་བར་ཕྱུངས། འཁྲུགས་པ་གོ་རིམ་དུ་བསྡེབས། མ་ཚང་བ་རྣམས་ཁ་སྐོང་། བརྒྱུད་ལྡན་མན་ངག་གིས་ཟུར་བརྒྱན་པ་སོགས་ཆེད་དུ་བྱ་འོས་རིགས་ཀྱང་བཏང་སྙོམས་དང་། གྱ་ཚོམས་སུ་འཇུག་པ་གཉིས་ཀ་མ་ཡིན་པར་ཚད་མའི་ཁུངས་དང་བསྡེབས་ནས་བྱིན་རླབས་ཀྱི་དྲོད་ཉམས་པ་མེད་པའི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་དང་བཅས་རྒྱུད་ལུང་མན་ངག་གསུམ་དང་འབྲེལ་བའི་ཟབ་རྒྱས་གཉིས་ལྡན་གྱི་ཕུང་པོར་སྤུངས་ཏེ་ཕྱོགས་གཅིག་ཏུ་སྡུད་པའི་ངོ་མཚར་རྨད་དུ་བྱུང་བའི་རང་བཞིན་འདི་ལྟ་བུ་ནི། སྟོན་པ་ཐུབ་པའི་དབང་པོ་དང་། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་མཛོད་ཆེན་རྣམ་ལྔའི་བདག་པོར་ལུང་དུ་བསྟན་པའི་དགོས་དོན་གེགས་མེད་ལྷུན་གྱིས་གྲུབ་པའི་རྒྱན་དུ་བྱུང་བའོ་”﹙26﹚ཞེས་དང་། 《ཀོང་སྤྲུལ་རང་རྣམ་》ལས།“དེ་ལྟར་ས་གཏེར་དགོངས་གཏེར་དག་སྣང་སྙན་བརྒྱུད་ཀྱི་ཆོས་སྐོར་རྒྱ་ཆེ་བ་རྣམས་ཀྱི་དབང་གི་སྙིང་པོ་དང་། ཁྲིད་རྒྱུན་ཡོད་རིགས་རྩ་བར་བཟུང་། སྒྲུབ་ཐབས་ཕྲིན་ལས་དབང་ཆོག བསྙེན་ཡིག་དང་ཁྲིད་ཡིག་སོགས་གང་དགོས་གསར་དུ་སྦྱར། ཆོས་ཚན་ཉུང་ངུ་དང་རྒྱུན་དཀོན་པའི་རིགས། གཏེར་ཕྲན་རྣམས་ཀྱི་གཞུང་དང་ཡིག་རྙིང་རྣམས་ཕྱོགས་གཅིག་ཏུ་བསྡུས། དེ་དག་ལའང་གསལ་བྱེད་དགོས་པ་ལ་ཟུར་འདེབས་སོགས་ཞིབ་པར་བཀོད་པའི་པུསྟི་འབྲིང་ཚད་དྲུག་ཅུར་ལོངས་པ་བཞུགས་”﹙27﹚ཞེས་གསུངས་པ་ལྟར་ཡིན། མདོར་ན། ཀོང་སྤྲུལ་རིན་པོ་ཆེས་ཤིང་ཡོས་སྤྱི་ལོ་༡༨༥༥ལོར་《རིན་ཆེན་གཏེར་མཛོད་》བཀའ་བསྡུ་མཛད་པའི་དབུ་བརྩམས་ཤིང་། ས་འབྲུག་སྤྱི་ལོ་༡༨༦༨ལོའི་ཟླ་བ་བཞི་པའི་ཚེས་བཅུ་ནས་ཟླ་བ་བདུན་པའི་ཚེས་བཅོ་ལྔའི་བར་གཏེར་མཛོད་ཀྱི་དབང་ལུང་ཐེངས་དང་པོ་གནང་ཡོད། དེས་ན་དབང་ལུང་ཐེངས་དང་པོ་གནང་སྐབས་རྩ་བའི་ཆ་ནས་གཏེར་མཛོད་བཀའ་བསྡུ་གནང་ཟིན་མོད།《རིན་ཆེན་གཏེར་མཛོད་》ཀྱི་བཀའ་བསྡུ་ནི་དཔེ་རྒྱུན་ཕྱོགས་བསྡུ་མཛད་རྒྱུ་ཁོ་ན་ཙམ་མ་ཡིན་པར། ད་དུང་གང་བཀའ་བསྡུ་གནང་བའི་གཏེར་ཆོས་རྣམས་ཀྱི་དབང་ལུང་གི་རྒྱུན་བཙལ་ཞིང་སྤེལ་དགོས་པ་དང་། སྒྲུབ་ཐབས་དང་དབང་ཆོག བསྙེན་ཡིག་དང་ཁྲིད་ཡིག་སོགས་མེད་པ་རྣམས་གསར་དུ་མཛད་དགོས་པ་དང་། དེ་བཞིན་དུ་དཀྱིལ་འཁོར་དང་ཙཀ་ལི་རྣམས་ཀྱང་འབད་པ་ཆེན་པོས་ཐུགས་རྩོལ་གནང་དགོས་པ་ཡིན་ཏེ། དེ་ནི་ཁོང་གིས་སྐུ་ཚེ་གཅིག་ལ་གཏེར་མཛོད་ཀྱི་དབང་ལུང་ཐེངས་ལྔ་གནང་བ་ལས་ཤེས་ཐུབ་པ་མ་ཟད། 《ཀོང་སྤྲུལ་རང་རྣམ་》དུ་ལྕགས་སྟག་སྤྱི་ལོ་༡༨༩༠ལོར་“གཏེར་མཛོད་ཁྲིད་ཡིག་རིགས་རིམ་པར་བྲིས་”ཞེས་གསལ་བ་འདིས་ཀྱང་ཀོང་སྤྲུལ་རིན་པོ་ཆེ་དགུང་ལོ་དོན་བརྒྱད་ལ་ཕེབས་དུས་སུའང་བསྙེན་མཚམས་སོགས་སུ་དེ་འབྲེལ་གྱི་ཕྱག་ལས་མཛད་བཞིན་ཡོད་པ་རྟོགས་ཐུབ། དེ་ལྟར་ཁོང་གིས་གཏེར་མཛོད་ཀྱི་བཀའ་བསྡུ་ཐོག་མར་སྤྱི་ལོ་༡༨༥༥ལོར་དབུ་བརྩམས་པ་ནས་སྤྱི་ལོ་༡༨༩༠ལོའི་བར་མ་མཐར་མི་ལོ་སོ་ལྔ་ཙམ་འགོར་ཡོད།
གསུམ། བཀའ་བསྡུ་མཛད་པའི་དགོས་པ།
བཀའ་བསྡུ་གནང་བའི་དགོས་པའི་སྐོར་ལ་《རིན་ཆེན་གཏེར་མཛོད་》ལས། “བོད་སྤྱིའི་མཚན་ཉིད་གསར་ངེས་ཀྱི་དབང་དུ་སོང་བས་གཏེར་རྙིང་ཕལ་ཆེར་ཞི་བར་མནལ་ལ་ཉེ་ཞིང་རྒྱུན་དཀོན་པ་འགའ་ཡང་ཆད་དུ་ཕངས་པ་དང་། གཏེར་རྙིང་གསར་དུ་བྱོན་པ་རྣམས་ནི་མཚན་ཙམ་ལས་ཆེན་པོ་རྣམས་ཀྱི་གསན་ལམ་དུའང་འབྱོན་མ་བཏུབས་པས་སྙིང་ལྟར་གཅེས་པ་དང་། གཏེར་གསར་ཕལ་མོ་ཆེའང་རང་གཞན་ལ་ཉེ་བར་མཁོ་བ་ཤས་ཆེ་ཞིང་དཀོར་སྡུད་ཀྱི་ཕྱག་ཆ་དང་། ལྟོ་ཕྱིར་བོན་གྱེར་མཁན་རྣམས་ཀྱིས་ཀྱང་རྗེས་གནང་དང་མདོས་གཏད་སོགས་ཞུ་ཐོབ་དཀོན་པས་དཀྱུས་གཅིག་ཏུ་བཀོད་ན་དེ་ཙམ་ལའང་ཕན་པར་རེ་བ་དང་། ཚད་མའི་གཏེར་ཆོས་ཕྱོགས་རེ་བའི་ཕྲིན་ལས་ཅན་དུ་གྱུར་པ་དག་ཀྱང་གུ་རུ་རིན་པོ་ཆེའི་རྗེས་འཇུག་ཡོངས་ཀྱི་སྤྱི་ནོར་དུ་གྱུར་ན་ཅི་མ་རུང་སྙམ་པ་སོགས་སྒོ་དུ་མ་ནས་ལྷག་པའི་བསམ་པ་ཁོ་ན་ཡིད་ལ་བྱས་”﹙28﹚ཞེས་གསུངས་པ་ལྟར།《རིན་ཆེན་གཏེར་མཛོད་》ནི་རྒྱུན་ཆད་ལ་ཉེ་བའི་ཟབ་གཏེར་རྣམས་ཀྱི་དཔེ་རྒྱུན་དང་དེ་རྣམས་ཀྱི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་མཐུད་དང་། གཞན་ཡང་སྨན་རྩིས་ཀྱི་སྐོར་དང་། ལུས་ངག་ཡིད་གསུམ་གྱི་བཟོ་རིག་སྐོར་དང་། དཀར་ཆག་དང་བརྒྱུད་ཡིག་སོགས་དཀར་ཆག་རིག་པའི་སྐོར་དང་། མདོས་གཏོ་དང་། མཁྱུད་དཔྱད། མ་འོངས་ལུང་བསྟན་སོགས་ཆོ་ག་ཕྱག་ལེན་གྱི་སྐོར་དང་། སད་སྲུང་དང་སེར་སྲུང་སོགས་སྲུང་བ་སྣ་ཚོགས་ཀྱི་སྐོར་དང་། ནོར་ཕྱུགས་འཕེལ་ལུགས། ལོ་ཏོག་ལ་ཕན་བྱེད། ནོར་སྒྲུབ་སོགས་རོང་འབྲོག་གི་འཚོ་ཚིས་བྱེད་ཐབས་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་སྣ་འཛོམས་ཀྱི་གཏེར་མཛོད་ཅིག་ཡིན་ཕྱིར། འདི་ད་ལྟའི་བར་དུ་མ་ཉམས་པར་བཞུགས་པ་ནི་གཏེར་མཛོད་འདིའི་བཀའ་བསྡུ་གནང་བའི་དགོས་པ་ཡིན་ནོ།།མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①⒀﹙21﹚﹙24﹚﹙28﹚ཀོང་སྤུལ་ཡོན་ཏན་རྒྱ་མཚོ། 《རིན་ཆེན་གཏེར་མཛོད་དཀར་ཆག་དང་བརྒྱུད་ཡིག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་》དཔལ་སྤུངས་དཔར་མ། པོད་ཁ་པ། ༤བ༣ ༥ན༤ ༥ན༡ ༥བ༡ ༥བ༦
② གཏེར་སྟོན་མཆོག་གི་སྤྲུལ་སྐུ་གསུམ་ནི། གཏེར་སྟོན་ཉང་རལ་ཉི་མ་འོད་ཟེར་( ༡༡༢༤ནས་༡༡༩༢)དང་། གུ་རུ་ཆོས་དབང་( ༡༢༡༢ནས་༡༢༧༠)རིག་འཛིན་རྒོད་ལྡེམ་(༡༣༣༧ནས་༡༤༠༩)གསུམ་ལ་ཟེར།
③ གླིང་པ་བཅུ་གཅིག་ནི། ཨུ་རྒྱན་གླིང་པ་( ༡༣༢༣ནས་?)དང་། སངས་རྒྱས་གླིང་པ། ( ༡༣༤༠ནས་༡༣༩༦) རྡོ་རྗེ་གླིང་པ། ( ༡༣༤༦ནས་༡༤༠༥) ཀུན་སྐྱོང་གླིང་པ། ( ༡༣༩༦ནས་༡༤༧༧) རིན་ཆེན་གླིང་པ། རཏྣ་གླིང་པ། ( ༡༤༠༣ནས་༡༤༧༨) པདྨ་གླིང་པ།(༡༤༥༠ནས་?) ཀརྨ་གླིང་པ། ལས་འཕྲོ་གླིང་པ།( ༡༥༨༥ནས་༡༦༥༦) བསམ་གཏན་གླིང་པ།( ༡༦༥༥ནས་?) བསྟན་གཉིས་གླིང་པ་(༡༤༨༠)ནས་༡༥༣༥)བཅས་ཡིན།
④ མཁྱེན་ཀོང་མཆོག་གསུམ་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་(༡༨༢༠ནས་༡༨༨༩)དང་། ཀོང་སྤུལ་ཡོན་ཏན་རྒྱ་མཚོ(༡༨༡༣ནས་༡༨༩༩) གཏེར་སྟོན་མཆོག་གྱུར་གླིང་པ་(༡༨༢༩ནས་༡༨༧༠)བཅས་གསུམ་ཡིན།
⑤《འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་རྩོམ་གཅེས་སྒྲིག་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ལོའི་དཔར་གཞི་དང་པོ། ཤ་༤༠
⑥ བླ་རྫོགས་ཐུགས་གསུམ་ནི། བྱིན་རླབས་ཅན་བླ་མ་ཞི་དྲག་གི་སྐོར་དང་། ཟབ་ལམ་ཐམས་ཅད་ཀྱི་མཐར་རྫོགས་ཆེན་གྱི་སྐོར། བོད་གངས་ཅན་གྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་སྒྲུབ་སྐོར་བཅས་ལ་ཟེར།
⑦《རྡོ་གྲུབ་འཇིགས་མེད་བསྟན་ཉིའི་གསུང་འབུམ་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་དཔར་གཞི་དང་པོ། པོད་གཉིས་པ། ཤ་༤༩༡
⑧⒃⒇ ཀོང་སྤུལ་ཡོན་ཏན་རྒྱ་མཚོ། 《ཕྱོགས་མེད་རིས་མེད་ཀྱི་བསྟན་པ་ལ་འདུན་ཤིང་དགེ་སྦྱོང་གི་གཟུགས་བརྙན་འཆང་བ་བློ་གྲོས་མཐའ་ཡས་ཀྱི་སྡེའི་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན་》ཞེས་པ་ནི་《ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་》ནང་འཁོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོ། ཤ་༡༨༡ ༡༨༡ ༢༡༥ན་གསལ།
⑨ ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་མཚན་གྱི་རྣམ་གྲངས་ཤིག
⑩ བྲག་གཡབ་གདོང་ཀཾ་ཁྲི་རིན་པོ་ཆེའི་གསུང་《རྒྱུད་སྡེ་ཀུན་བཏུས་ཀྱི་བྱུང་ཚུལ་དང་བཀའ་བསྡུ་ཇི་ལྟར་མཛད་པའི་འཕྲོས་གླེང་ཟབ་དོན་སྒོ་འབྱེད་ལྡེ་མིག་》ཅེས་པའི་ཞལ་སྐོང་དུ་རྫོང་སར་མཁྱེན་བརྩེའི་ཉེ་གནས་འཇམ་དབྱངས་ལེགས་པའི་བློ་གྲོས་ཀྱིས་མཛད་པའི་《རྗེ་བླ་མ་རྣམ་གསུམ་གྱི་ཕྱིའི་རྣམ་ཐར་རགས་བསྡུས་ཙམ་》ཞེས་པར་གསལ། 《རྒྱུད་སྡེ་ཀུན་བཏུས་》སྡེ་དགེའི་དཔར་མ། པོད་ཨ་པ། ལྡེབ་རིང་བརྩིས་༢༥༤ན་༦
⑾《འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ་》རྫོང་སར་གྱི་ཤིང་དཔར་མ། པོད་ཉེར་གསུམ་པ། ཤ་༣༥༧ནས་༤༦༣ན་གསལ།
⑿ སྐབས་འདིར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གོ
⒁⒄﹙25﹚ཀརྨ་པ་མཁའ་ཁྱབ་རྡོ་རྗེ། 《བདེ་བར་གཤེགས་པའི་བསྟན་པའི་ཡང་སྙིང་རིག་འཛིན་གྱི་སྡེ་སྣོད་སྔ་འགྱུར་ཟབ་མོ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཆོས་སྡེ་སྤར་དུ་བསྒྲུབས་པའི་རྟོགས་བརྗོད་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་རྒྱ་མཚོའི་སྤྲིན་གྱི་བླ་བྲེ་》ཞེས་པ་ནི་《ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་བཀའ་འབུམ་》པོད་དགུ་པ། དཔལ་སྤུངས་དཔར་མར་གསལ། ཤ་༦ན༧ ༦ན༧ ༡༠ན༦
⒂ འདིའི་མཚན་ཆ་ཚང་ལ་《རིན་ཆེན་གཏེར་མཛོད་དཀར་ཆག་དང་བརྒྱུད་ཡིག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་》ཅེས་ཞུ།
⒅ ཀོང་སྤུལ་ཡོན་ཏན་རྒྱ་མཚོ། 《ཕྱོགས་མེད་རིས་མེད་ཀྱི་བསྟན་པ་ལ་འདུན་ཤིང་དགེ་སྦྱོང་གི་གཟུགས་བརྙན་འཆང་བ་བློ་གྲོས་མཐའ་ཡས་ཀྱི་སྡེའི་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན་》ཞེས་པ་ནི་《ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་》ནང་འཁོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོ། ཤ་༡༨༡དང་༢༡༥གཉིས་ན་གསལ།
⒆ ཀོང་སྤུལ་ཡོན་ཏན་རྒྱ་མཚོ། 《ཕྱོགས་མེད་རིས་མེད་ཀྱི་བསྟན་པ་ལ་འདུན་ཤིང་དགེ་སྦྱོང་གི་གཟུགས་བརྙན་འཆང་བ་བློ་གྲོས་མཐའ་ཡས་ཀྱི་སྡེའི་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན་》ཞེས་པ་ནི་《ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་》ནང་འཁོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༧ལོ། ཤ་༢༡༢ ༢༡༥ ༣༥༩བཅས་སུ་གསལ།
﹙22﹚པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་གཉིས་ནི་རིམ་པར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་གཏེར་སྟོན་གྱི་མཚན་ཡིན།
﹙23﹚ལྷག་བསམ་བསྟན་པའི་རྒྱལ་མཚན། 《རིན་ཆེན་གཏེར་མཛོད་ཆེན་མོ་སྤར་དུ་ཇི་ལྟར་བསྒྲུབས་པའི་ཚུལ་དཔག་བསམ་གསར་པའི་འཁྲི་ཤིང་》ཞེས་པ་ནི་ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་《རིན་ཆེན་གཏེར་མཛོད་དཀར་ཆག་དང་བརྒྱུད་ཡིག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་》ཅེས་པའི་ནང་འཁོད། དཔལ་སྤུངས་དཔར་མ། པོད་ཨི་པ། ༣ན༣
﹙26﹚སི་ཏུ་པདྨ་དབང་མཆོག་རྒྱལ་པོ། 《རིན་ཆེན་གཏེར་གྱི་ཆོས་མཛོད་ཆེན་མོའི་རྟོགས་བརྗོད་ངོ་མཚར་བདུད་རྩིའི་འབྱུང་གནས་》ཞེས་པ་ནི་ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་《རིན་ཆེན་གཏེར་མཛོད་དཀར་ཆག་དང་བརྒྱུད་ཡིག་དངོས་གྲུབ་སྐོ་བརྒྱ་འབྱེད་པའི་ལྡེའུ་མིག་》ཅེས་པའི་ནང་འཁོད། དཔལ་སྤུངས་དཔར་མ། པོད་ཁ་པ།
འབྲེལ་ཡོད་འོས་སྦྱོར།