logo

༄༅། །ཨམ་སྐད་ལས་བྱ་ཚིག་ཞིབ་འཇུག་གི་གནས་བབ་དང་འཕེལ་ཕྱོགས་སྐོར།

རྩོམ་པ་པོ།:འཇམ་དཔལ་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2021-11-08 ཀློག་གྲངས།:
༄༅། །ཨམ་སྐད་ལས་བྱ་ཚིག་ཞིབ་འཇུག་གི་གནས་བབ་དང་འཕེལ་ཕྱོགས་སྐོར།
བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་། འཇམ་དཔལ་བཀྲ་ཤིས།

        མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གིས། བྱ་བའི་ཐ་སྙད་སྦྱོར་ཚུལ་སྐད་ཡིག་གང་གོམས་གཤིས་སུ་བེད་སྤྱོད་པའི་མི་རིགས་དེ་དག་ལ། རྒྱུན་སྤྱོད་ཀྱི་ཁ་སྐད་ནང་དུ་ནོར་འཁྲུལ་འབྱུང་མི་སྲིད་མོད། དག་ཆ་དང་གྲིམ་ཤ་སོགས་ཡི་གེར་འགོད་ཚེ། བྱ་ཚིག་གི་རྣམ་གཞག་འདི་མ་ཤེས་ན་ཚིག་གྲ་དག་ཅིག་ཐོན་དཀའོ། །ཞེས་གསུངས་པ་ནང་བཞིན། བྱ་ཚིག་གི་རྣམ་གཞག་འདི་གལ་ཆེན་དང་འགངས་ཆེན་ཡིན་པ་སྨྲས་ནས་འདིར་ཨ་མདོའི་ཡུལ་སྐད་ཁྲོད་ཀྱི་བྱ་ཚིག་ཞིབ་འཇུག་གི་གནས་བབ་དངོས་སུ་འཆད་པ་ལ།
དང་པོ། ཐོག་མའི་རིམ་པ།
        དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པ་ནས་བཟུང་། ཁམས་ཀྱི་དགེ་རྒན་སྐལ་བཟང་འགྱུར་མེད་ལགས་ཀྱིས་སྔ་རྗེས་སུབོད་ཀྱི་ཡུལ་སྐད་རྣམ་བཤདདང་།(2002ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།)《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང》《བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་ལག་བསྟར་མ》(2004ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།སོགས་བརྩམས་གནང་མཛད་དེ་བོད་ཀྱི་ཡུལ་སྐད་ཞིབ་འཇུག་ཐད་ལ་སྔར་ལས་ལྷག་པའི་ཁ་གསབ་དང་ཕྱག་རྗེས་བླ་མེད་བཞག དེ་ནས་རིམ་བཞིན་སུམ་བྷ་དོན་གྲུབ་ཚེ་རིང་ལགས་ཀྱིསབོད་ཀྱི་ཡུལ་སྐད་རྣམ་བཤད》(2011ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།རྒན་འབྲུག་མོ་འཚོ་ཡིསརྨ་ཆུའི་སྐད་ཀྱི་ཞིབ་འཇུག》(2003ལོའི་ཟླ11པར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུནསོགས་བརྩམས་གནང་མཛད་དེ་ཨམ་སྐད་ཞིབ་འཇུག་ཐད་ལ་རྒྱུ་ཆ་མཁོ་འདོན་དང་། དེ་དག་ལས་འཕྲོས་ནས་སོ་སོས་ཨ་མདོའི་ཡུལ་སྐད་ཁྲོད་ཀྱི་བྱ་ཚིག་གི་རྣམ་གཞག་དེ་ཡང་རྒྱས་བསྡུས་ཅི་རིགས་ནས་བྲིས་གནང་མཛད་ཡོད་དོ། །སྔོན་གྱི་སྲོལ་རྒྱུན་བརྡ་སྤྲོད་གཞུང་གི་བྱ་ཚིག་གི་རིགས་དབྱེ་ལྟར། དུས་གསུམ་སྐུལ་ཚིག་དང་། བྱ་བྱེད་ལས་གསུམ། དངོས་པོ་བདག་གཞན་ཙམ་གྱི་འབྲེལ་བ་མ་ཡིན་པར། བྱ་ཚིག་ལ་དུས་དང་དངོས་པོ་བདག་གཞན་ལས་ཕུད། རང་འགུལ་བྱ་ཚིག(自动动词)དང་། གཞན་སྒུལ་བྱ་ཚིག(他动动词) རང་དབང་ཅན་གྱི་བྱ་ཚིག(自主动词)དང་གཞན་དབང་ཅན་གྱི་བྱ་ཚིག(非自主动词)དེ་མིན་བྱ་ཚིག་གི་གྲུབ་ཚུལ་དང་། གྲོགས་ཀྱིས་བསྒྱུར་བའི་བྱ་ཚིག་གི་འཇུག་པ་སོ་སོར་འགྲེལ་ཡོད་པར་མ་ཟད། སོ་སོའི་ཡུལ་སྐད་དང་མཐུན་པར་བྱ་ཚིག་གི་ནུས་པ་ཡང་ཕྱོགས་མི་འདྲ་བ་ནས་གསལ་པོར་བྲིས་ཡོད་དོ། །
        ད་སྔ་ཡན་ཆད་དུ་ཨ་མདོའི་ཡུལ་སྐད་བྱ་ཚིག་ལ་ཆེད་དམིགས་ཀྱིས་དེབ་ཅིག་མེད་མོད། ཨ་མདོའི་ཡུལ་སྐད་ལ་ཞིབ་འཇུག་བྱས་པའི་དཔེ་དེབ་དེ་དག་ཏུ་ཚོགས་གསུམ་གྱི་རྣམ་གཞག་ནས་བྲིས་གནང་མཛད་སྐབས་མིང་གི་སྐབས་ནས་བྱ་ཚིག་གི་མིང་འདི་འཕྲོས་ནས་ལབ་སྟེ། བྱ་ཚིག་གི་མཚན་ཉིད་དང་དབྱེ་བ་ཙམ་མ་ཡིན་པར། ཕྱོགས་ཡོངས་ནས་ཡུལ་སྐད་དང་མཐུན་སྣང་ཅན་གྱི་སྒོ་ནས་བྲིས་པའི་དཔེ་དེབ་བཞི་ཙམ་དང་། དཔྱད་རྩོམ་ཐད་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་རྡོ་རྗེ་དོན་གྲུབ་ལགས་ཀྱི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམཨ་མདོའི་ཡུལ་སྐད་ལས་བྱ་ཚིག་རང་དབང་ཅན་དང་གཞན་དབང་ཅན་ལ་དཔྱད་པ》(2004ལོའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ།དང་འབྲུག་མོ་སྐྱིད་ཀྱིཨ་མདོའི་ཁ་སྐད་ལས་བཀོལ་ཁྱབ་ཤིན་ཏུ་ཆེ་བའི་ལས་ཚིག་ཁག་གཅིག་ལ་དཔྱད་པ》(2013ལོའི་ཟླ3པ། མི་རིགས་དཔེ་སྐྲུན་ཁང་། བཀྲ་ཤིས་ཚེ་རིང་གིམགོ་ལོག་སྐད་ཀྱི་བྱ་ཚིག་གི་འགྱུར་བར་དཔྱད་པ》(2018ལོའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ།ཨ་མདོའི་ཡུལ་སྐད་ཁྲོད་ཀྱི་བྱ་ཚིག་ཞིབ་འཇུག་ཐད་ལ་བྲིས་པའི་དཔྱད་རྩོམ་ད་སྔ་ལག་སོན་བྱུང་བ་ནི་འདི་ཙམ་མོ། །
གཉིས་པ། བྱེ་བྲག་ཞིབ་འཇུག་གི་འཕེལ་རིམ་དང་ནང་དོན།
        རྒན་སྐལ་བཟང་འགྱུར་མེད་གཙོ་བྱས་ཨམ་སྐད་བྱ་ཚིག་ཞིབ་འཇུག་གི་ནང་དོན་ལ་མཚོན་ན། མཁས་པ་སོ་སོར་བྱ་ཚིག་གི་དབྱེ་ལུགས་དང་གྲུབ་ཚུལ་སོགས་ནས་མི་མཐུན་པ་འགའ་རེ་མཆིས་མོད། སྤྱིའི་ཆ་ནས་མི་འདྲ་ས་ཆེར་མི་སྣང་ངོ་། །དཔེར་ན་རྒན་སྐལ་བཟང་འགྱུར་མེད་ཀྱིས་བྱ་ཚིག་གི་གྲུབ་ཚུལ་ཐད་དུ་སྒྲ་ཚིགས་ཀྱི་སྒོ་ནས་འཇོག་པ་དང་། དབྱེ་བའི་སྒོ་ནས་སྲོལ་རྒྱུན་བརྡ་གཞུང་གི་དགར་ཚུལ་དང་མི་མཐུན་པ་ནི་ཚིག་གི་མཐའི་བྱ་བའི་མིང་གི་དབྱེ་ལུགས་ཐད་ལ་གནས་པ་སྟོན་པའི་བྱ་ཚིག་དང་ནུས་པའམ་ཐུབ་པ་སྟོན་པའི་བྱ་ཚིག བརྡར་གཅོད་སྟོན་པའི་བྱ་ཚིག་སོགས་ནས་བྲིས་ཡོད་པ་དང་། དགེ་རྒན་འབྲུག་མོ་འཚོས་བྱ་ཚིག་གི་རིགས་དགར་སྟངས་ལ་ལུས་ཀྱི་འགུལ་སྐྱོད་སྟོན་པའི་བྱ་ཚིག སེམས་ཀྱི་འགྱུ་བ་མཚོན་པའི་བྱ་ཚིག རང་བྱུང་གི་འགྱུར་བ་མཚོན་པའི་བྱ་ཚིག་དང་། དེ་ཉིད་སྟོན་པའི་བྱ་ཚིག་སོགས་རིགས་བརྒྱད་ཙམ་དུ་ཕྱེ་ཡོད། མི་འདྲ་ས་འགའ་རེ་མ་གཏོགས་རྒན་སྐལ་བཟང་འགྱུར་མེད་ཀྱི་བཞེད་པ་དང་མཐུན་ལ། ལྷག་དོན་སོ་སོའི་བྱེ་བྲག་གི་དཔྱད་བྱའི་ཡུལ་མ་འདྲ་བའི་དབང་གིས་གྲོགས་ཀྱིས་བསྒྱུར་བའི་བྱ་ཚིག་གི་ནུས་པའི་ཐད་ལ་མི་འདྲ་ས་སྣང་བ་མ་གཏོགས་སྤྱིའི་ཆ་ནས་མི་འདྲ་ས་ཆེར་མེད། རྒན་སུམ་བྷ་དོན་གྲུབ་ཚེ་རིང་གིས་བྱ་ཚིག་གི་གྲུབ་སྟངས་ཐད་ནས་མིང་རྐྱང་མའི་གྲུབ་ཚུལ་དང་མིང་སྦྲགས་མའི་གྲུབ་ཚུལ་གཉིས་སུ་ཕྱེ་ཡོད་པ་དང་། བྱེད་ནུས་ཐད་དུ་གཙོ་བོ་ཚིག་རྒྱུན་ཁྲོད་ཀྱི་དངོས་ཤུགས་ཅི་རིགས་པའི་བརྗོད་གཞི་དེར་གཞོགས་འདེགས་ཀྱི་གྲོགས་ཚིག་སྣ་ཚོགས་ལ་བརྟེན་ནས་གསལ་བར་སྤྲོ་བ། གྲོགས་ཚིག་སྣ་ཚོགས་དང་སྦྲགས་ནས་བྱ་ཚིག་དང་འབྲེལ་བའི་མི་སྣ། དུས། གཟུགས། ཚུལ། ཉམས་སོགས་ཅི་རིགས་སུ་སྟོན་པའི་ཚུལ་ལས་མངོན་པ་ཞིག་ཡིན།ཞེས་དགར་ཡོད་དོ། །
        རྒན་རྡོ་རྗེ་དོན་གྲུབ་ལགས་ཀྱི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམཨ་མདོའི་ཡུལ་སྐད་ལས་བྱ་ཚིག་རང་དབང་ཅན་དང་གཞན་དབང་ཅན་གྱི་ཞིབ་འཇུགའདིར་བྱ་ཚིག་རང་དབང་ཅན་དང་གཞན་དབང་ཅན་ཐོག་མར་ཞིབ་འཇུག་གནང་མཁན་དང་། སྲོལ་རྒྱུན་བརྡ་གཞུང་གི་མཚན་ཉིད་འཇོག་ཚུལ་དང་བསྡུར་ནས། ཨམ་སྐད་ཁྲོད་ཀྱི་རང་དབང་ཅན་དང་གཞན་དབང་ཅན་གྱི་བྱ་ཚིག་དང་རང་འགུལ་དང་གཞན་འགུལ་བྱ་ཚིག་བར་གྱི་འབྲེལ་བ། བྱ་བྱེད་ཐ་དད་མིན་བར་གྱི་འབྲེལ་བ། རང་དབང་ཅན་དང་གཞན་དབང་ཅན་གྱི་བྱ་ཚིག་དང་ཚིག་གི་རྣམ་པའི་འབྲེལ་བ་སོགས་ཨམ་སྐད་ཁྲོད་ཀྱི་བྱ་ཚིག་གི་རིགས་ཀྱི་རྣམ་པ་གཅིག་དམིགས་སུ་བཟུང་ནས་བྱ་ཚིག་གི་རིགས་དགར་སྟངས་གཞན་དང་ཞིབ་བསྡུར་སྒོས་དཔྱད་ཡོད་པ་དང་། དཔེར་བརྗོད་ཀྱི་ལམ་ནས་རེ་རེ་བཞིན་གསལ་ཁ་དོད་པོས་སྲོལ་རྒྱུན་བརྡ་སྤྲོད་གཞུང་གི་འགྲེལ་ཚུལ་དང་སྦྲགས་ནས་འགྲེལ་བ་ཁ་གསལ་གནང་ཡོད། ཨམ་སྐད་ཁྲོད་ཀྱི་བྱ་ཚིག་ཅེས་བརྗོད་བྱ་དམིགས་སུ་བཟུང་ནས་དཔྱད་ཡོད་པས། ཨམ་སྐད་བྱ་ཚིག་ལ་ཞིབ་འཇུག་བྱེད་པར་དཔྱད་གཞི་རྨད་དུ་བྱུང་བ་ཞིག་མཁོ་སྤྲོད་གནང་ཡོད་དོ། ། མཁས་པ་སྔོན་མ་རྣམས་ཀྱིས་ཨམ་སྐད་བྱ་ཚིག་ཞིབ་འཇུག་པའི་གནས་བབ་ལ་མཚོན་ན་དུས་དང་གཟུགས། རྣམ་པ། བྱ་ཚིག་གི་བརྡ་སྤྲོད་རྣམ་བཞག་ཅེས་ཕྱོགས་དེ་ཚོ་ནས་ཞིབ་འཇུག་བྱས་དང་བྱེད་མུས་ཡིན་ལ། དགེ་རྒན་རྡོ་རྗེ་དོན་གྲུབ་ནས་དེང་རབས་སྐད་བརྡ་རིག་པའི་གཞུང་དང་སྦྲེལ་ནས་བྱ་ཚིག་རིགས་ཀྱི་ངོས་འཛིན་ཐད་དུ་སྒྲ་ལྡན་མིན་སྲོག་ཆེ་ཆུང་ལ་སོགས་པའི་དབྱེ་སྒོ་གསར་པ་ཞིག་གི་སྒོ་ནས་བདམས་པ་འདི་ནི་ཡུལ་སྐད་རིག་པར་འཇུག་པའི་ཐབས་ལམ་ལེགས་ཤོས་ཤིག་ཏུ་མཐོང་ངོ་། །
གསུམ་པ། མ་འོངས་པའི་འཕེལ་ཕྱོགས།
        འདིར་ཨ་མདོའི་ཡུལ་སྐད་ལས་བྱ་ཚིག་ཞིབ་འཇུག་གི་མ་འོངས་འཕེལ་ཕྱོགས་ཐད་དུ་བྱ་ཚིག་ནི་མིང་གི་བྱེ་བྲག་ཀུན་ལས་སྒྲ་གཟུགས་གཉིས་ཀར་འགྱུར་བ་གསལ་བའི་མིང་ཞིག་ཡིན་པས། དེ་ལ་མིང་གཞན་ལས་ལྷག་པའི་དོན་གསལ་བའི་ནུས་པ་ལྡན་ཞིང་། དེའི་དབང་གིས་ཚིག་སྦྱོར་གཅིག་གི་ནང་དུ་བྱ་བ་བརྗོད་པའི་མིང་ངམ་དེའི་དོད་མཚུངས་ཀྱི་མིང་ཞིག་མ་སྦྱར་ན། མིང་གཞན་ཇི་ལྟར་འདུས་ཀྱང་བརྗོད་འབྲེལ་གྱི་གནས་སྐབས་ཀྱིས་གོ་བའི་རིགས་མ་གཏོགས་སྐབས་བབ་ཀྱི་བརྗོད་བྱ་རྫོགས་པར་སྟོན་མི་ཐུབ་བོ། །ཞེས་བྱ་ཚིག་གི་མིང་འདི་ཁྱད་གཞི་དང་ཁྱད་ཆོས་བརྗོད་པའི་མིང་སོགས་དང་བསྡུར་ན་མིང་རང་སྟེང་ན་གཟུགས་དང་སྒྲའི་འགྱུར་བ་ཕུན་སུམ་ཚོགས་པོ་དང་། བྱེ་བྲག་ཚིག་གི་སྦྱོར་བའི་ཁྲོད་དུ་ནུས་པ་བླ་ལྷག་མངའ་བས། བྱ་ཚིག་གི་ནུས་པ་དང་རིགས་དབྱེ་ཕུད། ད་དུང་མིང་དེའི་བརྡ་དོན་སོགས་ཀྱི་ཐད་ནས་ཀྱང་། བྱེ་བྲག་གི་དབྱེ་བ་དགར་ནས་དཔྱད་ཅིང་མི་འགྲིག་ས་ཆེར་མེད་ལ། ཡུལ་ལུང་སོ་སོའི་ཁ་སྐད་དང་ཚིག་གི་སྦྱོར་བ་སྣ་ཚོགས་ལས་བྱ་ཚིག་གི་ནུས་པ་སྟོན་ཚུལ་ཡང་ཅི་རིགས་མཆིས་པས་ན། ངོ་བོ་དང་ནུས་པ་གཙོར་བཟུང་ནས་སྔར་གྱི་མཁས་པའི་བཞེད་ཚུལ་གྱི་རྨང་གཞིའི་སྟེང་ནས་དཔྱད་འོས་ལ། བྱ་ཚིག་གི་སྒྲ་གཟུགས་འགྱུར་ཚུལ་གྱི་མང་ཉུང་དང་། དེ་མིན་མིང་བརྡ་རིག་པའི་གཞུང་ལུགས་སྤྱད་ནས་མིང་རྒྱུ་དང་མིང་གི་གྲུབ་རྫས་ཀྱི་སྟེང་ནས་ཡང་ཞིབ་འཇུག་བྱས་ཆོག
        སྲོལ་རྒྱུན་བརྡ་སྤྲོད་ལ་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་ཀྱིས་ཟུར་བརྒྱན་ནས་ཡུལ་སྐད་ཁྲོད་ཀྱི་མིང་གི་བརྡ་དོན་དང་། མིང་རྐྱེན་སྦྱོར་ཚུལ་ལ་དོ་སྣང་བྱེད་པ་མངོན་དུ་ཕྱོགས་ནས་མིང་གི་ནུས་པར་དབྱེ་ཞིབ་བྱས་ཏེ། མིང་གི་རིགས་དབྱེ་དང་། གྲུབ་ཚུལ། ཚིག་སྦྱོར་ཁྲོད་ཀྱི་ནུས་པ་ལ་སོགས་པར་ཞིབ་འཇུག་བྱེད་པ་དང་། ཡུལ་སྐད་ཁྲོད་ཀྱི་མིང་གི་རིག་གནས་ལ་སྔར་བས་དང་དོད་དང་སྔོག་འདོན་བྱ་རིགས་སོ། །
འབྲེལ་ཡོད་འོས་སྦྱོར།