ཁྱུང་ཐར་རྒྱལ། གློག་བརྙན«དབུགས་ལྒང»ལ་བལྟས་པའི་ཚོར་བ་འགའ།
རྩོམ་པ་པོ།:ཁྱུང་ཐར་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-02-18
ཀློག་གྲངས།:
དང་པོ། འདོད་སྲེད།
འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱིས་དབུགས་ལྒང་དཀར་དམར་གཉིས་ཀྱི་ཡིད་བརྙན་བརྒྱུད་དེ་གློག་བརྙན་འདིའི་གཞུང་བསྲིངས་འདུག ཁོ་བོའི་བསམ་པར་གློག་བརྙན་འདིའི་ནང་རྙོག་འཛིང་གི་དོན་དག་མང་པོ་ཞིག་གླེང་གིན་ཡོད་ན་འང་། འདོད་སྲེད་ནི་ཐོག་མར་གླེང་དགོས་པའི་དོན་དག་ཅིག་ཏུ་ཆགས་འདུག གློག་བརྙན་གྱི་མགོ་བརྩམས་པ་ནས་ཡིན་རྒྱུ་སྲུང་ཤུབས་ཡིན་པའི་དབུངས་ལྒང་དཀར་པོ་གཉིས་མངོན་པར་བྱས་པ་དེས། མི་ཡི་གཉུག་གཤིས་སུ་གནས་པའི་འདོད་སྲེད་དེ་ལྷང་ལ་འབུད་དུ་བཅུག་པ་རེད། དར་རྒྱས་བཟའ་ཟླ་གཉིས་ལ་མཚོན་ན་འཇིག་རྟེན་འདིའི་མི་བུ་ཡོད་དོ་ཅོག་དང་འདྲ་བར་འདོད་སྲེད་ཀྱི་དྲ་རྒྱའི་ནང་དུ་ལྷུང་ཡོད་ཅིང་། ནམ་རྒྱུན་སྲུང་ཤུབས་སྔས་མགོའི་འོག་ཏུ་སྦས་པ་ནི་དོན་ལ་འདོད་སྲེད་སྔས་མགོའི་འོག་ཏུ་སྦས་པ་དང་འདྲ། ཡིན་ནའང་འདོད་སྲེད་དེ་ལྷད་མེད་དྭངས་གཙང་གི་བྱིས་བློ་མངའ་བའི་བྱིས་པ་གཉིས་ཀྱི་ལག་ཏུ་ཤོར་དུས་གཞི་ནས་དབུགས་ལྒང་དུ་གྱུར། དར་རྒྱས་ལ་མཚོན་ན་རང་སྟེང་གི་འདོད་སྲེད་དེ་རང་ཁྱིམ་ལས་བརྒལ་ཏེ་སྒོ་ཁའི་ལུག་ཁྱུའི་ནང་དུ་བསྐོར་བ་ནི་གློག་བརྙན་འདིའི་མཐོང་སྣེ་གཞན་ཞིག་རེད། ལུག་རྒྱུད་ལེགས་བཅོས་བྱེད་པར་གྲོགས་པོའི་ས་ནས་ཁྲོམ“ནུས་པ་ཅན”གཡར་ཡོང་བ་ནི་དོན་ལ་རང་གི་བག་ཆགས་ཀྱི་གཏིང་ལ་ཟུག་པའི་རང་གི་འདོད་སྲེད་དེས་མ་ཚིམ་པར་གཞན་གྱི་འདོད་སྲེད་གཡར་ཡོང་བ་དང་འདྲ། ཁོང་གི་ཕ་རྒན་གྱིས་ཀྱང་ཁྲོམ་རྒན་དེར་ཡང་ཡང་བསྟོད་པ་བྱེད་པ་ནི་ཁོ་རང་གི་གཞོན་དུས་ཀྱི་འཚོ་བ་དང་རྒས་འཁོགས་སུ་གྱུར་རུང་ད་དུང་ཞེན་ཆགས་ཆེ་བའི་གཉུག་གནས་ཀྱི་འདོད་སྲེད་དེ་ལྷང་ལ་བུད་པ་རེད། དར་རྒྱས་ཀྱིས་འཛུམ་དམུལ་དམུལ་ངང་སྒྲོལ་དཀར་ལ་ལྟ་བཞིན་ཁྲོམ་དེ་བསྟན་ནས“ལྟོས་དང་། ད་ཐེངས་ཀྱི་ཁྲོམ་འདི་ཅི་འདྲ་འདུག”ཅེས་བཤད་པར། སྒྲོལ་དཀར་གྱིས་ཀྱང་ཁྲོམ་ལ་ལྟ་བཞིན་འཛུམ་དམུལ་དམུལ་གྱིས། “བལྟས་སོང་དུས་ཁྱོད་དང་འདྲ་གི”ཟེར་བ་དང་། དར་རྒྱས་ཀྱིས“ང་ཁྲོམ་འདི་དང་བསྡུར་ཐབས་ཡོད་དམ། འདི་ནི་ཆེས་བཟང་བའི་ཁྲོམ་རེད”ཅེས་བཤད་པ་སོགས་རང་རང་གི་གཉུག་གཤིས་སུ་གནས་པའི་འདོད་སྲེད་དེ་ཟ་དང་ཟུར་ནས་མངོན་ཡོང་གིན་འདུག
ཆུང་མ་སྒྲོལ་དཀར་གྱིས་ཀྱང་འདོད་སྲེད་ཀྱི་ཆེད་དུ་ས་གནས་འཕྲོད་བསྟེན་ཁང་ནས་སྲུང་ཤུབས་ཡང་ཡང་བླངས་མོད། ལྷད་མེད་དྭངས་གཙང་གི་བྱིས་པ་གཉིས་ཀྱི་ལག་ཏུ་ཤོར་དུས་གཞི་ནས་དབུགས་ལྒང་དུ་གྱུར། འདོད་སྲེད་ཀྱི་དབང་གིས་ལང་ཚོ་དར་ལ་བབ་པའི་གཞོན་ནུ་མ་ཞིག་བཙུན་མ་བྱེད་དགོས་བྱུང་ལ།འདོད་སྲེད་ཀྱིས་ཁོ་མོའི་མི་ཚེ་གང་པོ་ཡང་སྡུག་ལ་སྦྱར་བ་རེད།
གཉིས་པ། འཁོར་བ།
འཇིག་རྟེན་ནི་མ་གཞི་ནས་འཁོར་བ་ཞིག་ཡིན་པས་དར་རྒྱས་ཚང་ཡང་འཁོར་བ་འདིའི་ནང་ནས་འཁོར་དགོས་པ་སྨོས་མ་དགོས། དར་རྒྱས་ཀྱི་ཕ་རྒན་གྱིས་དར་རྒྱས་ཀྱི་བུ་ཆེ་བ་འཇམ་དབྱངས་ཀྱི་སྐེ་ཡི་ནག་ཐིག་དེ་ལས་འཇམ་དབྱངས་ནི་འཇམ་དབྱངས་ཀྱི་ཨ་ཕྱིའི་རྣམ་ཤེས་ཡིན་པར་ཐག་བཅད་པ་དང་། དར་རྒྱས་ཀྱི་ཕ་རྒན་འདས་རྗེས་ཨ་ལགས་ཚང་གིས་ཕ་རྒན་གྱི་རྣམ་ཤེས་ཕྱིར་རང་ཁྱིམ་ནས་སྐྱེ་རྒྱུ་རེད་ཟེར་བ། ཕ་རྒན་མ་འདས་གོང་ནས་ཆུང་མ་སྒྲོལ་དཀར་ལ་མངལ་ཆགས་ཡོད་རུང་། དར་རྒྱས་ཀྱིས་དེ་ནི་ཕ་རྒན་གྱི་རྣམ་ཤེས་ཡིན་པར་རློམ་སྟེ་ཆུང་མར་སྐྱེ་སྒོ་གཅོད་དུ་མི་འཇུག་པ་དེ་དག་ནི་འཁོར་བ་འགྲུབ་བྱེད་ཀྱི་སྡུག་བསྔལ་གྱི་ས་བོན་ཉག་ཅིག་ལགས།
བྱང་ཆུབ་སྒྲོལ་མས་འཇམ་དབྱངས་ལ་ལྟ་བཞིན། “འཇམ་དབྱངས། ཁྱོད་ཀྱི་སྐེ་ཡི་རྨེ་བ་ཆེན་པོ་དེ་ད་དུང་ཡོད་དམ། ཁྱོད་ཀྱི་ཨ་མ་སྒྲོལ་དཀར་གྱིས་ཁྱོད་སྐྱེས་མ་ཐག་ཁྱོད་ཀྱི་ཨ་ཕྱིའི་སྐེ་ཡི་རྨེ་བ་དང་ཨ་ན་མ་ན་ཡིན་པ་ཤེས་བྱུང་། དངོས་གནས་ཡ་མཚན་རེད་ཨང”ཞེས་ཟེར་བ་དང་། འཇམ་དབྱངས་ཀྱིས། “ད་རུང་ཡང་ཡོད་དེ། ད་དུང་ཇེ་ཆེར་གྱུར་འདུག་པ་འདྲ”ཟེར་བ། བྱིས་པ་གཉིས་ཀྱིས་འཇམ་དབྱངས་ལ་ལྟ་བཞིན། “ཕུ་བོ། ངེད་གཉིས་ལ་རྨེ་བ་དེར་གཅིག་ལྟ་རུ་ཆུགས”ཞེས་རེ་བ་བྱས་པར། ཉལ་ཁར། བྱིས་པ་གཉིས་ཀྱིས་ཡ་མཚན་པའི་ངང་འཇམ་དབྱངས་ཀྱི་སྐེའི་རྨེ་བར་བལྟས་ཤིང་། འདང་ཞིག་བརྒྱབ་རྗེས་རྒན་པོར། “ཨ་མྱེས། ཕུ་བོ་དངོས་གནས་ཨ་ཕྱིའི་རྣམ་ཤེས་ཡིན་ནམ”ཞེས་དྲིས་པ་དང་།རྒན་པོས། “ལོས་ཡིན་ཡ། དེ་ད་རུང་འདྲི་དགོས་སམ”ཞེས་དོགས་པ་ཕྲན་ཙམ་ཡང་མེད་པར་སྨྲས་པ་དང་། བྱིས་པ་གཉིས་ཀྱིས་ཡང་བསྐྱར་རྒན་པོར། “གལ་ཏེ་ཕུ་བོ་ཨ་ཕྱིའི་རྣམ་ཤེས་ཡིན་ན་ངེད་གཉིས་ནི་སུ་ཞིག་གི་རྣམ་ཤེས་ཡིན་ནམ”ཞེས་དྲིས་པར། རྒན་པོ་དགོད་ཁ་འཆོར་བཞིན་དུ། “ཁྱོད་གཉིས་ད་དུང་སུ་ཞིག་གི་རྣམ་ཤེས་ཡིན་པ་ཐག་བཅད་མེད། འོན་ཀྱང་འགྲོ་བ་རིགས་དྲུག་ལས་སེམས་ཅན་གང་རུང་ཞིག་གི་རྣམ་ཤེས་ཡིན་པ་ཐག་ཆོད་ཡིན་ནོ”ཞེས་སྨྲས་པ་སོགས་ནས་གློག་བརྙན་འདིའི་ནང་ནས་འཁོར་བའི་གོ་དོན་ལ་ངེས་ཤེས་ཟབ་མོ་ཞིག་རྙེད་ངེས། དེ་བཞིན་དུ་དར་རྒྱས་ཚང་ཡང་ཁོང་བཟའ་ཟླ་གཉིས་དང་ཕ་རྒན། བྱིས་པ་གསུམ་པོ། སྒྲོལ་དཀར་གྱི་ནུ་མོ་བྱང་ཆུབ་སྒྲོལ་མ། ཁྲོམ་སོགས་ལྟོས་བཅས་ཀྱིས་འཁོར་བ་ཅུང་རྒྱ་ཆེ་བ་ཞིག་གིས་གྲུབ་འདུག འཁོར་བ་ནི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་ཟེར་བ་ལྟར་དུས་ཀྱི་འགྲོས་དང་བསྟུན་ནས་དར་རྒྱས་ཚང་གི་འཁོར་བ་འདི་ཡང་རིམ་གྱིས་འཇིག་འགྲོ་བ་ཆོས་ཉིད་དུ་གྲུབ།
གསུམ་པ། སྐད་ཆ།
རྩོམ་རིག་ཡོད་ཚད་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་ལ་གློག་བརྙན་ཀྱང་དེ་ལས་མ་འདས། ཡིན་ནའང་གློག་བརྙན་ལ་གློག་བརྙན་གྱི་སྐད་ཆ་ཡོད། གློག་བརྙན་གྱི་སྐད་ཆ་དེ་པར་རིས་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པས། དེ་གཉིས་ཀྱིས་ཕན་ཚུན་གཅིག་ལ་གཅིག་གྲོགས་བྱེད་ཀྱིན་ཡོད།སྨན་པ་འབྲུག་མཚོས“ཁྱོད་ཚང་གི་སྐྱེས་པ་དེ་ཁྲོམ་ཞིག་ཡིན་ནམ”ཞེས་གླེང་བ་ནི་བལྟས་ས་བལྟས་འཇོག་གིས་བཤད་ན་ཁྲོམ་དེ་དང་བསྡུར་རྟགས་ཤིག་བཞག་པ་རེད། དར་རྒྱས་ཀྱིས་སྒྲོལ་དཀར་ལ་ལྟ་བཞིན་ཁྲོམ་ཞིག་བསྟན་ནས“ལྟོས་དང་། ད་ཐེངས་ཀྱི་ཁྲོམ་འདི་ཅི་འདྲ་འདུག”ཅེས་པར་སྒྲོལ་དཀར་གྱིས་ཀྱང་ཁྲོམ་ལ་ལྟ་བཞིན་འཛུམ་དམུལ་དམུལ་གྱིས། “བལྟས་སོང་དུས་ཁྱོད་དང་འདྲ་གི”ཟེར་བ་དང་། དར་རྒྱས་དགོད་ཙམ་བྱས་ཏེ། “ང་ཁྲོམ་འདི་དང་བསྡུར་ཐབས་ཡོད་དམ། འདི་ནི་ཆེས་བཟང་བའི་ཁྲོམ་རེད”ཅེས་བཤད་པ་སོགས་ལ་བདེན་གཏམ་དང་ཀུ་རེ་འདྲེས་མའི་སྐད་ཆའི་སྒྱུ་རྩལ་ལྡན། འབྲུག་མཚོས“ཁྱོད་ཚོར་སྲུང་ཤུབས་བྱིན་ཡོད་པ་མ་ཡིན་ནམ། དེའང་སྟབས་བདེ་བས། མི་སྤྱོད་པ་ཅི་ཡིན་ནམ”ཟེར་བར་སྒྲོལ་དཀར་གྱིས། “སྤྱད་ཚར་སོང་། རྗེས་ན་གཉིས་ལྷག་འདུག་པའང་བྱིས་པ་གཉིས་ཀྱིས་བརྐུས་ཏེ་དབུགས་ལྒང་དུ་བྱས་ཏེ་རྩེད་ཆས་བྱས་སོང”ཞེས་པ་དང་། འབྲུག་མཚོས་སྒྲོལ་དཀར་ལ་ཨ་ལུང་འཇོག་མིན་དྲིས་པར་སྒྲོལ་དཀར་གྱིས། “སྔོན་མར་དབང་རྒྱལ་གྱི་ཆུང་མའི་ཨ་ལུང་དེ་སེམས་ཆུང་མ་བྱས་པར་ལྷུང་བས། མོ་ཚང་གི་ཞི་མོ་ཆུང་ཆུང་དེས་མཛུབ་དཀྲིས་བྱས་ཏེ་བཏགས་འདུག་པར་སྡེ་མི་ཚོས་འཕྱ་བཞིན་པས། ངོ་ཚ་བ་ལ། དེ་མི་འཇོག”ཟེར་བ་སོགས་ལ་འཚོ་བ་དངོས་ཀྱི་བྲོ་བས་ཕྱུག་ལ་སྤྲོ་སྣང་རང་བཞིན་གྱི་ཁྱད་ཆོས་ཤིག་ཀྱང་ལྡན་པ་རེད།
དབུགས་ལྒང་གི་དོན་དག་དེའི་ཆེད་དུ་དར་རྒྱས་དང་སྡེ་མི་དེ་གཉིས་ཀྱིས་ལུག་དོང་ཤན་བྱེད་སའི་ཕར་ཚུར་ནས་ཁ་རྩོད་བྱས་ཤིང་མཇུག་མཐར་དོང་ཆུའི་ནང་ནས་འཛིང་རེས་བྱེད་དུས་བྱིས་པ་ཆུང་ཆུང་དེ་ཤན་འབྱེད་པ་ཞིག་དང་འདྲ་བར“ཏུའུ། ཏུའུ། ཏུའུ”ཞེས་པི་པི་བུས་པ་ནི་གློག་བརྙན་གྱི་སྐད་ཆའི་སྒྱུ་རྩལ་གཞན་ཞིག་སྟེ། འདི་འདྲའི་ཐབས་རྩལ་བཀོལ་བ་ནི་གློག་བརྙན་འདི་ཅུང་ལེགས་འགྲུབ་བྱུང་བའི་དགེ་མཚན་ཆེན་པོ་ཞིག་ཏུ་མཐོང་།
བཞི་པ། པར་རིས།
གློག་བརྙན་ཞིག་ལ་མཚོན་ན་པར་རིས་ནི་གློག་བརྙན་གྱི་ཡོད་ཚད་ཀྱི་ཡོད་ཚད་ཡིན། པར་རིས་ལ་གསོན་ཉམས་ལྡན་དགོས་ལ་པར་རིས་ཀྱིས་ཀྱང་སྐད་ཆ་བཤད་དགོས། པར་རིས་ལྐུགས་པ་ཡིན་མི་འོས། གློག་བརྙན་གྱི་གཏམ་རྒྱུད་ཚང་མ་པར་རིས་བརྒྱུད་ནས་འཆད་ཀྱིན་ཡོད་པས་ན་གློག་བརྙན་འཁྲབ་ཁྲིད་པས་ནམ་རྒྱུན་དོ་ཁུར་བྱེད་སའང་པར་རིས་ཡིན། དྲང་མོར་བཤད་ན་པར་རིས་ནི་འོད་ཀྱི་སྒྱུ་རྩལ་ཞིག་ཡིན། གློག་བརྙན་དབུགས་ལྒང་ལ་མཚོན་ན་དྲང་འོད་དང་ལྡོག་འོད། གསེག་འོད་སོགས་འོད་སྣ་ཚོགས་ཀྱི་བཀོལ་སྤྱོད་དེ་ཧ་ཅང་འོས་ཤིང་འཚམ་པར་ཡོད་ལ། འོད་ཀྱི་སྒྱུ་རྩལ་ལས་བྱུང་བའི་པར་རིས་ཀྱི་གཏམ་རྒྱུད་དག་ལ་དེ་བས་ཀྱང་གསོན་ཉམས་ལྡན་པ་རེད། པར་རིས་རྐྱང་པའི་ངོས་ནས་གླེང་ན་ལྗང་མདོག་གི་གོས་ལྭ་བོར་བའི་བྱེ་ཐང་དུ་ལྷད་མེད་དྭངས་གཙང་གི་བྱིས་པ་གཉིས་དགའ་སྤྲོའི་ངང་གཅེར་བུར་རྒྱུག་བཞིན་པ་དང་། དར་རྒྱས་ཀྱིས་འཕྲུལ་རྟའི་འཕོངས་ལ་དབུངས་ལྒང་རིང་འདོགས་བྱས་ཏེ་རླུང་ལ་བསྐུར་ནས་རྒྱུག་བཞིན་པ། དར་རྒྱས་ཀྱི་ཕ་རྒན་ཤི་རྗེས་འཇམ་དབྱངས་སྐྱོ་གདུང་ངང་ན་ཆུ་ཞིག་གི་འགྲམ་ངོགས་བརྒྱུད་པའི་ཆུ་ངོས་ལྡོག་གཟུགས་པར་རིས་དེ་དག་ལ་དེ་བས་ཀྱང་འཚོ་བའི་མངར་ཁ་ཞིག་དང་སྒྱུ་རྩལ་གྱི་བློས་བསླངས་གསོན་པོ་ཞིག་འདུག ད་དུང་དར་རྒྱས་ཀྱིས་འཕྲུལ་རྟའི་སྟེང་ལ་ཁྲོམ་བཀྱིགས་ནས་རྩྭ་ཐང་དུ་བྱ་འཕུར་བ་ལྟར་རྒྱུག་བཞིན་པ་དེ་མཐོང་དུས་ཕ་ཡུལ་གྱི་དངོས་ཡོད་འཚོ་བའི་ཟུར་ཞིག་ཅིས་ཀྱང་ཡིད་ལ་དབང་མེད་དུ་དྲན་པར་བྱེད། ད་དུང་བྱིས་པ་གཉིས་ཀྱིས་དབུགས་ལྒང་དམར་པོ་གཅིག་ཕྲལ་བ་དང་དབུགས་ལྒང་གཅིག་འཕྲོག་རེས་བྱས་ཏེ་ལག་ནས་ཤོར། ལག་ནས་ཤོར་བའི་དབུགས་ལྒང་དམར་པོ་དེ་བར་སྣང་མཐོན་པོའི་དབྱིངས་སུ་རྒྱུ་ཞིང་རིམ་བཞིན་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར། བྱིས་པ་གཉིས་ཀྱིས་དེ་ལ་བལྟས། དར་རྒྱས་ཀྱིས་དེ་ལ་བལྟས། བྱང་ཆུབ་སྒྲོལ་མས་དེ་ལ་བལྟས། ཡུལ་མི་ཚོས་དེ་ལ་བལྟས། འདི་ནི་གློག་བརྙན་འདིའི་མཇུག་སྡུད་སྟངས་ཡིན་ལ་ཡིད་བརྙན་འགོད་ཐབས་ཀྱི་པར་རིས་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིན་པར་འདོད། སྤྱིའི་ཆ་ནས་བཤད་ན་པར་རིས་ཀྱི་གསལ་ཚད་དང་སྙོམས་སྒྲིག མཐུད་སྦྱོར་སོགས་ལ་འཁྲབ་ཁྲིད་པའི་བཀོད་སྒྲིག་དང་ལག་རྩལ་གྱིས་འདང་ཡོད་པར་མ་ཟད། གློག་བརྙན་རང་སྟེང་གི་སྒེར་གཤིས་ཤིག་དང་ཁྱད་ཆོས་ཤིག་མངོན་པར་གསལ་འདུག་སྙམ། །

འབྲེལ་ཡོད་འོས་སྦྱོར།