«རྭ་ལོ་ཙཱ་བའི་རྣམ་ཐར»གྱི་པར་གཞིའི་ཁྱད་ཆོས་དང་རིན་ཐང་སྐོར་མདོ་ཙམ་གླེང་བ།
རྩོམ་པ་པོ།:འབྲུག་རྒྱལ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-12-20
ཀློག་གྲངས།:
དང་པོ། རྭ་ལོ་ཙཱ་བའི་རྣམ་ཐར་མི་འདྲ་བ་ངོ་སྤྲོད།
རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ནི་བོད་སིལ་བུའི་སྐབས་ཀྱི་ལོ་ཙཱ་བ་གྲགས་ཆེན་ཞིག་ཡིན་ཞིང་། ཁོང་རྒྱ་གར་དང་བལ་བོར་ཐེངས་མང་པོར་ཕེབས་ནས་ཆོས་གཞུང་ལོ་ཙཱ་དང་སྒོས་སུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་སྡེ་གཙོ་བྱས་པའི་གསང་སྔགས་ཀྱི་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་ཏེ། བོད་ཀྱི་རིག་གནས་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཕྱོགས་ལ་མཛད་རྗེས་བླ་ལྷག་བཞག་ཡོད། བསོད་ནམས་དོན་གྲུབ་ཀྱིས་མཛད་པའི«བོད་ཀྱི་ལོ་རྒྱུས་དཔེ་ཐོ»ལྟར་ན་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ལ་རྣམ་ཐར་མི་འདྲ་བ་གསུམ་ཡོད་དེ། རྡོ་བྲག་སྐལ་བཟང་པདྨ་དབང་ཕྱུག་གིས་མཛད་པའི«རྭ་ལོ་རྡོ་རྗེ་བྲག་གི་རྣམ་ཐར»དང་། འུ་ཡུག་པས་བརྩམས་པར་གྲགས་པའི«རྭ་ལོའི་རྣམ་ཐར་དད་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་བ»གཞན་ཡང་རྭ་ཡེ་ཤེས་སེང་གེས་མཛད་པའི«མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙཱ་བའི་རྣམ་པར་ཐར་པ་ཀུན་ཁྱབ་སྙན་པའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ»བཅས་ཡོད། འོན་ཀྱང་རྐྱེན་དུ་མའི་དབང་གིས་ད་ལྟ་མིག་མཐོང་ལག་ཟིན་དུ་གྱུར་པ་ནི་རྭ་ཡེ་ཤེས་སེང་གེས་མཛད་པའི་རྣམ་ཐར་འདི་ལས་གཞན་གཉིས་ལག་ཏུ་མ་སོན་སྟབས་ཕངས་སེམས་ཧ་ཅང་ཆེན་པོ་སྐྱེ་འོས་པ་ཞིག་རེད།
གཉིས་པ། རྭ་ཡེ་ཤེས་སེང་གེས་མཛད་པའི«རྭ་ལོ་ཙཱ་བའི་རྣམ་ཐར»གྱི་པར་གཞི་ངོ་སྤྲོད།
རྭ་ཡེ་ཤེས་སེང་གེས་མཛད་པའི«རྭ་ལོ་ཙཱ་བའི་རྣམ་ཐར»ལ་པར་གཞི་མི་འདྲ་བ་འགའ་ཡོད་དེ། པར་ཐེངས་དང་པོ་ནི«རྭ་ལོ་ཙཱ་བའི་རྣམ་ཐར་ཀུན་ཁྱབ་སྙན་པའི་རྔ་སྒྲ»ཞེས་རྭ་ལོ་ཙཱ་བའི་རྣམ་ཐར་གྱི་ཐོག་མའི་མ་ཡིག་ཤིང་དཔར་མ་དེ་ཡིན་ཞིང་། རྣམ་ཐར་གྱི་མཇུག་བྱང་དུ“རྣམ་ཐར་འདི་ཉིད་སྔོན་ཆད་པར་དུ་མ་འཁོད་ཅིང་། བྲིས་དཔེའང་དཀོན་གཤིས་ད་ལམ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཡབ་གཞིས་གླང་བདུན་པ་ནས་བསྟན་འགྲོར་ཕན་བདེའི་སླད་དུ་དད་གདུང་སྤྲོ་བ་ཆེན་པོས་མཚམས་སྦྱར་ཏེ་མཐུན་པའི་ཆ་རྐྱེན་སྤེལ་ཏེ་ཤིང་སྦྲུལ་ལོ་གསར་བསྐྲུན་ཐོག་པར་འདི་ཡབ་གཞིས་དགེ་ལེགས་བདེ་སྐྱིད་རབ་བརྟན་དུ་བཞུགས།”ཞེས་འདི་ནི་རྭ་ལོ་ཙཱ་བའི་རྣམ་ཐར་གྱི་ཆེས་ཐོག་མའི་པར་གཞི་སྟེ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོའི་ཡབ་གཞིས་གླང་བདུན་པ་ནས་མཐུན་རྐྱེན་སྦྱར་ནས་ཤིང་སྦྲུལ་ལོ་སྟེ། སྤྱི་ལོ1905ལོར་པར་དུ་བཏབ་ཅིང་ཡབ་གཞིས་དགེ་ལེགས་བདེ་སྐྱིད་རབ་བརྟན་དུ་བཞུགས་ཤིང་གླེགས་བམ་སྣ་རིང་ཤོག་ངོས་སུམ་བརྒྱ་ཐམ་པའི་བདག་ཉིད་ཅན་ཞིག་ཡོད་པ་སོགས་གསལ་བོར་མཐོང་ཐུབ།
པར་ཐེངས་གཉིས་པ་ནི«རྭ་ལོ་དང་ཐར་པའི་རྒྱལ་མཚན་གྱི་རྣམ་ཐར»ཞེས་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་དང་ཐར་པའི་རྒྱལ་མཚན་གཉིས་ཀྱི་རྣམ་ཐར་མཉམ་དུ་བསྒྲིགས་པ་ཞིག་ཡིན། དེ་ནི་སྤྱི་ལོ1974ལོར་དཔར་བའི་དགེ་ལྡན་གསུང་རབ་མི་ཉམས་གོང་འཕེལ་དཔེ་ཚོགས་ཁྲོད་དུ་ལག་བྲིས་སུ་བཏབ་པ་ཞིག་ཡིན་ཞིང་། གླེགས་བམ་ཡོངས་ལ་ཤོག་གྲངས་ལྔ་བརྒྱ་དང་བཅུ་དྲུག་ལྷག་མཆིས་ཤིང་། དེ་ལས་ཤོག་ངོས་དང་པོ་ནས་སུམ་བརྒྱ་དང་གཅིག་གི་བར་དུ་རྭ་ལོ་ཙཱ་བའི་རྣམ་ཐར་འཁོད་ཡོད་པ་དང་། ཤོག་ངོས་སུམ་བརྒྱ་དང་གཉིས་ནས་མཇུག་གི་བར་དུ་ཐར་པའི་རྒྱལ་མཚན་གྱི་རྣམ་ཐར་བཀོད་ཡོད།
པར་ཐེངས་གསུམ་པ་ནི«རྡོ་རྗེ་གྲགས་ཀྱི་རྣམ་ཐར»ཞུ་བ་ལག་བྲིས་མ་ཞིག་ཡིན་ཞིང་། པར་མའི་མཇུག་བྱང་དུ“མཐུ་སྟོབས་ཀྱི་དབང་ཕྱུག་རྗེ་བཙུན་རྭ་ལོའི་རྣམ་ཐར་འདི་དག་སྤྱི་ལོ་གོ་གཅིག་ལོར་ངག་དབང་སྟོབས་རྒྱལ་པས་དེབ་གྲངས་ལྔ་བརྒྱ་ཐམ་པ་པར་བསྐྲུན་ཞུས་པའོ”ཞེས་པར་སྐྲུན་བྱས་པའི་ལོ་ཚིགས་དང་། པར་དུ་འདེབས་མཁན་གྱི་མཚན། དེབ་གྲངས་སོགས་གསལ་པོར་བཀོད་འདུག དེ་ནི་སྤྱི་ལོ1991ལོར་ངག་དབང་སྟོབས་རྒྱལ་ཞུ་བས་པར་ཐེངས་དང་པོ་གཞིར་བཟུང་ནས་བསྐྱར་དུ་དེབ་གྲངས་ལྔ་བརྒྱ་ལྷག་དཔར་དུ་སྐྲུན་པ་ཞིག་རེད། ཡིན་ཡང་པར་ཐེངས་དང་པོ་དང་བསྡུར་ན་ཡིག་གཟུགས་ཆུང་བ་དང་། ཤོག་ངོས་རེ་རེའི་ཡི་གེའི་གྲངས་ཉུང་བས་ཤོག་བུའི་གྲངས་ཚད་མང་དུ་ཕྱིན་ཡོད་དེ་གླེགས་བམ་སྣ་རིང་ཤོག་གྲངས་སུམ་བརྒྱ་དང་ཉེར་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན་ལ། པར་གཞིའི་མཛེས་ཉམས་དང་ཤོག་བུའི་སྤུས་ཚད་ཐད་ནས་སྔོན་མ་ལས་ཇེ་ལེགས་སུ་ཕྱིན་ཡོད་པར་སྣང་།
གསུམ་པ། «རྭ་ལོ་ཙཱ་བའི་རྣམ་ཐར»གྱི་ཁྱད་ཆོས་དང་རིན་ཐང་།
གཅིག བོད་སྲོལ་རྒྱུན་གྱི་རྣམ་ཐར་རྩོམ་སྲོལ་རྒྱུན་འཛིན་བྱས་ཡོད་པ།
སྤྱིར་རྣམ་ཐར་རྩོམ་རིག་གི་བརྗོད་བྱ་ནི་བླ་མ་མཁས་ཆེན་དག་གི་སྐུ་ཚེའི་གང་བོའི་མཛད་སྤྱོད་བཀོད་པ་གཙོར་བྱས་ཐོག་གདུལ་བྱ་རྣམས་འཁོར་བ་ལས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་ལམ་སྟོན་དང་སྣེ་ཁྲིད་བྱེད་པ་དེ་ཡིན་པས་ན། «རྭ་ལོ་ཙཱ་བའི་རྣམ་ཐར»ལ་མཚོན་ནའང་མཐར་ཐུག་གི་བརྗོད་བྱ་དེ་ལས་མ་འདས་ཤིང་ཐོག་མཐའ་བར་གསུམ་དུ་རྭ་ལོ་ཙཱ་བ་མཆོག་གི་སྐུ་ཚེ་གང་བོའི་མཛད་འཕྲིན་བརྗོད་ཡོད་དེ། དཀའ་ངལ་ལ་མ་འཛེམ་པར་རྒྱ་གར་དང་བལ་ཡུལ་དུ་ཐེངས་གང་མང་ཕེབས་ཏེ་བླ་མ་བྷ་རོ་དང་མེནྫ་གླིང་པ་སོགས་མཁས་ཆེན་དུ་མའི་ཞབས་ལ་གཏུགས་ནས་སློབ་གཉེར་དཔྱིས་ཕྱིན་མཛད་པ་དང་། ཕྱིར་བོད་དུ་ཕེབས་ནས་ཆོས་གཞུང་ལོ་ཙཱ་དང་བསྟན་བཅོས་གང་མང་མཛད་པ་རྣམ་ཐར་དུ་བཀོད་པ་ལྟར། དམ་པ་ཁོང་གིས་སངས་རྒྱས་ཆོས་གཞུང་དང་སྒོས་སུ་གསང་སྔགས་ཀྱི་ཆོས་གཞུང་ལོ་ཙཱའི་ཐད་ལ་མཛད་རྗེས་བླ་མེད་བཞག་ཡོད་ཕྱིར་སྙན་གྲགས་ཀྱི་བ་དན་དབུས་གཙང་ཁམས་གསུམ་དུ་གྲགས་པའི་དཔལ་འབར་བ་རེད།
རྩོམ་ལུས་ཀྱི་ཆ་ནས་ཅུང་ཙམ་སྤྲོས་ན་རྭ་ལོ་ཙཱ་བའི་རྣམ་ཐར་གྱི་ལུས་ནི་བཅད་ལྷུག་སྤེལ་མར་གཏོགས་ཤིང་། རྣམ་ཐར་ཁྲོད་ཀྱི་ཡུལ་ལྗོངས་དང་བྱ་བྱེད་ཞིབ་འབྲི། མི་སྣའི་བར་གྱི་གཏམ་གླེང་སོགས་མང་ཤོས་ཚིག་ལྷུག་གི་ལམ་ནས་བྲིས་ཡོད་ཅིང་། རྭ་ལོས་མགུར་གསུངས་པ་དང་གདུལ་བྱ་རྣམས་ལ་ཆོས་ཀྱི་གནས་ལུགས་ཟབ་མོ་བསྟན་པ་སོགས་ནི་ཚིགས་བཅད་ཀྱི་ལམ་ནས་བྲིས་ཡོད། རྣམ་ཐར་རྩོམ་མཁན་རྭ་ཡེ་ཤེས་སེང་གེ་འཚོ་བཞུགས་སྐབས་ཀྱི་དུས་ཚོད་དང་། རྣམ་ཐར་ཁྲོད་དུ་ཚིག་རྒྱན་དང་མངོན་བརྗོད་སོགས་ཀྱིས་བཅིངས་མེད་པ་ལ་གཞིགས་ན་རྭ་ལོ་ཙཱ་བའི་རྣམ་ཐར་འདི་ཉིད་ལ་སྙན་ངག་མེ་ལོང་གིས་ཤུགས་རྐྱེན་ཕལ་ཆེར་ཐེབས་མེད་པར་སྙམ། གཞན་རྣམ་ཐར་འདིའི་ཚིག་སྦྱོར་གྱི་ཐད་ཕལ་སྐད་ཀྱི་ལམ་ནས་བྲིས་ཡོད་པས་ཚིག་གི་སྦྱོར་བ་རྣ་བར་སྙན་ཞིང་འཇེབས་ལ་བློར་འཛིན་བདེ་བ་དང་། དོན་གོ་སླ་བ། ཀློག་པ་པོའི་ཡིད་ཀྱི་དང་བ་འདྲེན་ནུས་པ་སོགས་ཁྱད་ཆོས་དུ་མས་ཕྱུག་ཡོད་པས། བོད་སྔ་རབས་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་རྩལ་ཁྱད་པར་ཅན་དེ་དང་སྐབས་དེའི་སྐད་བརྡའི་ཁྱད་ཆོས་སོགས་ལ་ཞིབ་འཇུག་བྱེད་པར་ཡང་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན་པར་འདོད།
གཉིས། ངག་ཐོག་ནས་ཡིག་ཐོག་ཏུ་ཕབ་པའི་ཁྱད་ཆོས་ལྡན་པ།
«རྭ་ལོ་ཙཱ་བའི་རྣམ་ཐར»གྱི་མཇུག་བྱང་དུ“འདི་ཡང་མདོ་ཁམས་ཡུལ་ཆེན་བཅོ་བརྒྱད་ཀྱི་ཆེ་དགུ་རྣམས་ཀྱིས་བསྐུལ་བ་ལ་བརྟེན་ནས། རང་ཉིད་ཀྱང་མཆོག་ཏུ་མོས་པས་རྒྱུད་དྲངས་ཏེ་རྩ་བའི་བླ་མ་རྗེ་བཙུན་ཆོས་རབ་ཀྱིས་གསུངས་པ་ལས། ཇི་ལྟར་བྱུང་བ་བཞིན་དུ་རང་བཟོས་མ་སྦགས་པར། རྭའི་རིགས་སུ་སྐྱེས་པའི་བནྟེ་ཡེ་ཤེས་སེང་གེས་བཀོད་པ་འདིས་ཀྱང་། བསྟན་འགྲོའི་དོན་རྒྱ་ཆེར་འགྲུབ་པར་གྱུར་ཅིག”ཅེས་རྣམ་ཐར་འདི་ངག་ནས་འཆད་མཁན་རྭ་ཆོས་རབ་དང་ཡིག་ཐོག་ཏུ་ཕབ་མཁན་རྭ་ཡེ་ཤེས་སེང་གེ་གཉིས་ཀ་འཇིགས་བྱེད་རྭ་ལུགས་ཀྱི་གྲུབ་མཐའ་འཛིན་མཁན་ཤ་སྟག་ཡིན་པ་དང་། རྭ་ལོ་ཙཱ་བ་རང་གི་གཉེན་ཉེ་འཁྲུལ་མེད་ཡིན་པ་འདི་ཡང་རྣམ་ཐར་འདིའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན།
གསུམ། སྐབས་དེའི་ལོ་ཙཱའི་གནས་བབ་དང་ས་མིང་ལ་ཞིབ་འཇུག་བྱེད་པའི་རིན་ཐང་ལྡན་པ།
རྭ་ལོ་ཙཱ་བ་ནི་བོད་སིལ་བུའི་དུས་ཀྱི་ལོ་ཙཱ་བ་ཞིག་ཡིན་ཕྱིར།«རྭ་ལོ་ཙཱ་བའི་རྣམ་ཐར»ཁྲོད་དུ་རྒྱ་བོད་ཀྱི་ལོ་ཙཱ་བ་མང་པོའི་མཚན་དང་ལོ་ཙཱའི་བྱེད་སྒོ་སྤེལ་བའི་གནས་ཚུལ་ཡང་མང་ཙམ་བཀོད་ཡོད་པ་སྟེ། རྭ་ལོའི་རྣམ་ཐར་ཁྲོད་དུ་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་དང་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། གཉན་ལོ་ཙཱ་བ་དར་མ་གྲགས། ཟངས་མཁར་ལོ་ཙཱ་བ་སོགས་ཁྱོན་བསྡོམས་ལོ་ཙཱ་བ་ཉེར་གཉིས་ལྷག་ཙམ་གྱི་མཚན་བཀོད་འདུག ཡང་རྣམ་ཐར་ལས། “དེའི་ཚེ་མངའ་བདག་རྩེ་ལྡེས་དབུས་གཙང་གི་སྡེ་སྣོད་འཛིན་པ་དྲག་རིམ་རྣམས་སྤྱན་དྲངས་ཏེ་ཆོས་འཁོར་བཙུགས་པ་དང་དུས་མཚུངས་པས།······ཟངས་མཁར་ལོ་ཙཱ་བས་ཚད་མ་རྒྱན་ཡང་དུས་དེར་བསྒྱུར། བཙན་ཁ་བོ་ཆེའི་པཎྜི་ཏ་པྲཉྫ་ན་ལ་བྱམས་ཆོས་གསན།”དང“ཟངས་མཁར་ལོ་ཙཱ་བས་ཚད་མ་རྒྱན་ཡང་དུས་དེར་བསྒྱུར”ཞེས་གསུངས་པ་སོགས་ལ་གཞིགས་ན། སྐབས་དེར་བོད་ཀྱི་ལོ་ཙཱ་བ་གྲགས་ཅན་དུ་མ་མཉམ་འཛོམས་བྱུང་སྟེ། སྔ་འགྱུར་མང་པོར་དག་ཞུས་དང་གསར་འགྱུར་མང་དུ་མཛད་ཡོད་པ་རྣམས་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་། དེ་ལྟར་མཁས་མང་མཉམ་འཛོམས་ཀྱིས་ཤེས་རིག་གི་བགྲོ་གླེང་བྱེད་པ་དང་མཉམ་དུ་ཆོས་གཞུང་བསྒྱུར་བ། ཤེས་ཡོན་ཅན་ལ་གུས་བཀུར་དང་བརྩི་འཇོག་བྱེད་པའི་ཤེས་ཡོན་གྱི་མཁའ་དབུགས་དྭངས་མ་དེས་དེང་སྐབས་ཀྱི་ཤེས་ཡོན་པའི་སྡེ་ལ་བསམ་གཞིགས་ཀྱི་སྒོ་མོ་ཕྱེས་ཤིང་སློབ་གསོའི་རིན་ཐང་ཆེས་ཆེར་ལྡན་ལ། སྐབས་དེའི་ལོ་ཙཱའི་གནས་བབ་དང་སྤྱི་ཚོགས་ཀྱི་སྒྲོམ་གཞི་སོགས་ལ་ཞིབ་འཇུག་བྱེད་པར་ཡང་རིན་ཐང་ཆེན་པོ་ལྡན་པར་འདོད།
ས་མིང་ནི་ས་ཆ་ཞིག་གི་རིག་གནས་ཀྱི་མཚོན་བྱེད་ལྟ་བུ་ཡིན་ཏེ། ས་མིང་གིས་སྐད་བརྡའི་མཚོན་རྟགས་ཙམ་སྟོན་ཐུབ་པར་མ་ཟད་སྤྱི་ཚོགས་དང་མི་རིགས་ཤིག་གི་རིག་གནས་ངེས་ཅན་ཞིག་ཀྱང་མཚོན་ཐུབ། «རྭ་ལོ་ཙཱ་བའི་རྣམ་ཐར»ཁྲོད་དུ་བོད་ཀྱི་ས་ཆ་ཧ་ཅང་མང་པོ་ཞིག་གི་མིང་བཀོད་ཡོད་ཅིང་། “སྐུ་འབུམ་ཐང”དང“ཉི་མ་ཐང”སོགས་གསར་བྱུང་གི་ས་མིང་འགའ་ཡང་བྱུང་ཡོད། གཞན་མངའ་རིས་སྐོར་གསུམ་དང་། དབུས་གཙང་ཁམས་གསུམ། དྭགས་ཀོང་ཨེ་གསུམ་སོགས་བོད་ཀྱི་ཡུལ་གྲུ་སོ་སོའི་ས་མིང་བརྒྱ་ཕྲག་མང་པོ་བཀོད་ཡོད་པར་མ་ཟད། ཡར་ཀླུང་གི་ཡར་ལྷ་ཤམ་པོ་དང་། བྱང་གི་གཉན་ཆེན་ཐང་ལྷ་དང་། འོལ་ཁའི་འོ་དེ་གུང་རྒྱལ་དང་། ཁམས་ཀྱི་རྨ་ཆེན་སྦོམ་ར་ལ་སོགས་བོད་ཡུལ་གྱི་གནས་རི་དང་ཡུལ་ལྷ་གཞི་བདག་མང་པོ་ཞིག་གི་མཚན་ཡང་རྣམ་ཐར་ཁྲོད་དུ་འཁོད་ཡོད་པས། ས་གནས་དེ་དག་གི་སྔོན་གྱི་འབོད་སྟངས་དང་དུས་ཀྱི་འཕོ་འགྱུར་སོགས་ལ་རྒྱུས་ལོན་བྱ་ཐུབ་པར་མ་ཟད། ས་མིང་ལ་དུས་རབས་ཀྱི་རང་བཞིན་དང་འཕོ་འགྱུར་རང་བཞིན་ལྡན་པ་གསལ་བོར་རྟོགས་ཐུབ་བོ། །
དེ་བས«རྭ་ལོ་ཙཱ་བའི་རྣམ་ཐར»ཁྲོད་ཀྱི་ས་མིང་ལ་དོ་སྣང་དང་ཞིབ་འཇུག་བྱེད་ཚེ། ས་མིང་གི་གནའི་ཐོགས་དོན་དང་། དུས་ཀྱི་འཕོ་འགྱུར། ས་མིང་གི་ཤུགས་སུ་བསྟན་པའི་རིག་གནས་ཀྱི་མཚོན་དོན་སོགས་ལ་གསལ་ཆ་དང་རྒྱུས་ལོན་བྱེད་པར་དགེ་མཚན་ཆེན་པོ་ལྡན་ཞིང་། ནང་སྒོས་སུ་ཡུལ་གྲུ་དེ་དག་གི་གནས་ཀྱི་བཀོད་པ་སོགས་ཞིབ་ཏུ་བྲིས་ཡོད་པ་དེས་གནའ་རབས་ཀྱི་མི་རྣམས་ཀྱི་འཚོ་བའི་གོམས་གཤིས་དང་། བཟོ་བཀོད་ཀྱི་རྣམ་པ། ཤེས་དཔལ་གྱི་ཆུ་ཚད་སོགས་ལ་ཞིབ་འཇུག་བྱེད་པ་ལའང་གཞལ་དུ་མེད་པའི་དཔྱད་གཞིའི་རིན་ཐང་ལྡན་ནོ། །

འབྲེལ་ཡོད་འོས་སྦྱོར།