«ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང»ཞེས་པ་ལས་འཕྲོས་པའི་གཏམ།
རྩོམ་པ་པོ།:བདེ་ལྷུན་ཚེ་རིང་གཡང་འཛོམས།
ཡོང་ཁུངས།:བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
དུས་ཚོད།:2023-03-17
ཀློག་གྲངས།:
ལོ་རབས་བརྒྱད་ཅུའི་ནང་སྐྱེས་པའི་ལྷ་གཡང་ནོར་བུ་ནི་བོད་ཀྱི་དེང་རབས་ན་གཞོན་རྩོམ་པ་པོའི་དཔུང་ཁག་ཁྲོད། སློབ་ལ་བརྩོན་ཞིང་གསར་རྩོམ་གྱི་སྨྱུག་ཁ་གཏན་ནས་མི་ལྷོད་མཁན་ཞིག་རེད། ཁོང་གིས་སློབ་སྦྱོང་དང་ལས་ཀའི་ཞོར་དུ་འབད་པ་ཧུར་ཐག་ངང་གསར་རྩོམ་ལ་གཞོལ་ཏེ། སྔ་རྗེས་སུ་བོད་ལྗོངས་ཉིན་རེའི་ཚགས་པར་དང་། ནག་ཆུའི་ཚགས་པར། བོད་ཀྱི་རྩོམ་རིག་སྒྱུ་རྩལ། སྤང་རྒྱན་མེ་ཏོག་སོགས་ཀྱི་དུས་དེབ་དང་ཚགས་པར་སྟེང་བརྩམས་ཆོས་མི་ཉུང་བ་ཞིག་སྤེལ་ནས་རྩོམ་རིག་གསར་རྩོམ་གྱི་ནུས་རྩལ་གང་ལེགས་མངོན་ཐུབ་པ་བྱུང་ཡོད།
དཔེར་ན། «ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང»གི་ནང་། རྩོམ་པ་པོའི་དྲན་ཤེས་ངོགས་ཀྱི་མཛེས་སྡུག་ལྡན་པའི་མི་སྣ་དང་བྱ་བ། ཁོར་ཡུག་སོགས་ལ་བཅངས་པའི་ཚོར་འདུ་ཟབ་མོ་དང་། བསམ་གཞིག་ནན་ཏན། ལྷད་མེད་བརྩེ་དུངས་སོགས་ལས་མངོན་གསལ་ཤིན་ཏུ་དོད། མ་གཞི་ལྷུག་རྩོམ་དེ་ཉིད་རིང་པོ་ཞིག་མིན་རུང་། དེའི་ནང་རྩྭ་ཐང་དང་། ཕ་ཡུལ། མི་རིགས། མེས་རྒྱལ་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་མཛའ་སེམས་ཟབ་མོ་ལྷུག་པོར་བརྗོད་ཡོད། ཁོང་གི་རྩོམ་ལས་མངོན་པའི་མི་ཚེའི་མཐོང་སྣང་དང་མཛེས་དཔྱོད་ཀྱི་མཐོང་སྣེ་ལས་རྩོམ་པ་པོའི་བློ་རྒྱ་དང་། སེམས་ཁམས། ཕུགས་བསམ། འཚོལ་སྙེག མི་གཤིས་སོགས་རང་བཞིན་ངང་མྱོང་ཐུབ། ལྷག་པར་དུ་ཁོང་གིས་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། མ་འོངས་ཁ་ཕྱོགས་སོགས་ལ་ཡར་བརྩོན་དང་ཧུར་བརྩོན་གྱི་རེ་བས་ཕྱུག་པར་བྱས་ཏེ། ཀློག་པ་པོར་བག་ཆགས་གཏིང་ཟབ་པོ་འཇོག་ཐུབ་པ་བྱུང་ཡོད། ལྷུག་རྩོམ་འདིའི་སྤྱིའི་སྒྲིག་གཞི་ནི་ལྷུག་ཆ་ཆེ་ཞིང་གོ་རིམ་དང་ལྡན་ལ། སྐད་ཆའི་འགྲོས་སྙན་ཞིང་འཕར་ཆག་དང་དམ་ལྷོད་རན་པ། བརྗོད་པ་རིང་ཐུང་ཕན་ཚུན་བསྣོལ་སྡེབ་ཀྱི་སྒོ་ནས་ཡར་འཕར་མར་འཇགས་ཀྱི་ཚོར་འདུ་ཟབ་པར་མཐོང་ཞིང་། ཡིག་འབྲུའི་བར་གསེང་ལས་ལྷང་ལྷང་དུ་འཐུལ་བའི་བྲོ་བ་ནི་ཁོང་གིས་རྩྭ་ཐང་འདི་ཉིད་རང་ཉིད་ཀྱི་དྲོ་ཞིང་སྐྱིད་པའི་ཕ་ཡུལ་དུ་འཛིན་པ་དང་། འབྲོག་པའི་སྒོ་ཁྱི་ཡང་རང་གི་གྲོགས་པོ་བཟང་པོ་ཞིག་ཏུ་རྩི་བཞིན་ཡོད། བརྩེ་བ་ཟབ་ཅིང་རྨང་གཞི་ཚུགས་ཐུབ་པ་གང་ཞིག འཚོ་བའི་དྲི་བསུང་ལྷང་ལྷང་དུ་འཐུལ་འོང་བ་དང་། མགོ་ནས་མཇུག་བར་དུ་བྱམས་དང་སྙིང་རྗེ་ཁོ་ནའི་བརྗོད་དོན་བསྐྱར་ཟློས་ཙམ་མིན་པར། དུས་རབས་ཀྱི་གོམ་འགྲོས་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་འགྲོ་བའི་སྣང་ཚུལ། བརྩེ་སེམས་ཀྱི་གྲུབ་ཆའི་འཕོ་འགྱུར་སོགས་ཀྱང་མངོན་ཆུང་ངང་མཚོན་ཐུབ་པ་ནི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཏུ་མཐོང་།
ཨ་ཅང་ཅང་། ལྷ་གཡང་ནོར་བུའི་ལྷུག་རྩོམ་གྱི་གསར་རྩོམ་ཐད། ད་དུང་མི་འདང་བའི་ཆ་ཡང་འགའ་ཤས་མཆིས་ཏེ། ཐོག་མར་རྩོམ་རིག་གྱི་སྐྱེ་ཁམས་དང་རང་བྱུང་སྐྱེ་ཁམས་གཉིས་གཅིག་མཐུན་གྱི་འདུ་ཤེས་ད་དུང་གཏིང་ཟབ་པོ་མེད་ཅིང་། ངེས་པར་དུ་དུངས་བརྗོད་ཀྱི་རྣམ་པ་ལས་རྗེས་དཔག་གི་ཤེས་པ་ཟབ་ཏུ་གཏོང་རྒྱུར་འབད་དགོས། དེ་རྗེས་སྤྱི་ཚོགས་ཀྱི་རིག་གནས་འདུ་ཤེས་དེ་ཉིན་རེ་བཞིན་ཕུན་སུམ་ཚོགས་ཤིང་རྙོག་འཛིང་ཆེ་ལ་སྣེ་མང་ཅན་དུ་འགྱུར་བ་དང་། འགྱུར་ལྡོག་དེ་དང་སྲོལ་རྒྱུན་རིག་གནས་དབར་གྱི་འབྲེལ་བ་དང་ཤུགས་རྐྱེན་ཐེབས་ཕྱོགས་ལ་བསམ་གཞིག་བྱེད་པའི་གཏིང་ཚད་དང་ཞིབ་ཚད་ལའང་ཤུགས་སྣོན་རྒྱག་དགོས། གཞན་ཡང་རྩོམ་ཡིག་རེ་ཟུང་གི་བརྗོད་བྱ་དང་སྒྱུ་རྩལ་གཉིས་ཀའི་ཟབ་ཚད་མི་འདང་བ་དང་སྦྲགས། ཅུང་གཏིང་ཟབ་ཅིང་ལྗིད་ཚད་ཆེ་བའི་བརྗོད་སྙིང་དང་སྒྱུ་རྩལ་མཚོན་ཐབས་འཚོལ་ཞིབ་བྱ་རྒྱུར་དེ་བས་ཤུགས་སྣོན་རྒྱག་དགོས།
འདིར་དམིགས་སུ་བཀར་ནས་གླེང་དགོས་པ་ཞིག་ལ། ཁོང་གི་བརྩམས་ཆོས་ལས་མངོན་པའི་སྐྱེ་ཁམས་ཀྱི་འདུ་ཤེས་མཚོན་པའི་མྱུ་གུ་འབུས་པ་ནས། རང་འགུལ་གྱི་སྐྱེ་ཁམས་འདུ་ཤེས་འཛུགས་སྐྱོང་བྱ་བར་ད་དུང་ལམ་ཐག་རིང་པོ་ཞིག་བགྲོད་དགོས་ལ། སྐྱེ་ཁམས་ཀྱི་བསམ་གཞིག་ནས་རྩོམ་རིག་གིས་འཚོལ་ཞིབ་བྱེད་པར་ཡང་ད་དུང་རྒྱུན་ཆད་མེད་པའི་ཞུན་བརྡར་ནན་པོ་བྱེད་དགོས། ཉེ་བའི་ལོ་ཤས་རིང་ལྷ་གཡང་ནོར་བུས་རྩོམ་སྒྲིག་གི་ལས་འགན་ལྕི་ནའང་རྩོམ་ཡིག་སྤུས་དག་རེ་འགའ་གསར་རྩོམ་བྱེད་མུས་ཡིན་པས། མ་འོངས་པར་ཁོང་གི་གསར་རྩོམ་ཐད་ཐོད་བརྒལ་གསར་པ་ཞིག་ཡོང་རྒྱུར་རེ་སྒུག་འཆང་བཞིན་ཡོད་ལ། ལྷ་གཡང་ནོར་བུར་བོད་ཀྱི་ལྷུག་རྩོམ་གསར་རྩོམ་གྱི་མདུན་ལྗོངས་ཡངས་མོར། མུ་མཐུད་འབད་བརྩོན་དང་འཚོལ་ཞིབ་གང་མང་དང་། རང་ཉིད་ཁོ་ནར་དབང་བའི་གསར་རྩོམ་གྱི་ཉམས་ལེན་དང་ཁྱད་འཕགས་དགེ་མཚན་མངོན་ཞིང་། གསར་རྩོམ་གྱི་བྱ་གཞག་ལ་འབྲས་བུ་བཟང་པོ་འཐོབ་རྒྱུའི་རེ་སྒུག་འཆང་བཞིན་ཡོད།
ཁོང་གིས་རང་བྱུང་སྐྱེ་ཁམས་ལ་གོ་བ་ལེན་སྟངས་དང་། རང་ཉིད་གསོ་སྐྱོང་བྱེད་མཁན་གྱི་ཕ་མ་དང་ཕ་ཡུལ་གྱི་བཀའ་དྲིན། སྲོལ་རྒྱུན་རིག་གནས་ལ་འཛིན་པའི་འདུ་ཤེས་སོགས་རེ་རེ་བཞིན་མི་སེམས་འགུལ་བའི་ལྷུག་རྩོམ་མི་འདྲ་བ་རེ་རེར་དྲངས་ཏེ། བོད་ཀྱི་སྲོལ་རྒྱུན་རིག་གནས་དབུས་སུ་ཐིམ་པའི་བྱམས་སྙིང་རྗེ་དང་། སྙིང་རུས། དད་སེམས། ཟབ་ཡངས། མཛའ་ཤེས་མཐུན་ལམ་གྱི་ཉིང་བཅུད་ཁག་ལྷག་བསམ་ཟོལ་མེད་ཀྱིས་གསལ་འགྲེལ་བྱས་ཡོད།

ལྷ་གཡང་ནོར་བུའི་ལྷུག་རྩོམ«ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།
ལྷ་གཡང་ནོར་བུ་ནི་གྲོང་གསེབ་ཏུ་ལྟེ་ཁྲག་འཕོས་ནས་འཚར་ལོངས་བྱུང་བ་དང་། ཕ་ཡུལ་དང་། ཕ་ཡུལ་གྱི་ཕ་མ་སྤུན་མཆེད་ལ་བརྩེ་བ་ཟབ་ཅིང་། གྲོང་གསེབ་ཀྱི་འཚོ་བར་རྒྱུས་མངའ་ཆེ་བར་མ་ཟད། ལྷ་སའི་བྱང་ཕྱོགས་ཀྱི་ཁྱད་དུ་འཕགས་པའི་ས་མ་འབྲོག་གི་རིག་གནས་མཁའ་དབུགས་སྟུག་པོའི་དབུས་འཚར་ལོངས་བྱུང་བའི་རྐྱེན་གྱིས་དམངས་ཁྲོད་རྩོམ་རིག་ལ་རང་བཞིན་ངང་བག་ཆགས་བཟང་པོ་ཡོད་ལ་རྨང་གཞིའང་གཏིང་ཟབ་པོ་ཞིག་འདིང་ཐུབ་པ་བྱུང་ཡོད། སྤྱི་ལོ༢༠༠༥ལོར་བོད་ལྗོངས་ཞིང་འབྲོག་སློབ་ཆེན་ལས་ཐོན་ཏེ། ཡངས་ཤིང་རྒྱ་ཆེ་བའི་བྱང་ཐང་ནག་ཆུའི་རྩྭ་ཐང་དུ་འབྱོར་རྗེས། ས་ཆ་དེ་གའི་གངས་རི་དང་། མཚོ་མོ། རྩྭ་ཐང་ལ་སེམས་པ་དབང་མེད་དུ་ཤོར་བ་དང་། ལྷག་པར་དུ་རྩྭ་ཐང་གི་གྲུ་ཟུར་གང་སར་བློ་བདེ་བག་ཕེབས་ངང་འཚོ་བཞིན་པའི་མི་དང་། རྟ་ནོར་ལུག་གསུམ། དེ་བཞིན་མིའི་རིགས་ཀྱི་གྲོགས་པོར་གྱུར་པའི་རི་སྐྱེས་སྲོག་ཆགས་ལ་དམིགས་བསལ་གྱི་བརྩེ་དུངས་ཤིག་ཆགས་ཡོད། བྱང་ཐང་གི་ལོ་བཅུའི་འཚོ་བའི་ཉམས་མྱོང་དང་། ལྷག་པར་དུ༢༠༡༡ལོར་ཤན་རྩ་རྫོང་རིག་རྩལ་ལྷན་ཚོགས་དབུ་བརྙེས་ཤིང་། ཤན་རྩའི་དམངས་ཁྲོད་རིག་གནས་དཔེ་ཚོགས་ཀྱི་རྒྱུ་ཆ་འཚོལ་ཞིབ་དང་བསྡུ་སྒྲིག་གི་ལས་ཀར་ཞུགས་པ་ནས་བཟུང་། བྱང་འབྲོག་ལ་རྒྱུས་མངའ་དང་། རྩྭ་ཐང་གི་རིག་གནས་ཤེས་རྟོགས། གནའ་བོའི་སྲོལ་རྒྱུན་རིག་གནས་ལ་བསམ་གཞིག་བཅས་བྱེད་པར་དམིགས་བསལ་གྱི་མཐུན་རྐྱེན་བཟང་པོ་འཛོམས་པ་དེས་ཕྱིས་སུ་རྩོམ་རིག་གསར་རྩོམ་གྱི་རྨང་གཞིའང་བརྟན་པོ་ཞིག་འདིང་ཐུབ་པ་བྱུང་ཡོད། ཁོང་གིས་བྱང་འབྲོག་རྩྭ་ཐང་ནི་བདག་ལ་གསར་རྩོམ་གྱི་འབྱུང་ཁུངས་དང་། འཛད་མཐའ་མེད་པའི་སྟོབས་ཤུགས་སྩོལ་མཁན་དེ་ཡིན་པས། གནས་འདི་ན་ནམ་ཡང་བྲིས་མི་ཚར་བའི་གཏམ་རྒྱུད་རིང་མོ་ཡོད་ལ། ཚེ་གང་གི་འབད་འཐབ་དམིགས་ཡུལ་ཡང་ཡོད། ཅེས་གསུངས།
སྤྱི་ལོ༢༠༡༤དང༢༠༡༨ལོར་ལུའུ་ཤུན་རྩོམ་རིག་སློབ་གླིང་དུ་དེང་རབས་ཆེད་ལས་ཀྱི་ཤེས་བྱ་སྦྱོང་བའི་གོ་སྐབས་ཐེངས་གཉིས་བྱུང་བ་དེས། ཁོང་གི་བསམ་བློ་གཏོང་ཕྱོགས་དང་གསར་རྩོམ་བྱེད་ཕྱོགས་ལ་སྔར་ན་མེད་པའི་གསོན་ཤུགས་གསར་པ་ཞིག་རྒྱས་ཤིང་། རིམ་བཞིན«ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང»དང«རྩྭ་ཐང་གི་ཉིན་ཐོ་ཁག་ལྔ» «ང་ནི་མི་སེར་དཀྱུས་མ་ཞིག་ཡིན» «ལེགས་པོ་རོང་གི་མཐོང་ཐོས»སོགས་ལེགས་རྩོམ་ཁག་ཅིག་ཐོན་པ་དང་། དེ་དག་ལས་ལྷུག་རྩོམ«ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང»ལ་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་སྐབས་བརྒྱད་པ་ཐོབ།

ལྷ་གཡང་ནོར་བུར་རྩོམ་པ་པོ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་མངའ་བ་ནི། ཁོང་ལ་རང་བྱུང་ཁམས་དང་ཆེས་བར་ཐག་ཉེ་བའི་བསམ་བློ་ཞིག་ལྡན་ཞིང་། བསམ་བློ་དེ་ཡང་མཐར་གཏུགས་ན་བརྩམས་ཆོས་སུ་གསལ་བའི་རང་བྱུང་ཁམས་དང་སྣོད་བཅུད་ཁོར་ཡུག་ལ་འཛིན་པའི་བསམ་བློའི་ཉིང་བཅུད་ཀྱིས་གྲུབ་ཡོད། ཁོང་གིས་རྩྭ་ཐང་ནི་ལོ་རྒྱུས་ཀྱི་གསང་བ་རུམ་པའི་གཏམ་རྒྱུད་སྙན་མོ་ཞིག་དང་། བརྩེ་སེམས་ཀྱིས་ཕྱུག་པའི་ཞིང་ཁམས་ཤིག་ཏུ་བསྒོམས་ཏེ། རྩྭ་ཐང་གི་འགྱུར་ལྡོག་དང་སྲོལ་རྒྱུན་རིག་གནས་ཉམས་གུད་དུ་འགྲོ་བའི་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་བསམ་གཞིག་གི་རྒྱ་རུ་ཚུད་ཅིང་། བརྩམས་ཆོས་སུ་སྣོད་བཅུད་དང་རིག་གནས་ཉམས་ཞན་དུ་འགྱུར་བ་དཔེ་མཚོན་དུ་བཟུང་སྟེ། འབྱུང་ཁམས་ཉམས་པས་རིག་གནས་ཉམས་སམ་རིག་གནས་ཉམས་པས་འབྱུང་ཁམས་ཉམས་པའི་འདྲི་རྟགས་གཅིག་རྗེས་གཉིས་མཐུད་དུ་བཏོན་ཡོད། གཅིག་བྱས་ན་རང་བྱུང་ཁམས་དང་རིག་གནས་གཉིས་ཕན་ཚུན་གཏན་ཚིགས་དང་མཐུན་པའི་འབྲེལ་བ་མངོན་གསལ་དོད་པོ་མེད་ཀྱང་སྲིད་མོད། རྒྱུ་དང་རྐྱེན་གང་ཞིག་ཡིན་རུང་རྩོམ་པ་པོར་གཞི་རྒྱ་ཆེ་བའི་བསམ་ཕྱོགས་དང་མཐོང་སྣེ་མཁོ་འདོན་བྱས་ཡོད། ཁོང་གིས་འཇིག་རྟེན་ཁམས་ཀྱི་ཚེ་སྲོག་ཡོད་རྒུར་བབ་ཆགས་ལ་གཏིང་ཟབ་པའི་བརྩེ་སེམས་ཞིག་བཅངས་ཡོད། བརྩེ་སེམས་དེས་རྩོམ་གྱི་བརྗོད་སྙིང་གཙོ་བོར་བཟུང་ཡོད་པ་ནི། སྐྱེ་ཁམས་ཀྱི་འདུ་ཤེས་རེད། ཁོ་མོའི་བསམ་པར། ཁོང་གི་ལྷུག་རྩོམ་ལ་འདི་ལྟའི་སྐྱེ་ཁམས་ཀྱི་འདུ་ཤེས་གསལ་པོ་ཞིག་མངོན་པར་རྒྱུ་རྐྱེན་ཕྱོགས་གཉིས་ཀྱི་ཐོག་ནས་མཚོན་ཐུབ་སྙམ་པ་སྟེ། ཕྱོགས་གཅིག་ནི་རྩོམ་པ་པོར་སྲོལ་རྒྱུན་རིག་གནས་དང་ལྷག་པར་དུ་དམངས་ཁྲོད་རྩོམ་རིག་གི་བག་ཆགས་བཟང་པོ་བྱུང་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་གནའ་སྔ་མོ་ནས་སྐྱེ་ཁམས་རྩོམ་རིག་གི་སྲོལ་རྒྱུན་བཟང་པོའི་རྒྱུན་བསྐྱངས་ཡོད། དཔེར་ན། བོད་རིགས་ཀྱི་སྲོལ་རྒྱུན་རྩོམ་རིག་གིས་ཐོག་མཐའ་བར་གསུམ་དུ་རང་བྱུང་ཁམས་དང་། རང་བྱུང་ཁམས་དང་མིའི་དབར་གྱི་རྙོག་འཛིང་ཆེ་བའི་འབྲེལ་བ་དང་ཁ་བྲལ་མྱོང་མེད། དེ་བས་བྱ་དངོས་མཐའ་དག་ལ་རྣམ་ཤེས་ཡོད་པ་དང་། སེམས་ཅན་ཐམས་ཅད་འདྲ་མཉམ་དུ་འཛིན་པ། བྱམས་སྙིང་རྗེ་ཆེ་བ། འབྱུང་བར་འཕྲོད་པ། འཆམ་མཐུན་མཉམ་གནས། བཟོད་སྒོམ་དང་བསྟུན་ཤེས། དད་བཀུར་སོགས་ཀྱི་འདུ་ཤེས་ནི་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་ཡིན། དེས་མི་རབས་ནས་མི་རབས་བར་གྱི་ཤེས་ཡོན་པའམ་དམངས་ཁྲོད་ཀྱི་གསར་རྩོམ་བྱེད་མཁན་ལ་རྩོམ་རིག་ལ་བརྟེན་ནས་རང་བྱུང་ཁམས་དང་ཕན་ཚུན་དབར་འབྲེལ་བ་རྒྱུན་ཆད་མེད་པར་ཐུབ་ཀྱིན་ཡོད། དེར་བརྟེན་ང་ཚོས་ལྷ་གཡང་ནོར་བུའི་བརྩམས་ཆོས་ལས་བབ་ཆགས་ཤིང་ལྷུག་པོར་གནས་པའི་སྐྱེ་ཁམས་ཀྱི་འདུ་ཤེས་ཤིག་གི་འོད་ཟེར་ལྷམ་ལྷམ་དུ་འཚེར་བར་ཡ་མཚན་སྐྱེ་དགོས་དོན་མེད་སྙམ། ཕྱོགས་གཞན་ཞིག་ནི་དེང་རབས་ཀྱི་སློབ་གསོ་བཟང་པོ་ཐོབ་པས་ཡིན། ལྷག་པར་དུ་ལུའུ་ཤུན་རྩོམ་རིག་སློབ་གླིང་དུ་ཆེད་ལས་ཀྱི་ཟབ་སྦྱོང་ཐེངས་གཉིས་བྱུང་བ་དེས།རྩོམ་རིག་ནི་མཛེས་དཔྱོད་ཀྱི་མིའི་རིག་པ་ཞིག་ཡིན་པས་མིའི་སྐྱེ་ཁམས་ཀྱི་མཐོང་སྣེ་ལས་མཛེས་དཔྱོད་དང་བསྐྱར་ཞིབ་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་མིའི་རིགས་ཀྱི་ཚེ་སྲོག་དང་མི་གཤིས་སྐྱེ་འཕེལ་གྱི་རྩ་བར་བརྟེན་ནས་རྩོམ་རིག་གི་ཚེ་སྲོག་སྙིང་པོ་དང་མིའི་རིགས་ཀྱི་དོན་སྙིང་རྟོགས་ཐུབ། གཞན་ཡང་། མིའི་རིགས་ཀྱི་སེམས་ཁམས་དང་རང་བྱུང་ཁམས་ལ་རྒྱ་ཁྱབ་ངང་སྣང་མེད་གཏོང་བའི་ད་ལྟའི་འཇིག་རྟེན་འདིར། མིའི་རིགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། དེ་རིང་གི་ཚན་རྩལ་ཡར་ཐོན་ལ་བརྟེན་ནས་མིའི་རིགས་ཀྱི་རང་ཉིད་བཅིངས་གྲོལ་དང་སྟབས་བདེ་ཡོང་བའི་དཔང་རྟགས་ལེགས་ཤོས་དེ་ཡིན། འོན་ཀྱང་མིའི་རིགས་ཀྱིས་རང་ངོས་བཅིངས་གྲོལ་དང་སྟབས་བདེ་སྐྲུན་པ་དང་དུས་མཚུངས། རང་བྱུང་ཁམས་ཀྱི་གནས་བབ་ལ་དོ་ཁུར་བྱེད་ཤུགས་ཆུང་ཆུང་ཡིན་ལ། ཐ་ན་རང་ངོས་ཀྱི་སྟབས་བདེ་དང་བཅིངས་གྲོལ་གཏོང་བའི་ཆེད་དུ་རང་བྱུང་ཁམས་བློས་གཏོང་བྱེད་ཀྱི་ཡོད། སྣང་ཚུལ་འདི་ལྟ་བུས་རྩོམ་པ་པོར་གྲོང་ཁྱེར་ཆེན་པོ་ལས་གྱེས་ཏེ་རང་བྱུང་ཁམས་ཆེན་པོའི་དབུས་སུ་བསྐྱོད་འདོད་ཀྱི་བསམ་བློ་རྙེད་ཅིང་རང་བྱུང་ཁམས་ལ་དོ་ཁུར་བྱེད་ཤུགས་ཀྱང་ཆེ་རུ་སོང་། ཁོང་གིས་བྱང་འབྲོག་རྩྭ་ཐང་གི་རི་ཆུའི་མཛེས་ལྗོངས་དང་། ལོ་རྒྱུས་ཤོད་རྒྱུན། དོན་དངོས་འཚོ་བ་གཙོ་བོར་བཟུང་སྟེ། མི་རིགས་ཀྱི་རང་བཀུར་རང་རྟོན་དང་སྒེར་ཚུགས་ཐུབ་པའི་བསམ་གཞིག མཛེས་སྡུག་ལྡན་པའི་རྩྭ་ཐང་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་བསྟོད་གླུ་བླངས་ཡོད། ཕྱོགས་གཞན་ཞིག་ནས་བལྟས་ན། ཁོང་གི་གསར་རྩོམ་གྱི་རྩ་བ་ནི་རང་མི་རིགས་ཀྱི་རིག་གནས་ཞིང་སར་ཚུགས་ཤིང་། རང་ཉིད་ཀྱི་ལྷུག་རྩོམ་ལ་བརྟེན་ནས་ཕུགས་འདུན་མངོན་དུ་འགྱུར་ཕྱིར་འབད་འཐབ་བྱེད་བཞིན་ཡོད་ཅེས་བརྗོད་ཆོག དེ་དང་ཆབས་ཅིག་ཁོང་གི་ལྷུག་རྩོམ་ལས་རྩོམ་རིག་དབུས་ཀྱི་རང་བྱུང་མཛེས་སྤྱོད་མཐོང་སྣེ་ཕུན་སུམ་ཚོགས་སུ་བཏང་ཡོད་དེ། འབྱུང་ཁམས་རྒྱབ་ལྗོངས་སུ་བྱས་པའི་མི་རིགས་ཀྱི་ལས་དབང་དང་འཚོ་གནས། སྲོལ་རྒྱུན་རིག་གནས་སོགས་བརྗོད་བྱར་བཟུང་བ་མང་དུ་མཐོང་བས། ཁོང་གི་སྐྱེ་ཁམས་རྩོམ་ཡིག་ནི་བོད་ཀྱི་རང་བྱུང་ས་གཤིས་དང་སྣོང་བཅུད་ས་གཤིས་ཀྱི་རྨང་གཞིའི་སྟེང་གྲུབ་པ་ཞིག་ཀྱང་ཡིན།
གཞི་རྩའི་ཆ་ནས་ལྷ་གཡང་ནོར་བུའི་ལྷུག་རྩོམ་ལས་བབ་ཆགས་ཤིང་སྲོལ་རྒྱུན་གྱི་རྣམ་པ་ལེགས་པོ་ཞིག་མངོན་པ་དང་། ནང་སེམས་ཀྱི་འགྱུར་བག་དང་ཚོར་སྣང་ངམ་བརྩེ་བ་དེ་ཇི་མ་ཇི་བཞིན་ལྷུག་བརྗོད་བྱས་འདུག་ལ། སྔ་ཕྱི་བར་གསུམ་དུ་བྱང་ཐང་ལ་བཅངས་པའི་ལྷག་བསམ་དང་འགན་འཁྲིའི་འདུ་ཤེས་ཤིག་ཀྱང་མངོན་འདུག དེ་བས་བརྩེ་སེམས་ལ་ལྷད་མེད་ཅིང་། ལྷུག་བརྗོད་ལ་བཙིར་གནོན་མེད་པར་རང་བཞིན་ངང་ལྷུང་ལྷུང་དུ་འབབ་པའི་ཆུ་རྒྱུན་ལྟ་བུས་རྩོམ་ཡིག་སྤྱིའི་བསམ་གཞིག་གི་འཁོར་རྒྱ་ཡངས་པོར་བཏང་བར་མ་ཟད། རྩོམ་པ་པོ་རང་ཉིད་ཁོ་ནར་དབང་བའི་ལྷུག་བརྗོད་བྱེད་ཐབས་ཤིག་ཀྱང་འཚོལ་ཞིབ་དང་ཉམས་ལེན་བྱེད་བཞིན་འདུགདཔེར་ན། «ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང»གི་ནང་། རྩོམ་པ་པོའི་དྲན་ཤེས་ངོགས་ཀྱི་མཛེས་སྡུག་ལྡན་པའི་མི་སྣ་དང་བྱ་བ། ཁོར་ཡུག་སོགས་ལ་བཅངས་པའི་ཚོར་འདུ་ཟབ་མོ་དང་། བསམ་གཞིག་ནན་ཏན། ལྷད་མེད་བརྩེ་དུངས་སོགས་ལས་མངོན་གསལ་ཤིན་ཏུ་དོད། མ་གཞི་ལྷུག་རྩོམ་དེ་ཉིད་རིང་པོ་ཞིག་མིན་རུང་། དེའི་ནང་རྩྭ་ཐང་དང་། ཕ་ཡུལ། མི་རིགས། མེས་རྒྱལ་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་མཛའ་སེམས་ཟབ་མོ་ལྷུག་པོར་བརྗོད་ཡོད། ཁོང་གི་རྩོམ་ལས་མངོན་པའི་མི་ཚེའི་མཐོང་སྣང་དང་མཛེས་དཔྱོད་ཀྱི་མཐོང་སྣེ་ལས་རྩོམ་པ་པོའི་བློ་རྒྱ་དང་། སེམས་ཁམས། ཕུགས་བསམ། འཚོལ་སྙེག མི་གཤིས་སོགས་རང་བཞིན་ངང་མྱོང་ཐུབ། ལྷག་པར་དུ་ཁོང་གིས་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། མ་འོངས་ཁ་ཕྱོགས་སོགས་ལ་ཡར་བརྩོན་དང་ཧུར་བརྩོན་གྱི་རེ་བས་ཕྱུག་པར་བྱས་ཏེ། ཀློག་པ་པོར་བག་ཆགས་གཏིང་ཟབ་པོ་འཇོག་ཐུབ་པ་བྱུང་ཡོད། ལྷུག་རྩོམ་འདིའི་སྤྱིའི་སྒྲིག་གཞི་ནི་ལྷུག་ཆ་ཆེ་ཞིང་གོ་རིམ་དང་ལྡན་ལ། སྐད་ཆའི་འགྲོས་སྙན་ཞིང་འཕར་ཆག་དང་དམ་ལྷོད་རན་པ། བརྗོད་པ་རིང་ཐུང་ཕན་ཚུན་བསྣོལ་སྡེབ་ཀྱི་སྒོ་ནས་ཡར་འཕར་མར་འཇགས་ཀྱི་ཚོར་འདུ་ཟབ་པར་མཐོང་ཞིང་། ཡིག་འབྲུའི་བར་གསེང་ལས་ལྷང་ལྷང་དུ་འཐུལ་བའི་བྲོ་བ་ནི་ཁོང་གིས་རྩྭ་ཐང་འདི་ཉིད་རང་ཉིད་ཀྱི་དྲོ་ཞིང་སྐྱིད་པའི་ཕ་ཡུལ་དུ་འཛིན་པ་དང་། འབྲོག་པའི་སྒོ་ཁྱི་ཡང་རང་གི་གྲོགས་པོ་བཟང་པོ་ཞིག་ཏུ་རྩི་བཞིན་ཡོད། བརྩེ་བ་ཟབ་ཅིང་རྨང་གཞི་ཚུགས་ཐུབ་པ་གང་ཞིག འཚོ་བའི་དྲི་བསུང་ལྷང་ལྷང་དུ་འཐུལ་འོང་བ་དང་། མགོ་ནས་མཇུག་བར་དུ་བྱམས་དང་སྙིང་རྗེ་ཁོ་ནའི་བརྗོད་དོན་བསྐྱར་ཟློས་ཙམ་མིན་པར། དུས་རབས་ཀྱི་གོམ་འགྲོས་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་འགྲོ་བའི་སྣང་ཚུལ། བརྩེ་སེམས་ཀྱི་གྲུབ་ཆའི་འཕོ་འགྱུར་སོགས་ཀྱང་མངོན་ཆུང་ངང་མཚོན་ཐུབ་པ་ནི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཏུ་མཐོང་།
ད་དུང་འཕྲོས་དོན་ཀྱི་བསམ་གཞིག་རྒྱ་ཆེ་ཞིང་། འཆར་ཡན་གྱི་རྣམ་པ་ངོ་མཚར་ཆེ་བ་ནི་ལྷུག་རྩོམ་འདི་ཉིད་ཀྱི་ཁྱད་ཆོས་གཞན་ཞིག་ཡིན། ཁོང་གི་ལྷུག་རྩོམ་ནང་དུ་འཁྱགས་རོམ་དང་། ཉི་འོད། གངས་རི། མཚོ་མོ་སོགས་ཀྱི་སེམས་མེད་ས་རྡོ་རྣམས་སེམས་ལྡན་ཤ་སྟག་ཏུ་བསྐྲུན་ཡོད་ཅིང་། སྐབས་རེ་གཤིས་ཀ་འཇམ་ཞིང་དུལ་བ་དང་། སྐབས་རེ་གཤིས་ཀ་རྩུབ་ཅིང་གཏུམ་དྲག་ཆེ་ལ་གཉའ་མི་སྒུར་མཁན་གྱི་གཟུགས་བརྙན་འབའ་ཞིག་བཞེངས་ཡོད། རང་བྱུང་ཁམས་འདི་ཉིད་མིའི་གཟུགས་བརྙན་དུ་བཞེངས་སྐྲུན་བྱས་པ་དེས་འཛམ་གླིང་ཐོག་བོད་ཁོ་ནའི་རི་བོ་དང་མཚོ་མོ་ནི་རིག་གནས་ཀྱིས་སྲོག་སྙིང་ཞུགས་པའི་རི་བོ་དང་མཚོ་མོ་ཤ་སྟག་ཡིན་ཞེས་གསུངས་པ་གཉིས་མ་གྲོས་གཅིག་མཐུན་ངང་གཞི་གཅིག་གི་ཐོག་ཏུ་བབས་ཡོད།

བྱང་རྩྭ་ཐང་གི་མཐོང་ཐོས་ཡོད་ཚད་ཁོང་གི་སེམས་ན་ཆེས་གཅེས་པར་འོས་ཤིང་། ཆེས་ཡིད་དབང་འཕྲོག་པ་ཤ་སྟག་ཡིན། རྒྱུ་མཚན་ནི་ཁོང་གི་ལྷུག་རྩོམ་ཕལ་ཆེ་བའི་ནང་དུ་རང་ཚང་གི་སྒོ་ཟོག་ལ་ཚང་བཤེར་བྱེད་པ་བཞིན་དུ་རྩྭ་ཐང་གི་ཕྱུགས་རིག་དཀར་ནག་ཁྲ་གསུམ་དང་། རི་སྐྱེས་སྲོག་ཆགས་ཡོད་དོ་ཅོག་ལ་དམིགས་བསལ་གྱི་དོ་ཁུར་དང་བརྩེ་སེམས་གཞན་དང་མི་འདྲ་བ་ཞིག་བཅངས་ཡོད་ལ། རྩོམ་ཡིག་ཕལ་ཆེ་བ་ཀློག་རིམ་བཞིན་རང་བཞིན་ངང་ཀློག་པ་པོའི་ཡིད་སེམས་དབང་མེད་དུ་འགུལ་འགྲོ། དཔེར་ན། རྩྭ་ཐང་ཡ་རྩྭ་ཐང་། ཁྱེད་ནི་གངས་རིའི་ཕྲེང་བར་རྒྱུས་པའི་མལ་གདན་ཙམ་མིན་པར། གནའ་མིའི་དྲན་ཤེས་རུམ་པའི་གནས་མཆོག་ཅིག་ཡིན་ལ། ཤྭ་རྐྱང་གཙོད་གསུམ་ས་སྲོད་དུ་འཁོར་སའི་གཞིས་ཁྱིམ་དྲོན་མོ་དེའང་མ་ཡིན་ནམ་ཞེས་པ་ལྟ་བུའོ། །
ཁོང་གིས་རང་ཉིད་ཀྱིས་བྲིས་པའི་རྩྭ་ཐང་སྐོར་གྱི་ཡིག་འབྲུ་རེ་རེ་ནི། སྨོན་འདུན་དང་། བཀའ་དྲིན། ལྷད་མེད་ཀྱི་ལྷག་བསམ། ཚེ་གང་གི་བླ་སྲོག་ལྟ་བུ་ཡིན་ཞེས་གསུངས་ཤིང་། ཁོང་ནི་འདབ་རྒྱ་ལྷུག་པོར་གྲོལ་བའི་རྩྭ་ཐང་གི་སྤང་རྒྱན་མེ་ཏོག་ཅིག་དང་འདྲ་བར། འཚོ་བའི་བརྒྱུད་རིམ་ཁྲོད་ཐོབ་པའི་ཤེས་རབ་དང་ཚོར་འདུ་གང་ཡོད་ཡིད་སེམས་འགུགས་པའི་ལྷུག་རྩོམ་རེ་རེར་དྲངས་ཡོད།ཨ་ཅང་ཅང་། ལྷ་གཡང་ནོར་བུའི་ལྷུག་རྩོམ་གྱི་གསར་རྩོམ་ཐད། ད་དུང་མི་འདང་བའི་ཆ་ཡང་འགའ་ཤས་མཆིས་ཏེ། ཐོག་མར་རྩོམ་རིག་གྱི་སྐྱེ་ཁམས་དང་རང་བྱུང་སྐྱེ་ཁམས་གཉིས་གཅིག་མཐུན་གྱི་འདུ་ཤེས་ད་དུང་གཏིང་ཟབ་པོ་མེད་ཅིང་། ངེས་པར་དུ་དུངས་བརྗོད་ཀྱི་རྣམ་པ་ལས་རྗེས་དཔག་གི་ཤེས་པ་ཟབ་ཏུ་གཏོང་རྒྱུར་འབད་དགོས། དེ་རྗེས་སྤྱི་ཚོགས་ཀྱི་རིག་གནས་འདུ་ཤེས་དེ་ཉིན་རེ་བཞིན་ཕུན་སུམ་ཚོགས་ཤིང་རྙོག་འཛིང་ཆེ་ལ་སྣེ་མང་ཅན་དུ་འགྱུར་བ་དང་། འགྱུར་ལྡོག་དེ་དང་སྲོལ་རྒྱུན་རིག་གནས་དབར་གྱི་འབྲེལ་བ་དང་ཤུགས་རྐྱེན་ཐེབས་ཕྱོགས་ལ་བསམ་གཞིག་བྱེད་པའི་གཏིང་ཚད་དང་ཞིབ་ཚད་ལའང་ཤུགས་སྣོན་རྒྱག་དགོས། གཞན་ཡང་རྩོམ་ཡིག་རེ་ཟུང་གི་བརྗོད་བྱ་དང་སྒྱུ་རྩལ་གཉིས་ཀའི་ཟབ་ཚད་མི་འདང་བ་དང་སྦྲགས། ཅུང་གཏིང་ཟབ་ཅིང་ལྗིད་ཚད་ཆེ་བའི་བརྗོད་སྙིང་དང་སྒྱུ་རྩལ་མཚོན་ཐབས་འཚོལ་ཞིབ་བྱ་རྒྱུར་དེ་བས་ཤུགས་སྣོན་རྒྱག་དགོས།
འདིར་དམིགས་སུ་བཀར་ནས་གླེང་དགོས་པ་ཞིག་ལ། ཁོང་གི་བརྩམས་ཆོས་ལས་མངོན་པའི་སྐྱེ་ཁམས་ཀྱི་འདུ་ཤེས་མཚོན་པའི་མྱུ་གུ་འབུས་པ་ནས། རང་འགུལ་གྱི་སྐྱེ་ཁམས་འདུ་ཤེས་འཛུགས་སྐྱོང་བྱ་བར་ད་དུང་ལམ་ཐག་རིང་པོ་ཞིག་བགྲོད་དགོས་ལ། སྐྱེ་ཁམས་ཀྱི་བསམ་གཞིག་ནས་རྩོམ་རིག་གིས་འཚོལ་ཞིབ་བྱེད་པར་ཡང་ད་དུང་རྒྱུན་ཆད་མེད་པའི་ཞུན་བརྡར་ནན་པོ་བྱེད་དགོས། ཉེ་བའི་ལོ་ཤས་རིང་ལྷ་གཡང་ནོར་བུས་རྩོམ་སྒྲིག་གི་ལས་འགན་ལྕི་ནའང་རྩོམ་ཡིག་སྤུས་དག་རེ་འགའ་གསར་རྩོམ་བྱེད་མུས་ཡིན་པས། མ་འོངས་པར་ཁོང་གི་གསར་རྩོམ་ཐད་ཐོད་བརྒལ་གསར་པ་ཞིག་ཡོང་རྒྱུར་རེ་སྒུག་འཆང་བཞིན་ཡོད་ལ། ལྷ་གཡང་ནོར་བུར་བོད་ཀྱི་ལྷུག་རྩོམ་གསར་རྩོམ་གྱི་མདུན་ལྗོངས་ཡངས་མོར། མུ་མཐུད་འབད་བརྩོན་དང་འཚོལ་ཞིབ་གང་མང་དང་། རང་ཉིད་ཁོ་ནར་དབང་བའི་གསར་རྩོམ་གྱི་ཉམས་ལེན་དང་ཁྱད་འཕགས་དགེ་མཚན་མངོན་ཞིང་། གསར་རྩོམ་གྱི་བྱ་གཞག་ལ་འབྲས་བུ་བཟང་པོ་འཐོབ་རྒྱུའི་རེ་སྒུག་འཆང་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།