logo

གནའ་རབས་སྒྲུང་རིང་གྲགས་ཅན«ཆུ་ངོགས་གཏམ་རྒྱུད»གླེང་བ།

རྩོམ་པ་པོ།:མགར་ཐང་དཀར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-01-19 ཀློག་གྲངས།:
གནའ་རབས་སྒྲུང་རིང་གྲགས་ཅན«ཆུ་ངོགས་གཏམ་རྒྱུད»ཀྱི་ལོ་རྒྱུས་རྒྱབ་ལྗོངས་དངོས་ཞིབ་འབྲི་བྱས་ཏེ་དཔའ་བོ་བརྒྱ་དང་བརྒྱད་ཀྱི་མཚན་ཐོ་དང་སྤྱིའི་རང་གཤིས་ཕྲན་ཙམ་བརྗོད་པ།
མགར་ཐང་དཀར།

དང་པོ། ཆུ་ངོགས་གཏམ་རྒྱུད་ཀྱི་ལོ་རྒྱུས་རྒྱབ་ལྗོངས།
       «ཆུ་ངོགས་གཏམ་རྒྱུད»(水浒传)ཀྱི་ལོ་རྒྱུས་རྒྱབ་ལྗོངས་གཙོ་བོ་ནི་སུང་རྒྱལ་རབས་བྱང་མའི་ཧའེ་ཙུང་ཞོན་ཧོ་ཁྲི་ལོ(༡༡༡༩—༡༡༢༦)【北宋徽宗宣和年间(公元1119年至1126年)】སྟེ། དུས་སྐབས་དེའི་རིང་ཆབ་སྲིད་མུན་ནག་དང་དཔོན་ངན་རུལ་སུངས་སུ་གྱུར་པའི་རྐྱེན་གྱིས་དམངས་འཚོ་ཉམས་རྒུད་དུ་སོང་བ་དང་སྤྱི་ཚོགས་ཀྱི་འགལ་བ་ཛ་དྲག་ཏུ་གྱུར་པ་རེད། གནས་ཚུལ་དེ་འདྲའི་འོག་སུང་ཅང་གིས་གཙོས་པའི་ཞིང་པའི་འོས་ལངས་བསླངས་པ་རེད། སུང་ཅང་གིས་འགོ་ཁྲིད་གནང་བའི་འོས་ལངས་མཐར་ཕམ་ཉེས་བྱུང་ནའང་འོས་ལངས་དཔའ་བོའི་མཛད་རྗེས་དམངས་ཁྲོད་དུ་རྒྱ་ཁྱབ་དར་ཁྱབ་བྱུང་ནས་མི་རབས་རྗེས་མའི་གླེང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། «ཆུ་ངོགས་གཏམ་རྒྱུད»ཀྱི་བརྗོད་དོན་གཙོ་བོ་ནི་སུང་ཅང་གིས་འགོ་ཁྲིད་གནང་བའི་ལིའང་ཧྲན་ཕོ་རྒོད་ལ་དམིགས་ནས་བརྩམས་པ་རེད། ཕོ་རྒོད་དེ་དག་ལིའང་ཧྲན་མཚོ་གླིང་དུ་འཛོམས་ནས(གནམ་གྱི་ཚབ་ཏུ་བདེན་ལུགས་སྤེལ་བ་དང་། ཕྱུག་པོ་འཕྲོག་བཅོམ་དང་དབུལ་པོར་རྒུད་སྐྱོབ)ཅེས་པའི་དར་ཆ་བསྒྲེངས་ཏེ་རུལ་སུངས་དཔོན་རིགས་དང་བཙན་བདག་ངན་པར་ངོ་རྒོལ་བྱས་པ་རེད། ཁོ་ཚོས་གོང་མའི་སྲིད་གཞུང་གི་བདེ་འཇགས་དང་ལེན་བྱས་པར་མ་ཟད་དེའི་རྗེས་ཀྱི་དམག་འཁྲུག་ཁྲོད་འཐབ་འཛིང་གི་བྱས་རྗེས་བླ་མེད་བཞག ཡིན་ནའང་དུས་ཚོད་ཤིན་ཏུ་ཐུང་སྟབས«ཆུ་ངོགས་གཏམ་རྒྱུད»ནང་གི་མི་སྣ་མང་པོ་ཞིག་མཐར་ཐུག་སྐྱོ་གར་གྱི་ལས་དབང་ལས་ཐར་དཀའ་བར་གྱུར་པ་སྟེ་དཔེར་ན་སུང་ཅང་དང་ལེན་ཁྲུང་སོགས་ལྟ་བུ་རེད། བརྩམས་ཆོས་འདི་ནི་ཞིང་པའི་འོས་ལངས་ཞིབ་བརྗོད་བྱས་པའི་བརྩམས་སྒྲུང་རིང་མོ་ཞིག་ཡིན་པ་མ་ཟད། ཀྲུང་གོའི་གནའ་རབས་རྩོམ་རིག་ལོ་རྒྱུས་སྟེང་གི་བརྩམས་ཆོས་གྲགས་ཅན་ཞིག་ཀྱང་ཡིན། དེས་ལིའང་ཧྲན་ཕོ་རྒོད་ཀྱི་གཏམ་རྒྱུད་ཕྲ་ཞིབ་ཏུ་བྲིས་པ་བརྒྱུད་སྐབས་དེའི་སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་མཚོན་པ་མ་ཟད་འགོག་རྒོལ་གྱི་སྙིང་སྟོབས་ལ་སྤྲོ་སེམས་འཁོལ་བའི་བསྔགས་བརྗོད་ཀྱང་བྱས་པ་ཡོད་རེད། དེར་བརྟེན«ཆུ་ངོགས་གཏམ་རྒྱུད»ཀྱིས་ཀྲུང་གོའི་རིག་གནས་ལོ་རྒྱུས་ཐོག་གོ་གནས་ཧ་ཅང་གལ་ཆེན་པོ་བཟུང་ཡོད་པར་མ་ཟད་དེར་ཀྲུང་གོའི་གསུང་རྩོམ་གྲགས་ཅན་བཞིའི་གྲས་ཡིན་པའི་མཚན་སྙན་ཐོབ་ཡོད། གཞན་ཡང«ཆུ་ངོགས་གཏམ་རྒྱུད»ནང་ད་དུང་སུང་རྒྱལ་རབས་དུས་མཇུག་གི་ཆབ་སྲིད་ཀྱི་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་སྟེ་གོང་མའི་སྲིད་གཞུང་ཉམས་རྒུད་དུ་སོང་བ་དང་ས་གནས་ཀྱི་དྲག་པོའི་སྟོབས་ཤུགས་དར་རྒྱས་བྱུང་བའི་གནས་ཚུལ་བྲིས་ཡོད། དུས་མཚུངས་སུ་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་རིག་གནས་ཀྱང་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཡོད་པ་སྟེ། དཔེར་ན་ཚོང་ལས་དང་ལག་ཤེས་བཟོ་ལས་དར་རྒྱས་བྱུང་བ་དེས་ཚོང་རའི་དཔལ་འབྱོར་འཚར་ལོངས་ལ་སྐུལ་འདེད་བཏང་བར་མ་ཟད། ཆུ་ངོགས་གཏམ་རྒྱུད་ཀྱི་ལོ་རྒྱུས་དགེ་མཚན་གྱིས་དར་རྒྱས་དཔལ་འབྱོར་གྱི་རྨང་གཞི་ངེས་ཅན་ཞིག་ཀྱང་འདོན་སྤྲོད་བྱས་ཡོད། སྤྱི་ཚོགས་ཀྱི་རིམ་གྲས་ཁག་བར་གྱི་འགལ་བའང་ཉིན་རེ་ནས་ཉིན་རེར་མངོན་གསལ་ཛ་དྲག་ཏུ་སོང་བ་དང་། ལྷག་པར་སྐུ་དྲག་དང་མི་སེར་དཀྱུས་མའི་བར་ལའང་འགྲན་རྒོལ་གྱི་བྱེད་ཐབས་མི་སྤྱོད་ཀ་མེད་བྱུང་བ་རེད། «ཆུ་ངོགས་གཏམ་རྒྱུད»ཀྱི་ནང་དོན་གཙོ་བོ་ནི་སུང་ཅང་གིས་གཙོས་པའི་ལིའང་ཧྲན་གྱི་ཕོ་རྒོད་རྣམས་ཀྱི་འོས་ལངས་དང་མགོ་འདོགས(招安)དང་ལེན་བྱེད་པའི་གོ་རིམ་ཡིན། བརྩམས་ཆོས་འདིས་སྐབས་དེའི་ཆབ་སྲིད་ཀྱི་གནས་བབ་དང་སྤྱི་ཚོགས་ཀྱི་འགལ་བ་མཚོན་པར་མ་ཟད། དཔའ་ངར་ལྡན་པའི་གྱེན་ལངས་སྟོབས་ཤུགས་སམ་བློ་དཀར་དཔའ་བོའི་འཐབ་འཛིང་གི་སྣང་བརྙན་ཞིབ་པར་བཞེངས་ཡོད་པ་དང་། ཁོ་ཚོས་དྲང་བདེན་དང་འཚོ་གནས་ཀྱི་ཆེད་དུ་འཐབ་རྩོད་བྱེད་པའི་སྙིང་སྟོབས་ལ་བསྟོད་བསྔགས་བྱས་ཡོད། དེར་བརྟེན«ཆུ་ངོགས་གཏམ་རྒྱུད»ནི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་ཤིག་ཡིན་པར་མ་ཟད། ཀྲུང་གོའི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ལ་བསམ་ཞིབ་གཏིང་ཟབ་པོའི་རིག་ལམ་བརྩམས་ཆོས་ཤིག་ཀྱང་རེད།
གཉིས་པ། ཆུ་ངོགས་གཏམ་རྒྱུད་ཀྱི་ལོ་རྒྱུས་དགེ་མཚན།
       «ཆུ་ངོགས་གཏམ་རྒྱུད»ལས་ལིའང་ཧྲན་གྱི་ཕོ་རྒོད་རྣམས་ཉིན་སུམ་ཅུ་སོ་དྲུག་དང་བདུན་ཅུ་དོན་གཉིས་སུ་ཕྱེས་ཡོད་ཅིང་། ཏག་ཏག་མི་གྲངས༡༠༨ཡོད་པ་དང་། ཕུན་སུམ་ཚོགས་པའི་སྒོ་ནས་ཅེན་ཀང་དང་ཕན་ཚུན་གཞོགས་འདེགས་བྱས་ཏེ་མི་ཚང་མར་བླ་ན་མེད་པའི་ཁྱད་ཆོས་ཡོད་ཅིང་། འཕྲལ་མ་ཉིད་དང་སྐམ་ས། ཆུ་ཐོག་བཅས་སུ་དྲག་ཤུགས་ཀྱི་རིན་ཐང་མི་འདྲ་བ་མ་ཟད་དམིགས་བསལ་གྱི་ཡོན་ཏན་ལྡན་པའི་ཤེས་ལྡན་མི་སྣ་ཁ་ཤས་ཀྱང་ཡོད་ལ། དམག་དཔུང་གི་ཧྲི་ཤོག་དང་། ངོ་མཚར་གྱི་གཡུལ་ཐབས། ཆོས་དཔོན། ལྷ་སྨན། ལྷ་ཁང་། དམག་ཆས་སོགས་སོ་སོར་དགེ་མཚན་ཡོད་པས། ཕན་ཚུན་གསབ་རེས་བྱེད་མཁས་པའི་ཕུན་སུམ་ཚོགས་པའི་ཚོགས་པ་འདིས་ད་གཟོད་འཐབ་ན་མི་རྒྱལ་བ་མེད་པའི་ལོ་རྒྱུས་ཀྱི་དཔང་རྟགས་དང་ཡལ་མེད་ཀྱི་ལྷ་སྒྲུང་ལྟ་བུ་གྲུབ་པ་རེད།
གསུམ་པ། ལིའང་ཧྲན་དཔའ་བོ་བརྒྱ་དང་བརྒྱད་ཀྱི་མཚན་ཐོ་ཞིབ་བརྗོད།
       གཤམ་ནས་ལིའང་ཧྲན་དཔའ་བོ་བརྒྱ་དང་བརྒྱད་ཀྱི་མཚན་ཐོ་རེ་རེ་བཞིན་ཞིབ་པར་བརྗོད་ན། དང་པོ་གནམ་གྱི་སྐར་མ། དུས་ཐོག་ཆར་བ་སུང་ཅང་། གཉིས་པ་ས་ཡི་སྐར་མ། ཧའོ་པེ(河北)གཡུ་ཡི་གྱི་ལིང་ལུའུ་ཅུན་དབྱི། གསུམ་པ་གནམ་གྲུའི་སྐར་མ། བློ་གྲོས་སྐར་མ་ཝུའུ་དབྱིན། བཞི་བ་ནམ་མཁའི་སྐར་མ། དཔྱོད་ལྡན་ཐུ་བོ་ཀུང་སུན་ཧྲེང་། ལྔ་པ་དཔའ་ངར་ཆེ་བའི་སྐར་མ། ཤང་ལང་འཛིན་ཀོན་ཧྲེང་། དྲུག་པ་གནམ་གྱི་སྐར་མ། གཟིག་མགོ་ཅན་ལེན་ཁྲུང་། བདུན་པ་གནམ་ལྕགས་འབར་བའི་སྐར་མ། དཔའ་རྟུལ་ཆིན་མིང་། བརྒྱད་པ་གནམ་གྱི་ཟིལ་ཤུགས་སྐར་མ། ལྕག་ཚན་གཉིས་འཛིན་ཧོའུ་ཡན་ཀྲོ། དགུ་པ་གནམ་མཛངས་སྐར་མ། མདའ་རྩལ་ངར་མ་ཧྭ་རུང་། བཅུ་བ་ཐང་གི་སྐར་མ། རླུང་འཁོར་ཆུང་ཆུང་ཁྲེ་ཅིན། བཅུ་གཅིག་གནམ་ཕྱུག་སྐར་མ། གནམ་བརྐོས་ལིས་ཡིན། བཅུ་གཉིས་ནམ་མཁའི་སྐར་མ། མེ་རི་ངར་མ་ཀྲུའུ་ཆོན། བཅུ་གསུམ་ཁེར་སྡོད་སྐར་མ། གྲྭ་པ་ཕོ་རྒོད་ལུའུ་ཀྲི་ཧྲན། བཅུ་བཞི་གནམ་ལ་རྨས་སྐྱོན་བཟོ་བའི་སྐར་མ། འགྲུལ་བཞུད་པ་ཝུའུ་སུང་། བཅོ་ལྔ་གནམ་ཚུགས་སྐར་མ། མེ་ཡི་མདའ་ཅན་ཏུང་ཕིན། བཅུ་དྲུག་གནམ་རྒྱལ་སྐར་མ། སྒྲོ་མེད་མདའ་ཀྲང་ཆིང་། བཅུ་བདུན་ནམ་མཁའི་སྐར་མ། གཅན་གཟན་གདོང་ནག་དབྱང་ཀྲི། བཅོ་བརྒྱད་གནམ་སྐྱོབ་སྐར་མ། གསེར་མདའ་ཅན་ཞུས་ཉན། བཅུ་དགུ་མཁའ་དབྱིངས་སྐར་མ། མྱུར་སྐྱོད་གདོང་ལེན་པ་སའོ་ཁྲའོ། ཉི་ཤུ་གནམ་མྱུར་སྐར་མ། རྐང་མགྱོགས་འཕྲུལ་རྩལ་ཅན་ཏའེ་ཙུང་། ཉེར་གཅིག་གནམ་འདྲེན་སྐར་མ། སྐྲ་དམར་གདོན་འདྲེ་ལིའུ་ཐང་། ཉེར་གཉིས་གནམ་གསོད་སྐར་མ། རླུང་འཁོར་ནག་པོ་ལི་ཁུའེ། ཉེར་གསུམ་ཐ་ཆུང་སྐར་མ། གཡུ་འབྲུག་དགུ་རིས་མ་ཧྲི་ཅིན། ཉེར་བཞི་གནམ་གྱི་སྐར་མ། འགོག་མེད་དཔའ་བོ་མུའུ་ཧུང་། ཉེར་ལྔ་ནུར་མེད་སྐར་མ། སྟག་གཤོག་ཅན་ལེ་ཧང་། ཉེར་དྲུག་ཚེ་རིང་སྐར་མ། གཙང་འབྲུག་ལི་ཅུན། ཉེར་བདུན་གནམ་གྲི་སྐར་མ། ས་ཚུགས་ལོ་རྒན་རོན་ཞའོ་ཨར། ཉེར་བརྒྱད་གནམ་གསལ་སྐར་མ། གྲུ་མེ་ཀྲང་ཧང་། ཉེར་དགུ་ཉེས་ཅན་སྐར་མ། ཚེ་ཐུང་རོན་ཞའོ་ཝུའུ། སུམ་ཅུ་གནམ་གནོད་སྐར་མ། རྦ་རླབས་དབྱུག་གུ་དཀར་པོ་ཀྲང་ཧྲུན། སོ་གཅིག་གནམ་ཕམ་སྐར་མ། གཤིན་རྗེ་རྒྱལ་བོ་རོན་ཞའོ་ཆི། སོ་གཉིས་གནམ་བརྟན་སྐར་མ། ནད་ཟྭ་ངར་མ་ཡང་ཞུང་། སོ་གསུམ་གནམ་ཤེས་སྐར་མ། སྲོག་བསྡོས་དཔའ་བོ་ཧྲི་ཞིའུ། སོ་ལྔ་གནམ་གྱི་སྐར་མ། སྦྲུལ་གཉིས་གྲོལ་ཞི་ཀྲིན། སོ་ལྔ་གནམ་ངུ་སྐར་མ། སྡིག་སྲིན་རྔ་མ་གཉིས་ལྡན་ཅི་ཀྲིན། སོ་དྲུག་གནམ་སྟབས་སྐར་མ། རྒྱལ་ཁམས་པ་ཡན་ཆིན། སོ་བདུན་ས་འདྲེ་སྐར་མ། ལྷ་འཕྲུལ་དམག་དཔོན་ཀྲུའུ་ཝུའུ། སོ་བརྒྱད་ས་བཀག་སྐར་མ། དམག་རུ་གསུམ་ཧོང་ཞིན། སོ་དགུ་ས་སྙིང་སྐར་མ། ནད་འགྱངས་པ་སུང་ལིས། བཞི་བཅུ་ས་འདེད་སྐར་མ། རྟ་དམག་དཔའ་བོ་ཞོན་ཙིན། ཞེ་གཅིག་ས་སྤོབས་སྐར་མ། ཁྲོམ་ཤིང་ཧའོ་སི་ཝུན། ཞེ་གཉིས་ས་འབོད་སྐར་མ། བརྒྱ་རྒྱལ་དམག་དཔོན་ཧན་ལང་། ཞེ་གསུམ་ས་དཔའི་སྐར་མ། གནམ་མིག་དམག་སྤྱི་ཅང་ཕེང་། ཞེ་བཞི་སའི་ངོ་མཚར་སྐར་མ། ལྷ་ཆབ་དམག་སྤྱི་ཏན་ཐེན་ཧུང་། ཞེ་ལྔ་ས་འོག་སྐར་མ། ལྷ་མེའི་དམག་སྤྱི་ཝེ་ཏེན་གོ། ཞེ་དྲུག་ས་ཡིག་སྐར་མ། ཤེས་ལྡན་པ་ཧྲིན་ཞའོ་རེང་། ཞེ་བདུན་ས་སྙོམས་སྐར་མ། ལྕགས་ཀྱི་ངོ་གདོང་ཕེ་ཞོན། ཞེ་བརྒྱད་རྒྱ་ཆེན་སྐར་མ། གསེར་གཤོག་ཅན་ཨོའུ་ཕེང་། ཞེ་དགུ་ས་མཐུན་སྐར་མ། མེ་མིག་ཏེང་ཧྥེ། ལྔ་བཅུ་ས་སྟོབས་སྐར་མ། སྟག་སྤུ་ངར་མ་ཡན་ཧྲུན། ང་གཅིག་ས་མུན་སྐར་མ། སྐུ་སྲུང་གཟིག་ཁྲ་ཡང་ལིན། ང་གཉིས་ས་རྟེན་སྐར་མ། གནམ་ས་ལྡིར་ལིན་ཀྲིན། ང་གསུམ་ས་ཚོགས་སྐར་མ། ལྷ་རྩིས་ཅང་ཅིན། ང་བཞི་ས་སྲུང་སྐར་མ། ཚུལ་བཟང་ཅན་ལུའི་ཧྥང་། ང་ལྔ་ས་སྐྱོབ་སྐར་མ། གཡུལ་རྒྱལ་ངར་མ་ཀུའོ་ཧྲེང་། ང་དྲུག་ས་ཐོབ་སྐར་མ། ལྷ་སྨན་ཨན་ཏའོ་ཆོན། ང་བདུན་ས་གཅན་སྐར་མ། ན་རྒས་ངར་མ་ཧོང་ཕུའུ་ཏོན། ང་བརྒྱད་ས་ཕྲན་སྐར་མ། སྟག་རྒོད་སུག་ཐུང་ཝང་ཡན། ང་དགུ་ས་རབ་སྐར་མ། གཅིག་འཐབ་ངར་མ་ཧོའུ་སན་ཉང་། དྲུག་ཅུ་ས་རྒོད་སྐར་མ། སྒོ་སྲུང་ལྷ་པའོ་ཞུས། རེ་གཅིག་ས་ཁམས་སྐར་མ། འཇིག་རྟེན་བསྲེས་མའི་བདུད་རྒྱལ་ཧྥན་རུའེ། རེ་གཉིས་ང་རྒྱལ་སྐར་མ། སྐར་མ་སྤུ་ཅན་ཁུང་མིན། རེ་གསུམ་ས་སྨྱོན་སྐར་མ། སྐར་མ་མིག་དམར་ཁུང་ལིའང་། རེ་བཞི་ས་འཕུར་སྐར་མ། དཔུང་བརྒྱད་ཞང་ཁྲུང་། རེ་ལྔ་སར་འགྲོ་སྐར་མ། གནམ་འཕུར་འཕགས་པ་ལི་ཀོན། རེ་དྲུག་ས་མཁས་སྐར་མ། གཡང་ཊི་དཔུང་ལྡན་ཅིན་ཏ་ཅན། རེ་བདུན་ས་གསལ་སྐར་མ། ལྕགས་གླིང་འཛིན་མ་ལིན། རེ་བརྒྱད་ས་སྐྱོད་སྐར་མ། གཙང་འབྲུག་ངར་མ་ཐུང་ཝེ། རེ་དགུ་ས་སློག་སྐར་མ། གཙང་པོར་བརྒལ་བའི་ཐུང་མེང་། བདུན་ཅུ་ས་ཁྱབ་སྐར་མ། གཡང་ཊིའི་དབྱུག་པ་མེང་ཁང་། དོན་གཅིག་ས་སྲོད་སྐར་མ། དཔུང་སྦྲེལ་སྤྲ་ཧོའུ་ཅན། དོན་གཉིས་ས་འཁོར་སྐར་མ། མཆོང་ལྡིང་སྟག་ཁྲིན་ཏ། དོན་གསུམ་ས་ཡིབ་སྐར་མ། མེ་ཏོག་དཀར་པོའི་སྦྲུལ་ཡང་ཁྲོན། དོན་བཞི་ས་སྦེད་སྐར་མ། གདོང་དཀར་ཕོ་རབ་ཀྲེང་ཐེན་ཧྲོའུ། དོན་ལྔ་ས་ཁམས་སྐར་མ། རུས་སྦལ་རྔ་མ་དགུ་ཅན་ཐའོ་ཙུང་ཝང་། དོན་དྲུག་ས་བརྗིད་སྐར་མ། ལྕགས་ཀྱི་རླུང་གཡབ་སུང་ཆིན། དོན་བདུན་ས་སྤྲོའི་སྐར་མ། ལྕགས་སྒྲ་ཅན་ལོའུ་ཧི། དོན་བརྒྱད་ས་རྒྱལ་སྐར་མ། སྟག་བརྒྱན་མེ་ཏོག་ཀུང་ཝང་། དོན་དགུ་ས་མྱུར་སྐར་མ། མདའ་འབྲིང་སྟག་ཏེན་དི་སུང་། བརྒྱད་ཅུ་ས་ཁུལ་སྐར་མ། སྲུང་འགོག་ཆུང་བ་མུའུ་ཁྲུན། གྱ་གཅིག་ས་གནས་སྐར་མ། གྲི་རྩལ་མཁན་ཚའོ་ཀྲིན། གྱ་གཉིས་ས་བདུད་སྐར་མ། སྤྲིན་ཕྲག་རྡོ་རྗེ་སུང་ཝན། གྱ་གསུམ་ས་འདྲེའི་སྐར་མ། གནམ་རེག་ངར་མ་ཏོའུ་ཆིན། གྱ་བཞི་ས་དབེན་སྐར་མ།ནད་འབུ་ཆེན་པོ་ཞུའེ་ཡུང་། གྱ་ལྔ་ས་སྤྱང་སྐར་མ། གསེར་མིག་གཟིག་ཧྲི་ཨན། གྱ་དྲུག་ས་མཐའི་སྐར་མ། སྟག་གསོད་དམག་དཔོན་ལི་ཀྲུང་། གྱ་བདུན་ས་སྟོང་སྐར་མ། བཙན་བདག་ཆུང་ཆུང་ཀྲོའུ་ཐུང་། གྱ་བརྒྱད་ཁེར་སྡོད་སྐར་མ། གསེར་དངུལ་གཟིག་ཐང་ལུང་། གྱ་དགུ་ས་གཞིའི་སྐར་མ། འདྲེ་གདོང་ཏུའུ་ཞིན། དགུ་བཅུ་ས་ཐུང་སྐར་མ། ཚང་འབྲུག་ངར་མ་ཙོའུ་ཡོན། གོ་གཅིག་ས་ཟུར་སྐར་མ། འབྲུག་ཁེར་རྐྱང་ཙོའུ་རུན། གོ་གཉིས་ས་བཙོན་སྐར་མ། ཐན་སྐམ་བསྟུན་མཁས་ཀྲུའུ་ཀུའེ། གོ་གསུམ་ས་སྦས་སྐར་མ། འཛུམ་མདངས་སྟག་ཀྲུའུ་ཧྥུ། གོ་བཞི་ས་སྙོམས་སྐར་མ། ལྕགས་དཔུང་ཚའེ་ཧྥུ། གོ་ལྔ་ས་གནོད་སྐར་མ། མེ་ཏོག་རྐང་གཅིག་ཚའེ་ཆིན། གོ་དྲུག་ས་བྲན་སྐར་མ། སྲོག་འདེད་ཁྲིམས་གཅོད་དཔོན་ལེས་ལིས། གོ་བདུན་ས་གཟིགས་སྐར་མ། མིག་སྔོན་སྟག་ལི་ཡུན། གོ་བརྒྱད་ས་ངན་སྐར་མ། མིག་མི་གཟིམ་ཅོ་ཐེན། གོ་དགུ་ས་བཙོག་སྐར་མ། རྡོ་ངར་མ་དམག་དཔོན་ཧྲི་ཡུང་། བརྒྱ་ས་གྲངས་སྐར་མ། འདེད་འཛིན་ངར་མ་སུང་ཞིན། བརྒྱ་དང་གཅིག་ས་འོག་སྐར་མ། འབུ་གཡག་ཆེན་ཧོའུ་ད་སོ། བརྒྱ་དང་གཉིས་ས་གནས་ཉེས་དོན་སྐར་མ། སྔོ་ཚལ་ར་བ་ཀྲང་ཆིང་། བརྒྱ་དང་གསུམ་ས་འཇིགས་སྐར་མ། མཚན་མོའི་འཚེབ་ངར་མ་སུང་ཨར་ཉང་། བརྒྱ་དང་བཞི་ས་ངན་སྐར་མ། གསོན་འཁྱུག་ངར་མ་ཏིན་ཀྲིག བརྒྱ་དང་ལྔ་ས་བདེ་སྐར་མ། ཉེན་ཁའི་རྒོད་པོ་ཡོས་པོ་སི། བརྒྱ་དང་དྲུག་ས་སད་སྐར་མ། དཀར་ངོགས་བྱི་བ་པེ་ཧྲན། བརྒྱ་དང་བདུན་ས་རྐུན་སྐར་མ། རྔ་སྟེང་ལྕི་བ་ཧྲི་ཆིན། བརྒྱ་དང་བརྒྱད་ས་ཁྱི་སྐར་མ། གསེར་སྤུ་ཁྱི་གུ་ཏོན་ཅིན་ཀྲུའུ་བཅས་སོ། །
བཞི་བ། ལིའང་ཧྲན་དཔའ་བོ་བརྒྱ་དང་བརྒྱད་ཀྱི་སྤྱི་ཁྱབ་རང་གཤིས་བསྡུས་བྲིས།
       གོང་གསལ་དུ«ཆུ་ངོགས་གཏམ་རྒྱུད»ལས་བརྩམས་སྒྲུང་དངོས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་ལིའང་ཧྲན་དཔའ་བོ་བརྒྱ་དང་དང་བརྒྱད་ཀྱི་མཚན་ཐོ་དང་རྒྱལ་ཁམས་པའི་བཏགས་མིང་ཞུས་ཚར། བར་སྐབས་འདིར་ངས«ཆུ་ངོགས་གཏམ་རྒྱུད»ཁྲོད་བརྗོད་བྱ་གཙོ་བོར་གྱུར་པ་སྟེ་གནམ་གྱི་ཚབ་བྱས་ཏེ་བདེན་ལུགས་སྤེལ་མྱོང་བའི་སུང་རྒྱལ་རབས་ཀྱི་དམག་སྤྱི་གྲགས་ཅན་དང་ཡུལ་སྐོར་དཔའ་བོ་མཉམ་འདུས་ཀྱིས་གྲུབ་པའི་ལིའང་ཧྲན་དཔའ་བོ་བརྒྱ་དང་བརྒྱད་ཀྱི་རང་གཤིས་སྤྱི་ཁྱབ་ནས་དོག་ཙམ་གླེང་བར་བྱ། འདིར་དཔའ་བོའི་རང་གཤིས་གླེང་དགོས་ན་ཧ་ཅང་ལས་སླ་བོ་ཞིག་མིན་ཡང་ཕྲན་གྱིས་ལིའང་ཧྲན་མཚོ་གླིང་གི་དབུ་འཛིན་སུང་ཅང་གི་སྙན་ངག“ལུས་པོ་ཅང་ཀྲུའུ་ས་རུ་གནས་ཀྱང་སེམས་པ་ཧྲན་ཏུང་ཡུལ་ལ་ཕྱོགས། །སྡོང་ལོ་རླུང་གིས་ཁྱེར་བ་ནང་བཞིན་ས་མཐར་འཁྱམ་པ་ཡུ་རེ་མུག །གལ་ཏེ་ཕུགས་འདུན་མངོན་དུ་འགྱུར་བའི་བསྐལ་བ་བཟང་བོ་ཤར་བའི་ཚེ། །ཧོང་ཁྲོ་ཁོ་ཡང་ཕོ་རྒོད་མིན་ཞེས་ང་ཡིས་ཁྲེལ་དགོད་བྱེད་པར་ཕོད། །”ཞེས་པ་ལས་ལིའང་ཧྲན་དཔའ་བོའི་སྤོབས་པ་དང་རང་གཤིས་ལ་སྟབས་བདེའི་སྒོ་ནས་གོ་བ་བདེ་མོ་ཞིག་ལེན་ཐུབ་སོང་། ད་དུང་ཁོང་ཚོའི་མཚན་གྱི་དབུ་མ་ལ་སྐར་མ་ཞེས་ཐོག་མིའི་འབོད་ལུགས་ཤིག་ཀྱང་སྦྱར་ཡོད་པས་ན་སྐར་མའི་འོད་སྣང་ཇི་བཞིན་དུ་ལིའང་ཧྲན་དཔའ་བོའི་རང་གཤིས་ཀྱང་ཤུགས་སུ་མངོན་པར་མཚོན་ཡོད་དོ་སྙམ། རྒྱུ་མཚན་དབུ་འཛིན་སུང་ཅང་ནས་གསེར་སྤུ་ཁྱི་གུ་ཏོན་ཅིན་ཀྲུའུ་བར་དུ་སྤུན་ཟླའི་མནའ་མི་སྲུང་མཁན་དང་དམངས་ཀྱི་བདེ་སྡུག་སྲོག་ལ་མི་བརྗེ་མཁན་གཅིག་ཀྱང་མེད་པ་ནི་བརྙན་འཕྲིན་ཟློས་གར་ལས་ཀྱང་གསལ་བ་ནང་བཞིན་རེད། དེའི་ཕྱིར་ལིའང་ཧྲན་དཔའ་བོ་དག་གི་རང་ངོས་ཀྱི་མཛད་པ་དང་རྒྱལ་ཁབ་ཀྱི་དར་རྒུད་ལ་བཅངས་པའི་སེམས་འདུན། ད་དུང་སུང་བྱང་མའི་རུལ་སུངས་ལ་རྒོལ་བའི་ཡང་དག་པའི་བློ་སྤོབས་ཀྱིས་ཁོ་ཚོ་སོ་སོའི་དད་མོས་དང་ཡིད་རྟོན་ནི་རང་གཤིས་རྣལ་མའི་རྩ་བར་བཞག་ཡོད་པ་ད་ལྟའི་ང་ཚོས་ཀྱང་གསལ་ཐག་གཅོད་ཆོད་པོ་ཞིག་ཤེས་ཐུབ་བོ། །སྤྱིར་ལིའང་ཧྲན་དཔའ་བོ་དག་ལ་མཚོན་ན་སྐབས་དེའི་གཡུལ་འགྱེད་གནས་བབ་ཀྱི་དབང་གིས་དམར་གསོད་ལ་དན་འདུན་ཆེ་བ་ཞིག་ཏུ་སྣང་འོང་ཡང་། སྤྱིར་དེ་ནི་དུས་རབས་ཀྱིས་ཁོ་ཚོར་སྤྲད་པའི་འོས་འགན་ཞིག་ཏུ་ཆགས་པ་མ་གཏོགས་རྩ་བའི་ཆ་ནས་ཁོ་ཚོའི་ཁྲོད་དུའང་ཤེས་ལྡན་པ་དང་ཚོང་ལས་ལ་བློ་དཀར་བའི་རྣམ་དཔྱོད་ཅན་གྱི་མི་བུ་རླབས་ཆེན་ཀྱང་ཤིན་ཏུ་མང་། ཡིན་ཡང་ཁོ་རང་ཚོས་དཔལ་འབྱོར་སྒེར་གཉེར་དང་ཤེས་ཡོན་སྒེར་གྱི་མ་རྩར་མ་བྱས་པར་དམངས་ཀྱི་བདེ་སྡུག་ལ་ཁྱོན་ཡོངས་ནས་བསམ་བློ་ནན་གྱིས་བཏང་སྟེ་ཤ་དར་ཁྲག་དར་གྱི་ལུས་པོ་མནར་གཅོད་བརྒྱ་ཕྲག་ལས་བཙོ་སྤྱངས་བྱས་ཏེ་ངོ་མཚར་བའི་གཏམ་རྒྱུད་ཀྱི་དབུ་ཤོག་དཀར་པོ་ཞིག་འཛམ་གླིང་གི་ཕང་བ་རུ་བསྒྲོན། དེ་ཡིས་ལིའང་ཧྲན་དཔའ་བོ་རེ་རེའི་ཡལ་མེད་གྱི་སྙིང་སྟོབས་མཚོན་ཡོད་པར་མ་ཟད་ཁོ་ཚོའི་དྲང་བདེན་བརྟན་བརླིང་གི་འགྱུར་མེད་རང་གཤིས་ཀྱང་ཡོངས་སུ་མཚོན་པར་བྱས་ཡོད་དོ། །
ལྔ་པ། བརྩམས་ཆོས་ཀྱི་ཡང་དག་པའི་ཁུངས་སྣེ་ཁ་ཤས་གསལ་བཤད།
       ཕྲན་གྱི་བརྩམས་ཆོས་འདི་ལས«ཆུ་ངོགས་གཏམ་རྒྱུད»ལོ་རྒྱུས་རྒྱབ་ལྗོངས་ཀྱི་ཁུངས་གཏུགས་ས་གཙོ་བོ་ཆུ་ངོགས་གཏམ་རྒྱུད་ཅེས་པའི་གྲགས་ཅན་རྩོམ་པ་པོ་ཧྲི་ནའེ་ཨན(著名作家施耐庵)གྱི་བརྩམས་སྒྲུང་དངོས་ལ་ཟུར་ལྟ་བགྱིས་ཏེ་བྲིས་ཤིང་། དེ་ལས་གཞན་ལིའང་ཧྲན་དཔའ་བོ་བརྒྱ་དང་བརྒྱད་ཀྱི་རྒྱལ་ཁམས་པའི་བཏགས་མིང་དང་དངོས་མིང་ད་དུང་དཔའ་བོའི་རིམ་སྒྲིག་གོ་རིམ་ནི(梁山108将绰号及排名)༢༠༡༡ལོའི«ཆུ་ངོགས་གཏམ་རྒྱུད»ཅེས་པའི་བརྙན་འཕྲིན་ཟློས་གར་ལ་གཞི་བཅོལ་ཏེ་བྲིས། འདིར་ཁ་གསལ་གྱི་སྒོ་ནས་ཞུ་རྒྱུ་ཞིག་ཡོད་དེ། གོང་གསལ་གྱི་ལིའང་ཧྲན་དཔའ་བོའི་མཚན་དངོས་གཏོགས་པའི་མིང་དང་ཚིག་ཁ་ཅིག་རྒྱ་ཡིག་དེ་རང་སོར་བཞག་བྱས་ཡོད་པའམ་ཡང་ན་ཐད་གར་སྒྲ་བསྒྱུར་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།