སྙན་དེབ«ལྷོ་བཞུད་ཀྱི་ཆུ་འཛིན»རགས་ཙམ་གླེང་བ།
རྩོམ་པ་པོ།:གསའ་ནག་པོ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-05-03
ཀློག་གྲངས།:
དང་པོ། ཤུགས་རྐྱེན་དང་སྒེར་གཤིས།
སྤྱིར་བཏང་རྩོམ་པ་པོ་སུ་ཞིག་ཡིན་རུང་གཞན་གྱི་ཤུགས་རྐྱེན་ཐེབས་མེད་པ་ནི་མི་སྲིད། ལྷག་པར་གསར་རྩོམ་གྱི་ལས་ལ་ཐོག་མར་འཇུག་དུས་ཀྱི་རྩོམ་པ་པོ་དག་ལ་མཚོན་ན་རྩོམ་པ་པོ་གཞན་གྱི་ཤུགས་རྐྱེན་ཐེབས་ཡོད་པ་ནི་བརྗོད་དུ་མེད་པ་ཞིག་རེད། དེ་ཡང་། ཨ་མེ་རི་ཁའི་སྙན་གཞུང་རྩོམ་པ་པོ་པུའུ་ལུའུ་མུའུ་ལགས་ཀྱི«ཤུགས་རྐྱེན་གྱི་སེམས་ཁྲལ»ཞེས་པའི་དེབ་ཏུ“སྤྱིའི་ཆ་ནས་སྙན་ངག་པ་རབས་ཕྱི་མ་དག་རབས་སྔ་མ་དག་གི་ཤུགས་རྐྱེན་ལས་ཐར་ཐབས་མེད”ཅེས་བཤད་ཡོད། དེ་བས།བརྒྱད་ཅུའི་སྨད་ཙམ་དུ་སྙན་ངག་གསར་རྩོམ་གྱི་ལས་སུ་ཞུགས་པའི་གཅན་མེ་སྟག་ལ་མཚོན་ནའང་སྙན་ངག་པ་གཞན་གྱི་ཤུགས་རྐྱེན་ནི་ཏན་ཏན་ཐེབས་ཡོད་དེ། གསར་རྩོམ་གྱི་ལས་དང་པོ་བ་ཞིག་ལ་གཞན་གྱི་ཤུགས་རྐྱེན་མི་ཐེབས་པའང་མི་སྲིད། དོན་དངོས་སུ་ཡང་དེ་འདྲ་ཞིག་སྟེ། སྔ་མ་དག་གི་རྩོམ་ལ་ལད་ཟློས་དང་སློབ་སྦྱོང་བྱས་པ་བརྒྱུད་ད་གཟོད་རང་ཉིད་གསར་རྩོམ་གྱི་ལམ་དུ་ཞུགས་པ་ནི་རྩོམ་པ་པོ་ཕལ་མོ་ཆེའི་གསར་རྩོམ་གྱི་ཐོག་མའི་གོ་རིམ་ཡིན་པར་མགྲིན་གཅིག་ཏུ་སྨྲ། གཅན་མེ་སྟག་ཀྱང་དེ་ལས་མ་འདས། ཁོང་གི་བཅར་འདྲི་ཞིག་ཏུ། “སྤྱི་ལོ1986ལོ་ནས1996ལོའི་བར་དུ་བརྩམས་པའི་སྙན་ངག་ནི་སྦྱངས་རྩོམ་དུ་བརྩི་ཆོག་སྟེ། སྐབས་དེ་ནི་སྙན་ངག་གསར་པའི་ཕྱོགས་ལ་འཚོལ་ཞིབ་དང་རེ་སྙེག་བྱེད་པའི་དུས་སྐབས་ཡིན། དེ་དག་མང་ཤོས་ཤིག་ལ་ཚིག་སྦྱོར་གྱི་ཆ་དང་བསམ་བློའི་ཆ། མཚོན་ཐབས་ཀྱི་ཆ། སྙན་ངག་གི་རང་གཤིས་ཁྱད་པར་བ་ཞིག་ཏུ་གྲུབ་པའི་ཐབས་ཀྱི་ཆ་སོགས་གང་ཐད་ནས་ཞན་ཆ་མང་པོ་ཞིག་ཡོད”ཅེས་ཁོང་རང་ཉིད་ལ་མཚོན་ནའང་། སྐབས་དེའི་སྙན་ངག་དག་ནི་ཕྱོགས་གང་ཐད་ནས་ཞན་པའི་ཚུལ་དུ་ཡོད་ཅེས་བཤད་ཡོད་ལ། དེ་ནི་སྦྱངས་རྩོམ་གྱི་གོ་རིམ་ཡིན་ཞེས་བརྗོད་ཡོད། ང་ཚོས་ཁོང་གི་སྐབས་དེའི་སྙན་ངག་དག་ལ་ཧོལ་གྱིས་བལྟས་ན་ཁོང་གིས་རང་གྲོལ་དང་ལྗང་བུ་སོགས་རང་ལས་ན་ཚོད་རྒན་པའི་སྙན་ངག་པ་དག་གི་སྙན་རྩོམ་ལ་སློབ་སྦྱོང་བྱས་ཡོད་པ་ནི་བསྙོན་དུ་མེད། དཔེ་མཚོན་ཞིག་བཀོད་ན། ཁོང་གི«ལྷོ་བཞུད་ཀྱི་ཆུ་འཛིན»དུ་བདམས་པའི་སྙན་ངག«གངས་ལྷ་མེ་ཏོག»ཅེས་པ་དེའི་ནང་དུ“འཁྱག་གྲང་འཐབ་ལོང་གི་ཉིང་ཁུ། གངས་དཀར་གྱི་ཞུན་མར་འཁྲུངས་པའི། སྙིང་བཅུད། དྭངས་བཅུད། མངར་བཅུད། གངས་ལྷ་མེ་ཏོག་ཨ”ཞེས་བྲིས་ཡོད་ཅིང་དེ་ཉིད་བཀླགས་ཚེ། ང་ཚོས་རང་གྲོལ་གྱི«འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག»ཅེས་པའི་ནང་གི“མཛེས་སྡུག མཚར་སྡུག སྙིང་སྡུག”ཅེས་པའི་ཚིག་ཉམས་ལེན་སྟངས་དེ་དྲན་འོང་། དབྱངས་འགྲོས་ཀྱི་ཆ་དང་སྙན་ངག་གི་ཐ་སྙད་བཀོལ་སྟངས་སོགས་མང་པོ་ཞིག་སྔ་མའི་སྙན་ངག་ལ་ལད་ཟློས་བྱས་ཡོད་པ་ཅུང་མངོན་གསལ་དུ་སྣང་། གཞན་ཡང་། སྙན་ངག་དེ་གར“ཀྱེ་ཀྱེ། གངས་ལྷ་མེ་ཏོག ཁྱོད་ནི། གངས་དཀར་གྱི་ཁོང་དུ་བཏབ་པའི། གསར་སྐྱེས་ཀྱི་མཚོན་རྟགས་ཡིན་ལ། ཁྱོད་ནི། འཇིག་རྟེན་གྱི་རྒྱན་ཆར་སྤུད་པའི།འོད་ལྡན་གྱི་མེ་ཏོག་ཅིག་ཡིན་ཕྱིར། འཇིགས་དོན་ཅི”ལྟ་བུ་ནི་རང་གྲོལ་གྱི«ལང་ཚོའི་རྦབ་ཆུ»ཡི་ཚིག་ཉམས་འདོན་སྟངས་དང་ཡིད་འགྱུར་མཚོན་སྟངས་ལ་ཤིན་ཏུ་འདྲའོ། །དེར་མ་ཟད་མི་རིགས་ཀྱི་ལས་དོན་དང་འགན་འཁྲི་བརྗོད་སྙིང་དུ་ལེན་པ་འདི་ཡང་སྔ་མའི་ཤུགས་རྐྱེན་ཡིན་པ་མངོན་པར་གསལ། གཅན་མེ་སྟག་གི་ཕྱིས་ཀྱི་སྙན་ངག་དག་ཏུ་དེའི་སྐོར་ཅུང་ཉུང་ཞིང་འབྲི་ཐབས་ཀྱི་ངོས་ནས་ཀྱང་གབ་དཔེ་དང་ཡིད་བརྙན་སོགས་སུ་བསྡུས་ཡོད་པ་ཞིག་རེད། ཨ་རྡོར་གྱིས།“ང་ཚོའི་སྔ་མ་དག་གི་ལད་ཟློས་ཀྱི་ཤུགས་རྐྱེན་འདི་སྙན་ངག་གསར་པའི་རྩོམ་པ་པོ་རྣམས་ཀྱི་སྟེང་ནའང་རྗེས་ཤུལ་ལུས་ཡོད་པས། དེ་ནི་ང་ཚོའི་སྙན་ངག་དཔྱད་བརྗོད་པ་དག་གིས་མི་གླེང་ཐབས་མེད་ཀྱི་གནད་དོན་ཞིག་རེད་སྙམ། དེའི་ཕྱིར་སྙན་ངག་ལ་ཐུན་མོང་མ་ཡིན་པའི་རང་ཉིད་ཀྱི་ཁྱད་ཆོས་ཤིག་ཡོད་དགོས་པ་ནི་ཧ་ཅང་གལ་ཆེ”ཞེས་བཤད་ཡོད་པའང་དོན་ལ་གནས་པ་ཞིག་རེད།
གཅན་མེ་སྟག་གི«རྡོའི་ནགས་ཚལ»དང«རླུང་རྟ་ནག་པོ»སོགས་ཀྱིས་མཚོན་པའི་སྙན་ངག་དག་ནི་རིང་ལུགས་དེའི་འབྲི་ཐབས་ལ་སློབ་སྦྱོང་བྱས་པ་སྟེ། “རྡོའི་ལྗོན་ཤིང་ལ་མེ་ཏོག་བཞད་པ་ནས། ཁྱེད་ཀྱི་བསམ་གཞིག་ལ་ཆག་གྲུམ་ཤོར་ཞིང་། ཆག་གྲུམ་གྱི་སྲུབས་ནས་དུ་བ་སྔོན་པོ་འབུས།སྐབས་དེའི་ནམ་མཁའ་ལ་རྨས་ཕོག་དོན་ཅི་ཡིན་ནམ། བྱ་ཁྱུ་དང་རྡོའི་ནགས་ཚལ་ཅི་ནས་ཀྱང་། ཁྱེད་ཀྱི་ཡིག་འབྲུ་དང་ལོ་རྒྱུས་ཕྱི་རོལ་ཏུ་འཚོ་བས། ཁ་སང་གི་རི་དང་ལམ་ཕྲན་མང་པོ་ནས། རྔོན་པ་རྒད་པོའི་འདས་དོན་བཙལ་ནས་ཅི་བྱེད།”ཅེས་པའི་ནང་གི་རྡོའི་ལྗོན་ཤིང་དང་། བསམ་གཞིག་གི་ཆག་གྲུམ། རྨས་ཕོག་པའི་ནམ་མཁའ་སོགས་ནི་མཚོན་བྱེད་རང་བཞིན་ཅན་གྱི་ཡིད་བརྙན་རེད། མ་ཟད་གྲུབ་མཐའ་དེའི་ཁྱད་ཆོས་ལྡན་པའི་མཛེས་འཛིན་གྱི་ལྟ་བ་རྐྱང་རེད། དེ་ཡང་། ནུབ་ཕྱོགས་བསྡུས་བརྗོད་རིང་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་པ་ནི་ཧྥ་རན་སིའི་སྙན་ངག་པ་བྷོ་ཏི་ལེའར་ཡིན་ཞིང་། ཁོང་གི་ཚབ་མཚོན་བརྩམས་ཆོས་ནི«མི་དགེའི་མེ་ཏོག»ཅེས་པ་དེ་ཡིན། དེ་ནི་སྙན་ངག་པ་ཁོང་གི་མཛེས་རིག་གི་བསམ་བློ་དང་འབྲེལ་བ་དམ་ཟབ་ལྡན་ཏེ། ཁོང་གིས་བཙོག་པ་ཉིད་མཛེས་པའི་མཐར་ཐུག་ཏུ་བསྙད་པའི་མཛེས་རིག་གི་བསམ་བློ་དང་འབྲེལ་བ་ཡོད། སྤྱིར་བཏང་སྲོལ་རྒྱུན་གྱི་མཛེས་དཔྱོད་ངོས་འཛིན་ལྟར་ན་མི་དགེ་བ་ནི་བཙོག་པ་དང་། དགེ་བ་ནི་མཛེས་པ། མཛེས་པ་ནི་མེ་ཏོག་གི་དཔེར་འཇོག་པ་རེད། སྙན་ངག་པ་ཁོང་གིས་སྲོལ་རྒྱུན་གྱི་མཛེས་དཔྱོད་སྒྲིག་གཞི་དེ་གཏོར་ཏེ་མི་དགེའི་མེ་ཏོག་ཅེས་རང་ཉིད་ཀྱི་མཛེས་རིག་གི་བསམ་བློ་བཏོན་པ་རེད། ད་དུང་ཁོང་གི་སྙན་ཚིག་ཅིག་ཏུ“ཁྱོད་ཀྱིས་ང་ལ་སྐྱག་ལུད་སྤྲོད་དང་། ངས་དེ་ཉིད་གསེར་དུ་བསྒྱུར་ཐུབ”ལྟ་བུ་ཤིན་ཏུ་མང་ངོ་། །
ཡང་གཅན་མེ་སྟག་ནི་ཐད་ཀར་བྷོ་ཏི་ལེའར་གྱིས་ཤུགས་རྐྱེན་ཐེབས་ཡོད་པའམ་གང་ཡིན་ཆ་མ་འཚལ་མོད།གང་ལྟར་གཅན་མེ་སྟག་ལགས་ཀྱི་སྙན་ངག་གསར་རྩོམ་ལ་བྷོ་ཏི་ལེའར་གྱི་ཤུགས་རྐྱེན་ཐེབས་ཡོད་པ་ནི་ཏན་ཏན་རེད། དེ་ཉིད་ཁོང་གི་སྙན་དེབ«ལྷོ་བཞུད་ཀྱི་ཆུ་འཛིན»ཞེས་པར། «བྷོ་ཏི་ལེའར། སྡིག་པའི་མེ་ཏོག»ཅེས་པའི་སྙན་ངག་ཅིག་བྲིས་ཡོད་པ་དང་། «ཚེར་སིལ་སྐྱ་བོ»རུ“ངས་སྙན་ངག་འབྲི་དོན་ནི། བྷོ་ཏི་ལེའར་གྱིས་སྡིག་པའི་མེ་ཏོག་ཅེས་པའི་སྙན་ངག་ཅིག་བརྩམས་པས་ཡིན”ཞེས་པ་གཉིས་ཀྱིས་ཀྱང་གསལ་བཤད་བྱ་ཐུབ་བོ། །གང་ལྟར། མདོར་དྲིལ་ན། གསར་རྩོམ་གྱི་འཕེལ་རིམ་དང་པོའི་སྐབས་ཀྱི་གཅན་མེ་སྟག་ནི་ཐོག་མར་གཞན་གྱི་ཤུགས་རྐྱེན་འོག་ནས་གསར་རྩོམ་ལ་གཞོལ་ཞིང་། དེ་ནས་རིམ་བཞིན་རང་གི་སྒེར་གཤིས་ཀྱི་ཆ་རྩལ་དུ་བཏོན་པའི་སྙན་ངག་པ་ཞིག་སྟེ། «ཉི་ཟླ་རི་བོའི་སྙན་ཚིག»དང«རླུང་རྟ་ནག་པོ» «གླིང་བུ་ཁེར་འབུད»སོགས་ཀྱིས་མཚོན་པའི་སྙན་ངག་དག་ནི་སྙན་ངག་པ་ཁོ་རང་གི་སྒེར་གཤིས་མངོན་པར་གསལ་བའི་བརྩམས་ཆོས་ཁག་ཅིག་ཡིན་ལ། བོད་ཀྱི་རྩོམ་སྟེགས་སུ་གོ་གནས་གལ་ཆེན་ཟིན་པའི་བརྩམས་ཆོས་ཀྱང་ཡིན། རྩོམ་རིག་དཔྱད་བརྗོད་པ་རྒན་ཆོས་སྐྱོང་གིས“བོད་ཀྱི་སྙན་ངག་པའི་ཁྲོད་དུ། གཅན་མེ་སྟག་ནི་སྙན་ངག་གི་ཚིག་ལ་གོམས་ཆེ་ཞིང་སྒྱུ་རྩལ་གྱི་ཚོར་བ་ཤིན་ཏུ་སྐྱེན་པ་ཅན་ཞིག་རེད་འདོད”ཅེས་བཤད་མྱོང་བ་བཞིན་གཅན་མེ་སྟག་གི་སྙན་ངག་ནི་རིམ་གྱིས་རང་ཁྱད་ཅན་དུ་འགྱུར་བ་ཆེས་མགྱོགས་པ་དང་། རང་གཤིས་ཀྱི་ཆ་ཇེ་ཆེ་ནས་ཇེ་ཆེ་རུ་འགྲོ་བཞིན་པ་ཞིག་ཀྱང་རེད། ཁོང་གི་སྙན་དེབ«ལྷོ་བཞུད་ཀྱི་ཆུ་འཛིན»ལྟ་བུར་མཚོན་ནའང་། སྔོན་གྱི་སྙན་ངག་དག་ནི་སྤྱིའི་ཆ་ནས་གོང་དུ་བརྗོད་པ་བཞིན་སྔ་རབས་པའི་ཤུགས་རྐྱེན་གྱི་འོག་ན་ཐར་ཐུབ་ཀྱིན་མེད་ལ།«ཉི་ཟླ་རི་བོའི་སྙན་ཚིག»དང«ལྷོ་བཞུད་ཀྱི་ཆུ་འཛིན»སོགས་ཀྱི་མཚམས་ནས་བཟུང་སྟེ་གཅན་མེ་སྟག་གིས་རང་ལམ་བཙལ་ཞིང་རང་ཉིད་ཀྱི་ཁྱད་གཤིས་དོད་པའི་སྙན་ངག་གསར་རྩོམ་གྱི་མགོ་ཚུགས་པ་རེད།
གཉིས་པ། མགོ་ལོག་གི་འཚོལ་སྙེག་དང་དེའི་དོན་སྙིང་།
གཅན་མེ་སྟག་ཁོང་སྤྱི་ལོ1989ལོར་མཚོ་སྔོན་མི་རིགས་མཐོ་རིམ་དགེ་འོས་སློབ་གླིང་ནས་མཐར་ཕྱིན་རྗེས་མགོ་ལོག་ཏུ་མི་རིགས་སློབ་གསོའི་ལས་ཀ་བསྒྲུབ་ཏུ་བསྐྱོད་ཅིང་། དེ་ལ་སྙན་ངག་པ་གངས་ཞུན་གྱིས“མཐར་ཕྱིན་རྗེས། ངེད་གཉིས་ཀྱིས་ཀྱང་པཎ་ཆེན་རིན་པོ་ཆེས་ངའི་བུ་སློབ་ངོ་མ་ཞིག་ཡིན་ན། བོད་ཡུལ་གྱི་ཆེས་དཀའ་ཁག་ཆེ་སའི་ས་ཆར་བྱ་བ་བསྒྲུབ་ཏུ་སོངས་ཞེས་པའི་བཀའ་གསུང་སྤྱི་བོར་བཅངས་ནས་དཔའ་ཁས་ལེན་གྱིས་མགོ་ལོག་ཏུ་སོང་བ་ཡིན”ཞེས་བྲིས་ཡོད་པར་གཞིགས་ན། གཅན་མེ་སྟག་ཁོང་མགོ་ལོག་ཏུ་འགྲོ་དོན་ཡང་མི་རིགས་སློབ་གསོའི་ཆེད་དང་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་ཆེད་དུ་ཡིན་པ་ནི་བསྙོན་དུ་མེད་པ་རེད། ཡང་གངས་ཞུན་གྱིས“མགོ་ལོག་ཏུ་ཐོན་རྗེས། སྙན་ངག་པས་དུ་བ་འཐེན་རྒྱུ་ཇེ་མང་དུ་སོང་ལ། སྙན་ངག་འབྲི་རྒྱུ་ཡང་ཇེ་མང་དུ་སོང་། མཚམས་རེར་མཚན་མོ་གཉིད་རྒྱུའང་བརྗེད་འགྲོ། ནམ་གསལ་དུས་ཁོ་ད་དུང་སྙན་ངག་གི་ནང་དུ་ཐིམས་ཡོད། ཉིན་ཞིག་ཁོ་སར་འགྲོ་དུས«ཉི་ཟླ་རི་བོའི་སྙན་ཚིག»སོགས་བྲིས་འདུག དེ་ནི་སྤྱི་ལོ1990ལོ་རེད”ཅེས་བྲིས་འདུག གཅན་མེ་སྟག་ལ་མཚོན་ན་མགོ་ལོག་ཏུ་སོང་བ་ནས་བཟུང་ཁོང་གི་གཤིས་ཀ་དང་སྤྱོད་ལམ། འཚོ་བ་རོལ་སྟངས་སོགས་ལ་འགྱུར་བ་ཅུང་ཙམ་བྱུང་ཡོད་པ་འདྲ། གཅིག་ནས་ཕ་ཡུལ་དང་ས་ཐག་རིང་བའི་རྐྱེན་གྱིས་ཁེར་རྐྱང་གི་བསམ་བློ་ཇེ་དྲག་ཏུ་ཕྱིན་པ་དང་། གཉིས་ནས་ཆང་རག་མཆོད་གྲངས་མང་དུ་ཕྱིན་པ། གསུམ་ནས་སྙན་ངག་གི་ཚོར་བའི་ཀློང་དུ་འཁྱམ་པའི་དུས་ཚོད་མང་དྲགས་པ་བཅས་ཀྱིས་ཁོང་གི་འཚོ་བ་དང་སེམས་ཁམས་ཀྱི་སྟེང་ལ་སྐྱོ་སྣང་མང་ཙམ་བསྒོས་ཡོད་པ་དང་། སྙན་ངག་འབྲི་ཚད་ཀྱང་མང་དུ་ཕྱིན་ཏེ་སྐད་ཆ་ཅི་ཡོད་ཚིག་དང་ཐ་སྙད་ལ་བཅོལ་ཏེ་ནང་སེམས་ཀྱི་སྐྱོ་སྡུག་དང་ཁེར་ཆད་གླུ་རུ་བླངས་ཡོད་པ་ནི་བསྙོན་དུ་མེད། ཡང་གཅན་མེ་སྟག་ཁོང་གིས“གཅན་ནི་ཧུར་བརྩོན་ཅན་གྱི་མི་ཞིག་ཡིན་ནའང་ཆེས་མང་བའི་དུས་ཚོད་ནི་སྒྱིད་ལུག་གི་ངང་ནས་སྐྱེལ་བཞིན་ཡོད། དགེ་འོས་ཆེད་སྦྱོང་སློབ་གླིང་ནས་མཐར་ཕྱིན་རྗེས་མགོ་ལོག་ཏུ་བྱ་བ་སྒྲུབ་པར་ཆས། ཡུལ་འདིའི་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་ངོ་མཚར་གྱི་ཡུལ་ལྗོངས་གྲངས་ལས་འདས་ནའང་། འབྲོག་ཐང་གི་གྲོང་རྡལ་ཆུང་བ་འདིར་སླེབས་པ་ནས་སྔར་ལས་ཀྱང་ཁེར་རྐྱང་དུ་གྱུར། «མགོ་ལོག»ཅེས་པའི་སྙན་ངག་ཀྱང་དེ་དུས་བྲིས་པ་ཡིན་ལ། འཚོ་གནས་ཀྱི་འདུ་ཤེས་ཤུགས་དྲག་པའི་སྙན་རྩོམ་རིང་གྲས«ཁྲག་དང་མཆི་མ»ཞེས་པའང་སྐབས་དེར་བྲིས་པ་ཡིན། ཤིན་ཏུ་ཕངས་པ་ལ་སྙན་རྩོམ་ཕྱི་མ་དེ་མ་ཡིག་དང་བཅས་བོར་ཚར་བས་ཀློག་པ་པོའི་གཟིགས་མོར་འབུལ་ཐབས་མ་བྱུང”ཞེས་བྲིས་ཡོད་པར་བལྟས་ན། མགོ་ལོག་གི་ཐུན་མོང་མ་ཡིན་པའི་ས་བབ་དང་གནམ་གཤིས། ཁོར་ཡུག་སོགས་ཀྱིས་སྙན་ངག་པ་ཁོང་གི་ནང་སེམས་ལ་ཁེར་རྐྱང་དང་། སྐྱོ་ཡུས། དྲན་གདུང་སོགས་ཀྱི་ཚོར་བ་ཤུགས་དྲག་པོ་བྱིན་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་རེད། ཁོང་གི་སྙན་ངག«རྨ་རྒྱལ་སྦོམ་རའི་ལེའུ»ཞེས་པ་རུ། “ཕྱིར་བལྟས་ཤིག་ལ། གངས་རི་ནི་མི་ནུབ་པའི་མར་མེ་ཇི་བཞིན། ངའི་ཁེར་རྐྱང་གི་རྣམ་ཤེས་དབུས་ན། ལྷབ་ལྷུབ་འབར།”ཞེས་དང་། ཡང་སྙན་ངག་དེ་རུ། “མགོ་ལོག གནམ་དང་ས་ཡི་མགོ་ལོག འབྲོང་མགོ་གོག་པོ་ཞིག མ་ཎིའི་རྡོ་འབུམ་ཞིག སྟེང་ཤོད་ན་འབར་བའི་ཉི་མ་ཁེར་རྐྱང་ཞིག སྤྲིན་དང་གཡའ་རྡོ་མཉམ་འདྲེས་ཀྱི་ཡུལ་ལྗོངས་ཤིག”ཅེས་མགོ་ལོག་ཏུ་སྡོད་ཡུན་གྱི་དུས་ཚོད་དེའི་ནང་གི་སེམས་ཁམས་དམིགས་བསལ་བ་ཞིག་བྲིས་ཡོད། འདིའི་སྐབས་ཀྱི་མགོ་ལོག་ནི་མགོ་ལོག་ས་ཁུལ་ཙམ་མིན་ལ། འདིའི་སྐབས་ཀྱི་གངས་རི་ཡང་གངས་རི་ཙམ་ཞིག་ག་ལ་ཡིན། འདི་དག་ནི་སྙན་ངག་པའི་ནང་སེམས་ཀྱི་གྲང་ངར་དང་སྐྱོ་ཡུས། ཁེར་རྐྱང་བཅས་ཀྱི་བསྡུས་གཟུགས་ཡིན་པར་སྙམ།
གཅན་མེ་སྟག་གི་སྙན་ངག་ལ་མཚོན་ན་གཙོ་བོ་ཡིད་འགྱུར་ཤུགས་དྲགས་ཤིང་། “གསར་རྩོམ་གྱི་དུས་མཚམས་སྔ་མར། ཚབ་མཚོན་བརྩམས་ཆོས«ལྷོ་བཞུད་ཀྱི་ཆུ་འཛིན»དང་། «ཉི་ཟླ་རི་བོའི་སྙན་ཚིག»ལྟ་བུ་ཡིད་འགྱུར་གྱི་བརྩམས་ཆོས་མང་པོ་བརྩམས། འདི་ནི་ཁོང་གི་གསར་རྩོམ་གྱི་གྲུབ་འབྲས་སྨིན་མཚམས་སུ་སོན་པའི་དུས་མཚམས་ཤིག་སྟེ། འཆར་ཡན་རིང་ལུགས་ཀྱི་སྙན་ངག་པའི་སྒྱུ་རྩལ་གྱི་ལམ་བུར་ཞུགས་ཏེ། ཚོར་བས་བརླན་པའི་སྙན་ངག་ཁམས(རྟོག་ལྗོངས་སམ། ཡིད་ཡུལ)ཀྱི་ཀློང་ནས་ཡིད་འགྱུར་དྲག་པོ་མཚོན་ཞིང་། དམིགས་སུ་རྟོག་འཆར་ཡངས་པོས་བསླངས་པའི་བློས་བསླངས་ངོ་མཚར་གྱིས་སྙན་ངག་གི་རྣམ་པའི་མཛེས་པར་ཚོར་བའི་དཔེ་རིས་ཀྱི་རྗེས་ཤུལ་ཟབ་པ་དེའོ། ། ”གེ་སར་གྱིས“ཡ་ང་བའི་འཚོ་གནས་ཀྱི་ཁོར་ཡུག་དང་། གདུག་རྩུབ་ཀྱིས་ཁེངས་པའི་གནམ་གཤིས། རང་བྱུང་ཁམས་ཆེན་མོའི་རྔམ་བརྗིད་དག་ལ་ཁ་གཏོད་དུས་སུ། ཁོའི་སྙན་ངག་གི་བརྗོད་སྙིང་ཐད་ལའང་འགྱུར་ལྡོག་བྱུང་ཡོད་པ་དང་། བསམ་བློའི་ངོས་ཟིན་དང་སྒྱུ་རྩལ་བློ་སྦྱོང་གི་ཕྱོགས་ནས་ཀྱང་ཐོད་རྒལ་འབྱུང་མགོ་བརྩམས། དུས་སྐབས་འདིར«རྨ་རྒྱལ་སྦོམ་རའི་ལེའུ»དང«ཨ་མྱེས་རྨ་ཆེན་གངས་རི» «མགོ་ལོག»སོགས་སྙན་རྩོམ་ཁག་ཅིག་བྲིས་ཡོད་ལ། “ལོ་རྒྱུས་དང་ཁ་གྱེས་པས། ཕ་ཡུལ་དང་ཁ་གྱེས་ཟིན་ལ། རང་དབང་དང་གནས་ཚང་དྲོན་མོའང་རྒྱང་དུ་བསྐྱུར་ཟིན”ད་དུང“ང་ཚོས་ལོ་རྒྱུས་ཀྱི་འཁྱག་རླུང་ཁངས་འཚུབ་དེད་ནས། སྔར་འདས་ཀྱི་གཟི་བྱིན་རྙེད་དགོས་ལ། ང་ཚོས་ལོ་རྒྱུས་ཀྱི་ཕམ་ཉེས་དང་ན་ཟུག་ཁུར་ནས། འབྱུང་འགྱུར་གྱི་བཤུལ་ལམ་ཡང་རྙེད་དགོས” «རྨ་རྒྱལ་སྦོམ་རའི་ལེའུ»ཞེས་ཕྱིའི་ཁོར་ཡུག་དང་ནང་བསམ་པའི་སྦྱོར་བ་ལས་བྱུང་བའི་སེམས་རྒྱུད་ཀྱི་བྲག་ཅ་རེ་རེ་ནི་ཀློག་པ་པོ་རྣམས་ལ་བཏང་བའི་དྲན་སྐུལ་གྱི་ཅོང་བརྡ་རེ་རེ་ཡིན། མགོ་ལོག་ཏུ་བྲིས་པའི«གངས་རི»དང«གསེར་གྱི་ཉི་མ»«རྨ་རྒྱལ་སྦོམ་ར»སོགས་ནི་གཅན་མེ་སྟག་གི་མགོ་ལོག་གི་འཚོལ་སྙེག་དང་དེ་ལས་རྙེད་པའི་དོན་སྙིང་ཆེ་ཤོས་དེ་ཡིན་ནོ། །

འབྲེལ་ཡོད་འོས་སྦྱོར།