༄༅། །བརྩམས་སྒྲུང«གླུ་སྐད་སྐྱ་བོའི»མིའི་རིགས་རིག་པའི་འཆར་སྒོ་དང་ཚིག་རྒྱན་གྱི་ཐབས་རྩལ་ལ་དཔྱད་པ།
རྩོམ་པ་པོ།:བསེ་ཆང་ཤ་བོ་ཚེ་བརྟན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-06-20
ཀློག་གྲངས།:
གནད་བསྡུས། དཔྱད་རྩོམ་འདིར་བརྩམས་སྒྲུང«གླུ་སྐད་སྐྱ་བོའི»མིའི་རིགས་རིག་པའི་འཆར་སྒོ་སྟེ། རིག་གནས་ཀྱི་སྨན་པའི་རང་བཞིན་མཆིས་པའི་མི་སྣ་ཕུན་ནོར་དང་། གླུ་སྐད་སྐྱ་བོའི་ལྡེམ་དགོངས་སུ་གྱུར་པའི་དེང་རབས་བཟོ་ལས་སྤྱི་ཚོགས་ཀྱིས་བསྐྱེད་པའི་ངན་ཆ། རྗོད་བྱེད་ཀྱི་སྒྲའི་རིགས་སུ་མ་གྱུར་པའི་མི་སྣའི་རྣམ་འགྱུར་དང་ཁོར་ཡུག་གི་བརྡ་ཐབས་ཀྱིས་ད་ལྟའི་སྤྱི་ཚོགས་སུ་བྱུང་བའི་སྣང་ཚུལ་མི་སྡུག་པ་ཁ་ཤས་ཉམས་ལྡན་གྱི་ལམ་ནས་སྟོན་བྱེད་དུ་སྒྲུང་གི་སྒྲིག་གཞིའི་བཀོད་སྒྲིག་དང་། བསྐྱར་ཟློས་ཀྱི་སྒྱུ་རྩལ་ཇི་ལྟར་ལེགས་པར་སྤྱད་ཚུལ་བཅས་ལ་དཔྱད་པ་ལྷུར་བླངས་འདུག
གནད་ཚིག གླུ་སྐད་སྐྱ་བོ། མིའི་རིགས་རིག་པའི་འཆར་སྒོ། ཚིག་རྒྱན། ཐབས་རྩལ།
གླེང་གཞི།
སྐྱབས་ཆེན་བདེ་གྲོལ་གྱི་སྒྲུང་ཐུང«གླུ་སྐད་སྐྱ་བོ»ནི་ཐོག་མར1998ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»འདོན་ཐེངས་བཞི་པར་སྤེལ་འདུག་ཅིང་། 2008ལོར་ཁོང་གི་སྒྲུང་ཐུང་གཅེས་བསྡུས«གླུ་སྐད་སྐྱ་བོ»རུ་བདམས་ཏེ་པར་དུ་བསྐྲུན་འདུག །སྒྲུང་ཐུང་དེ་བྱུང་བ་ནས་བཟུང་ཀློག་པ་པོ་བྱིངས་ཀྱིས་དགའ་བསུ་བྱས་དང་བྱེད་བཞིན་མཆིས་ཤིང་། རྒྱ་ཡིག་དང་བཅས་པའི་མི་རིགས་གཞན་གྱི་སྐད་དུ་བསྒྱུར་པའི་ཚུལ་ཡང་འདུག །སྒྲུང་ཐུང་ཞིག་ལ་དེ་འདྲའི་དོ་སྣང་ཆེ་ཙམ་བྱུང་བ་ནི་སྒྲུང་ཐུང་གང་ལ་ཡོན་ཏན་གྱི་ཕུང་པོ་ཅུང་ཟད་ཆགས་ཡོད་པའི་རྐྱེན་དུ་ངེས་ཤིང་། ལེགས་རྩོམ་དུ་འགྱུར་བའི་ཐོག་མའི་ཆ་རྐྱེན་ཡང་ལྡན་ཟིན་པར་འདོད་དོ། །
སྤྱིར་སྒྲུང་ཐུང་འདིའི་དོན་ཉམས་དང་ཚིག་རྒྱན་གྱི་ཉམས་གཉིས་ཆ་ནས་ལེགས་པར་འདུག་སྟེ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ་ཞེས་པ་ལྟར་སྒྲུང་དུ་བྱུང་བའི་དུས་དང་རྐྱེན་མ་ངེས་པའི་འཆི་བའི་རིགས་དག་དང་། སྙིང་པོ་ཡོད་མེད་ཀྱི་འཚོ་གནས་ཀྱི་རིགས་དག །སྟུང་དུ་མེད་པའི་མངོན་སུམ་དང་རྨི་ལམ་གྱི་བར་ཐག །གཅོད་དུ་མེད་པའི་གཞན་དབང་དང་རང་དབང་གི་བར་ཐག །འདོད་པ་བཙལ་ན་མི་རྙེད་ཅིང་སྡུག་བསྔལ་ངང་གིས་འཁོར་བའི་ཚུལ། དེང་རབས་ཅན་དུ་ཕྱོགས་པར་བརྩམས་ནའང་སྲོལ་རྒྱུན་གྱི་དངོས་པོ་མང་པོ་འབོར་བཞིན་པའི་ཚུལ། ཆ་འཇོག་མེད་པའི་དངོས་པོ་དང་བྱ་བ། དུས་ཚོད་དང་འཚོ་བའི་རྩེད་ཆས་སུ་གྱུར་པའི་ཉམ་ཐག་གི་མིའི་ངང་ཚུལ་ལ་སོགས་པ་མཐོང་དུ་མཆིས་ཤིང་། མདོར་ན། སྒྲུང་ཐུང་འདིར་བརྗོད་འདོད་ཀྱི་དོན་མང་པོ་ཞིག་འདུས་ཡོད་པ་ངོ་མཚར་བའི་གནས་སུ་འདུག་ཅིང་། ཚིག་རྒྱན་གྱི་ཉམས་ལ་བརྟག་ནའང་། དགོངས་དོན་དེ་ཉིད་ཉེ་བར་མཚོན་བྱེད་དུ་དུས་ཀྱི་བཀོད་སྒྲིག་འཚམ་ཞིང་། གཏམ་རྒྱུད་དང་བྱུང་རིམ་སྡེབ་ལེགས་པ། རྩོམ་པ་པོའི་བརྗོད་འདོད་དབང་བཙན་པར་མ་བྱས་པ་ལ་སོགས་པའི་ཁྱད་ཆོས་མཆིས་པར་འདོད་དོ། །
བྱེ་བྲག་ཏུ། རྩོམ་རིག་མིའི་རིགས་པའི་ལམ་ནས་དཔྱད་ནའང་། ད་དུང་ཡང་དོན་ལྡན་གྱི་ཆོས་ཁ་ཤས་དཔྱད་གཞིར་རུང་བས་དེར་འཇུག་པ་ལ་གསུམ་སྟེ། དང་པོ་དོན་ཉམས་བརྟག་པ་དང་། གཉིས་པ་ཚིག་རྒྱན་གྱི་ཉམས་བརྟག་པ་དང་། གསུམ་པ་དཔྱད་སྡོམ་དང་བཅས་སོ། །
དང་པོ། དོན་ཉམས་བརྟག་པ།
གཅིག །རིག་གནས་ཀྱི་སྨན་པ།
རིག་གནས་ཀྱི་སྨན་པ(文化医生)ཞེས་པ་ནི་ནུབ་ཕྱོགས་སུ་རྩོམ་རིག་དང་གསོ་བཅོས་གཉིས་ཀྱི་འབྲེལ་བ་གླེང་དུས་རྟག་ཏུ་བྱུང་བཞིན་པའི་ཐ་སྙད་ཅིག་ཡིན་ལ། རྩོམ་རིག་མིའི་རིགས་རིག་པའི་བརྟག་བྱར་གྱུར་པ་ཞིག་ཀྱང་ཡིན། མིའི་རིགས་རིག་པ་སྨྲ་བ་རྣམས་ཀྱིས་གནའ་བོའི་སྒྱུ་རྩལ་གྱི་བྱེད་ནུས་ལ་འཇུག་པར་རྩོམ་དུས། གནའ་བོའི་དུས་ཀྱི་ལྷ་པའི་ལྷ་སྐད་དང་གཟུངས་སྔགས། འདོན་ཆོག །ལྷ་རབས། ངག་རྒྱུན། གཏམ་རྒྱུད། རོལ་མོ་ལ་སོགས་པའི་རྗོད་བྱེད་ཀྱི་སྒྲ་མང་པོར་ཕྱོགས་གཅིག་ནས་མིའི་སེམས་ནད་གསོ་བའི་ནུས་པ་ལྡན་པར་ཁས་འཆེས་ཤིང་། ལྷག་པར་དུ་དེང་གི་སྙན་ངག་དང་བརྩམས་སྒྲུང་གི་ཕྱི་མོར་གྱུར་པའི་གནའ་བོའི་ལྷ་རབས་དང་སྒྲུང་རབས། གླུ་ཚིག་ཕལ་མོ་ཆེར་སྐབས་ཐོག་དེའི་འཚོ་བའི་གནས་སྐབས་སུ་འགྲོ་བ་མིའི་ཡིད་གདུངས་སེལ་བར་བྱེད་པ་དང་། སེམས་ནད་གསོ་བར་བྱེད་པའི་གསོ་བཅོས་ཀྱི་ནུས་པ་མཆིས་པར་འདོད་པ་ལ་མཁས་པ་རྣམས་ཞལ་མཐུན།
འུ་ཅག་བོད་ལ་མཚོན་ནའང་། དཔལ་ལྡན་རྒྱུད་བཞི་ལས་རྣམ་ཤེས་སྨྱོས་པའི་ནད་ཀྱི་བཅོས་ཐབས་སུ“ཡིད་གདུངས་ཆོས་ནོར་གཏམ་སྙན་གྲོགས་ཀྱིས་གསོ། །”ཞེས་གཏམ་སྙན་ནི་ཡིད་གདུངས་པ་གསོ་ཐབས་སུ་འདྲེན་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི«མིག་ཡིད་རྣ་བའི་དགའ་སྟོན»དུའང་། “ས་བཅུའི་མདོ་འགྲེལ་ལས། སྙན་ངག་དང་། གར་སྟབས་དང་། གཏམ་རྒྱུད་དང་། རོལ་མོ་རྣམས་ནི་ཡིད་མི་བདེ་བའི་གཉེན་པོའོ། །”ཞེས་སྒྱུ་རྩལ་གྱི་རྣམ་པ་དེ་དག་ནི་ཡིད་མི་བདེ་བའི་གཉེན་པོ་ལྟ་བུར་ལགས་ཤིང་། ད་དུང་ནག་ཆུའི་རྒྱུད་དུ་ནད་པ་གནས་སར་སྒྲུང་པ་གདན་འདྲེན་ཞུས་ཏེ་སྒྲུང་འཆད་དུ་བཅུག་པ་ལ་བརྟེན་ནས་ནད་བཅོས་པ་ལ་སོགས་པའི་དཔེ་མཚོན་མང་དུ་མཆིས།
འཇར་མན་གྱི་མཚན་ཉིད་རིག་པ་སྨྲ་བ་ནིས་ཆི་ཡིས་ཁོང་ཉིད་འཚོ་གཞེས་གནང་དུས་ཀྱི་ནུབ་གླིང་གི་རྙོག་འགལ་ཚོམ་འཁྲུག་ཏུ་གྱུར་པའི་རིག་གནས་ཀྱི་གནས་སྟངས་ཉམ་ང་བ་དེར་དམིགས་ཏེ་དཔེ་ཆའི་མཚན་བྱང་ལ«རིག་གནས་ཀྱི་སྨན་པ་བྱ་བའི་མཚན་ཉིད་རིག་པ་བ»ཞེས་པ་ཞིག་བརྩམ་པར་འདོད་པ་ཁོང་གི་ཟིན་བྲིས་སུ་བཀོད་ཡོད་པ་ལྟ་བུའོ། །
ཡང་ཡང་བརྟག་ཅིང་དཔྱད་ན། སྒྲུང་ཐུང་འདིར་བྱུང་བའི་མི་སྣ་ཕུན་ནོར་ལ་རིག་གནས་ཀྱི་སྨན་པའི་ཁྱད་ཆོས་ལྡན་པར་འདོད་དེ། རྩོམ་པ་པོས་ཁོང་གི་རིག་གནས་ཀྱི་གཤིས་ཀ(知识性格)ཇི་ལྟར་གྲུབ་པ་ལ་སོགས་པ་བྲིས་མེད་ནའང་། བུ་མོ་པད་མས་ཁོང་གིས་བརྩམས་པའི་གླུ་ཚིག་དང་དབྱངས་རྟ་ཚེ་ཡི་འདུ་བྱེད་མ་བཏང་བར་དུ་བརྗེད་དུ་མེད་པ་དང་། གླུ་དབྱངས་དེའི་རྐྱེན་གྱིས་ལྷ་སར་ཡང་འགྲོ་འདོད་ཀྱི་བློ་མེད་པར་ཕུན་ནོར་ལ་ཞེན་ཆགས་ཏེ་འཚོ་བ་དང་བརྩེ་དུང་། རང་དབང་ལ་སོགས་པར་ཡིད་ཆེས་སྐྱེས་པ་ལས་ཤེས་ཐུབ།
སྒྲུང་ལས། “བསྟུད་མའི་ཉིན་ཁ་ཤས་ཀྱི་རིང་ལ་ཁོས་ཁོ་མོར་འཛམ་གླིང་དུ་གྲགས་པ་འབར་བའི་རོལ་མོ་བ་རླབས་ཆེན་དག་གི་ལོ་རྒྱུས་ཐར་ཐོར་རེ་གླེང་ཞོར་རིགས་མི་འདྲ་བའི་རོལ་མའི་བརྩམས་ཆོས་མང་པོ་མཚམས་སྦྱོར་བྱས་ལ་དེ་མཚུངས་སུ་རོལ་མོ་དང་འབྲེལ་བ་ཡོད་པའི་མཛེས་རིས་དང་སྙན་ངག་གི་སྐོར་ཡང་མང་པོ་ཞིག་བཤད་མྱོང་། དེའི་རྐྱེན་གྱིས་ཁོ་མོའི་མིག་ཟུང་དང་མགྲིན་པ། དགའ་སྐྱོ་ཆགས་སྡང་སོགས་ལུས་ངག་ཡིད་གསུམ་གྱི་གྲུབ་ཆ་ཚང་མ་དྭངས་ཤིང་བསིལ་བའི་ཁྲུས་ཆབ་ཀྱིས་བཀྲུས་པ་ལྟར་གཙང་ཞིང་ལྷད་མེད་པ་ཞིག་ཏུ་གྱུར་པར་མ་ཟད་འཇིག་རྟེན་འདིར་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་བར‘བརྩེ་དུངས’ལས་གཞན‘རང་དབང’ཞེས་པ་ཞིག་དགོས་པའི་དོན་སྙིང་ཡང་ཐོག་མར་རྟོགས་པ་རེད།” ཅེས་བུ་མོ་པད་མའི་རང་དབང་དང་བརྩེ་དུང་བཅོལ་སའི་གླུ་དབྱངས་དེས་མོའི་སྐྱིད་ལ་སྡུག་པའི་མི་ཚེ་འཁྱོལ་རོགས་བྱས་པ་དང་། དེ་ལས་ཀྱང་རྒྱ་ཆེ་ས་ནས་བཤད་ན། སྒྱུ་རྩལ་གྱི་ཁུར་བསྣམས་པའི་མི་སྣ་ཕུན་ནོར་ལྟ་བུ་ནི་མི་རིགས་གང་དེའི་སྤྱི་ནོར་དུའང་བསམ་ཆོག་སྟེ། དུས་སྡུག་ཡུལ་སྡུག་དང་ཆག་ཆེ་ཉམ་ངའི་དུས་སུ་སྒྱུ་རྩལ་གྱི་རིགས་སུ་གྱུར་པའི་ཆོས་དག་གིས་མི་རྣམས་ལ་སྙིང་སྟོབས་ཀྱི་ངར་སྟེར་བ་དང་། ཡིད་ཀྱི་རྨ་གསོ་བ། རིན་ཐང་གི་སྒྲིག་རིམ(价值秩序)མི་འཆོལ་བར་བྱས་པ། སྤྱི་པའི་འདོད་འདུན་གྱི་གོང་བུ་གཅིག་ཏུ་སྒྲིལ་བར་བྱས་པ་ལ་སོགས་པའི་བྱེད་ནུས་ཁྱད་པར་ཅན་ཞིག་ལྡན་པས་སོ། །
ཤེས་བྱ་སྤྱི་ཚོགས་རིག་པའི(知识社会学)ལམ་ནས་དཔྱད་ན། མར་ཁེ་སི·ཧྲི་ལིས། “དེར་བརྟེན། ལྷ་རབས་དང་། སྒྱུ་རྩལ་དང་སྒེར་པའི་ཟུར་ནས་མཐོང་བའི་སྒྲིག་གཞི་ངེས་གཏན་མེད་པའི་བྱིས་སྒྲུང་དང་། ‘རང་བྱུང་གི’མི་རིགས་ཀྱི་སྐད་ཆ། མི་རིགས་ཀྱི་རོལ་དབྱངས། མི་རིགས་ཀྱི་ཆོས་ལུགས། ཡུལ་སྲོལ། ཀུན་སྤྱོད། གྱོན་གོས་ཀྱི་རྣམ་པ་ཐམས་ཅད་པོ་ནི་སྤྱི་པའི་རྣམ་ཤེས(群体灵魂)ཀྱི་རིགས་འདིའི་སྟེང་ནས་བསྐྲུན་པ་དང་། ཡིན་ནའང་། རྒྱལ་ཁབ་དང་། ཁྲིམས་ལུགས། བརྗིད་པའི་ངག་སྦྱོར། མཚན་ཉིད་རིག་པ། སྒྱུ་རྩལ། ཚན་རིག །སྤྱི་པའི‘ཚོགས་པའི་གླེང་ཕྱོགས’བཅས་ནི་སྤྱི་པའི་བསམ་བློ(群体精神)ཡི་རིགས་འདིའི་སྟེང་ནས་བསྐྲུན་པ་ཡིན།” ཞེས་སྤྱི་ཚོགས་རིག་པ་སྨྲ་བ་ཁོང་གིས་མི་རིགས་གང་གི་སྤྱི་པའི་བསམ་བློ་འབྱུང་བའི་རྒྱུ་དང་། དེ་དང་སྤྱི་ཚོགས་གཉིས་ཀྱི་འབྲེལ་བར་བརྟག་པའི་རིག་གཞུང་གི་ལྟ་དགོངས་ལ་གཞི་བཅོལ་ན། སྒྲུང་ཐུང་འདིའི་ནང་གི་མི་སྣ་ཕུན་ནོར་ནི་སྒྱུ་རྩལ་གྱི་ལས་ཀའི་ཁུར་འཛིན་མཛད་དེ་སྤྱི་ཚོགས་ཀྱི་ཤེས་བྱ་ཐོན་སྐྱེད་བྱེད་མཁན(知识生产者)ཞིག་དང་། ཤེས་བྱ་དེ་ལ་བརྟེན་ནས་ཡུལ་ལུང་དང་ཚོགས་པ་གང་གི་སྤྱི་པའི་བསམ་བློ་བརྟན་པར་བྱེད་པ་དང་། མི་རྣམས་ཀྱི་རིན་ཐང་གི་སྒྲིག་རིམ་ལེགས་པར་གནས་པ་ལ་བརྩོན་འགྲུས་རྩོམ་མཁན་ཞིག་གོ །
དེ་བས། རྟོག་བཟོས་བཞེངས་པའི་མི་སྣ་ཕུན་ནོར་སྤྱི་ཚོགས་བདེ་བྱེད་དང་མི་རྣམས་ལེགས་ལམ་དུ་བཀྲི་བའི་བྱེད་པོ་ནུས་ལྡན་ཞིག་གི་ཚབ་ཏུ་བཞེངས་པ་ནི་སྒྲུང་ཐུང་འདིར་དོན་གྱི་ཤོང་ཚད་ཆེ་བའི་ཤེས་བྱེད་དང་། མིའི་རིགས་རིག་པའི་གཞུང་དུ་བཤད་པའི་རིག་གནས་ཀྱི་སྨན་པའི་རང་བཞིན་མཆིས་པའི་སྒྲུབ་བྱེད་ཀྱང་ངོ་། །
གཉིས། གླུ་སྐད་ཀྱི་གསང་བ།
སྐྱབས་ཆེན་བདེ་གྲོལ་གྱི་སྒྲུང་རྩོམ་མི་ཉུང་བ་ཞིག་གི་ནང་དུ་མི་སྣའི་བྱ་བྱེད་གླུ་དབྱངས་དང་འབྲེལ་བའི་བརྗོད་དོན་དྲངས་པ་ཅན་མང་། རྟོག་བཟོའི་བརྩམས་ཆོས་ཀྱི་ནང་དུ་བརྗོད་དོན་དེ་རིགས་དང་འབྲེལ་བའི་གཏམ་རྒྱུད་མང་དུ་བྱུང་བ་ནི་རང་བཞིན་གྱིས་སམ་ཡང་ན་དེ་ལས་ལྡོག་པ་གང་ཡིན་ཆ་མི་འཚལ་ནའང་། ཚུལ་དེ་ནི་ཁོའི་སྒྲུང་རྩོམ་གྱི་སྤྱིའི་ཁྱད་ཆོས་བརྟག་པ་ལ་ཕན་ཐོགས་ཆེ་བར་སྙམ།
དངོས་པོ་གང་ཞིག་སྒྲུང་རྩོམ་མང་པོར་ཡང་དང་བསྐྱར་དུ་ཟློས་པའི་ཚུལ་གྱིས་བྱུང་བ་དེ་ནི་ཨ་མེ་རི་ཁའི་སྒྲིག་གཏོར་རིང་ལུགས་ཀྱི་མཐའ་དཔྱོད་སྨྲ་བJ.ཧེ་ལེ་སི·མེལ་ལིར(J.Hillis Miller J.希利斯·米勒)གྱི་དགོངས་པ་ལྟར་ན། བསྐྱར་ཟློས་ཀྱི་རིགས་གསུམ་པ་སྟེ། བརྩམས་ཆོས་གཅིག་དང་ཐ་དད་པ་དེ་གཉིས་ཀྱི་བརྗོད་དོན་དང་། ཀུན་སློང་། མི་སྣ། བྱ་བ་བཅས་ཟློས་པ་ཅན་གྱི་རིགས་སུ་འགྲོ་བས། སྐྱབས་ཆེན་བདེ་གྲོལ་གྱི་སྒྲུང་རྩོམ་དུ་གླུ་དབྱངས་དང་འབྲེལ་བའི་བྱ་བ་མང་དུ་ཟློས་པའང་ཁོའི་ཚིག་རྒྱན་གྱི་ཐབས་རྩལ་བྱེ་བྲག་པ་ཞིག་ཏུ་བལྟར་རུང་ངོ་། །
སྒྲུང་ཐུང་འདིའི་མི་སྣ་གཙོ་བོར་གྱུར་པའི་བུ་མོ་པད་མའི་བྱ་བྱེད་སེམས་ཁམས་ལ་སོགས་པའང་གླུ་དབྱངས་ཤིག་དང་འབྲེལ་བ་ཅན་ཞིག་སྟེ། འོན་ཀྱང་གླུ་དབྱངས་དེའི་ཚིག་སྦྱོར་དང་དབྱངས་རྟ་ཡང་སྙིང་ཅི་ལྟ་བུ་ཞིག་ཡིན་པ་སྒྲུང་དུ་གསལ་པོར་བསྟན་མེད་ནའང་། དེ་ནི་རང་དབང་དང་བརྩེ་དུང་གི་ཁམས་སུ་མངོན་པར་ཕྱོགས་པ་ལ་བློ་ཤེད་སྩོལ་ནུས་པ་ཅན་ཞིག་དང་། “བླངས་ཀྱིན་བླངས་ཀྱིན་ཁོ་མོའི་རྐང་མཐིལ་ནས་ཀླད་པའི་བར་གྱི་ཁྲག་རྩ་དྲོད་ཀྱིས་བཟུང་ཞིང་སྤྲིན་དཀར་ལེབ་མོ་རེ་རེའི་བར་གསེང་ནས་ཀ་བ་ལྟར་དྲང་བའི་འོད་ཐིག་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་བསྲིངས་འོངས”ཞེས་དྲོད་དང་ཡིད་ཆེས་སྟེར་བར་བྱེད་པ་ཅན་ཞིག་དང་། “ཡིན་ནའང་སྔོན་དང་མི་འདྲ་བ་ནི་ཁོའི་གླུ་ཚིག་ཕལ་ཆེ་བའི་ནང་དོན་གཡུ་དང་བྱུ་རུར་བསྟོད་པ་ཤ་སྟག་ཡིན་ལ་ལེན་དུས་ཀྱང་དེ་ཙམ་གཟབ་ནན་མི་བྱེད་པར་དྲེལ་རྒྱབ་ཏུ་བཀལ་བའི་གཡུ་དང་བྱུ་རུའི་ཕྱོགས་ལ་ཟུར་མིག་ཡང་ཡང་འཕེན”ཞེས་རྒྱུ་ནོར་ལ་རྔམ་པའི་གླུ་བ་མིག་ཚེའི་སྙིང་པོས་དབེན་པའི་གླུ་དེ་འདྲ་དང་ལྡོག་པ་ཅན་ཞིག་དང་། པད་མའི་ཨ་ཅེ་སྒེག་མས་གར་སྟེགས་སུ“«སེམས་པ་ཧ་ཅང་གཉོམ»(心太软)ཟེར་བའི་རྒྱ་སྐད་ཀྱི་གླུ་དབྱངས་དེ་སེམས་འགུལ་ཚད་མེད་ཐེབས་པའི་ཚུལ་གྱིས་ལེན་གྱིན་འདུག”ཅེས་འཚོ་བའི་བྲན་དུ་གྱུར་པས་ནམ་ཞར་གླུ་དབྱངས་དང་རང་དབང་གི་མཛེས་པ་མི་ངེས་པའི་གླུ་དབྱངས་དེ་འདྲ་མ་ཡིན་པར། རྣམ་པ་ཐམས་ཅད་དུ་ཡིད་གདུངས་སེལ་བར་བྱེད་པ་དང་། ཤེས་བྱ་འཐོབ་པར་བྱེད་པ། མི་ཚེའི་སྐྱོ་བ་ཞི་བར་བྱེད་པ། རིག་གནས་ཀྱི་རྐང་འཛིན་པ་ལ་ཐབས་དང་ཤེས་རབ་ཀྱི་ངར་ལྡུད་པར་བྱེད་པའི་གླུ་དབྱངས་ཁྱད་པར་ཅན་ཞིག་ཡིན་པ་ཤེས་ཐུབ།
ཡིན་ནའང་། སྔོན་གྱི་གླུ་སྐད་སྙན་མོ་དེ་སྤྱི་ཚོགས་འཕེལ་འགྱུར་དང་། མི་གཤིས་ཁྲ་ཁྲ། ཟང་ཟིང་འཁྲུག་ལོང་ལ་སོགས་པའི་རྐྱེན་གྱིས་མཐའ་མར་གླུ་སྐད་སྐྱ་བོ་ཞིག་ཏུ་གྱུར་པའི་ཚུལ་ནི་ངེད་ཅག་ཀློག་པ་པོས་བསམ་མནོ་གཏང་དགོས་ས་དེའོ། །
མདོར་ན། སྒྲུང་ཐུང་འདིའི་ནང་གི་བུ་མོ་པད་མས་ཐོག་མར་སྤྲོ་སྣང་གིས་འཇུག་པ་དང་བར་དུ་ཞེན་རིག་གིས་དྲན་པ། མཐའ་མར་རྩོམ་པ་པོས་སྔོན་དཔག་གི་ཚུལ་དུ་བསྟན་པའི་སྐྱ་བོར་གྱུར་བའི་གླུ་སྐད་དེ་ནི་གཟུགས་རྒྱན(隐喻)ཟབ་མོ་ཞིག་སྟེ། དེའི་ངོ་བོའམ་ཚུལ་ཅན་གཞན་ཞིག་ནི། དེང་རབས་ཀྱིས་བསྐྱེད་པའི་ཟིང་ལོང་གི་སྤྱི་ཚོགས་སུ་སྒྱུ་རྩལ་གྱི་མཛེས་སྡུག་བསྙེགས་པའི་ཕུན་ནོར་ལྟ་བུ་ཁྱད་དུ་གསོད་པ་དང་། མི་ཚེའི་སྙིང་པོ་མ་ངེས་པའི་གླུ་བ་མིག་ཚེ་ལྟ་བུ་ཟང་ཟིང་གིས་བྲིད་པ་དང་། ཕུགས་བསམ་དང་རྩིས་ཐང་གིས་བཏང་བའི་པད་མའི་ཨ་ཅེ་སྒེག་མ་ལྟ་བུ་གཞན་དབང་དུ་གྱུར་པ་དང་། དེ་ལྟར་མི་རེ་རེའི་སྒོ་གསུམ་དུ་འཐིམས་པའི་རང་ཅག་གི་སྤྱི་ཚོགས་ཀྱི་ཤེས་བྱ་རང་མཚན་པ་དེ་ཉིད་ཡུལ་དུས་ཟིང་ཅན་གྱི་ཁྲོད་ནས་གོད་ཆག་ཐེབས་པའི་མགོ་བརྩམས་ཤིང་། ཚུལ་དེ་མ་བཟོད་པར་རྩོམ་པ་པོས་རྟོག་བཟོ་དང་སྒྱུ་འཕྲུལ་གྱི་ལམ་ནས་ཀློག་པ་པོར་སྐྱོ་ཤས་ཀྱི་སྣང་བ་ཞིག་བསྟབས་པ་ནི་གླུ་སྐད་དེའི་གསང་བ་དང་། གླུ་སྐད་སྐྱ་བོའི་ལྡེམ་དགོངས་ཀྱང་ཡིན་པར་སྙམ་མོ། །
གསུམ། རྗོད་བྱེད་ཀྱི་སྒྲའི་རིགས་སུ་མ་གྱུར་པའི་བརྡ་ཐབས།
རྗོད་བྱེད་ཀྱི་སྒྲའི་རིགས་སུ་མ་གྱུར་པའི་བརྡ་ཐབས་ཞེས་པ་ནི་ཁ་ན་ཏའི་རྩོམ་རིག་མིའི་རིགས་རིག་པ་སྨྲ་བ་པོ་ཧྥེ་ཨར་ནན་ཏོ·ཕོ་ཡ་ཐོ་སིས(Fernando Poyatos,菲尔南多·波亚托斯)སྒྱུ་རྩོམ་དུ་བྱུང་བའི་རིག་གནས་ཀྱི་རྒྱུ་བསྔོག་པ་ལ་རྩོམ་ཆོས་ནང་གི་སྐད་ཆ་མ་ཡིན་པའི་དོན་གཞན་དག་སྟེ། སྐད་ཆ་ལས་འགོངས་པའི(Paralanguage)བྱེད་པ་དང་། མིའི་ལུས་ཕུང་གི་སྟངས་སྟབས་དང་། ཆ་ལུགས་དང་། རྣམ་འགྱུར་ལ་སོགས་པར་དཔྱད་ཞིབ་གནང་སྟེ། རྩོམ་རིག་མིའི་རིགས་རིག་པའི་དཔྱོད་ཐབས་གསར་པ་ཞིག་ལེགས་པར་བཏོད།
ཁོང་གིས“བརྩམས་སྒྲུང་ནི་རིག་གནས་བྱེ་བྲག་པའི་ཡུལ་དུས་ཀྱི་ཆ་ཤས་ཤིག་ཡིན་ལ། རིག་གནས་དེ་ནི་གང་ལྟར་ཡང་སྐད་ཆ་དང་སྐད་ཆ་མ་ཡིན་པའི་གཟུགས་བརྙན་དང་། མི་དང་ཁོར་ཡུག་ཕན་ཚུན་རྐྱེན་བྱས་པ་ལ་བརྟེན་ནས་མངོན་པར་སྣང་འོང་། སྐད་ཆ་ལས་འགོངས་པའི་མི་སྣ་དང་ཁོར་ཡུག་གི་བརྡ་ཐབས་ཚང་མ་གཞི་རྒྱ་ཆེ་ལ་འཕེལ་རྒྱས་མྱུར་བའི་སྐད་ཆ་མ་ཡིན་པའི་འབྲེལ་འདྲིས་ཀྱི་ཞིབ་འཇུག་གི་ཁྱབ་ཁོངས་སུ་ཡོད། མི་མང་པོ་ཞིག་གིས་སྐད་ཆ་མ་ཡིན་པ་ཞེས་པའི་ཚིག་འདི་ལ་དང་བ་ལྷོད་པར་འགྱུར་ནའང་། ངས་ནི་སྐད་ཆ་མ་ཡིན་པའི་འབྲེལ་འདྲིས་ཀྱི་མཚན་ཉིད་གཏན་ལ་དབབ་པར་བྱ་སྟེ། སྐད་ཆ་མ་ཡིན་པའི་འབྲེལ་འདྲིས་ཞེས་པ་ནི། རིག་གནས་གང་དུ་མཆིས་པའི་སྐྱེས་བུའི་རྗོད་བྱེད་ཀྱི་སྒྲ་མ་ཡིན་པའམ། ལུས་ཕུང་ངམ། མིས་བཟོས་པའམ། ཁོར་ཡུག་བཅས་ཀྱི་བརྡ་ཐབས་ལས་བྱུང་བའི་ཚོར་ཤེས་ཀྱིས་ཟིན་ཏུ་ཡོད་པའི་བརྡ་ཐབས་ཡོད་དོ་ཅོག་ལ་བྱ། དེ་ནི་སྒེར་དང་ཚོགས་པ་གང་རུང་གིས་བརྒྱུད་སྤྲོད་བྱས་པའམ། བརྒྱུད་སྤྲོད་འདི་དག་གིས་བྱེད་པ་གང་ཞིག་གྲུབ་མ་གྲུབ་གང་རུང་ངམ་མི་དང་མིའི་བར་འབྲེལ་བ་བསྐྲུན་མིན་ཇི་ལྟར་ཡང་དེ་ལྟར་རོ། །”ཞེས་གསུངས།
དེ་ལྟར། ཁོང་གིས་མིའི་རིགས་རིག་པ་སྨྲ་བའི་དཔྱོད་ལྡན་དག་གིས་སྣང་མེད་དུ་བསྐྱུར་པའམ་མཉམ་མ་བཞག་པའི་ཆ་སྟེ། སྐད་ཆ་མ་ཡིན་པའི་ལུས་ངག་གི་རྣམ་འགྱུར་དང་ཆ་ལུགས་ལ་བློ་ཞིབ་མོས་གཞལ་ཏེ་དེའི་བྱེད་ནུས་དང་། བརྩམས་ཆོས་ཀྱི་ཉམས་ཁྱད་པར་ཅན་འགྲུབ་པ་ལ་དེ་དག་གི་ཡོན་ཏན་གལ་ཆེ་བའི་གནས་ལུགས་གསལ་བར་བྱས།
ད་ཆའི་བོད་ཀྱི་བརྩམས་སྒྲུང་ལ་དཔྱད་པ་གཏོང་མཁན་ཚོས་སྒྲུང་དུ་བྱུང་བའི་རྗོད་བྱེད་ཀྱི་སྒྲའི་རིགས་སུ་མ་གྱུར་པའི་དངོས་པོ་དག་ལ་མཉམ་བཞག་པ་ཧ་ལམ་མེད། ཡིན་ནའང་། དངོས་པོ་དེ་དག་གིས་བརྩམས་སྒྲུང་གི་དགོངས་དོན་རྫོགས་པར་བྱེད་པའམ། ཚིག་རྒྱན་གྱི་ཉམས་བཟང་པོ་ཐོན་པར་བྱེད་པའམ། རིག་གནས་ཀྱི་སྦས་དོན་གསལ་བར་བྱེད་པ་ལ་སོགས་པར་ནུས་པ་གང་འཚམ་ཞིག་བྱུང་ཡོད་པ་ནི་ལྐོག་ཏུ་མ་གྱུར་པའི་དོན་ཞིག་ཡིན།
གླེང་མ་ཐག་པའི་ཕོ་ཡ་ཐོ་སིའི་རྩོམ་རིག་མིའི་རིགས་རིག་པའི་དཔྱོད་ཐབས་དེ་ལ་གཞི་བཅོལ་ཏེ་ཅུང་ཟད་བརྟག་ན། སྒྲུང་ཐུང་འདིའི་རྗོད་བྱེད་ཀྱི་སྒྲའི་རིགས་སུ་མ་གྱུར་པའི་བརྡ་ཐབས་གཙོ་བོ་གསུམ་གྱིས་རྩོམ་པ་པོའི་དགོངས་དོན་གྱི་ཆ་ལག་ཁ་ཤས་ངེས་པར་བྱེད་པ་ལ་ཉི་མ་མེ་གྲོགས་ཀྱི་ནུས་པ་ཐོན་འདུག་པར་སྙམ་སྟེ། དང་པོ་ཕུན་ནོར་ཉེན་རྟོག་པས་བཙོན་དུ་འཛིན་དུས་ཉེན་རྟོག་པ་དེས་གམ་དུ་ཡོད་པའི་པད་མ་ལ་རྣམ་འགྱུར་ཞིག་བསྟན་པ་ནི་སྒྲུང་ལས། “ཁོའི་དཔུང་བར་དམ་དུ་འཇུས་པའི་ཉེན་རྟོག་པ་དེས་ཁོ་མོའི་ཕྱོགས་སུ་ཆགས་སྲེད་དང་ཁེངས་དྲེགས་ཀྱིས་གྲུབ་པའི་མིག་ཟུང་གཏད།” ཅེས་ཉེན་རྟོག་པ་ག་གེ་མོའི་ཚངས་པར་མི་སྤྱོད་པའི་རྣམ་འགྱུར་དེས་དེང་གི་སྐྱི་གཡའ་བའི་ལོག་སྤྱོད་དང་དབང་ཤེད་ཀྱིས་བསྐྱེད་པའི་སྤྱི་ཚོགས་ཡ་མ་བརླ་གང་གི་ཉམས་ཉེས་མཚོན་བཏུབ་པར་འདོད་པ་དང་། གཉིས་པ་པད་མ་ལམ་བར་ཞིག་ནས་མིག་ཚེ་དང་འཕྲད་ཅིང་། མོས་ཁོ་ལ་གླུ་ཞིག་ལེན་པར་ཞུ་བ་ཕུལ་ཏེ་མིག་ཚེས་གླུ་ཞིག་བླངས་ཀྱང་སྔོན་མ་དང་མ་འདྲ་བ་ཞིག་བྱུང་བ་ནི་སྒྲུང་ལས། “པད་མས་ཅུང་ཟད་ཉམ་ཐག་པའི་ཚུལ་གྱིས་ཞུ་བ་བྱས་པས་ཁོས་གླུ་ཞིག་བླངས་བྱུང་། ཡིན་ནའང་སྔོན་དང་མི་འདྲ་བ་ནི་ཁོའི་གླུ་ཚིག་ཕལ་ཆེ་བའི་ནང་དོན་གཡུ་དང་བྱུ་རུར་བསྟོད་པ་ཤ་སྟག་ཡིན་ལ་ལེན་དུས་ཀྱང་དེ་ཙམ་གཟབ་ནན་མི་བྱེད་པར་དྲེལ་རྒྱབ་ཏུ་བཀལ་བའི་གཡུ་དང་བྱུ་རུའི་ཕྱོགས་ལ་ཟུར་མིག་ཡང་ཡང་འཕེན།” ཅེས་མིག་ཚེས་གླུ་ལེན་དུས་དྲེལ་རྒྱབ་ཀྱི་གཡུ་དང་བྱུ་རུར་ཆགས་པའི་རྣམ་འགྱུར་རྒོད་བྲོ་བོ་དེས་རིག་གནས་ཀྱི་གཟི་བྱིན་རང་བཞིན(神圣性)(སྒྲུང་ཐུང་འདིའི་ནང་གི་གླུའི་རང་བཞིན་ནི་རིག་གནས་ཀྱི་བག་ཆགས་དང་རིག་གནས་ཀྱི་དྲན་པ་ལ་གོ་ཆོག་པས་སོ། །)ལ་དམའ་ཕབ་པའམ་ཟིང་ལོང་གི་སྤྱི་ཚོགས་སུ་རིན་ཐང་གི་གོང་ཐང་གཅོད་ཚུལ་ལ་བརྡབ་གསིག་ཐེབས་པའི་སྣང་ཚུལ་སྐྱི་གཡའ་བ་ཞིག་མཚོན་ནུས་པར་འདོད།
གསུམ་པ་ཁོར་ཡུག་གི་བརྡ་ཐབས་ཤིག་སྟེ། པད་མ་གསེར་གྱི་རྒྱ་ཕིབས་ལ་ཉི་འོད་འཁྱུད་ཅིང་རྡོ་ཡི་རྩིག་པ་ལ་བརྗིད་ཉམས་རྒྱས་པའི་ལྷ་ཁང་ཆེན་པོ་ཞིག་ཏུ་སླེབས་པ་ན་སྒྲུང་ལས། “མ་གཞི་ལྷ་ཁང་འདིའི་ནང་དུ་ལྷ་ཁང་ནང་ཡོད་འོས་པའི་སྐུ་འདྲ་དང་ཆོས་དཔེ། ལྡེབས་རིས་དང་མར་མེ་སོགས་ཅི་ཡང་མེད་པར་ཆ་ལུགས་གཅིག་པའི་མི་མང་པོ་ཞིག་གིས་ཤིང་གཏུབས་པ་དང་ལྕགས་བཞུ་བ། སྨན་རྫས་སྣ་ཚོགས་སྡེབ་སྦྱོར་བྱེད་པ། རྩིས་འཁོར་བཀོལ་བ་སོགས་ལས་ཀ་སྣ་ཚོགས་སྒྲུབ་བཞིན་པར་མ་ཟད་ཐ་ན་སྐམ་ལུག་ཀྱང་བཤའ་བཞིན་འདུག” ཅེས་ཁོར་ཡུག་གི་བརྡ་ཐབས་འདི་ལས་པད་མ་བོད་ཡུལ་གྱི་དགོན་པ་ག་གེ་མོ་ཞིག་ཏུ་གནས་པ་ཤེས་ཐུབ་པས་ཡུལ་གསལ་བར་བྱས་པ་དང་། དེ་ནས་རིག་གནས་ཀྱི་ཕུང་པོ་འདུས་པའི་ཡུལ་དེ་ན་ཡོད་འོས་པའི་དངོས་པོ་དག་མེད་པར་བཟོ་ལས་དཔལ་ཡོན་གྱི་མཚོན་བྱེད་དུ་སྣང་བའི་དངོས་པ་དེ་དག་གིས་ཡུལ་ལུང་བྱེ་བྲག་པའི་རིག་གནས་དེའི་རྒྱུན་གཅོད་པར་རྩོམ་པའི་སྤྱི་ཚོགས་ཀྱི་གནད་དོན་ཆེན་པོ་ཞིག་རྟོགས་ནུས་པ་ཡིན།
མདོར་ན། སྒྲུང་དུ་བྱུང་བའི་རྗོད་བྱེད་ཀྱི་རིགས་སུ་མ་གྱུར་པའི་ཉེན་རྟོག་པའི་འཆལ་སྤྱོད་དང་དབང་ཤེད་མཚོན་པའི་རྣམ་འགྱུར་དང་། མིག་ཚེའི་རིག་གནས་ཀྱི་གཟི་བྱིན་རང་བཞིན་ལ་དམའ་ཕབ་པའི་རྣམ་འགྱུར། མི་ཟད་པའི་ཉམ་ཆག་ཐེབས་པའི་དགོན་པའི་ཁོར་ཡུག་གི་བརྡ་ཐབས་བཅས་ཀྱིས་སྒྲུང་ཐུང་འདིའི་དགོངས་དོན་ངེས་པ་ལ་ནུས་པ་ཆེན་པོ་ཞིག་ཐོན་ཡོད་པར་སྙམ་ལ། ང་ཚོའི་ཁྲག་གི་རྒྱུན་དང་རུས་པའི་གསེང་ལ་འཐིམས་པའི“གླུ་སྐད”གཟི་བྱིན་ཅན་དེ་ཉིད་གླུ་སྐད་སྐྱ་བོ་རུ་གྱུར་དང་འགྱུར་བཞིན་པའི་སྣང་ཚུལ་རྗོད་བྱེད་ཀྱི་སྒྲའི་རིགས་སུ་མ་གྱུར་པའི་མི་སྣའི་རྣམ་འགྱུར་དང་ཁོར་ཡུག་གི་བརྡ་ཐབས་དེ་དག་གིས་ཀྱང་ཉེ་བར་མཚོན་པ་ལ་གྲོགས་བྱས་འདུག་སྙམ་མོ། །
གཉིས་པ། ཚིག་རྒྱན་གྱི་ཉམས་བརྟག་པ།
སྒྲུང་ཐུང་འདིར་གོང་སྨོས་བཞིན་དོན་གྱི་འདུས་ཚད་ཆེ་བར་འདོད་པ་ནི་མཐར་གཏུགས་ན་ཚིག་རྒྱན་གྱི་ཐབས་རྩལ་ཡག་པོ་འཁྱོངས་པའི་འབྲས་བུར་ཡང་ངེས། སྤྱིར་སྒྲུང་ཐུང་འདིའི་བྱུང་རིམ་འཛིངས་ཤིང་བསྣོལ་བའི་སྒྲིག་གཞི་དང་། བྱ་བ་ལ་ལྟོས་ནས་རིང་ཐུང་བཏོད་པའི་དུས་ཀྱི་བཀོད་སྒྲིག །གཏམ་རྒྱུད་ཀྱི་ཡན་ལག་ལ་ཐོལ་གྱིས་བྱུང་ནའང་ལྷུན་གྱིས་མཛེས་པའི་ཉིང་ལག །རྟོག་བཟོ་ཆེས་ཆེར་བགྱིས་ཀྱང་བྱ་བའི་རྒྱུ་འབྲས་ཀྱི་སྣང་བ་གསལ་པོ། བསྐྱར་ཟློས་ཟོལ་སྨད་ལ་སོགས་པའི་མཛེས་ཆོས་དུ་མ་མཐོང་ཡང་འདིར་སྒྲིག་གཞི་དང་བསྐྱར་ཟློས་གཉིས་ཀྱི་ཐབས་རྩལ་དམིགས་སུ་གླེང་བར་བྱ་བ་ལ།
གཅིག །སྒྲིག་གཞི།
སྒྲུང་ཐུང་འདི་དོན་ཚན་བཞི་ཙམ་གྱིས་གྲུབ་པར་བྱས་འདུག་ལ་ཡུལ་དུས་ཀྱི་རྣམ་པ་ནི་ཤིན་ཏུ་རྙོག་འཛིང་ཆེ་བ་ཞིག་ཏུ་བཏང་མི་འདུག །དེ་ཡང་ཡུལ་དུས་མི་འདྲ་བའི་ནང་གི་བྱ་བ་མི་འདྲ་བ་ཁ་ཤས་མངོན་རིམ་ནས་ལྟོས་ན་ཕན་ཚུན་འབྲེལ་བ་མེད་པ་ལྟ་བུར་སྣང་ཡང་། དེ་ནི་རྩོམ་པ་པོས་འཆར་ཅན་གྱིས་བཟོས་པའི་སྒྲིག་གཞིའི་སྒྱུ་རྩལ་ཞིག་སྟེ། གཏམ་རྒྱུད་གཅིག་གློ་བུར་དུ་མཚམས་ཆད་པར་བྱས་ཏེ་སྔ་མའི་གཏམ་རྒྱུད་དང་ཐ་དད་པ་ཞིག་སྤྲོས་ཤིང་། བྱ་བའི་རྒྱུ་འབྲས་ཀྱི་གོ་རིམ་ཡང་དེ་ལ་བརྟེན་ནས་སྣོག་པའི་ཚུལ་དུ་བྱས།
སྒྲུང་གི་དུམ་ཚན་དང་པོར་བཙོན་དུ་བཅུག་པའི་ཕུན་ནོར་དང་པད་མའི་འབྲེལ་བ་པད་མས་ཕྱིར་དྲན་གྱི་རྣམ་པ་ལ་བརྟེན་ནས་གླེང་ཞིང་། དུམ་ཚན་གཉིས་པར་པད་མ་མིག་ཚེ་དང་འཕྲད་པའི་གཏམ་རྒྱུད་གསར་པ་ཞིག་དྲངས་པས་གོང་གི་གཏམ་རྒྱུད་དང་འབྲེལ་བ་མེད་པའི་ཟོལ་འདུག །དེ་ལས་ཀྱང་ཕུན་ནོར་དང་འབྲེལ་བ་མེད་པའི་ལྷ་ཁང་ཉམ་ཐག་པ་ཞིག་གི་རྣམ་པ་དང་དེས་བསྐྱེད་པའི་སེམས་བྱུང་ཕྲ་མོ་ཞིག་བྲིས་འདུག །
དུམ་ཚན་གསུམ་པར་སླར་ཡང་ཕུན་ནོར་གྱི་ཤི་རྐྱེན་སྟབས་བདེ་པོ་ཞིག་བསྟན་པའི་ཞོར་ལ་གཙོ་བོ་པད་མའི་ཨ་ཅེ་སྒེག་མའི་གནས་བབ་སྐྱོ་པོ་དེ་བྲིས་འདུག་ལ། ཞོར་དུ་སྒྲུང་གི་མི་སྣ་སུ་ཞིག་ལའང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་བྱུང་རིམ་ཞིག་སྟེ། དབྱར་རྩྭ་བརྐོ་བར་འགྲོ་བའི་བོད་རིགས་བུད་མེད་སུམ་ཅུ་ཐམ་པ་ལ་འཁོར་བགེགས་བྱུང་སྟེ་རྐྱེན་ལམ་དུ་གྱུར་པ་པད་མས་གློག་དུང་གི་གསར་འགྱུར་ལས་གོ་བ་ཞིག་བྲིས་འདུག །
དུམ་ཚན་བཞི་པར་ཕུན་ནོར་གསོད་རར་ཁྲིད་པའི་ཉིན་མོའི་བྱ་བ་སྟེ། མིག་ཚེས་གསོད་རར་མི་ཚོགས་འདུས་པ་ལ་བརྟེན་ནས་ཚོང་གི་ཁེ་སྤོགས་སྒྲུབ་བཞིན་པ་དང་། པད་མ་གྲོང་བརྡལ་ཆུང་ཆུང་ཞིག་གི་སྲང་ལམ་དུ་འཁྱམ་ཉུལ་བྱེད་ཞོར་ཕུན་ནོར་ལ་སྔར་བཞིན་མི་ཕྱེད་པའི་བརྩེ་བ་བཅངས་ཏེ་ཡོད་པ་དང་། བཙལ་བཙལ་བའི་མཐའ་མར་པད་མས་ཕུན་ནོར་མ་རྙེད་པར་སླར་ཡང་ཕ་ཡུལ་དུ་ལོག་ཅིང་མིག་ཚེ་མོའི་མག་པར་གྱུར་ཏེ“འཚོ་བ་གསར་པ”ཞིག་གི་མགོ་བརྩམས་ཤིང་། ཕྲུ་གུ་གཉིས་ཙམ་སྐྱེས་པ་ལ་ལྟོས་ན་མི་ལོ་དུ་མ་ཞིག་འགོར་བ་ཤེས་ཐུབ། དེ་ནས་ཕྲུ་གུ་ཆུང་བ་སློབ་ཆུང་འགྲིམས་པའི་བར་སྐབས་ཤིག་ལ་པད་མའི་ཚེ་ཚད་ཀྱང་རྫོགས་ལ་སྒྲུང་ཡང་མཇུག་རྫོགས་པར་བྱས་པའོ། །
སྤྱིར་སྒྲུང་ཐུང་འདིའི་འདྲེན་པ་གཙོ་བོ་གཉིས་ནི་པད་མ་དང་ཕུན་ནོར་དང་། པད་མ་དང་མིག་ཚེ་གཉིས་ཀྱི་གཏམ་རྒྱུད་གཉིས་ཡིན། པད་མས་ཇི་ལྟར་ཕུན་ནོར་ལ་མི་ཕྱེད་པའི་བརྩེ་བ་བཅངས་ཏེ་ཉེ་བར་བཅར་ནའང་ལྡོག་སྟེ་རྒྱང་ཐག་རིང་དུ་ཕྱིན་ཅིང་། ཇི་ལྟར་མིག་ཚེ་ལ་ཡིད་ཆད་ཅིང་རྒྱང་དུ་བཀྱེད་པར་བརྩམས་ནའང་ལྡོག་སྟེ་མཐའ་མར་མིག་ཚེ་ཡི་ཆུང་མར་གྱུར་པའི་ལས་ཀྱི་བཀོད་པ་དགོད་བྲོ་བོ་དེ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་མི་རྟག་པ་དྲན་པའི་གསུང་མགུར་ལས། “བྱས་ཀྱང་མཛད་དུ་མེད་པའི་འཇིག་རྟེན་གྱི་བྱ་གཞག །བྱས་བྱས་ལས་ཀྱི་མཐའ་ལ་ཡིད་ཆད་ཀྱི་སྣོན་པ། །”ཞེས་པ་ལྟར། གཏད་སོ་དང་ཆ་འཇོག་བྲལ་བའི་མིའི་འཚོ་བ་སྡུག་པོ་དེ་ཉིད་ཉེ་བར་མཚོན་བྱེད་དུ་རྩོམ་པ་པོས་བྱུང་རིམ་གྱི་སྔ་ཕྱི་འཁྲུག་པར་བྱས་པ་དང་། གཏམ་རྒྱུད་ཀྱི་འདྲེན་པ་དེ་གཉིས་དང་འབྲེལ་བ་མེད་པ་ལྟ་བུའི་བྱ་བ་ཁ་ཤས་བཅུག་པའང་མདོར་དྲིལ་ན་པད་མའི་སྒོ་གསུམ་གྱི་སྡུག་བསྔལ་དང“གླུ་སྐད་སྐྱ་བོའི”བྱུང་རྐྱེན་རྟོགས་བྱེད་ཉིད་དོ། །
པད་མས་ཕུན་ནོར་བཙལ་བའི་བར་སྐབས་ཤིག་ལ་ལྷ་ཁང་ཉམ་ཐག་པ་མཐོང་བ་གཏམ་རྒྱུད་ཀྱི་བར་དུ་བཅུག་པ་དང་། ཡང་བར་སྐབས་ཤིག་ལ་དབྱར་རྩྭ་བརྐོ་བར་འགྲོ་བའི་བོད་རིགས་བུད་མེད་སུམ་ཅུ་ཐམ་པ་ལ་འཁོར་བགེགས་བྱུང་སྟེ་རྐྱེན་ལམ་དུ་གྱུར་པའི་ཚུལ་བར་དུ་བཅུག་པ་གཉིས་ནི་ཕུན་ནོར་དང་མིག་ཚེ་སུ་ལའང་འབྲེལ་བ་མེད་པ་ལྟར་སྣང་ཡང་། དོན་གྱིས་དེ་ནི་རྩོམ་པ་པོས“གླུ་སྐད”དེའི་ཉམ་ཉེས་ཀྱི་བརྒྱུད་རྒྱུར་དྲངས་པ་ཞིག་ཡིན་པ་ཤེས་ཐུབ།
“བརྩམས་སྒྲུང་ལ་ཆ་མཚོན་ན། རྒྱན་སྤྲོས་སུ་གྱུར་པའི་ཡི་གེ་དག་ནི་རྒྱུ་མེད་རྐྱེན་མེད་དང་རང་སྣང་གང་ཤར་གྱིས་བར་དུ་བཅུག་པ་མ་ཡིན་པར་དེ་ལ་དང་དོད་ཡོད་དེ། དེ་ནི་བརྩམས་སྒྲུང་ཧྲིལ་པོའི་བཀོད་པའི་གྲུབ་ཆ་ཞིག་ཡིན།” ཞེས་པ་ལྟར། གོང་གི་ཟུར་སྤྲོས་ལྟ་བུར་གྱུར་པའི་བྱ་བ་དེ་གཉིས་ནི་སྒྲུང་གི་དགོངས་དོན་གྱི་ལེ་ལག་སྟེ། འཆི་རྐྱེན་ཐ་དད་པའི་འཆི་བའི་རིགས་དག་དང་། སྙིང་པོ་ཡོད་མེད་ཀྱི་འཚོ་གནས་ཀྱི་རིགས་དག །སྟུང་དུ་མེད་པའི་མངོན་སུམ་དང་རྨི་ལམ་གྱི་བར་ཐག །གཅོད་དུ་མེད་པའི་གཞན་དབང་དང་རང་དབང་གི་བར་ཐག །འདོད་པ་བཙལ་ན་མི་རྙེད་ཅིང་སྡུག་བསྔལ་ངང་གིས་འཁོར་བའི་ཚུལ། དེང་རབས་ཅན་དུ་ཕྱོགས་ཀྱང་སྲོལ་རྒྱུན་གྱི་དངོས་པོ་མང་པོ་འབོར་བཞིན་པའི་ཚུལ། ཆ་འཇོག་མེད་པའི་དངོས་པོ་དང་བྱ་བ། དུས་ཚོད་དང་འཚོ་བའི་རྩེད་ཆས་སུ་གྱུར་པའི་ཉམ་ཐག་པའི་མིའི་ངང་ཚུལ་ལ་སོགས་པ་ངེས་བྱེད་ཀྱི་རྟོག་བཟོ་དོན་ལྡན་གྱི་རིགས་སོ། །
དེ་བས། སྒྲུང་ཐུང་འདིའི་སྒྲིག་གཞིའི་བཀོད་སྒྲིག་གི་ཚུལ་ནི་ཆུ་ཕྲན་གཅིག་གི་བཞུར་ཉམས་གྱ་གྱུ་ལ་དམིགས་པ་ལྟ་བུ་ཞིག་མ་ཡིན་པར། ལུང་པ་མི་འདྲ་བ་ལས་ཆུ་སྣ་མི་འདྲ་བ་དུ་མ་རྒྱུ་བ་མཐར་རྒྱ་མཚོ་གཅིག་ཏུ་འདྲེས་ཏེ་དེའི་གཟི་ཉམས་རྒྱས་པ་ལ་རྔོ་ཐོགས་པར་འབད་པའི་དོན་ཅན་ལྟ་བུ་ཡིན་ནོ། །དེ་ནི་རྩོམ་མཁན་ལ་ཉམས་མྱོང་ལྡན་ཞིང་ཐབས་རྩལ་བཟང་བའི་ཤེས་བྱེད་ཀྱང་ངོ་། །
གཉིས། བསྐྱར་ཟློས།
ལར་སྒྱུ་རྩོམ་གྱི་རིགས་སུ་གྱུར་པ་ཡོད་དོ་ཅོག་ལ་ཚིག་བསྐྱར་ཅིང་ཟློས་པ་ཅན་མང་དུ་མཐོང་། དེའང་སྒྱུ་རྩོམ་ཁོ་ནར་ཡོད་པ་ཅན་ཞིག་མ་ཡིན་པར་འགྲོ་བ་མིའི་སྐད་ཆའི་མ་ལག་ཏུ་ཟློས་སྒྲའི་བརྗོད་སྲོལ་ཡོད་པས་རྐྱེན་གྱིས་སོ། །ས་པཎ་མཁས་འཇུག་ལས། “དགའ་དང་སྨྲེ་དང་ངོ་མཚར་དང་། །སིལ་སྙན་ལ་སོགས་མི་འགལ་སྒྲ། །ཉེ་བར་མཚོན་སྒྲ་གང་སྟོན་པ། །རྗེས་སུ་བྱེད་པའི་སྒྲ་ཞེས་བཤད། །གཟུགས་སྒྲ་དྲི་རོ་རེག་པ་དང་། །སེམས་ལས་བྱུང་བའི་ཁྱད་པར་འགའ། །ཕྱོགས་གཅིག་ངེས་པར་མི་ནུས་པ། །སྟོན་ཏེ་ཉེ་བར་སྦྱོར་བའི་སྒྲ། །དེ་སོགས་སྦྱོར་བའི་ངག་ཕལ་ཆེར། །ཉེ་བར་སྟོན་ན་ཟློས་སྒྲ་འཇུག །”ཅེས་ཧ་ཧ་ལ་སོགས་པའི་དོན་དངོས་སུ་མི་འགལ་བའི་སྒྲ་རྣམས་ནི་རྗེས་སུ་བྱེད་པའི་སྒྲ་དང་། ཆིལ་ཆིལ་ལ་སོགས་པའི་ཡིད་ལ་བྱེད་པ་ལ་ཕྱོགས་གཅིག་ཏུ་ངེས་པར་བྱེད་མི་ནུས་པའི་བྱེད་པ་འགའ་ཞིག་ལ་རྗེས་སུ་སྦྱོར་བའི་སྒྲ་ཞེས་དེ་འདྲའི་ངག་ཕལ་ཆེར་ཟློས་སྒྲ་འཇུག་པ་ཡིན་ནོ། །
དེ་ལྟར། ངག་གི་སྦྱོར་བར་བྱུང་བའི་སྒྲ་ཟློས་པ་ཅན་ནི་སྐད་ཆའི་བརྗོད་སྲོལ་ཞིག་ཏུ་གྱུར་ཡོད་པ་དང་། ཡིན་ནའང་། རྟོག་བཟོ་ཤུགས་ཆེ་བའི་བརྩམས་སྒྲུང་དུ་ཆུང་ས་ནས་མིང་ཚིག་དང་བརྗོད་སྲོལ་ཟློས་པ་ཅན་དང་། བརྩམས་ཆོས་གཅིག་ལས་བྱ་བ་དང་དོ་ར་ཟློས་པ་ཅན། ཆེ་ས་ནས་བརྩམས་ཆོས་ཐ་དད་པ་གཉིས་ཀྱི་བརྗོད་དོན་དང་། ཀུན་སློང་། མི་སྣ། བྱ་བ་ལ་སོགས་པ་ཟློས་པ་ཅན་བྱུང་བ་ནི་དོན་གང་ཞིག་ཉེ་བར་མཚོན་བྱེད་ཙམ་ཁོ་ནས་མི་ཚད་པར་སྒྲུང་ཧྲིལ་པོའི་སྒྲིག་གཞི་དང་། གཏམ་རྒྱུད། བྱུང་རིམ་གྱི་བཀོད་སྒྲིག་ལ་སོགས་པར་འབྲེལ་བའི་སྒྱུ་རྩལ་གྱི་བཟོ་བཀོད་ཅིག་ཏུ་འདོད་པས། དེ་ཉིད་ལེགས་པར་སྤྱད་ན་སྒྲུང་གི་མཛེས་ཉམས་འཕེལ་པ་ལ་སྨན་ནོ། །
སྒྲུང་ཐུང་འདིར། “གླུ་དབྱངས་བླངས་ཀྱིན་བླངས་ཀྱིན་ཁོ་མོའི་རྐང་མཐིལ་ནས་ཀླད་པའི་བར་གྱི་ཁྲག་རྩ་ཚང་མ་དྲོད་ཀྱིས་བཟུང་ཞིང་སྤྲིན་དཀར་ལེབ་མོ་རེ་རེའི་བར་གསེང་ནས་ཀ་བ་ལྟར་དྲང་བའི་འོད་ཐིག་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་བསྲིངས་འོངས།” ཞེས་པའི་ངག་འདི་ནི་ཐེངས་མ་གཉིས་ལ་བྱུང་ཡོད། ཐེངས་མ་དང་པོ་སྒྲུང་གི་དུམ་ཚན་དང་པོ་སྟེ། པད་མས་དགུན་གཞུང་གི་འབྲོག་ཐང་ཞིག་ཏུ་ཁེར་རྐྱང་གི་ངང་ནས་ཕུན་ནོར་གྱིས་བརྩམས་པའི་གླུ་དབྱངས་དེ་ལེན་བཞིན་བརྩེ་དུང་དང་རང་དབང་འཐོབ་པར་ཡིད་ཆེས་སྐྱེ་བཞིན་མཆིས་ཤིང་། ངག་དེས་ཕུན་ནོར་བཙལ་བར་སེམས་ཤུགས་མ་ཉམས་པར་གཏམ་རྒྱུད་ཀྱི་གཞུང་བསྲིང་བ་ལའང་རྨང་གཞི་བཏང་ཡོད། ཐེངས་མ་གཉིས་པ་ནི་དུམ་ཚན་གསུམ་པའི་མཇུག་ཏུ་བྱུང་ཡོད།
ངག་དེ་གཉིས་ཀྱི་བར་དུ་པད་མ་མིག་ཚེ་དང་འཕྲད་པ་དང་། ལྷ་ཁང་གི་ཉམ་ཐག་པའི་རྣམ་པ་མཐོང་བ། པད་མ་མོའི་ཨ་ཅེ་སྒེག་མ་དང་འཕྲད་ཅིང་ཨ་ཅེའི་འཚོ་ཐབས་སྡུག་པོར་སྣང་བའི་ཚུལ་རྟོགས་པ། དབྱར་རྩྭ་བརྐོ་བར་འགྲོ་བའི་བོད་རིགས་བུད་མེད་སུམ་ཅུ་ཐམ་པ་ལ་འཁོར་བགེགས་བྱུང་བའི་གསར་འགྱུར་ཐོལ་བྱུང་མ་ལ་སོགས་པ་ཡིད་དུ་མི་འོང་བའི་དངོས་པོ་དང་བྱ་བ་མང་པོས་པད་མར་མི་ཟད་པའི་སེམས་ཚོར་སྡུག་པོ་ཞིག་སྐྱེས་ནའང་། ད་དུང་བརྩེ་དུང་དང་རང་དབང་གི་ཆེད་དུ་ཕུན་ནོར་བཙལ་དང་འཚོལ་བཞིན་པའི་རེ་བའི་མེ་སྟག་ཕྲ་མོ་མ་ནུབ་པར་མཆིས་པའོ། །
ཡིན་ནའང་། ངག་དེ་ཟློས་མ་ཐག་ཏུ་སྒྲུང་གི་དུམ་ཚན་བཞི་པའི་མགོར“ཕུན་ནོར་གསོད་རར་འཁྲིད་པའི་ཉིན་དེར་མི་མང་པོ་འཚང་ཁ་ཤིག་ཤིག་གིས་ལྟད་མོར་སླེབས་ཡོད།”ཅེས་རྩོམ་པ་པོས་པད་མའི་སེམས་རྩ་འཁོལ་བར་བྱས་པ་དང་མཉམ་དུ་རེ་བའི་མར་མེའང་གཟིམ་པར་བྱས་པའི་དོན་དེ་ཉིད་ཀློག་པ་པོར་པད་མའི་སྔོན་དུ་ཤེས་སུ་བཅུག་པ་ནི་སྒྲུང་ཧྲིལ་པོའི་སྐྱོ་སྣང་གི་མཛེས་ཉམས་རྣམ་པར་ཐོན་པ་ལ་དམིགས་པ་འདྲའོ། །
དེ་བས་ངག་ཟློས་པ་ཅན་ཕྱི་མ་དེ་ནི་བལྟས་ན་སྐྱིད་སྐྱིད་འདྲ་ཡང་དོན་དུ་སྐྱོ་བའི་རང་བཞིན་ཅན་ཏེ། ཚ་གྲང་འཐབ་པ་ལྟ་བུའི་ངག་དེ་གཉིས་ཀྱིས་སྒྲུང་གི་སྐྱོ་ཉམས་ཐོན་པ་ལ་ནུས་པ་དགའ་ཚད་ཐོན་པའོ། །དེ་ལྟར་ངག་དང་པོ་དེས་སྒྲུང་གི་གཏམ་རྒྱུད་བསྲིངས་པ་ལ་རྐྱེན་གྱི་གོ་ཆོད་ཅིང་། ངག་ཕྱི་མ་དེས་སྒྲུང་ཧྲིལ་པོའི་སྐྱོ་སྣང་གི་མཛེས་ཉམས་ཐོན་པ་ལ་སྨན་པས་གང་ལ་གང་འཚམ་གྱིས་བསྐྱར་ཟློས་ཀྱི་སྒྱུ་རྩལ་སྤྱད་པ་དེ་ནི་རྩོམ་པ་པོ་ཁོང་ལ་ཉམས་མྱོང་ལྡན་ཞིང་བརྩམས་སྒྲུང་གི་ཚིག་རྒྱན་ལ་བློ་སོང་བའི་རྟགས་སུ་ཁས་འཆེ་ན་འགྲིག་གོ་སྙམ།
དཔྱད་སྡོམ།
སྒྲུང་ཐུང་འདིར་དོན་ཉམས་ཀྱི་ཆ་ནས་སྒྱུ་རྩལ་གྱི་ཁུར་བསྣམས་པའི་མི་སྣ་ཕུན་ནོར་ལྟ་བུ་ནི་མི་རིགས་གང་དེའི་ཤེས་བྱ་སྐྱེད་བྱེད་ཀྱི་བྱེད་པོ་སྟེ། དུས་སྡུག་ཡུལ་སྡུག་དང་ཆག་ཆེ་ཉམ་ངའི་དུས་སུ་སྒྱུ་རྩལ་གྱི་རིགས་སུ་གྱུར་པའི་ཆོས་དག་གིས་མི་རྣམས་ལ་སྙིང་སྟོབས་ཀྱི་ངར་སྟེར་བ་དང་། ཡིད་ཀྱི་རྨ་གསོ་བ། རིན་ཐང་གི་སྒྲིག་རིམ་མི་འཆོལ་བར་བྱས་པ། སྤྱི་པའི་འདོད་འདུན་གྱི་གོང་བུ་གཅིག་ཏུ་སྒྲིལ་པར་བྱས་པ་ལ་སོགས་པའི་བྱེད་ནུས་ཁྱད་པར་བ་ཞིག་ལྡན་པས་རིག་གནས་ཀྱི་སྨན་པའི་རང་བཞིན་མཆིས་ཤིང་། གླུ་སྐད་སྐྱ་བོའི་གསང་གནད་གཅིག་ནི་པད་མའི་མཐོང་སྣེ་གཡར་ཏེ་དེང་རབས་བཟོ་ལས་སྤྱི་ཚོགས་ཀྱིས་བསྐྱེད་པའི་ངན་ཆ་སྟེ། སྲོལ་རྒྱུན་གྱི་དངོས་པོ་མང་པོ་ཉམས་དམས་སུ་འགྲོ་བཞིན་པའི་ཚུལ་བསྟན་པ་དང་། རྗོད་བྱེད་ཀྱི་སྒྲའི་རིགས་སུ་མ་གྱུར་པའི་མི་སྣའི་རྣམ་འགྱུར་དང་ཁོར་ཡུག་གི་བརྡ་ཐབས་ཀྱིས་ད་ཆའི་སྤྱི་ཚོགས་སུ་བྱུང་བའི་ལོག་སྤྱོད་དང་། དབང་ཤེད། གཞན་འགྱུར་བཅས་ཉེ་བར་མཚོན་ཏེ། འདས་པའི་དུས་ཀྱི་འཚོ་སྟངས་ཉམས་དགའ་བ་གང་ལ་ཡིད་རབ་ཕྱོགས་པའི་བསྟན་དོན་ཞིག་མཆིས་པར་འདོད་པས་མིའི་རིགས་རིག་པའི་བརྗོད་དོན་ལྡན་པའི་སྒྲུང་རྩོམ་ཞིག་ཏུ་འདོད་ལ། དོན་དེ་དག་མཚོན་བྱེད་དུ་སྒྲུང་གི་སྒྲིག་གཞིའི་བཀོད་པ་བཟང་ཞིང་། བསྐྱར་ཟློས་ཀྱི་ཚིག་རྒྱན་འཚམ་པར་སྤྱད་པ་ལ་སོགས་པས་སྒྲུང་ཐུང་ལེགས་གྲས་ཤིག་ཏུ་འདོད་དོ། །
དཔྱད་གཞིའི་ཡིག་ཆ།
1. གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། རྒྱུད་བཞི། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས385རུ་གསལ།
2. སྡེ་སྲིད་སངས་རྒྱས་རྒྱ་མཚོ། མིག་ཡིད་རྣ་བའི་དགའ་སྟོན། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས1ཏུ་གསལ།
3. སྐྱབས་ཆེན་བདེ་གྲོལ། གླུ་སྐད་སྐྱ་བོ། [M] རྒྱལ་སྤྱིའི་ཀློག་དེབ་པར་སྐྲུན་ཁང་། 2008ལོ། ཤོག་ངོས16-17དུ་གསལ།
4. 马克思·勒.《知识社会学问题》,艾彦,译. [M] 南京:译林出版社.2017年:第79页.
5. J.ཧེ་ལེ་སི·མེལ་ལིར་གྱིས་ཁོང་གི«བརྩམས་སྒྲུང་དང་བསྐྱར་ཟློས»ཞེས་པའི་དཔེ་ཆར་བརྩམས་སྒྲུང་དུ་བྱུང་བའི་བསྐྱར་ཟློས་ལ་རིགས་གསུམ་ཙམ་དབྱེ་ཡོད་དེ། དང་པོ་ཁྱབ་ཆུང་སའི་བསྐྱར་ཟློས་ཏེ། དཔེར་ན་མིང་དང་། གསུམ་པ་བརྩམས་ཆོས་གཅིག་དང་ཐ་དད་པ་དེ་གཉིས་ཀྱི་བརྗོད་དོན་དང་། ཀུན་སློང་། མི་སྣ། བྱ་བ་བཅས་ཟློས་པ་ཅན་བཅས་གསུམ་མོ། །
6. སྐྱབས་ཆེན་བདེ་གྲོལ། གླུ་སྐད་སྐྱ་བོ། [M] པེ་ཅིན། རྒྱལ་སྤྱིའི་ཀློག་དེབ་པར་སྐྲུན་ཁང་། 2008ལོ། ཤོག་ངོས15རུ་གསལ།
7. སྐྱབས་ཆེན་བདེ་གྲོལ། གླུ་སྐད་སྐྱ་བོ། [M] པེ་ཅིན། རྒྱལ་སྤྱིའི་ཀློག་དེབ་པར་སྐྲུན་ཁང་། 2008ལོ། ཤོག་ངོས19རུ་གསལ།
8. སྐྱབས་ཆེན་བདེ་གྲོལ། གླུ་སྐད་སྐྱ་བོ། [M] པེ་ཅིན། རྒྱལ་སྤྱིའི་ཀློག་དེབ་པར་སྐྲུན་ཁང་། 2008ལོ། ཤོག་ངོས22སུ་གསལ།
9. Paralanguageལ་རྒྱའི་སྐད་དུ副语言དང་། 辅助语དང་། 超语言ཞེས་ཀྱང་འབོད། དེ་ནི་ཤུགས་རིང་འབྱིན་པ་དང་ཕྱག་རྒྱ་བྱེད་པ་སོགས་ལ་གོ །
10. 菲尔南多·波亚托斯文学人类学起源.《民族文学研究》[J] 北京.徐新建,史芸芸,译.2015(1).第59页.
11. སྐྱབས་ཆེན་བདེ་གྲོལ། གླུ་སྐད་སྐྱ་བོ། [M] པེ་ཅིན། རྒྱལ་སྤྱིའི་ཀློག་དེབ་པར་སྐྲུན་ཁང་། 2008ལོ། ཤོག་ངོས17དུ་གསལ།
12. སྐྱབས་ཆེན་བདེ་གྲོལ། གླུ་སྐད་སྐྱ་བོ། [M] པེ་ཅིན། རྒྱལ་སྤྱིའི་ཀློག་དེབ་པར་སྐྲུན་ཁང་། 2008ལོ། ཤོག་ངོས19རུ་གསལ།
13. སྐྱབས་ཆེན་བདེ་གྲོལ། གླུ་སྐད་སྐྱ་བོ། [M] པེ་ཅིན། རྒྱལ་སྤྱིའི་ཀློག་དེབ་པར་སྐྲུན་ཁང་། 2008ལོ། ཤོག་ངོས20རུ་གསལ།
14. དགེ་འདུན་ཆོས་འཕེལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་བཞུགས་སོ། །(སྨད་ཆ) [M] སི་ཁྲོན། སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས500རུ་གསལ།
15. 曹文轩.《小说门》[M],北京.作家出版社.2003:第360页.
16. ཅིན། མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས16-17དུ་གསལ།
17. སྐྱབས་ཆེན་བདེ་གྲོལ། གླུ་སྐད་སྐྱ་བོ། [M] པེ་ཅིན། རྒྱལ་སྤྱིའི་ཀློག་དེབ་པར་སྐྲུན་ཁང་། 2008ལོ། ཤོག་ངོས15རུ་གསལ།
རྩོམ་ཁུངས། ༢༠༢༠ལོའི«བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ»འདོན་ཐེངས་གཉིས་པར་སྤེལ་ཡོད།

འབྲེལ་ཡོད་འོས་སྦྱོར།