རྩོམ་རིག་དཔྱད་གཏམ་དང་འབྲེལ་བའི་ལྷུག་རྩོམ་ལ་འཇུག་པའི་སྒོ་གླེང་བ།
རྩོམ་པ་པོ།:ཐུབ་བསྟན་གྲགས་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-10-09
ཀློག་གྲངས།:
བོད་ཡིག་གི་ལམ་ནས་བོད་རྩོམ་འབྲི་མཁན་མང་ན་ཡང་། ལོ་འདི་དག་གི་རིང་ལག་ལ་གང་བབས་ལྟར་བྲིས་ནས་གང་འདོད་དུ་སྤེལ་མཁན་ཧ་ཅང་མང་བས། རྩོམ་གྱི་སྒྲིག་གཞི་ལ་བསམ་བློ་གཏོང་མཁན་ཧ་ཅང་ཉུང་། རྩོམ་ལ་ཁྱད་ཆོས་གང་དག་ཚང་དགོས་པ་དང་། དེ་མ་བྲིས་སྔ་རོལ་དུ་རྩོམ་པ་བོར་ཆ་རྐྱེན་གང་དག་ཚང་དགོས་པ་སོགས་ལ་བསམ་བློ་མི་གཏོང་མཁན་མང་ལ། རྩོམ་འབྲིའི་ནུས་པ་དང་བྱང་ཚད་ཀྱིས་མི་འདང་བཞིན་དུ་བྲིས་པའི་རྩོམ་ཡིག་ཀྱང་ཧ་ཅང་མང་། དེའི་ཕྱིར། རྩོམ་ཡིག་གང་ཞིག་འབྲི་ན་ཡང་། དེ་འབྲི་མཁན་ལ་སྔོན་འགྲོའི་ཆ་རྐྱེན་དང་ཚད་གཞི་ངེས་ཅན་ཞིག་ལྡན་པའི་ཁར། རང་གིས་བྲིས་པའི་རྩོམ་ཡིག་དེ་རྩོམ་ལུས་གང་ཞིག་གི་ཁོངས་སུ་གཏོགས་པ་ཤེས་པར་བྱས་ཏེ། དེས་ཀློག་པ་བོར་བྱེད་ནུས་དང་ཕན་པ་གང་ཞིག་ཐོན་ཐུབ་པ་སོགས་ཀྱི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་རེད་བསམ་ནས། གཤམ་དུ་རྩོམ་ལུས་གཅིག་གི་སྟེང་ནས་དཔེར་མཚོན་པར་བྱས་ཏེ། རྩོམ་ཡིག་འབྲི་རྒྱུར་དོ་སྣང་དགོས་ངེས་ཀྱི་དཔེ་འགའ་འགོད་རྒྱུ་ཡིན།
དང་པོ། ལྷུག་རྩོམ་གྱི་གོ་དོན།
ལྷུག་རྩོམ་ཞེས་པ་ནི་རྩོམ་ཡིག་གི་ནང་གསེས་སུ་གྱུར་པའི་རྩོམ་རིག་གི་ཁོངས་སུ་གཏོགས་པ་ཞིག་དང་། ཚིག་ཉམས་ཀྱི་རྩལ་ནུས་ལ་བརྟེན་ནས། ཆགས་སྡང་གི་སེམས་ཤུགསདྲག་ཏུ་འཁོལ་བའི་རྩོམ་ལུས་ཤིག་ཡིན། དེས་དངོས་ཡོད་འཚོ་བའི་གནས་ཚུལ་འཕྲལ་མར་དུས་ཐོག་ཏུ་མཚོན་ནུས་པའི་ཕྱིར་ན། དེ་ལ“རྩོམ་རིག་གི་སྐྱ་དམག”དང“རྩོམ་རིག་གི་མདུང་ཐུང”ཞེས་ཀྱང་བརྗོད།
སྤྱིར་རྩོམ་དང་རྩོམ་ཡིག་གི་ཁྱད་པར་ཡང་ཡིག་ཐོག་ཏུ་འཁོད་ཡོད་མེད་ཀྱི་དབྱེ་བ་ཙམ་རེད་དེ། རྩོམ་དང་རྩོམ་ཡིག་གང་ཡིན་ཀྱང་ཚང་མ་མིའི་བློ་ངོར་འཆར་འགོད་དགོས་པ་ཞིག་དང་། གཞན་གྱིས་སྒྲིག་བཀོད་ལ་མི་ལྟོས་པར་མི་གང་ཞིག་གི་རང་ནུས་ལ་བརྟེན་ནས་གོ་རིམ་སྒྲིག་བཟོ་དགོས་པ་གཅིག་འདྲ་རེད། དེའི་སྟེང་ནས་རྩོམ་འབྲི་ལ་ཡིག་འབྲི་ཙམ་གྱིས་མི་ཆོག་པར། དེ་ལ་རྩོམ་ཡིག་གི་སྤྱི་ཁོག་སེམས་ནང་དུ་འཆར་དགོས་པར་མ་ཟད། དེའི་མགོ་གང་ནས་འཛིན་པ་དང་གཞུང་གང་འདྲ་བྱས་ཏེ་སྐྱོང་བ། མཇུག་ཇི་ལྟར་སྡུད་པ་སོགས་ཀྱི་གོ་རིམ་ཡག་པོ་ཞིག་བསྒྲིག་དགོས་པ་རེད་ལ། གོ་རིམ་དེ་ལྟར་བསྒྲིགས་པའི་དགོས་པ་ཡང་ཕ་རོལ་བོ་ལ་གང་བརྗོད་པར་འདོད་པའི་བསམ་བློ་དེ་མཚོན་ཆེད་རེད། དེ་ལྟ་བུའི་རྩོམ་ཡིག་འབྲི་བ་ལ་ཚིག་ཉོག་མང་བོ་གང་དྲན་ཅི་དྲན་དུ་མི་འགོད་པར། མིང་རེ་རེ་དང་ཚིག་རེ་རེ། ཚིག་རྐང་རེ་རེ་བཞིན་བཀོལ་སྤྱོད་ཡག་པོ་བྱེད་པ་དང་། དོན་ལ་མི་ཕན་པའི་ཚིག་ཚོགས་ལྷག་མ་དག་འདོར་ཅི་ཐུབ་བྱེད་དགོས། དཔེར་ན་དེ་ནི་ཞིང་ནང་གི་རྩྭ་ལྡུམ་འཐུ་བ་ནང་བཞིན་དགོས་མེད་ཀྱི་ཚིག་ཉོག་གང་ཡོད་གཙང་སེལ་བྱས་ནས། གོ་རིམ་ལྡན་ལ་ཞིབ་ཚགས་ལྡན་པ། གྲལ་འགྲིག་ལ་སྤུས་ཀ་དག་པ་ཞིག་བྱེད་དགོས། དེ་ནི“རྩོམ་བྲིས་ནས་མི་ཡོང་བཅོས་ནས་ཡོང”ཞེས་པ་དེ་རེད།
ལྷུག་རྩོམ་འདི་རྩོམ་རིག་ཅིག་ཡིན་དགོས་ཟེར་ན། རྩོམ་ཡིག་ལ་རྩོམ་རིག་ཡིན་མིན་གཉིས་ཡོད་པ་དེ་ཤེས་ཐུབ་པ་རེད། དེའི་ཁྱད་པར་ཡང་བརྗོད་འདོད་ཀྱི་བསམ་བློ་ཞིག་ཡིག་ཐོག་ཏུ་འགོད་ཀྱིན་ཡོད་པ་གཅིག་འདྲ་ཡིན་ན་ཡང་། གཙོ་བོ་ནི། གོ་བརྡ་སྤྲོད་ཐུབ་པ་ཙམ་ལ་མི་དམིགས་པར་སྒྱུ་རྩལ་གྱི་ཐབས་ལམ་ཞིག་ལ་ཆེད་དུ་བརྟེན་ནས་ཕ་རོལ་པོ་ལ་ཡིད་འགུག་གི་སྣང་བ་ཞིག་རང་བཞིན་ཤུགས་ཀྱིས་སྟེར་ཐུབ་པ་ཞིག་ཏུ་བྱས་པ་ལ་རྩོམ་རིག་ཟེར་བ་རེད། དེ་ལྟར་རྩོམ་ཡིག་ནི་སྤྱི་དང་རྩོམ་རིག་ནི་དེའི་བྱེ་བྲག་ཡིན།
ཨུ་རུ་སུའི་རྩོམ་པ་བོ་ཀོར་ཅིས་གསུང་དོན། “སྒྱུ་རྩལ་ནི་རྟོག་སྣང་གི་འཆར་སྒོ་ལ་བརྟེན་ནས་བསྐྲུན་པའོ” ཞེས་པ་ལྟར། འཆར་སྒོ་ཕུན་སུམ་ཚོགས་པའི་མི་ལ་ད་གཟོད་ལྷུག་རྩོམ་སོགས་སྒྱུ་རྩལ་རྩོམ་རིག་འབྲི་བའི་ནུས་པ་ལྡན། བོད་སྐད་ཀྱི་དབང་དུ་བྱས་ན། རྩོམ་ཡིག་གི་རྗོད་བྱེད་ཚིག་གི་ཆ་ནས་ཚིགས་བཅད་དང་ཚིག་ལྷུག་གཉིས་ཡོད་པའི་ནང་ནས་ལྷུག་ཅེས་པ་ནི་ཚིག་ལྷུག་གི་ལྷུག་ལ་གོ་དགོས་པ་རེད། ཡིན་ན་ཡང་ཚིག་ལྷུག་རྩོམ་ཡིག་དང་ལྷུག་རྩོམ་ཞེས་པ་འདི་གཉིས་ཀྱི་ཁྱད་པར་སྟེང་ནས་བལྟས་ན། དེ་ཡང་སྤྱི་བྱེ་བྲག་གི་གོ་བ་ལེན་སྟངས་ལྟར་ཚིག་ལྷུག་རྩོམ་ཡིག་ཡིན་ན་ལྷུག་རྩོམ་ཡིན་པས་མ་ཁྱབ་ན་ཡང་། ལྷུག་རྩོམ་ཡིན་པ་ཚིག་ལྷུག་ཡིན་པས་ཁྱབ་དགོས་པ་ལྟ་བུ་རེད།
གང་ལྟར་མདོར་ན་ལྷུག་རྩོམ་ཞེས་པ་ནི། དམིགས་བསལ་གྱི་རྩོམ་རིག་ཞིག་གམ་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་རྩོམ་ཡིག་ཅིག་སྟེ། ཡིག་ཚོགས་ཆུང་ལ་རྣམ་པ་འདྲ་མིན་སྣ་ཚོགས་ཡིན་པ། བརྗོད་བྱའི་དོན་རྒྱ་ཆེ་ལ་ཕུན་སུམ་ཚོགས་པ། དོན་བརྗོད་དང་མི་སྣ་བརྗོད་པ་དངོས་བརྗོད་དང་ཡུལ་ལྗོངས་བརྗོད་པ། ལྗོངས་ལ་བརྟེན་ནས་བསམ་ཚུལ་སྟོན་པ་སོགས་ཀྱི་གཙོ་བྱས་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། མ་ཟད། ལྷུག་རྩོམ་འདི་ནི་སྙན་ངག་དང་། སྒྲུང་གཏམ་སོགས་དང་མཉམ་བརྗོད་ཀྱི་རྩོམ་ལུགས་ཤིག་ཀྱང་ཡིན་དགོས་ན་ཡང་། སྙན་ངག་དང་སྒྲུང་རྩོམ་སོགས་དང་ཁྱད་པར་ཡང་ཡོད།
གཉིས་པ། ལྷུག་རྩོམ་གྱི་དབྱེ་བ།
ལྷུག་རྩོམ་ལ་དབྱེ་ན། མི་སྣ་བརྗོད་པ་ལ་བརྟེན་ནས་དོན་དངོས་མཚོན་པར་བྱེད་པའི་ཇི་བཞིན་བརྗོད་སྟངས་ཀྱི་ལྷུག་རྩོམ་དང་། ཡུལ་ལྗོངས་དང་དངོས་པོ་སོགས་ལ་བརྟེན་ནས་རྩོམ་པ་བོ་རང་གི་བརྩེ་དུང་ཟབ་མོ་མཚོན་པར་བྱེད་པའི་བརྩེ་དུང་མཚོན་བྱེད་ཀྱི་ལྷུག་རྩོམ། ཡུལ་སྐོར་གྱི་ས་གནས་དང་མཐོང་ཐོས་ཀྱི་གནས་ཚུལ་སོགས་ལ་བརྟེན་ནས་བསམ་ཚུལ་བརྗོད་པའི་ཡུལ་སྐོར་གནས་བརྗོད་ཀྱི་ལྷུག་རྩོམ། གྲོས་གླེང་དང་དཔྱད་གཏམ་བརྗོད་པ་དང་བཅས་ཏེ་རྩོམ་པ་བོའི་བསམ་པའི་བརྩེ་དུང་མཚོན་པར་བྱེད་པའི་གྲོས་གླེང་ཚུལ་གྱི་ལྷུག་རྩོམ་སོགས་ཡོད་པ་རེད།
འོན་ཀྱང་ལྷུག་རྩོམ་ལ་མཐའ་གཅིག་ཏུ་འདིའོ་ཞེས་ཁ་ཚོན་བཅད་མི་རུང་སྟེ་ལྷུག་རྩོམ་མང་བོ་ཞིག་ནི་རྩོམ་རྩལ་སྣ་མང་ཟུང་དུ་འབྲེལ་བའི་འབྲས་བུ་ཡིན་པ་རེད།
དཔེར་ན། «རྐང་ལམ་ཕྲ་མོ»ལྟ་བུ་ལ་མཚོན་ན། དེའི་ནང་དུ་ཇི་བཞིན་བརྗོད་སྟངས་ད་ང་། བརྩེ་དུང་མཚོན་བྱེད། མ་ཟད་གྲོས་གླེང་བྱེད་ཚུལ་བཅས་ཀྱང་འདུ་བ་ལྟ་བུའོ། རྩོམ་ཡིག་དེའི་གཞུག་ན། “ང་རྐང་ལམ་དང་གཞུང་ལམ་གྱི་མཚམས་སུ་ལངས་ཏེ་འདས་པའི་བྱ་བ་རྣམས་དྲན་གསོས་པ་དང་། གྱ་གྱུའི་རྐང་ལམ་ཕྲ་མོའི་དབེན་ཞིང་ཁ་ཁུ་སིམ་པའི་རྣམ་པ་དང་། ཡངས་ཤིང་རྒྱ་ཆེ་ལ་རི་སྐེད་འཕྲེད་དུ་གཏུབས་པའི་གཞུང་ལམ་ཐོག་གི་རླངས་འཁོར་དང་ཤིང་རྟ། ལག་འདེད་འཁོར་ལོ་སོགས་འགྲོ་འོང་བྱེད་པའི་འདུ་འཛི་ལ་ལྟ་བཞིན། ངའི་སེམས་ལ་རང་རེའི་མི་རིགས་དང་རང་གི་ཕ་ཡུལ་དྲན་པ་དང་། ངའི་མིག་ལམ་དུ་མཚར་སྡུག་འོད་སྟོང་འབར་བའི་མདུན་ལམ་ཞིག་ཤར་བའི་མོད་ལ། ངའི་གོམ་པའང་རང་དབང་མེད་པར་གཞུང་ལམ་གྱི་ཕྱོགས་སུ་སྤོ་དགོས་པ་བྱུང”ཞེས་མཇུག་སྡུད་ཀྱི་ཚིག་དེའི་ནང་དུའང་། ཡུལ་དངོས་ཀྱི་རྣམ་པ་དང་། མི་སྣའི་སྣང་བརྙན་། ཤུགས་དྲག་གི་ཚོར་འདུ། ཡིད་ན་འབར་བཞིན་པའི་བརྩེ་དུང་བཅས་སྤེལ་མར་བྲིས་ཏེ་མཚོན་ཐབས་སྣ་མང་ཅན་གྱི་རྩོམ་ཡིག་ཅིག་གི་རང་བཞིན་གསལ་ལེར་མངོན་པ་ལྟ་བུའོ། །
གསུམ་པ། ལྷུག་རྩོམ་གྱི་ཁྱད་ཆོས།
གཅིག ཕྱི་ཚུལ་ལྷུག་ཀྱང་སྙིང་དོན་མི་ལྷུག་པའི་ཁྱད་ཆོས།
འདི་ནི་ལྷུག་རྩོམ་གྱི་ཐུན་མིན་ཁྱད་ཆོས་ཤིག་ལ་ངོས་འཛིན་དགོས། ཕྱི་ཚུལ་ལྷུག་ཅེས་པ་ནི་རྩོམ་རྩལ་གང་བདེར་བྱས་ཆོག་པ་དང་། ཡུལ་དུས་སོགས་ཀྱི་བཀག་རྒྱ་མེད་པ་ཞིག་ལ་བྱ། སྙིང་དོན་མི་ལྷུག་པ་ཅེས་པ་ནི། རྩོམ་ཡིག་གི་བརྗོད་བྱ་གཙོ་བོ་གསལ་ལ། སྙིང་དོན་འབུར་དུ་ཐོན་པ། སྒྲིག་གཞི་འབྲེལ་ཆགས་ལ་ཚགས་དམ་པ་ཞིག་ལ་བྱ་ཞིང་། གཙོ་བོ་ལྷུག་མི་ལྷུག་ཅེས་པ་ནི་བརྗོད་བྱ་དོན་གྱི་བྱེ་བྲག་སྟོན་པའི་ནུས་པ་དང་དེའི་དགོས་མཁོ་དང་བསྟུན་ནས་ཡོང་བ་ཞིག་ཡིན་དགོས་པ་ལས། ཆེད་དུ་བསམ་གཟས་ནས་ལྷུག་དང་མི་ལྷུག་གི་རྣམ་བཞག་འཇོག་དགོས་པ་ཞིག་མིན། དེ་ཡང«རྐང་ལམ་ཕྲ་མོ»ལ་མཚོན་ན། ལོ་ངོ་སྟོང་གི་ཡར་སྔོན་གྱི་ལོ་རྒྱུས་བརྗོད་ཡོད་ལ། ད་ལྟའི་གནས་ཚུལ་བརྗོད་ཡོད། རྗེས་ལུས་ཀྱི་བསམ་བློའི་སྐོར་བརྗོད་ཡོད་ལ། སྔོན་ཐོན་གྱི་ཚན་རིག་ལག་རྩལ་སྐོར་ཡང་བརྗོད་ཡོད། རྐང་ལམ་ཕྲ་མོ་བརྗོད་ཡོད་ལ། གཞུང་ལམ་རྒྱ་ཆེན་པོ་ཡང་བརྗོད་ཡོད། འདི་ནི་ཚིག་སྦྱོར་ཐད་ཀྱི་ཕྱི་ཚུལ་ལྷུག་པའི་རྣམ་པ་ཞིག་ཡིན།
ཁོང་གིས་འདི་དག་བརྗོད་པ་ལ་བརྟེན་ནས་ཕ་ཡུལ་གྱི་རྗེས་ལུས་ཀྱི་རྣམ་པ་དང་མ་འོངས་འོད་ལྟོང་ལྡན་པའི་མདུན་ལམ་མཐོང་བའི་བསམ་པའི་བརྩེ་དུང་གསལ་བོར་མཚོན་པ་ཡིན་པས། དེས་བརྗོད་དོན་གཏིང་ཟབ་མོས་ཕྱོགས་བསྡུས་བྱས་པ་ལ་སྙིང་དོན་མི་ལྷུག་པ་ཟེར་བ་ཡིན་པས། ལྷུག་དང་མི་ལྷུག་ཅེས་པ་གཞི་གཅིག་གི་སྟེང་ནས་འབྲེལ་བ་དམ་ཟབ་བྱས་ཡོད་པ་ལྟ་བུའོ། །
གཉིས། བརྗོད་བྱའི་དོན་རྒྱ་ཆེ་ལ་ཕུན་སུམ་ཚོགས་པའི་ཁྱད་ཆོས།
དེའི་བརྗོད་བྱ་ལ། གནའ་དེང་དང་གོང་འོག དོན་ཆེ་ཆུང་དང་སྐྱིད་སྡུག་ཉམས་མྱོང་། བསམ་པའི་བརྩེ་དུང་སོགས་གང་ཡིན་ཀྱང་བརྗོད་བྱར་འགོད་ཆོག་པ་ཞིག་དང་། བརྗོད་སྟངས་ཀྱང་། ལྗོངས་བརྗོད་དང་དངོས་བརྗོད་དོན་བརྗོད། ཉམས་འགྱུར་གྱི་བརྗོད་པ་སོགས་གང་ཡིན་ན་ཡང་ཆོག་པས། བརྗོད་བྱའི་དོན་ལ་བཀག་རྒྱ་མེད་པ་རང་བཞིན་ལྷུག་པོར་བརྗོད་པ་འདི་དང་། མཚོན་ཐབས་ལ་བཀག་རྒྱ་མེད་པ་ཚིག་གི་སྦྱོར་བ་སྣ་ཚོགས་རང་དབང་གིས་བཀོལ་ཆོག་པ་འདི་ནི་དེའི་ཁྱད་ཆོས་ཡིན། དེའི་ཕྱིར། “གནའ་ནས་ད་ལྟའི་བར་གྱི་གཏམ་དང་ལོ་རྒྱུས་དང་། མཐོ་ནམ་མཁའི་དབྱིངས་ནས་དམའ་རྒྱ་མཚོའི་གཞུང་གི་བར་གྱི་ཉི་ཟླ་སྐར་གསུམ་གྱི་འཆར་ནུབ་དང་སྐྱེ་དགུ་མཐའ་དག་དང་སྒོས་སུ་འགྲོ་བ་མིའི་མི་ཆོས་ཚུལ་ལུགས་དང་ཡུལ་སྲོལ་གོམས་གཤིས། རིག་གནས་སྒྱུ་རྩལ་དང་འདུ་ཤེས་དང་ལྟ་སྤྱོད་ཐམས་ཅད་བརྗོད་བྱར་ལེན་ཆོག”ཅེས་བཤད། དེ་ལྟར་བརྗོད་བྱའི་དོན་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་ཞེས་བཤད་པ་ཡིན།
གསུམ། རྗོད་བྱེད་ཀྱི་ཚིག་སྙན་ཞིང་འཇེབས་ལ་བསམ་གཞིག་ཕྲ་ཞིང་ཞིབ་པའི་ཁྱད་ཆོས།
ལྷུག་རྩོམ་ལ་ཚིག་སྙན་ཞིང་འཇེབས་པའི་ཁྱད་ཆོས་ལྡན་དགོས་པ་དེ་ཡང་། གཞན་གྱིས་གོ་བདེ་ཞིང་ཚིག་སྦྱོར་གྱི་སྟེང་ནས་ཡིད་འགུག་དང་སྤྲོ་བ་སྐྱེད་པ་ཞིག་དང་། ཀློག་པ་པོའི་བཏོན་ན་ཁ་ལ་བདེ་ཞིང་རྣ་བའི་ལམ་དུ་སྙན་པ་ཞིག་ཡིན་དགོས། དེ་ཡང་ཐ་སྙད་གང་བཀོལ་ཡང་དེ་ཚང་མའི་རྣ་བ་ལ་བྱང་བ་དང་། ཁ་ལ་ལོབས་པའི་ཐ་སྙད་སྟབས་བདེ་དག་གི་རྨང་གཞི་བྱས་ཏེ། དེའི་སྟེང་ནས་མཚོན་ཐབས་ལ་དམིགས་ནས་ཚིག་དོན་གནད་བསྡུས་དང་ཚིག་སྣ་བསྟུང་བ་བཅས་ཀྱི་དགོས་མཁོར་དམིགས་ནས་ཡོངས་སུ་མ་གྲགས་པའི་ཐ་སྙད་དེ་མི་རིགས་གཞན་དང་གཞན་གྱིས་རྩོམ་རིག་བརྩམས་ཆོས་ལས་བྱུང་བའི་མིང་བརྡ་གང་ཞིག་ཡོད་ཀྱང་བཀོལ་ཤེས་པ་དགོས། དེ་མིན་བྱང་ཚད་མ་ལོན་པའི་ཚིག་བཙན་བསྒྲིགས་དང་ཡོངས་སུ་མ་གྲགས་པའི་ཐ་སྙད་གསར་བཟོ་སོགས་ནི་ཚིག་སྙན་ཞིང་འཇེབས་པའི་གྲས་སུ་མི་འགྲོའོ། །
མ་ཟད་དེ་ལ་བརྩེ་དུང་མངོན་གསལ་ཆེ་བ་ཞིག་དང་། རྩོམ་ཡིག་འབྲི་བའི་གོ་རིམ་ཡོངས་རྗོགས་སུ་བསམ་གཞིག་ཞིབ་མོས་མ་ཟིན་པ་མེད་པ་ཞིག་གི་སྒོ་ནས། ཕྱི་ཚུལ་ལྷུག་པ་དང་སྙིང་དོན་མི་ལྷུག་པ་གཉིས་ཀ་ཟུང་དུ་སྦྲེལ་བའི་འབྲེལ་ཐག་ཟམ་པ་ལྟ་བུ་ཞིག་རྩོམ་པ་པོ་གང་ཞིག་གི་དགའ་སྐྱོ་ཆགས་སྡང་མངོན་གསལ་གྱིས་མཚོན་པ་ནི་འདི་ཡི་ཁྱད་ཆོས་ཤིག་རེད།
བཞི་པ། ལྷུག་རྩོམ་འབྲི་བའི་ཆ་རྐྱེན།
ལྷུག་རྩོམ་འབྲི་བ་ནི་རང་ཤུགས་ནས་ཐོན་པ་ཞིག་མིན་ལ། སྦྱོང་བརྡར་གྱི་གོ་རིམ་མ་ཚང་ན་ཡོང་བ་ཞིག་མིན། ལྷག་ཏུ་རྩོམ་འབྲིའི་ནུས་པ་དང་བྱང་ཚད་ངེས་ཅན་ཞིག་མེད་ན་རྩོམ་ཡིག་གང་ཡིན་ན་ཡང་མི་ཡོང་བ་བཞིན། ལྷུག་རྩོམ་འབྲི་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་འགའ་ཡང་དགོས་ཏེ།
གཅིག སྐད་ཡིག་གི་རྨང་གཞི་མེད་ན་ལྷུག་རྩོམ་འབྲི་སྦྱོང་གི་རྩ་བའི་ཆ་རྐྱེན་མེད་པ་ཡིན།
ཐོག་མར་ཆེས་ཕུན་སུམ་ཚོགས་པའི་སྐད་ཡིག་གི་རྨང་གཞི་ནི་དམངས་ཁྲོད་རྩོམ་རིག་ཡིན་ཏེ། དམངས་ཁྲོད་ཀྱི་གླུ་དང་བཞད་གར་སོགས་རྩེད་མོའི་རིགས་དང་། གཏམ་དཔེ་དང་སྒྲུང་གཏམ། ཁེད་དང་གབ་ཚིག་གི་རྣམ་པ་ཅན་གྱི་སྐད་ཆའི་སྒྱུ་རྩལ་དང་དེའི་སེམས་ཀྱི་འཁྱེར་སོ་སོགས་ལ་རྒྱུས་མངའ་གཏིང་ནས་ལོན་ན། ད་གཟོད་ཁྱོད་ལ་རང་བཞིན་ཤུགས་ཀྱིས་ཡོང་བ་ནི། སྒྱུ་རྩལ་རྩོམ་རིག་གི་སྣང་བརྙན་དེ་ཡིན་ལ། ད་གཟོད་དྲན་འཆར་སྣ་ཚོགས་དང་། རྟོག་བཏགས་ཀྱི་སྣང་བ། གཟུགས་སྣང་གི་བཀོད་པ་སོགས་ཀྱི་ཆ་རྐྱེན་དུ་མ་ཞིག་མ་བོས་ཀླད་པའི་སྦུབས་སུ་ཐོན་ངེས་རེད་ལ། དེ་དུས་ཁྱོད་ཀྱི་ངག་སྒོ་དེ་ཡང་བོད་རང་གི་ཐུན་མོང་མིན་པའི་གཉུག་གཤིས་ལྷང་ངེར་མཚོན་པའི་ཐ་སྙད་ཀྱི་བང་མཛོད་ལྟ་བུ་ཞིག་ཏུ་འགྱུར་ངེས་རེད།
ད་དུང་ཚད་ངེས་ཅན་ཞིག་ནས་གླེང་ན། བོད་རྩོམ་འབྲི་བ་ལ། བོད་ཀྱི་བཅུ་ཕྲག་རིག་མཛོད་ཀྱི་ལམ་ནས་གཞུང་ལུགས་ཚད་ལྡན་དག་གི་དགོངས་དོན་ལ་སློབ་སྦྱོང་དང་། དེའི་སྡེབ་དང་ཚིག་སྦྱོར་གོ་རིམ་དང་ལྷུ་ལག་གཏན་ཚིགས་ཀྱི་འགྲོས་སོགས་ལ་རྒྱུས་མངའ་མ་སོང་ན་ཁྱོད་ཀྱི་སེམས་ཀྱི་སྙེག་ས་ལ་གོམ་པས་སྤོ་མི་ནུས་པ་དེ་ཡང་ཤེས་དགོས་པ་རེད།
གཉིས། བསམ་བློ་མེད་ན་ལྷུག་རྩོམ་འབྲི་སྦྱོང་གི་མོས་པ་དང་དོན་སྙིང་འབྱུང་ས་མེད།
བསམ་བློ་མེད་ན་ཚིག་གི་སྦྱོར་བ་གང་ཡིན་དོན་གྱིས་སྟོངས་པ་རེད་ལ། བསམ་བློ་མེད་ན་ངག་གི་སྒོ་མོ་དེ་ཡང་བཙན་གྱིས་ཕྱེ་མི་ནུས། དེའི་ཕྱིར། མི་སུ་ཡིན་ལ་མི་ལྟོས་པར། དགའ་ཞེན་དང་སྙིང་སྟོབས། བརྩེ་བ་དང་དུངས་པ། ཡི་རང་དང་གོང་བཀུར། ཡར་ཐོན་དང་སེམས་བཟང་སོགས་ཀྱི་གཤིས་ཀ་དེ་དག་མེད་ན་མི་ཆོག་ཅིང་། ད་དུང་རྟོག་དཔྱོད་དང་དགག་བཞག་སུན་འབྱིན་དང་བཅོས་བསྒྱུར་སོགས་ཀྱི་གཤིས་ཀ་ཡང་ལྡན་དགོས་པ་རེད། ཁྱད་པར་དུ་རྩོམ་པ་བོ་ཞིག་ཡིན་ན། དེས་སྤྱི་ཚོགས་ལ་འཛིན་པའི་ངོས་འཛིན་དང་། རང་བྱུང་ཁམས་ལ་འཛིན་པའི་ངོས་འཛིན་སོགས་ནི་གཞན་དང་གཞན་ལ་བལྟས་ན་ལྡབ་འགྱུར་གྱིས་ཚོར་བ་སྐྱེན་པ་ཞིག་ཡིན་དགོས།
ལྷུག་རྩོམ་ནི་ཚོར་བས་ཟིན་པ་ཞིག་དང་བསམ་བློས་ཕྱུག་པ་ཞིག་ཡིན་དགོས་ན། ཐོག་མར་རང་བྱུང་ཁམས་ཀྱི་ཕྱིའི་འཁོར་ཡུག་ལ་དགའ་ཞེན་དང་། མིའི་རིགས་ཀྱི་ངལ་རྩོལ་གྲུབ་འབྲས་ལ་གདེངས་འཇོག སྤྱི་ཚོགས་ཀྱི་ལམ་ལུགས་དང་སྒྲིག་ལམ་ལ་འཛིན་པའི་མྱོང་ཚོར་ཟབ་མོ་བཅས་ནི་མེད་པ་མི་ཆོག་པའི་རྩོམ་འབྲིའི་བསམ་བློ་དང་མོས་པ་འབྱུང་ས་ཡིན། དཔེར་ན། «དཔྱིད»ཅེས་པ་དང་། «རྟ»ཞེས་པའི་རྩོམ་ཡིག་གི་སྤྱི་ཁོག་ནང་ན་རང་བྱུང་ཁམས་ཀྱི་སྣང་ཚུལ་ལ་འཛིན་པའི་དུངས་པ་བླ་ལྷག་དུ་འབར་ཞིང་། དེ་དག་གི་མགོ་འཇུག་བར་གསུམ་དུ་དུས་དང་ཡུལ་གྱི་རྣམ་པ་དང་། ཡང་ན་། སྲོག་ཆགས་གང་ཞིག་གི་ནང་བརྙན་ལ་མཛེས་སྡུག་གི་ཆ་དུ་མ་ཞིག་རང་གི་ཚོར་བའི་ལམ་ནས་ཁ་སྣོན་བྱས་ཡོད། ཡང་། «རྫ་རིའི་ཆུ་ཕྲན»དང་། «བར་མེད་རྟག་ཏུ་འབབ་པའི་ཆུ་ཕྲན»སོགས་ཀྱིས་ནི། མིའི་རིགས་ཀྱི་ངལ་རྩོལ་ནུས་པར་བསྡུས་བརྗོད་ཀྱི་ལམ་ནས་བསྔགས་པ་བྱས་པ་དང་། «རྐང་ལམ་ཕྲ་མོ»དང་། «ཡ་རུ»ལྟ་བུའི་རྩོམ་ཡིག་གིས་ནི། སྤྱི་ཚོགས་ཀྱི་ལམ་ལུགས་དང་སྒྲིག་ལམ་ལ་འཛིན་པའི་མྱོང་ཚོར་ཟབ་མོ་མཚོན་པར་བྱས་ཡོད། ཁྱད་པར་དུ། སྐུ་ཞབས་ལུའུ་ཞུན་གྱི«སློང་མོ་བ»ཞེས་པས་ནི། དོན་ཟབ་ཅིང་ཚིག་ཚོགས་ཉུང་བའི་རྩོམ་རྩལ་ལ་བརྟེན་ནས། ཁོང་གི་མི་ཚེ་ཧྲིལ་བོའི་གསར་བརྗེའི་ལངས་ཕྱོགས་གནད་བསྡུས་ཀྱིས་མཚོན་པར་བྱས་པ་ནི། བཀག་ན་མི་ཁོག་པའི་བསམ་བློའི་རང་དབང་གི་ཤུགས་ནས་བཞུར་བའི་རྩོམ་ཡིག་ཡིན་པ་ལྟ་བུ་རེད།
དེ་དང་དེ་ལྟ་བུས་མཚོན། ལྷུག་རྩོམ་འབྲི་ན་བསམ་བློ་ལྡན་དགོས་པ་དང་། ལྷུག་རྩོམ་འབྲི་ན་བརྩེ་དུང་གིས་ཕྱུག་དགོས། རྩོམ་པ་བོར་བསམ་བློ་དང་བརྩེ་དུང་། རྟོག་འཆར་དང་ཚོར་བ་སོགས་མེད་ན། དེའི་རྩོམ་ཡིག་ལ་ཡང་མངར་སྐྱུར་གྱི་བྲོ་བ་མི་ལྡན་པས། ཀློག་མཁན་དག་གིས་རོ་བཅུད་མེད་པའི་ཟས་རིགས་ཇི་བཞིན་འདོར་བྱ་ཉིད་དུ་བརྩི་རིགས་སོ། །
གསུམ། དཔེ་ཀློག་མེད་ན་ལྷུག་རྩོམ་འབྲི་སྦྱོང་གི་ཐབས་ལམ་མེད།
ལྷུག་རྩོམ་སོགས་རྩོམ་རིག་བརྩམས་ཆོས་འབྲི་བ་ལ་གོ་རིམ་ངེས་ཅན་ཞིག་དགོས་ཏེ། དེ་ནི། རང་ཉིད་ཀྱིས་རང་སྦྱོང་དང་། དགེ་རྒན་གྱིས་ཁྲིད་པ་དང་རང་གིས་ཉན་པ། དེ་ནས་འབྲི་བ་སོགས་ཀྱི་གོ་རིམ་ཞིག་རེད། དེ་ཡང་མང་གསུམ་འཛོམས་པ་སྟེ། མང་འབྲི་མང་ཀློག་མང་ལྟ་བཅས་ཀྱི་གོ་རིམ་དེ་ཚང་དགོས་པ་ཞིག་རེད།
དཔེ་ཆ་ཀློག་པ་ནི་ཐབས་ལམ་དེ་དག་གི་གནད་བསྡུས་ཤིག་ཡིན། རྩོམ་རིག་བརྩམས་ཆོས་མང་དུ་ཀློག་པ་ནི་རྩོམ་རིག་གི་བློ་སྦྱོང་ཡིན་ཞེས་ཟེར། མང་དུ་ཀློག་ན་ཡང་། གཙོ་བོ་ཡར་ཐོན་ཅན་གྱི་སྒྱུ་རྩལ་བརྩམས་ཆོས་ཀློག་པ་དང་། དངོས་ཡོད་རིང་ལུགས་དང་རྟོག་པ་འཆར་ཡན་རིང་ལུགས་ཀྱི་རྩོམ་རྩལ་སྤྱད་ནས་བྲིས་པའི་རྩོམ་རིག་སྣ་ཚོགས་ལ་ལྟ་ཀློག་བྱེད་དགོས་ཏེ། དེས་ཁྱོད་ལ་དངོས་ཡོད་འཚོ་བ་ཟུར་གང་ཞིག་ནས་མཚོན་པར་བྱས་པའི་ཁྱད་མཚར་གྱི་སྣང་བ་ཞིག་སྟེར་ངེས། དཔེར་ན། སྐུ་ཞབས་ལུའུ་ཞུན་གྱི་བརྩམས་ཆོས་དག་ལ་བལྟས་ན། དོན་རེ་རེའི་ནང་དུ་དོན་རེ་དང་ཚིག་རེ་རེའི་ཕག་ན་ཚིག་རེ་ཡོད་པས། ནང་དོན་གཏིང་ཟབ་ཅིང་བརྗོད་དོན་འབུར་དུ་ཐོན་པ། ཚོར་འདུ་ཤུགས་དྲག་ལ་སྒྱུ་རྩལ་གྱི་བྲོ་བ་ཆེས་ཆེར་ལྡན་པ་ཞིག་རེད། དེ་མིན། རུལ་སུངས་དང་བསླུ་བྲིད་མགོ་སྐོར་བཅས་ཀྱི་ནང་དོན་ལྡན་པའི་རྩོམ་ཡིག་དང་དཔེ་ཆ་གང་ལ་ཇི་ལྟར་བལྟས་ཀྱང་ཁྱོད་ལ་བློ་སྦྱོང་གི་ནུས་པ་གང་ཡང་མི་ཐོན་པར་མ་ཟད། ལྡོག་སྟེ་ཁྱོད་ཀྱི་བསམ་པའི་འཆར་སྒོ་གཏན་དུ་འགོག་ངེས་ཡིན། གཞུང་ལུགས་ཀྱང་དེ་བཞིན་ཡིན་ཏེ། “ཚན་རིག་དང་མཐུན་པའི་གཞུང་ལུགས་ཡང་དག་གིས་རྩོམ་རིག་དར་རྒྱས་ཕུན་ཚོགས་སུ་གཏོང་བར་སྐུལ་ལྕགས་འདེབས་པ་དང་། ནོར་འཁྲུལ་གྱི་གཞུང་ལུགས་ཀྱིས་རྩོམ་རིག་དང་དངོས་ཡོད་ཁ་བྲལ་བྱེད་དུ་འཇུག་ཅིང་ལོག་ལམ་དུ་ཁྲིད་པར་ངེས”ཞེས་བཤད་པ་ནང་བཞིན་རེད། ད་ལྟ་རྩོམ་ཉོག་མང་བོ་དམངས་ཁྱོད་ནས་དར་བཞིན་ཡོད་ལ། དེ་དག་ལ་སྒྲིག་གཞི་དང་ཚད་གཞི་བརྗོད་སྙིང་སོགས་གང་ཡང་མེད་པར། རྩོམ་རིག་གི་བློ་སྦྱོང་མ་ཐོན་པའི་ཀློག་མཁན་དུ་མས་དེ་ལ་བརྩམས་ཆོས་ཞེས་མཐེ་བོང་བསྒྲེངས་ནས་འདུག འདི་དག་ནི་དོན་གྱིས་བཤད་ན། རྩོམ་རིག་ཞིང་ས་ལ་སྐྱེས་པའི་རྩྭ་ལྡུམ་ནང་བཞིན་དེས་རྩོམ་རིག་གསར་བའི་སྐྱེ་རྒྱུན་གཅོད་བཞིན་འདུག་པས། དཔེ་ཀློག་བྱེད་ན་ངེས་པར་དུ་ཡར་ཐོན་ཅན་ཡི་དཔེ་ཆར་ལྟ་བ་གནད་དུ་ཆེའོ། །
ལྔ་བ། མཇུག་གི་གཏམ།
གོང་དུ་བརྗོད་པ་ནི་ལྷུག་རྩོམ་གྱི་སྤྱི་དོན་རགས་ཙམ་ཡིན་ལ། སྤྱི་དོན་རགས་ཙམ་འདིས་གང་ཞིག་གསལ་བཤད་བྱེད་ཟེར་ན། ལྷུག་རྩོམ་གྱིས་མཚོན་པའི་སྒྱུ་རྩལ་རྩོམ་རིག་གང་ཡིན་ལ་མི་ལྟོས་པར། དེའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། སྤུས་ཀ་ལྡན་པའི་རྩོམ་རིག་གི་ཞིང་ས་ལ་ལྡམ་ལྡུམ་དང་འདྲ་བའི་རྩོམ་སྙིག་གི་ཕུང་བོ་སྤུང་མི་རུང་བའི་གསལ་བཤད་བྱེད་འདོད་པ་དེ་ཡིན།
མི་རིགས་ཀྱི་རྩོམ་རིག་ལས་ཀ་དར་སྤེལ་གཏོང་བ་དང་། དེས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཐུན་མོང་གི་སྒྲིག་གཞི་བརྟན་སྲུང་དང་། མི་རིགས་མཐུན་སྒྲིལ་དང་རོགས་རེས་ཡར་ཐོན་བཅས་ཀྱི་སྒོ་ནས། ཅན་བཞིའི་འཛུགས་སྐྲུན་མངོན་གྱུར་ལ་ལག་རྗེས་འཇོག་དགོས་པ་ནི་དུས་རབས་འདིའི་འགན་འཁྲི་ཡིན།
དེ་དང་དེ་སོགས་ཤིན་ཏུ་མང་ན་ཡང་། མདོར་བསྡུས་ཏེ་བརྗོད་ན། རྩོམ་རིག་བརྩམས་ཆོས་གང་ཞིག་ཡིན་ན་ཡང་། དེ་ལ་གོ་རིམ་དང་བརྗོད་དོན། འབྲི་ཐབས་དང་རྩོམ་རྩལ། ངག་གི་འགྱུར་ཁུག་དང་ཡིད་ཀྱི་འགྱུར་བ། བརྩེ་དུང་དང་རྟོག་འཆར་སོགས་ཀྱི་ཚད་ཐིག་ངེས་ཅན་ཞིག་མེད་ན། དེ་ནི་གོམ་ཁ་འཁྱར་འཁྱོར་ལེན་པའི་བྱིས་པ་བཞིན་དེ་སྒྱུ་རྩལ་གྱི་ཐང་ཆེན་དུ་བགྲོད་མི་ནུས་ལ། དེས་སྒྱུ་རྩལ་གྱི་ཞིང་ཁམས་སུ་འཁྲིད་ཀྱང་མི་ནུས་སོ། །
སྐབས་འགར་སྙན་ངག་དང་རྩོམ་རིག་གཉིས་དོན་གཅིག་ཏུ་གོ་བ་ལེན་དགོས་ན། སྙན་ངག་གི་རོ་བཅུད་ཅེས་པ་ནི་སྤྱི་ཚོགས་ནས་ཚུར་བསྡུ་ལེན་བྱེད་ཅིང་། སྙན་ངག་གི་རོ་བཅུད་ཅེས་པ་ནི་སྤྱི་ཚོགས་ལ་ཕར་བགོ་འགྲེམས་བྱེད་པ་ཞིག་ཡིན་ན་ཡང་། ད་ལྟ་བོད་རྩོམ་ལས་རོ་བཅུད་འཛོམས་པའི་སྙན་ངག་མཐོང་རྒྱུ་ཇེ་དཀོན་དང་། སྙན་ངག་དང་ལྷུག་རྩོམ་སོགས་སྒྱུ་རྩལ་བརྩམས་ཆོས་ཀྱི་བྲོ་བ་ལྡན་པའི་བོད་རྩོམ་ཇེ་ཉུང་དུ་འགྲོ་བཞིན་པ་ནི། མི་རིགས་ཤིག་གི་སྐད་ཡིག་ལ་ཉམས་ཆག་འགྲོ་བཞིན་པའི་སྣང་ཚུལ་དངོས་གནས་པ་ཞིག་ཀྱང་ཡིན་ནོ། །
རྩོམ་པ་པོ་ངོ་སྤྲོད།
གསེར་ཐལ་རྫོང་སློབ་འབྲིང་གི་དགེ་རྒན་ཐུབ་བསྟན་གྲགས་པ། ཁོས་ལོ་ན་ཆུང་ངུའི་དུས་ནས་བཟུང་དགེ་བའི་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་གང་མང་ལ་སྦྱངས་པ་གནད་སྨིན་མཛད་དེ། རང་ཡུལ་གསེར་ཐལ་ས་ཆ་ནས་ལོ་ངོ་མང་བོར་དགེ་རྒན་གྱི་ཕྱག་ལས་གཉེར་ཞིང་། སློབ་མ་བརྒྱ་ཕྲག་དུ་མ་གསོ་སྐྱོང་བྱས། བརྩམས་ཆོས་ལ«ལོ་མ་སེར་བོ»དང«འཁོར་འབངས་ཀྱི་དད་པ» «སྲིད་པ་རྒྱན་གྱི་མདོ» «ང་ཚོའི་རྗེས་རབས་པ»སོགས་ཀྱི་ཆེད་དེབ་དང་། «ཨེན་སི་ཐན»དང«མར་ཁེ་སི་རིགས་པའི་གཞུང་ལུགས་ཀྱི་བཤད་པ་བཅུ» «ཐའོ་ཞིན་ཀྲི་སློབ་གསོའི་གདམས་ངག་ཆེད་བཏུས»སོགས་ཀྱི་སྒྱུར་རྩོམ་དེབ་སོགས་ཡོད།

༢༠༢༥ལོའི་ཟླ༧ཚེས༢ལ་བྲིས།

འབྲེལ་ཡོད་འོས་སྦྱོར།