སྒྲུང་གཏམ«ཉི་ནུབ་ཀྱི་སྔ་རོལ»ལ་དཔྱད་པ།
རྩོམ་པ་པོ།:ཚེ་གྲུབ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2025-12-16
ཀློག་གྲངས།:
མ་ཡུམ་དང་བརྩེ་དུང་ནི་སྒྱུ་རྩལ་ཀུན་གྱི་དུས་གཏན་གྱི་བརྗོད་བྱ་ཡིན། ལྷག་དོན་རྩོམ་རིག་ལ་མཚོན་ན་མ་ཡུམ་བརྗོད་བྱར་བདམས་པའི་བརྩམས་ཆོས་ནི་བགྲང་གིས་མི་ལང་བ་ཞིག་ཡོད་ལ། མིག་སྔའི་བརྩམས་ཆོས་གང་མང་ཞིག་ན་མ་ཡུམ་གྱི་དྲིན་བརྗོད་པའམ་དྲིན་དྲན་པའི་རིགས་ཤིག་དང་། མ་ཡུམ་གྱི“རླབས་ཆེན”ཕྱོགས་སྟོན་པ་དེ་རིགས་ནི་གཙོ་ཤོས་སུ་མངོན། དེ་ལྟར་བདམས་པ་ནི་ནོར་འཁྲུལ་ཞིག་ཏུ་ཁས་འཆེས་པ་མིན་མོད། མཚོན་སྟངས་དང་སྒྲིག་གཞི་སོགས་སྒྱུ་རྩལ་གྱི་ལས་སྣོན་ཅི་རིགས་སྤྱི་འགྲོས་སུ་གྱུར་དུས། སྒྱུ་རྩལ་གང་ལ་མཚོན་ནའང་དོན་སྙིང་ཟད་པར་མངོན། སྒྱུ་རྩལ་གྱི་རིན་ཐང་ནི་གསར་གཏོད་ལས་མངོན་པ་ལས་ལད་ཟློས་ཙམ་དུ་འགྲུབ་ཐབས་མེད་པ་ནི་ཆོས་ཉིད་ཅིག་ཏུ་འཁུམས། སྒྱུ་རྩལ་གྱི་འཕེལ་རྒྱས་དང་མིའི་རིགས་ཀྱི་འཕེལ་རྒྱས་ནི་གོམ་པ་མཉམ་ལེན་དུ་གནས་ལ། སྒྱུ་རྩལ་ཉིད་མི་ཡུལ་དུ་བྱུང་བའམ་མིའི་རིགས་ཀྱིས་སྒྱུ་རྩལ་ཞེས་པ་ཅི་ཡིན་མྱོང་རོལ་བྱེད་ནུས་པའི་ཉིན་དེ་ནས་བཟུང་། དེ་ནི་མིའི་རིགས་ཀྱི་སེམས་ཁོང་གི་གླུ་སྒྲ་དང་ཕུགས་བསམ་སྣ་ཚོགས་ཀྱི་མོས་འདུན་ཡིན། དེར་བརྟེན་སྒྲུང་གཏམ་སྒྱུ་རྩལ་གྱི་མཚོན་སྟངས་ཉིན་འགྱུར་ཟླར་བརྗེ་བྱེད་བཞིན་པའི་དུས་སྐབས་འདིར«ཉི་ནུབ་ཀྱི་སྔ་རོལ»(2003ལོའི«སྦྲང་ཆར»དེབ་བཞི་པར་གསལ)ལྟ་བུར་དུས་དང་བསྟུན་པའི་འཚོལ་སྙེག་གི་སྙིང་སྟོབས་དང“ཕུགས་བསམ་སྣ་ཚོགས་ཀྱི་མོས་འདུན”དེ་རིགས“མངོན་གྱུར”བྱེད་བཞིན་ཡོད་ཅེས་ནའང་སྒྲོ་འདོགས་མིན་པར་མངོན།
ཆོས་སྐྱོང་ནི་སྒྲུང་གཏམ་བྲིས་ཏེ་ཅང་མ་འགོར་བའི་ན་གཞོན་རྩོམ་པ་པོ་ཞིག་ཡིན་མོད། ཁོས་སྒྲུང་གཏམ་ཁྲོད་མངོན་པའི་སྒྱུ་རྩལ་འཚོལ་དཔྱོད་ཀྱི་རང་ཚོར་སྐྱེན་པོ་དང་སྤྲོས་བརྗོད་ཐད་ཀྱི་རིག་པ་དེར་ང་ཚོས་རྗེས་སུ་ཡི་རང་བྱ་འོས་པ་ཞིག་ཡིན། ཡིད་ཆེས་དེ་རིགས་ནི་ཁོའི་སྒྲུང་ཐུང«2001ལོའི་གཏམ་རྒྱུད»(2002ལོའི«སྦྲང་ཆར»དེབ་གཉིས་པར་གསལ)ཅེས་པ་ལས་ཀྱང་མངོན་ཡོད་པ་ཡིན།
སྒྲུང་ཐུང«ཉི་ནུབ་ཀྱི་སྔ་རོལ»འདིར་ཐོག་མར་མངོན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ལུས་ཀྱི་རྣམ་པ་དེ་ཡིན། ང་ཚོ་ཐུན་མོང་གི་སྣང་ངོར“གླེང་གཞི།” “བརྗོད་གཞི།” “མཇུག་བྱང”སོགས་ནི་རིག་གཞུང་དཔྱད་རྩོམ་དག་ན་སྤྱོད་ཆེ་བའི་ཆེད་ལས་ཐ་སྙད་ཅིག་ཡིན་པས། བལྟས་མ་ཐག་ཏུ་སྒྲུང་གཏམ“འཆལ་འཆོལ”ཞིག་ཏུ་སྣང་ཡང་ཐོག་མའི་གླེང་གཞི་ནས་མཇུག་བྱང་བར་དུ་ཞིབ་མོར་བལྟས་ཚར་དུས། སྣང་བ་ལ་སྒྲུང་གཏམ་ཡང་སྙན་ངག་སོགས་སྒྱུ་རྩལ་གཞན་དང་འདྲ་བར་སྤྱི་འགྲོས་སམ་ཚད་བཀག་ཅི་ཡང་མེད་ལ། གཙོ་བོ་རྩོམ་མཁན་གྱི་བློ་རྩལ་དང་ཡི་གེ་བཀོལ་སྤྱོད། སྒྱུ་རྩལ་ལས་སྣོན་སོགས་ལ་རག་ལས་འདུག་སྙམ་པའི་རྣམ་རྟོག་དེ་ངང་ངམ་ཤུགས་ཀྱིས་འབྱུང་ཐུབ་པ་ཡིན།
མིག་སྔའི་བོད་ཡིག་གི་སྒྲུང་གཏམ་གང་མང་ཞིག་ལུས་ཀྱི་རྣམ་པའི་སྟེང་དུ་གོམས་པ་ཀློང་གྱུར་དུ་མངོན་དྲགས་པས་སྣང་བ་ལ་སྤྱི་འགྲོས་འབའ་ཞིག་གི “རྒྱ”རུ་ཚུད་པར་སྙམ་ལ། «ཉི་ནུབ་ཀྱི་སྔ་རོལ»ལྟ་བུར་མཚོན་ན་ཐོག་མར་ལུས་ཀྱི་སྟེང་མངོན་པའི་རྒྱུས་མེད་ཀྱི་ཆ་དེས་ཀྱང་ཀློག་འདུན་བསླངས་བྱུང་། བྱ་དངོས་གང་རུང་གི་འཕེལ་རྒྱས་ནི་གྲངས་ཀའི་མང་ཉུང་དང་རྒྱ་ཆེ་མིན་ཁོ་ནའི་ཐད་དུ་མེད་པ་བཞིན་བོད་ཀྱི་སྒྲུང་གཏམ་ལ་མཚོན་ནའང་འདི་ལྟ་བུར་མིག་ཚོར་ལ་བྲོ་བ་གཞན་སྟེར་ནུས་པ་འདིའང་འཚོལ་དཔྱོད་ཅིག་ཏུ་ཅིས་མི་འགྲོ། སྒྲུང་ལུས་འདི་མཐོང་མ་ཐག་ངས་རྒྱའི་རྩོམ་པ་པོ་མཱ་ཡོན་གྱི«གངས་དཀར་ཏི་སེའི་བསླུ་བྲིད»ཅེས་པའི་སྒྲུང་གཏམ་དེ་དྲན་བྱུང་། གཉིས་ཀའི་བརྗོད་བྱ་མི་གཅིག་རུང་རྩོམ་གྱི་སྒྲིག་གཞི་དང་ཐབས་རྩལ་ཐད་དུ་སྔོན་མས་ཕྱི་མར་སློབ་སྦྱོང་བྱས་པའི་ཤུལ་རྗེས་དེ་མངོན་ཡོད་པ་ཡིན། འོན་ཀྱང་འདིར་བསྟན་པ་ནི་ལད་འབྲི་ཙམ་གྱི་ཁོངས་སུ་མི་གཏོགས་ལ་ཡིག་རིགས་ཀྱང་མི་གཅིག་པས་སྤྲོས་བརྗོད་ཀྱི་ལག་ཐབས་དང་། བརྗོད་བྱའི་བློས་བསླངས་སོགས་ཀྱི་ཐད་དུ་ལམ་གཞན་རྙེད་པའི་རིན་ཐང་མངོན་ཡོད་པ་ཡིན།
“སྤྱི་ལོ1997ལོའི་ཟླ7པའི་ཚེས16ཉིན། ཨ་མ་མཆོག་སྐྱིད་ཚེ་ལས་འདས……”ཞེས་ངེས་བསྟན་གྱི་དུས་ཚོད་དེ་ང་ཚོའི་སྣང་ངོར་རྟོག་བཟོའམ་དྲང་བརྗོད་གང་ཡིན་གྱི་ཆ་མི་ངེས་མོད། བྱུང་རིམ་རིམ་བཞིན་བཀྲམ་པ་དང་བསྟུན་ནས་ཉིན་དེ་ནི་རྩོམ་མཁན་ལ་མཚོན་ན་བརྗེད་ཐབས་བྲལ་བའི་ཉིན་ཞིག་ཡིན་པ་གཏམ་རྒྱུད་ལས་རྟོགས་ཐུབ། གླེང་དེ་བསླངས་པ་དང་མཉམ་དུ་རྩོམ་མཁན་གྱིས་ཚིག་ཉུང་ངུ་ཙམ་ལ་བརྟེན་ནས་རང་ཡུལ་གྱི་འཚོ་སྡོད་གནས་བབ་དང་བོད་ཁུལ་རོང་ཡུལ་གྱི་འཚོ་བའི་གནས་ཚུལ་ཅི་རིགས། ལོ་ཏོག་གི་སྐྱེས་ཚད། “རི་མ”དང“ཆུ་མའི”ངལ་རྩོལ་པའི་སེམས་ཁམས་ཀྱང་བྱུང་རིམ་རང་ངོས་ནས་ཕྱིར་འབུད་དུ་བཅུག “ཁྱད་ཆོས”དེ་དག་རྩོམ་མཁན་གྱིས་གསལ་བཤད་དམ་སྡོམ་ཚིག་ཅི་ཡང་བཀོད་མེད་མོད། “མ་སྲུ་ཚོའི”སྡུག་གཏམ་དང་ཡིད་སྨོན་ཅི་རིགས་ལས་བོད་པ་སྤྱིའི་སེམས་ཁམས་ཀྱི་མོས་ཕྱོགས་དང་འཚོ་བའི་དཀའ་ཁག་ལ་ཞེ་མི་འཆོར་བའི“སྙིང་སྟོབས”ཅི་རིགས་ཀྱང་རང་བྱུང་ཉིད་དུ་དང་དོད་བྱས་བྱུང་། ལྷག་དོན་སྟོན་སྡུད་དུས་ཀྱི་སྟོན་ཁ་དེ་དང་ལོ་ལེགས་མ་ཐོབ་པའི་ཡུལ་མི། “རང་ཚང་གི་ཞིང་ཁ”ན་ཨ་མ་མ་མཐོང་བའི་བྲེལ་སྣང་སོགས་ཀྱིས་སྙན་ངག་ཁྲོད་ཀྱི་ཡིད་བརྙན་ཅི་རིགས་དང་འདྲ་བར་རྩོམ་འདིའི་རྩ་བའི“ཡིད་ཡུལ”དེ་གཏན་ལ་ཕབ། བརྗོད་གཞི་དང་པོ་དེ་མ་ཚར་གོང་ལ“བར་བཅུག”ཅིག་བྲིས་ཡོད་པ་འདི་མཐོང་མ་ཐག་དེ་འདྲའི་མི་འོས་པ་ཞིག་རེད་སྙམ་ཡང་། བར་བཅུག་དེ་བཀླགས་ཚར་དུས་གོང་གི་བརྗོད་གཞི་དེར་ལྷག་པར་དུ་ངེས་ཆ་གསལ་བའི་རྣམ་རྟོག་ཅིག་བསྐྱེད་བྱུང་། རྩོམ་མཁན་གྱིས“མ”དེ་སྒྲུབ་བཞེང་བྱེད་པ་ལ་ཤོག་ངོས་ཀྱི་རི་མོ་བཞིན་ཐད་ཀར་སྐྱ་ཐིག་ཙམ་གྱིས་འཐུས་པར་མ་བྱས་ཤིང་། ཁོས་ཨ་མས་སྐྱེ་འཆི་ལ་བཅངས་པའི་ལྟ་བ་དང་དངོས་ཡོད་ཁྲོད་བྱུང་བའི་གནས་ཚུལ་ཅི་རིགས་ལ་བརྟེན་ནས“མ”དེའི་སེམས་ཁོང་གི་ཁེར་རྐྱང་ཅི་རིགས་དང་ཁེར་རྐྱང་དེའི་འབྱུང་རྐྱེན། ཁེར་རྐྱང་དེ་རིགས་ཀྱིས་མནར་བཞིན་པའི“ཨ་མར”བཅངས་པའི་གདུང་སེམས་དེའང་རང་ཉིད་འཚོ་དངོས་ལས་ཕྲད་པའི་འཆི་བའི་དོན་རྐྱེན་དེ་དག་གིས་རམ་འདེགས་འོག “མ་བུའི་བརྩེ་དུང”གི་ཡང་སྙིང་དེ་དང་སྡོམ་ཚིག་ག་གེ་མོའམ་རིག་གནས་ཁོར་ཡུག་ཅིག་ཏུ་གྲུབ་པའི་སྤྱིའི་སེམས་ཁམས་ཤིག་གི་བརྟག་གཞིགས། ཡང་ན་དོགས་པ་ཅི་རིགས་ཀྱང་སྙན་རྩོམ་ཞིག་དང་འདྲ་བར་ཤུགས་སུ་བསྟར། སེམས་འདུན་དེ་ལྟ་བུས་སྣེ་འདྲེན་བཞིན“བརྗོད་གཞི”གཉིས་པ་དེས་བརྗོད་གཞི་དང་པོའི་རྒྱུན་དེ་མཐུད་སྣང་ཙམ་དུ་བྱུང་མོད། བརྗོད་གཞི་འདིའི་དང་ཐོག་གི་གསལ་བཤད་དེས་ངས་ལྟ་ཚུལ་དེར་བདེན་དཔང་བྱས་བྱུང་།
རྩོམ་མཁན་གྱིས་ང་ཚོར་སྟོན་འདོད་པ་ནི་ཤོག་ངོས་ཀྱི་རི་མོ་ཙམ་མིན་པར་མ་ཟད། ཁོས་རང་ཉིད་མི་སྣ་གཙོ་བོས་ཅི་བྱེད་འདི་ལས་ལ་མཁྱེན་པ་མངའ་བའི་འཁྲིས་འདུག་མཁན་དེའང་བྱེད་འདོད་མེད་པ་ཡིན། སྤྱིར་ང་ཚོའི་སྒྲུང་གཏམ་གྱི་གོམས་གཤིས་ལྟར་ན“ང”ཉིད་རང་ཁྱིམ་དུ་ཇི་ལྟར་སོང་ཚུལ་དང་ཨ་མ་དང“ང”གཉིས་ཕན་ཚུན་མཐོང་མ་ཐག་དྲན་པ་མཚོན་ཚུལ་གྱི་རྣམ་པ་ཅི་རིགས་འབྲི་ངེས་མོད། རྩོམ་མཁན་གྱིས་དེ་ལས་ལྡོག་སྟེ་རྣམ་པ་དེ་རིགས་ཆེས་སྤྱིར་བཏང་དུ་བསྒྱུར་པར་མ་ཟད། རང་སྣང་དེའང་མ་དྲན་དྲགས་པའི་ཚོར་རྟོག་ཅི་ཡང་མེད་པར་བཟོས་མོད། འོན་ཀྱང་འདི་རུ་བློ་ཞིབ་མོས་མུར་ཀློག་བྱ་དགོས་པ་ཞིག་ནི་ཨ་མའི“ཐལ་མི་དྲགས་པའི་སྤྱོད་ཚུལ”དེ་དང་། “མིག་ཀོང་ལས་ཡིད་སྨོན་དང་དུངས་སེམས་ཀྱི་འོད”འཕྲོ་བའི་ཞིབ་ཆ་དེ་རིགས་ལས་བུའི་སེམས་ཀྱི་མ་ཡི་སྣང་བརྙན་དེ་བྱུང་རིམ་མམ་མོའི་སྤྱོད་སྟངས་ལས་མངོན་ཡོང་། དེང་སྐབས་གཞུང་ལུགས་གང་མང་ཁྲོད་མི་སྣས་བྱུང་རིམ་ལ་བཀོད་འདོམས་བྱེད་བཞིན་མི་སྣའི་ཕྱིའི་ཚུགས་ཙམ་མངོན་པར་བརྩོན་པ་ནི་ཅུང་ཐབས་རྡུགས་ཀྱི་འབྲི་ཐབས་ཤིག་ཏུ་ཁས་འཆེས་ཀྱང་། མིག་སྔའི་བོད་ཡིག་སྒྲུང་གཏམ་གསར་རྩོམ་ཁྲོད་དེ་ནི་སྤྱི་འགྲོས་འབའ་ཞིག་ཏུ་གྱུར་པས། སྒྲུང་གཏམ་ཁྲོད་མི་སྣ་འགའ་རེ་མཆིས་ཀྱང་། གཤིས་ཀ་གཅིག་ཏུ་གཞོལ་བའི་གནད་དོན་ཡང“སྤྱི་འགྲོས”དེ་དག་ལ་ཞུགས་དྲགས་པའི་རྐྱེན་ཡིན། སྒྲུང་གཏམ་འདི་རུ་སྐབས་ཐོག་དེའི་སྤྲོས་བརྗོད་དུའང་གནད་དོན་དེ་དག་སེལ་ཡོད་པ་མངོན་གསལ་ཡིན། རྩོམ་མཁན་གྱིས་མི་སྣ་དེ་ཚོར་བའི་སྣང་བ་དང་རེག་ཐུབ་པར་སྙམ་པའི་རྟོག་པའི་ཁྲོད་མངོན་ཆེད། ཁོས་བྱུང་རིམ་ཅི་རིགས་མི་སྣའི་གཤིས་སུ་བསྟུན་ཞིང་མི་སྣའི་སྤྱོད་སྟངས་དེ་དག་བྱུང་རིམ་གྱི་འཕེལ་འགྱུར་ཁྲོད། རང་བྱུང་ཉིད་དུ་མངོན་དུ་བཅུག་པས་སྒྲུང་གཏམ་ལ་འཚོ་བ་དངོས་ལས་ལྷག་པའི་བདེན་པ་ལྡན་པར་མ་ཟད། མི་སྣའི་ཆ་བྱད་དེ་དག་རྩོམ་མཁན་རང་གི“མཁྱེན་རྒྱ”རུ་ཚུད་དུ་མ་བཅུག་པས་ཀློག་མཁན་ལ་རྟོག་བཟོའི་བར་གླགས་ཤིག་ཅུང་ཡངས་པོར་ཕྱེ་ཡོད་པར་སྙམ། ཚན་རིག་ནི་ཤེས་བྱའི་དགོས་མཁོར་བསྟུན་ནས་བྱུང་ཞིང་། ང་ཚོས་ཚན་རིག་དང་གཞུང་ལུགས་ཐད་མངོན་པའི་རེ་བ་ནི་དེ་ཉིད་བདེན་པ་ཡིན་དགོས་པ་དེ་རེད། སྒྱུ་རྩལ་ནི་མིའི་རྩེད་མོའི་དགོས་མཁོར་བརྟེན་ནས་བྱུང་བར་མངོན་ལ། དེའི་ཁྲོད་ཀྱི་སྒྱུ་རྩལ་ནི་ཚན་རིག་ལས་མྱོང་མི་ཐུབ་པའི་སྟོང་ཆ་ཅི་རིགས་སྐོང་ཆེད་ཡིན་པ་བཞིན། ལྷག་དོན་སྐབས་འདིའི“ལྷ་སའི་བརྩེ་དུང”དེར་ཕྱི་ཚུལ་ཙམ་དུ་འགྲེལ་ཁུལ་བྱས་པ་དེས་ཀྱང་ལྷག་པར་དུ་མ་དང་མ་ལྟ་བུའི་ཚོགས་པ་གང་མང་ཞིག་གི་སེམས་གཤིས་དང་། རིན་ཐང་ཞིག་གི་མོས་འདུན་དེའང་ངལ་མེད་ལྷུན་གྲུབ་ཏུ་མངོན་པས་མ་ཡི་སྣང་བརྙན་དེ་རྟོག་པའི་ཀློང་ན་རྟོག་བཟོ་བྱ་ཐུབ་པའི་མཛེས་དཔྱོད་ཀྱི་རིན་ཐང་ལྡན་པར་མངོན།
“དྲང་མོར་བཤད་ན། ཨ་མས་ང་ལ་བཞག་པའི་ཕྱིར་དྲན་གྱི་དོན་བྱ་ཤིན་ཏུ་ཉུང་།” བར་བཅུག་གཉིས་པ་འདི་མགོ་བསླངས་མ་ཐག ང་ཚོའི་སེམས་ལ་འདི་ནི་ཅི་འདྲའི་མི་རྩིས་མཐོང་མེད་པ་ཞིག་རེད་ཨང་སྙམ། སེམས་འགྱུ་དེར་མཐུད་ནས་འདིས་ཅི་ཞིག་བཤད་རྩིས་ཡོད་དམ་ཞེས་ཟད་མེད་ཀྱི་བསླུ་བྲིད་ཅིག་གིས་ལྟ་འདུན་གྱི་སྣ་དེ་བྲེལ་འཚུབ་ངང་དྲངས་པ་དང་བསྟུན། བར་བཅུག་དེར་བལྟས་ནས་ཚར་མ་ཐག སེམས་པ་སྤང་ཁུད་ཅིག་ཏུ་སླེབས་པ་བཞིན་ཁོད་ཡངས་པར་གྱུར། བྱུང་རིམ་མམ་གཏམ་རྒྱུད་ཀྱི་དགེ་མཚན་ནི་ཀློག་མཁན་ལ་འདིའི་མན་ནས་ཅི་ཞིག་བཤད་རྒྱུའམ་ཅི་ཞིག་བྱུང་བར་ལྟ་འདུན་སློང་ཐུབ་པའི་ནུས་པ་ལྡན་པ་དེ་ཡིན་ལ། ཞན་ཆ་ནི་ལྟ་གིན་ལྟ་གིན་མཇུག་འབྲས་ཅི་ཡིན་ཚོད་དཔག་བྱེད་ཐུབ་པས་ལྟ་འདུན་སློང་བྱེད་ཀྱི་ནུས་པ་མེད་པ་དེ་ཡིན། སྒྱུ་རྩལ་གྱི་བློས་བསླངས་ཞེས་པ་དོན་དམ་དུ་བརྗོད་འདུན་གྱི་ཆ་ཀུན་བདེན་པ་དང་། ལྷག་བསམ་གཞན་ཞིག་གི་གནས་ནས་ཀློག་མཁན་ལ་དངོས་པོའི་རང་བཞིན་ནམ་རང་བབ་ལས་ཚོར་རྟོག་ཐུབ་པའི་འཚོ་བའི་ནང་སྙིང་དེ་སྟེར་ཐུབ་པ་ཞིག་ཡིན་ངེས། བརྗོད་གཞི་དང་པོ་ནས་བར་བཅུག་འདི་རག་བར་རྩོམ་མཁན་གྱིས་ཐུན་མོང་གི་ཉམས་མྱོང་ཙམ་ལ་བརྟེན་ཏེ། ཀློག་མཁན་ལ“ཚིག་བརྗིད་པོ”དང“དཔེ་མཚར་བོ”འགས་མ་ཡུམ་གྱི་ཆ་བྱད་ཙམ“རླབས་ཆེན”དུ་མ་བསྒྱུར་པར་རང་མྱོང་བྱེ་བྲག་གམ་ཚོར་ཤེས་དྲང་མོར་བརྟེན་པ་དང་བསྟུན། མ་ཡི“རླབས་ཆེན”དེ་མི་དཀྱུས་མ་དག་གི་ཀློང་ནས་མི་སྣ་རང་གི་སྤྱོད་སྟངས་བྱེ་བྲག་པ་དང་གོམས་གཤིས་ཀྱི་ཟུར་ཕྲ་མོ་དག་ལས་རང་བརྙན་རང་བཟོ་རུ་ཕྱུང་སྟབས། ང་ཚོ་ཀློག་མཁན་དག་ལ་མཚོན་ན་རང་གི་འཚོ་བ་དངོས་ཁྲོད་བཞུགས་པའི་ཨ་མ་དག་དྲན་པ་མ་ཟད། ཐུན་མོང་མ་ཡིན་པའི་ཨ་མ་དེ་ཡང“ང”ཉིད་རང་ཁྱིམ་དུ་རྐུ་ལ་ཆས་པའི་བྱུང་རིམ་ཕྲ་མོ་དེ་དག་ལས་ཀྱང“ཕ་སེམས་བུ་ཐོག བུ་སེམས་རྡོ་ཐོག”ཅེས་པའི་རླབས་ཆེན་གྱི་སྣང་བརྙན་དེ་ཚོར་རེག་བྱ་མི་ཐུབ་བམ། “ཨ་མས་ང་ལ་བཞག་པའི་ཕྱིར་དྲན་གྱི་དོན་བྱ”དོན་དམ་དུ་ཤིན་ཏུ་ཉུང་ངམ། སྒྲུང་གཏམ་འདིའི་ཁྲོད་ཨ་མའི་སྣང་བརྙན་སྒྲུབ་བཞེང་བྱེད་པ་ལ་མཐའ་གཅིག་ཏུ“ཨ་མའི་ཐོད་གཉེར།” “རྒས་འཁོགས་ཀྱི་རྒྱབ་གཟུགས།” “ཧྲལ་ཧྲུལ་དུ་གྱུར་པའི་རས་ལྭ”སོགས་ཕྱི་ངོས་སུ་ཚོན་རྩི་དེ་འདྲ་མང་བོ་ཞིག་གིས་སྤྲས་མེད་པར་ཨ་མའི་གཏམ་སྤྱོད་བྱེ་བྲག་འགའི་སྟེང་ནས་རང་བཞིན་གྱིས་ཐོན་པར་བྱས་འདུག མི་གཤིས་ཀྱི་རང་བཞིན་ནི་གང་དེའི་ཀུན་སྤྱོད་ཀྱི་ཟུར་རམ་ཀུན་པོས་སྦ་གསང་བྱེད་པའི་རང་རང་གི་གཉོམ་ལག་དག་ལས་མངོན་པ་བཞིན། རྒྱལ་ཁབ་ཕྱི་ནང་གི་སྒྲུང་གཏམ་གྲགས་ཆེན་གང་ལ་བལྟས་ཀྱང་མི་སྣའི་རང་གཤིས་སམ་སྣང་བརྙན་གསོན་ཉམས་ལྡན་པ་དག་སྒྲུབ་བཞེང་བྱེད་ཆས་གཙོ་བོ་ནི་ཕྲ་ཞིབ་ཀྱི་བྱུང་རིམ་དག་ལས་བྱུང་བར་མངོན་མོད། འོན་ཀྱང་དེ་ནི་དེང་གི་ང་ཚོའི་བོད་ཡིག་སྒྲུང་གཏམ་གང་མང་ཁྲོད་མངོན་པའི་འཚོ་བའི་ཕྱི་ཚུལ་རྐྱང་རྐྱང་དག་ལ་བརྟེན་ནས་གཏམ་རྒྱུད་ག་གེ་མོའི་རྒྱུན་དུ་མངོན་ཐབས་མེད་པ་ཞིག་ཡིན།
རྩོམ་མཁན་གྱིས་དགོས་མཁོ་དུ་མར་བརྟེན་ནས“བརྗོད་གཞི”གསུམ་པའི་སྒོ་ཕྱེ་བྱུང་། སྒྲུང་གཏམ་གང་རུང་གི་ཁྲོད་མི་སྣའི་སེམས་ཁམས་ཀྱི་འཕེལ་འགྱུར་དེ་མཛེས་དཔྱོད་ཀྱི་སྤྱོད་ཡུལ་བྱས་ཏེ་མི་སྣའི་རང་གཤིས་ཀྱི་ཁྱད་ཆོས་སྣ་མང་དེ་ཕྲ་ཞིབ་ཀྱི་བྱུང་རིམ་ཁྲོད་མངོན་སྐབས། ང་ཚོས་ལྷག་དོན་མི་སྣ་དེ་གསོན་པོའི་གཟུགས་སུ་མྱོང་ཚོར་བྱེད་ཐུབ་པ་ཞིག་ཡིན། རྩོམ་མཁན་གྱིས་ཁྱབ་གཟུགས་རང་བཞིན་གྱི་རོང་གྲོང་གི་ཁོར་ཡུག་དེ་བསྐྲུན་ཐོག ནད་ཀྱིས་མནར་བཞིན་པའི་ཨ་མའི་སྣང་བརྙན་དེ་མོའི་ཕྱི་ཚུལ་གྱི་སྤྱོད་སྟངས་ཕྲ་མོ་དག་ལས་རང་གཤིས་ཀྱི་ངོ་བོ་དེའང་མངོན་ཡོང་བ་ཡིན། “མོ་ཉལ་སར་ལྷུང་ནས་འགོར་དྲགས་པས། སྣང་བ་དེ་ཙམ་གྱིས་ང་ཚོར་འཚུབ་ཆ་སློང་མི་སྲིད་ལ་བསླངས་ཀྱང་མ་མྱོང་། སྤྱིར་བཏང་དུ་ཡོད་པའི་ནད་པའི་ཁྱིམ་ཚང་གི་སེམས་དེ་གཞན་ལས་བརྟན་ཞིང་སྲ་བར་འདུག་པ་འདྲ།” སྤྲོས་བརྗོད་འདི་རིགས་ལས་ང་ཚོས་རང་གི་མྱངས་མྱོང་བའི་སེམས་ཁམས་ཀྱི་གོམས་གཤིས་ཤིག་ལ་ཚོར་རྟོག་བྱེད་ཐུབ་པར་མ་ཟད། དེ་ལས་ལྷག་པར་རྩོམ་པ་པོའི་སྣང་ངོར་བཞུགས་པའི་མ་ཡུམ་དེའི་རང་གཤིས་དང་བརྩེ་དུང་གཞན་ཞིག་གི་གོ་རིམ་དེའང་རང་ལྟ་ཅི་རིགས་ལས་ཕྱི་རུ་མངོན་མགོ་བརྩམས། བརྗོད་གཞི་འདིར་ཡང་གཏམ་རྒྱུད་གང་མང་ཞིག་གིས་གུང་བསྒྲིགས་ཏེ་ཨ་མ་ཇི་ལྟར་ན་ཚུལ་དང་ཁོས་དེ་ལ་སེམས་ཁུར་ཇི་ལྟར་བྱས་ཚུལ་སོགས་ཀྱི་སྤྲོས་ཤོམ་མེད་མོད།བུས་མར་བཅངས་པའི་བརྩེ་དུང་གི་རྒྱུན་དེ“ཅི་ཡང་སྣང་མེད”དུ་བཞག་པའི་ཚིག་འོག་ན་དལ་བུར་བཞུར་གྱིན་འདུག ནད་ནི་གཤིན་རྗེའི་མིག་བརྡ་ཡིན། སྣང་དོགས་ཡིན། ལྷག་པར་དུ“ཚ་ཐབ་དེའི་སྟེང་ནས་མོས་སྟོན་ཁ་གང་མང་སྐྱེལ་བསུ་བྱས”དང་བྱེད་བཞིན་པའི་ཚེ་སྲོག་ཅིག་ལ་མཚོན་ན། མོའི་རེ་འབྲས་ནི་ནད་སོགས་རྐྱེན་གཞན་པའི་མནར་སྡུག་ཅི་ཡང་མྱོང་མི་དགོས་པར་བདེ་སྐྱིད་ངང་མཇུག་རྫོགས་པར་འདོད་པ་ཁོ་ན་ཡིན་ངེས་མོད། འོན་ཀྱང་བུ་བུ་མོར་བཅངས་པའི་ཞེན་ཆགས་དེས་ཚེ་སྲོག་གི་རྒྱུན་དེའང་སྲིང་མི་འདོད་པ་སུ་ཡོད། སེམས་ཁམས་དེ་རིགས་ཀྱི་རང་ངོ་སློག་པར་རྩོམ་མཁན་གྱིས་ཐད་ཀར་མ་བརྗོད་པར་ཁོས“ཨིནགཉིད་མ་སད་ཀྱི་མཚམས་སུ་སེམས་རྨིས་འདི་འདྲ་ཞིག་ཀྱང་བྱུང་སྟེ། མཐའ་ཡས་པའི་མེ་ཏོག་གི་འཇིག་རྟེན་ཞིག་ཏུ་ཕྱེ་མ་ལེབ་ཅིག་འཕུར་ལྡིང་གི་གར་ལ་རོལ་བཞིན……”ཞེས་ཡིད་བརྙན་ཞིག་བསླངས་ཏེ་ཚེ་སྲོག་ཅིག་གི་མཛེས་སྡུག་དེར་དུང་བའི་སེམས་གཤིས་མངོན་པར་མ་ཟད། དེ་ནི་སྐད་ཅིག་གི་མྱོང་སྣང་ཡིན་པའི་ཐབས་མེད་འུ་ཐུག་གི་སེམས་ངོ་དེའང་རང་བཞིན་ཉིད་དུ་མངོན་ཡོད་པ་ཡིན། ཚེ་སྲོག་གང་རུང་ནི་གཞན་དབང་དུ་གྱུར་པས་རང་ལ་དབང་དུས་སུས་ཀྱང་དེའི་མཛེས་སྡུག་མཐོང་མི་ཐུབ་ལ། གལ་ཏེ་དེ་དྲན་བྱའི་གཞི་རུ་འགྱུར་སྐབས། སུ་ལའང་སྟོང་ཆ་དེ་སྐོང་ཐབས་མེད་པའི་ཚོར་སྣང་ལྡན་ངེས། ཚེ་སྲོག་ནི་ནམ་ཡང་སྐྱེ་བའི་སྐབས་ཀྱི་དགའ་སྤྲོ་དང་འཇིག་པའི་སྐབས་ཀྱི་སྡུག་བསྔལ་གྱི་གོ་རིམ་ཞིག་གི་རང་བཞིན་མངོན་པ་ཡིན། ལྷག་པར་དུ་བུ་ཞིག་གིས་མའི་ཚེ་སྲོག་གི་བརྒྱུད་རིམ་དེར་རྒྱུས་ལོན་ག་ཙམ་བྱེད་ཐུབ། སྒྱུ་རྩལ་ནི་ཟོལ་མེད་ལས་བྱུང་ཞེས་པ་བཞིན་ང་ཚོས་ནམ་ཡང་གདོད་གཤིས་ཅི་རིགས་ཀྱི་རང་བཞིན་འཚོལ་སྙེག་བྱེད་པར་སྤྲོ་བ་བཞིན། ཅི་བྱས་ཟོལ་མེད་ཀྱི་མངའ་ཁོངས་ན་སྐྱིད་སྡུག་གང་རུང་ལ་མཛེས་སྡུག་འཛད་མེད་ཀྱི་མཐུ་ནུས་ལྡན་པར་ངེས། ཁོར་ཡུག་གང་རུང་ནི་མི་འཚོ་གནས་ཀྱི་རྟེན་གཞི་ཡིན་པས་ཁོར་ཡུག་གི་ཤན་ཤུགས་ཁྲོད་མི་གཤིས་ཀྱང་དེར་བསྟུན་དུ་གནས་པ་ཞིག་ཡིན།
རྩོམ་མཁན་གྱིས་མའི་སྣང་བརྙན་དེ་སྐྲུན་པ་ལ་ཁོར་ཡུག་ཞིབ་འབྲིའི་ཐད་དུའང་སེམས་ཤུགས་མང་བོ་བཏོན་ཡོད་པ་ཡིན། འདིར་ཁྱད་ཆོས་ཤིག་ཡོད་པ་ནི་ཁོས་མི་སྣ་སྒྲུབ་བཞེང་བྱེད་པ་དེ་རང་ཚོར་འདོན་པ་ལྟར་ཕྱི་ངོས་ཀྱི་དབྱིབས་ཙམ་འབྲི་བ་ལས་བརྒལ་ཏེ། ས་བབ་ཀྱི་གཞི་རྩའི་ངོ་བོ“འདི་ལྟར་འབལ་བ་ལས་ལོག་བརྒྱབ་ན་ད་རུང་ཕྱི་ལོའི་ལུད་བཅུད་བཟང་བ་མིན་ནམ”ཞེས་པ་ལྟ་བུ་དང་། ཡང་ན“ལོ་གང་མང་གི་རིང་ལ་ཆར་ཆུ་ནི་རུ་སྡེ་འདིའི་མགོ་ནས་བསམ་གཟས་ཏེ་སྲ་ཆགས་པ་ལྟར”སོགས་འཚོ་གནས་ཀྱི་རང་བྱུང་གནས་བབ་དེ་དག་གི་ཁྱད་ཆོས་བཟུང་སྟབས། ཀློག་མཁན་གྱི་མཛེས་དཔྱོད་ཚོར་སྣང་དུ་དངོས་ཡོད་ལས་འགོངས་པའི་བདེན་པའི་རོ་བྲོ་སྟེར་ཐུབ་པ་མ་ཟད། དཀའ་ཚེགས་ཀྱི་ཁོར་ཡུག་དང་འཚོ་བའི་དཀའ་སྡུག་དེར་ཡང་ཕྱོགས་གཞན་ཞིག་ནས་མྱོང་ཚོར་བྱེད་ཐུབ་པ་ཡིན། དེར་བརྟེན་མི་སྣའི་སྣང་བརྙན་དེའང་ཁོར་ཡུག་དེ་དག་གི་རམ་འདེགས་འོག་ཟླ་བ་སྐར་ཚོགས་ཀྱིས་བརྒྱན་པ་བཞིན། ཀློག་མཁན་རང་རང་གི་རྟོག་སྣང་ཁྲོད་ལྷང་ལ་བུད། རོང་གྲོང་གི་འཚོ་བ་དེར་ང་ཚོ་མི་མང་བོ་ཞིག་གིས་རོལ་ཅིང་མྱོང་བ་བཞིན་དེ་ལྟ་བུའི་ཁོར་ཡུག་ན་འཚོ་སྡོད་བྱེད་བཞིན་པའི་ཨ་མ་སུ་ལའང་ཡོད་པས་ཀློག་གིན་ཀློག་གིན་སྙིང་ཉེ་བའི་ཚོར་སྣང་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་བ་དང་ལྷན། སེམས་འགུལ་ཞིག་གི་འབྱུང་གཞིའང་ཨ་མ་འདིའི་སྤྱིར་བཏང་གི་འཚོ་བའི་སྤྱོད་སྟངས་དང་། བུ་ཕྲུག་གི་སྡུག་ཀུན་རང་ཁོ་ནས་མྱོང་བར་ཐེ་ཚོམ་ཅི་ཡང་མེད་པའི་སེམས་བསྐྱེད་དེ་དག་ལས་རང་ངོ་གསལ་བ་ཡིན།
རྩོམ་པ་པོས་དཀའ་སྡུག་གི་འཚོ་བ་དེ་དག་གི་ཕྱིར་དྲན་ལ་བརྟེན་ནས་དྲིན་ཆེན་མ་ཞེས་པའི་གནས་ལུགས་དེའང་ཤིན་ཏུ་ཟོར་ཡངས་པོར་ཀློག་མཁན་ལ་སྦྱིན་བྱུང་།
གནས་ལུགས་ཀྱི་བསྟན་དོན་རྟོགས་ནས་རང་སེམས་ཀྱི་འདོད་པ་ཚིམ་པ་དེའང་བདེ་སྐྱིད་ཅིག་ཏུ་ངེས་མོད། སྒྲུང་གཏམ་མམ་རྩོམ་རིག་གི་རིགས་གང་ཡིན་ཡང་གནས་ལུགས་བརྒྱུད་སྒྲོག་བྱེད་པ་ནི་དེའི་འགན་ཁུར་གཙོ་བོ་མིན་ལ། སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ཕྱིན། ང་ཚོས་མྱོང་གཞི་ནི་དེས་བསྩལ་པའི་མཛེས་སྣང་ཡིན། དེར་བརྟེན་རྩོམ་མཁན་གྱིས་རང་གཤིས་ཤིག་གི་འཚོལ་དཔྱོད་ཁྲོད་རང་གཤིས་དེ་ཇི་ལྟར་འབུར་དུ་ཐོན་སླད“བརྗོད་གཞི”བཞི་པ་འདིའང་གཏམ་རྒྱུད་ཀྱི་བྱུང་རིམ་ལྟར་ཀློག་མཁན་གྱི་མདུན་དུ་བསྟར།
རྩོམ་མཁན་ལ་སེམས་ཁམས་ཞིབ་འབྲི་ཐད་མི་སྣ་རང་སྟེང་གི་སྤྱོད་སྟངས་ཕྲ་མོའམ་བྱེ་བྲག་པ་འགའ་རེ་ལས་མངོན་དུ་འཇུག་པ་ལས་གཞན། ཁོར་ཡུག་གི་གནས་བབ་ལ་བརྟེན་ནས་མི་སྣའི་སེམས་ཁམས་རང་བཞིན་ཉིད་དུ་ལྷང་ལ་འབུད་ཐུབ་པར་ཞིབ་འབྲི་བྱེད་མཁས་པ་ཞིག་ཀྱང་ཡིན་པར་སྣང་། བརྗོད་གཞི་འདིའི་མགོ་དེ་གོང་གི་བྱུང་རིམ་དེར་སྦྲེལ་ཐོག ཤིན་ཏུ་ལྷིང་འཇགས་དྲགས་པས་མི་སེམས་ལ་འཇིགས་སློང་སླ་བའི་ཁོར་ཡུག་དེ་བསྐྲུན་ཏེ། “ཤུ། ཕྱེ་མ་ལེབ་ཀྱི་འཕུར་སྒྲ་དེ་ཁང་བའི་སྦུག་ནས་ཡང་བསྐྱར་གྲག་འོངས”ཞེས་ཡིད་བརྙན་དེ་སླར་ཡང་བསླངས་ཏེ། ཚེ་སྲོག་ཅིག་མཇུག་སྒྲིལ་ལ་ཉེ་བའི་ཉམས་སྣང་ངམ་ཨ་མའི་ཚེ་མཐའི་སྤྱོད་སྟངས་དེ་དག་རྩོམ་མཁན་གྱིས་ཐུན་མོང་གི་ཉམས་མྱོང་སྟེ། ང་ཚོའི་རྒྱུན་ལྡན་གྱི་སྒྲུང་གཏམ་འབྲི་ཕྱོགས་ལྟར་ན་བའི་སྡུག་བསྔལ་མྱོང་སྐབས་ཀྱི་ཕྱི་ཚུལ་གྱི་རྣམ་པ་དེ་དག་ཅི་ཡང་མ་བྲིས་ཤིང་། གཙོ་བོ་རྩོམ་མཁན་རང་གི་བྱེ་བྲག་པའི་ཉམས་མྱོང་སྟེང་ནས་ཨ་མས་འཆི་བདག་མིག་གི་མཐོང་སྐབས་ཀྱི་སྐྲག་སྣང་དང་རྒྱུན་ལྡན་གྱི་ལྟ་བ་གཉིས་འགལ་བ་ལྟག་སྤྲོད་དུ་སྣང་བའི་སྤྱོད་སྟངས་ཏེ། “སྨན……སྨན……ཁང”ཞེས་ཨ་མའི་གསོན་འདོད་ཀྱི་འདུན་པ་དྲག་པོ་དེ་དག་ལས་ང་ཚོས་མཐོང་བ་ནི་ཁ་གཡང་གང་མང་ཁྲོད་ན་སྣང་བའི་འདྲ་གཟུགས་རང་བཞིན་གྱི་མ་ཡུམ་ཞིག་གི“རླབས་ཆེན”མིན་པར་འཚོ་བའི་ཟབ་སར་མངོན་པའི་མིའི་རིགས་ཐུན་མོང་ལ་ཡོད་པའི་མ་ཡུམ་དཀྱུས་མ་ཞིག་གི་རང་གཤིས་ཡིན། བདེན་སྟོབས་ལས་མངོན་པའི་སྒྱུ་རྩལ་ལ་དུས་གཏན་དུ“རླབས་ཆེན”ལས“དཀྱུས་མ”ཞིག་མེད་པས། འདིར་མཐོང་བ་ནི་མཛེས་དཔྱོད་ཁྲོད་ཀྱི“རླབས་ཆེན”ཞིག་ལས་གཏམ་རྒྱུད་རང་བཞིན་གྱི་བྱད་གཟུགས་ཤིག་མིན། “ཕྱེ་ལེབ་ཀྱི་གཤོག་སྒྲ་དེ་ཇེ་གཉོམ་དུ་གྱུར་ཅིང་རྒྱང་ལ་འཕུར།” ཡིད་བརྙན་བསྐྱར་ཟློས་འདིས་ལྷག་པར་དུ་སྐབས་ཐོག་དེའི་སྡུག་བསྔལ་ཐམས་ཅད་མཛེས་སྡུག་གཞན་ཞིག་ཏུ་མཇུག་བསྒྲིལ་ཀྱང་། དེ་ནི་དགོད་སྒྲའི་ཁྲོད་འཕྱོ་བ་ཞིག་མིན་པར་མིག་ཆུའི་ཁྲོད་བསླངས་པ་ཞིག་ཡིན། གཏམ་རྒྱུད་བཤད་ནས་སྐབས་འདིར་སླེབས་ཚེ། སྤྱིར་ཡིན་ན“སྐྱོ་གར”འདི་མཇུག་རྫོགས་ཏེ་ང་ཚོས“ཨ་མ”དེའི་ཡ་ང་བའི་ཚེ་མཇུག་དང་། དཀའ་སྡུག་གི་འཚོ་བ་དེ་དག་ལ་གདུང་སེམས་ཙམ་འཆང་བཞིན་དཔེ་དེབ་འདི་ཁ་ཟུམ་སྟེ། དཔེ་སྒམ་མམ་གང་རུང་ཞིག་ཏུ་སྡུད་ཉར་བྱེད་དགོས་མོད། འོན་ཀྱང་རྩོམ་མཁན་གྱིས་དེ་ལྟར་བྱེད་དུ་འཇུག་འདོད་མེད་པར་སླར་ཡང“བར་བཅུག”ཅིག་གི་སྒོ་གཞན་ཞིག་ཕྱེ་སོང་། ཨ་མས་རང་གི་ཚེ་སྲོག་དེ་མཇུག་འགྲིལ་ལ་ཉེ་སྐབས་ནུས་ཤུགས་ཡོད་རྒུ་བཀོལ་ནས“སྨན……སྨན……ཁང”ཞེས་པའི་མཐར་ཐུག་གི་སྐྱབས་གནས་དེས་འགྲོ་བ་མིའི་གདོད་གཤིས་ཀྱི་ངོ་བོ་དེ་གསལ་བར་བྱས་པར་མ་ཟད། ཨ་མའི་ཆེས་སྤྱིར་བཏང་ངམ་སྤྱི་ཁྱབ་རང་བཞིན་གྱི་སེམས་ཁམས་གཞན་ཞིག་ཀྱང་བར་བཅུག་དང་སྦྲེལ་འཇུག་བྱས། “ངའི་མ་ནི་སྨན་ལས་ཙག་ཙིག་ལ་མཁས་ཤིང་དེར་སྤྲོ་བའང་ཆེན་པོ་དང་ལྡན་པ་ཞིག་ཡིན་ཏེ། ……”ཞེས་པས་གོང་གི་བརྗོད་གཞི་ལས་མངོན་པའི་སེམས་ཁམས་དེ་དག་ལ་གཏན་ཚིགས་ཐད་ཀྱི་ངེས་ཤེས་འདྲོང་ཐུབ་པ་ལས་གཞན། ཨ་མའི་དངོས་བསྟུན་བདེན་འཚོལ་གྱི་སྙིང་སྟོབས་དེའང་མངོན་ཐུབ་པ་ཡིན། ཕྱོགས་གཞན་ཞིག་ནས་རྩོམ་པ་པོས་ཀྱང་འཚོ་བའི་གནས་བབ་དེ་དཀའ་སྡུག་གཞན་ཞིག་གི་གནས་ནས་ཕྱིར་མཚོན་བྱེད་འདོད་ཡོད་ལ། ཨ་མའི་ལག་ཤེས་དེ་དག་བརྒྱུད་ནས་མཛངས་མའི་ཆ་བྱད་དང་། རིག་གནས་སེམས་ཁམས་ལས་མངོན་པའི་ཕྱིའི་རྐྱེན་གྱིས་བར་ཆད་ཐེབས་པའི་འདུ་ཤེས་ཅི་རིགས་ཀྱང་། ཨ་མའི་སྤྱོད་སྟངས་ཕྲ་མོ་དག་ལས་སྣང་བརྙན་རང་བཞིན་དུ་ཕྱིར་མཚོན་བྱས་ཡོད་པ་ཡིན། རྩོམ་རིག་ཐད་དུ་མི་སྣའི་གཤིས་ཀ་དེ་ཆ་ཡོངས་སུ་རྫོགས་པར་བློ་བཅོས་བྱེད་པ་ཁོ་ནར་བསྙེགས་ནས་གཤིས་ཀའི་ནང་ངོས་ཀྱི་འགལ་བའི་འགུལ་སྐྱོད་དག་ལ་དོ་སྣང་མ་བྱས་ན། གཤིས་ཀ་དེ་དག་ནི་ཐུན་མོང་གི་ཉམས་མྱོང་ལས་བྱུང་བའི་གཤིས་ཀ་རིགས་མཐུན་ནམ། སྤྱི་འགྲོས་འབའ་ཞིག་ཏུ་ཚུད་དེ་གཤིས་ཀའི་མཛེས་དཔྱོད་ཀྱི་རིན་ཐང་དེ་མེད་པར་བཟོ་བ་བཞིན། རྩོམ་མཁན་གྱིས་ནུས་ཤུགས་ཡོད་རྒུ་བཀོལ་ནས་ཐུན་མོང་གི་ཉམས་མྱོང་དག་ལས་བརྒལ་ཏེ་རང་རྐྱ་བའི་ཚོར་ཤེས་སམ། ཉམས་མྱོང་དག་བཀོལ་ནས་རང་སེམས་ཀྱིས་ཟིན་པའི་མི་སྣ་དེར་བབ་བསྟུན་གྱི་བྱུང་རིམ་ཁྲོད་རང་གཤིས་ཕྱི་རུ་ཕུད་དུ་བཅུག་པས། དེར་གོང་བཤད་ལྟར་བརྙན་རིས་ལྟ་བུའི་གཟུགས་གཞི་ཞིག་མེད་ཀྱང་། དེའི་ལས་དབང་དང་འཚོ་བའི་ཟུར་ཕྲ་མོའི་ཁྲོད་ཁྱབ་གཟུགས་རང་བཞིན་གྱི་སྣང་བརྙན་དེའང་ཀློག་མཁན་གྱི་རྟོག་འཆར་ཁྲོད་མངོན་སླ་བ་ཡིན། བར་བཅུག་འདི་ལས་ཀྱང་མོའི“ཡུགས་སའི”འདུ་ཤེས་ཁྲོད་མངོན་པའི་བོད་མིའི་སེམས་ཁམས་དེ་དག་དང་། སྙིང་རྗེ་རང་སེམས་སུ་སིམ་པའི་རིག་གནས་ཤིག་གིས་བློ་ཁ་སྒྱུར་བཞིན་པའི་འགལ་བའི་སྤྱོད་སྟངས་དེ་དག་ཀྱང་། ང་ཚོས་རྒྱུན་དུ་བཤད་པའི“སྣང་བརྙན”ཞེས་པར་ཅི་འདྲའི་རམ་འདེགས་ཆེན་པོ་བྱེད་ཐུབ་ཨང་།
ཚེ་སྲོག་ལ་རིན་ཐང་ཐད་དུ་ཆེ་ཆུང་ཡོད་རུང་། ཚེ་སྲོག་གང་རུང་གི་མཇུག་བསྡུ་ཚུལ་ནི་གཅིག་མཐུན་ཡིན། བུ་ཕྲུག་སུ་ལ་མཚོན་ནའང་ཕ་མ་ནི་མཐར་ཐུག་གི་སྐྱབས་གནས་ཡིན་ལ། ལྷག་དོན་ཚེ་སྲོག་ཀུན་སྐྱེད་བྱེད་ཀྱི་མ་ནི་སེམས་ཁོང་གི་ཉི་མ་ཡིན་པ་བཞིན། རྩོམ་མཁན་གྱིས་ཀྱང“ཉི་ནུབ་ཀྱི་སྔ་རོལ”ཞེས་སྒྲུང་གཏམ་འདིར་མཚན་བྱང་དེ་ལྟ་བུ་ཞིག་གསོལ་བའང་བསྡུས་བརྗོད་ཅིག་ཏུ་ཅིས་མི་འགྲོ། “ཕྱེ་ལེབ་ཀྱི་གཤོག་སྒྲ་ནི་རྒྱང་རིང་ནས་རྒྱང་རིང་དུ་འཕུར་ཏེ་མཐར་ཐོས་རྒྱུ་ཅི་ཡང་མི་འདུག” ཕྱེ་ལེབ་ནི་མཛེས་སྡུག་ཅིག་གི་མཚོན་བྱེད་ཡིན་ལ། བར་ཆད་ཅི་རིགས་སེལ་ནུས་ཞན་པའི་གཉོམ་ཆུང་གི་སྲོག་ལྡན་ཞིག་ཀྱང་ཡིན། ཡིད་བརྙན་འདི“ཨ་མའི”ཚེ་སྲོག་ཁྲོད་བསྐྱར་ཅིང་ཟློས་པ་ལས་ང་ཚོས་རྩོམ་མཁན་གྱི་དང་ཐོག་ཚེ་སྲོག་ལ་བཅངས་པའི་ལྟ་བ་དང་། སྐབས་འདིའི་མ་ཡུམ་གྱི་ཚེ་འཛད་པའི་ཉམས་མྱོང་ལས་བྱུང་བའི་ཚེ་སྲོག་ལ་བཅངས་པའི་མཛེས་དཔྱོད་ཀྱི་ལྟ་ཚུལ་ཞིག་རྟོགས་ཐུབ་པ་ལས་གཞན། སྒྲུབ་བཞེང་བྱེད་བཞིན་པའི་ཨ་མ་དེའི་ཚེ་ཡི་མཇུག་བསྡུ་ཚུལ་དེར་གཞན་དང་མི་མཐུན་པའི་ལྟ་ཚུལ་ཞིག་ཕྱིར་བཏོན་པ་ཡིན། “ངའི་སེམས་པ་གློ་བུར་དུ་ཞི་འཇགས་སུ་ཕྱིན་སོང་།” ཉེན་ཁའམ་བར་ཆད་ཅི་རིགས་རང་སྟེང་དུ་ལྗིད་ཏིག་གེར་བབས་ཚེ“སྐྱེ་འཆི་ངེས་མེད”དུ་བསམས་པའི་བོད་པ་ཞིག་ལ་མཚོན་ན། རེ་བ་ཞིག་གི་མཇུག་གྲིལ་བའམ་སེམས་ངལ་གཞན་ཞིག་སེལ་བ་ནི་སྤྱིའི་སེམས་ཁམས་ཤིག་གི་གོམས་གཤིས་ཡིན། སེམས་འགྱུ་འདི་རིགས་ཡོད་པ་ཁས་མི་ལེན་པ་མང་མོད། རིག་གནས་སེམས་ཁམས་དེ་ནི་བསྒྱུར་དུ་མེད་པ་ཞིག་ཡིན། “མཇུག་བྱང”བར་འདིར་སླེབས་པ་ན། རྩོམ་མཁན་རང་གིས་སྨྲས་པ་བཞིན་སྒྲུང་གཏམ་འདི་དངོས་གནས“གོ་རིམ་ལྡན་ཞིང་གཏན་ཚིགས་བཙུན་པ་ཞིག་ཏུ་མི་འདུག”ལ། སྤྱིར་སྒྲུང་གཏམ་འདི་དོན་བརྗོད་སྒྲིག་གཞི་ཐད“མ་ཡུམ”གྱི་ཚེ་སྲོག་གི་བརྒྱུད་རིམ་དང་བསྟུན་ཏེ་སྤྲོས་བརྗོད་བྱས་པ་ཞིག་མིན་པས། སྒྲུང་གཏམ་སྤྱིའི་སྒྲིག་གཞི་གཏན་ཚིགས་ཤིག་གི་ཐག་སྣེར་དྲུད་མེད་ལ། གཙོ་བོ“ངའི”སྐབས་ཐོག་རེ་རེའི་འདུ་ཤེས་དང“མ་ཡུམ”གྱི་བསྣོལ་མར་འདྲེས་པའི་སེམས་ཁམས་གྱི་རྣམ་པ་ཅི་རིགས་ཡིད་བརྙན་རང་བཞིན་གྱི་ཁོར་ཡུག་ཅིག་ན་རང་གནས་འཚོལ་དུ་བཅུག་པས། ཀློག་མཁན་ལ་བྱིན་པའི་ཐོག་མའི་ཚོར་སྣང་ནི་སྒྲིག་གཞི་ཚགས་མི་དམ་པར་སྙམ་པའི་རྣམ་རྟོག་དེ་སྐྱེ་བ་ཡིན། དེར་ཡང་ཁག་མི་འདུག སྒྲུང་གཏམ་ཅི་ལྟ་བུ་ཞིག་ཡིན་ཡང“དོན་རྐྱེན”ཞིག་གི་བྱུང་བ་ལ་ངེས་པར་དུ་སྦྲེལ་དགོས་ཕྱིར། བྱུང་བརྗོད་དེར་གཏམ་རྒྱུད་ཀྱི་ཤས་སམ་བྱུང་རིམ་ཞིག་གི་རམ་འདེགས་འཐོབ་དགོས་པའང་ཆོས་ཉིད་ཅིག་ཡིན། སྤྱིར་སྒྲུང་གཏམ་འདི་སྤྲོས་བརྗོད་ཐད་དུ་རྩོམ་མཁན་རང་གི་ལྟ་ཚུལ་གང་མང་ཞིག་སྒྲུབ་བཞེང་བྱེད་བཞིན་པའི་མི་སྣའི་ཚོར་འདུ་ཞིག་ཏུ་བཞག་སྟེ། དེ་ཉིད་རང་གཤིས་ཅན་དུ་མངོན་པར་བརྩོན་པའི་ལག་ཐབས་སོགས་ནི་རྗེས་སུ་ཡི་རང་བྱ་བྱེད་ཅིག་ཏུ་གྱུར་ཡོད་ཅིང་། བྱུང་བརྗོད་ཁ་ཤས་ཤིག་རང་སྣང་དུ་བསྡུས་བརྗོད་ཅིག་ལས་མངོན་ཁུལ་བྱས་པས། སྣང་བ་ལ་ཅུང“མཁས་རྟགས”ཤིག་ཏུ་མངོན་དྲགས་པར་སྙམ། དཔེར་ན“ངེད་ཚང་གི་རྒྱ་སྒོ་ནི་དཔེ་རེ་བཞག་ན……”ཞེས་པ་སོགས་སྤྱིར་བཏང་གི་དངོས་ཆས་དེ་རིགས་ལ“གཞུང་ལུགས”ཀྱི་འགན་དེ་འདྲ་རེ་འཇོག་མི་དགོས་ལ། དེ་ལྟ་བུས“རིན་ཐང”གཞན་ཞིག་འདོན་མི་ཐུབ་པར་སྙམ། དེ་ལས་གཞན་ཨ་མ་ན་སྐབས་ཀྱི་རྣམ་འགྱུར་སོགས་ལ་རང་ལྟ་ཁོ་ནས་མ་བསྒྱུར་པར་མི་སྣའི་རྣམ་འགྱུར་དེ་སྡུག་བསྔལ་མྱོང་སྟངས་ཅི་རིགས་ཀྱི་ཞིབ་འབྲི་ཁྲོད་བཞག་ན་ལྷག་པར་དུ་ཕྱི་ནང་རང་གསལ་དུ་འགྲོ་ཐུབ་པར་སྙམ། དེ་ལས་གཞན་སྒྲུང་གཏམ་སྤྱི་ལ་རིག་རྟོག་གི་ཤན་ཅུང་ཆེ་བས་ཀློག་མཁན་ལ་མཚོན་ན་ལྟ་བ་ཅི་རིགས་བཙན་ལྡུད་བྱེད་པའི་རྟོག་སྣང་ཡང་ཡོད་པར་སྙམ་མོད། གསར་གཏོད་ཅིག་གི་སྔོན་འགྲོ་ནི“ཡང་དག”ཅིག་ལ་བརྟེན་ས་ཡེ་ནས་བྲལ་པས་སྐྱོན་དུ་སྣང་བ་འདི་དག་ཀྱང་ཁག་མི་འདུག་ཅེས་ན་མི་ཆོག་པ་ཅི་ཡོད། གང་ལྟར་ཡང་སྒྲུང་གཏམ་ཁྲོད་ཀྱི“ངའམ”རྩོམ་མཁན་གྱིས་རང་ཉིད“བསམ་བློ་སྣང་བརྙན”གྱི་མི་སྣ་གཙོ་བོའི་ངོས་ནས་མི་རིགས་སམ་རིགས་རྒྱུད་ཅིག་གི་རིག་གནས་ཁོར་ཡུག་དེར་རྐང་སྟེགས་བཅས་ཏེ། “མ་ཡུམ”དང“ང”གཉིས་ཀྱི་སེམས་གཤིས་ཐུན་མོང་མ་ཡིན་པ་རེ་ཀློག་མཁན་གྱི་མདུན་དུ་བསྟར་བ་མ་ཟད། རང་གི་སྒྲུང་གཏམ་གསར་རྩོམ་གྱི་ཕུགས་བསམ་ཞིག་ཀྱང་ཕྱིར་མཚོན་བྱས་ཡོད་པར་སྙམ། སྒྱུ་རྩལ་གང་རུང་གི་བྱེད་ནུས་ནི་མི་སེམས་སྒུལ་བ་དང་མཛེས་པ་མྱོང་རོལ་བྱེད་དུ་འཇུག་རྒྱུ་ནི་འགན་གཙོ་བོ་ཡིན་པ་བཞིན། མིག་སྔའི་བོད་ཡིག་སྒྲུང་གཏམ་གསར་རྩོམ་འདི་ཡང“གྲུབ་མཐའ”ཞིག་གི་རྒྱ་རུ་ཚུད་མི་དགོས་པར་ཚད་མེད་ཀྱི་ཡུལ་ཁམས་ཤིག་ན་རང་གནས་གསར་བ་རེ་འཚོལ་ཆོག་ཆོག་ཡིན་ངེས། རྒྱུ་མཚན་དེ་དག་དབང་གིས་ཆོས་སྐྱོང་གི་སྒྲུང་གཏམ་འདི་ལྟ་བུ་ཡང་ལམ་སྣེ་གསར་བ་ཞིག་གི་མགོ་བཟུང་ཙམ་དུ་གནས་ཕྱིར། ང་ཚོས་འུད་བརྗོད་དམ་སྡོམ་ཚིག་ཙམ་དུ་གཏོགས་པའི་དཔྱད་པ་འདི་ལྟ་བུ་རེ་སྡོང་གྲོགས་སུ་མངགས་ཏེ་ཁོ་ཚོ་དག་གི“ཁེར་རྐྱང”གི་སྡུག་བསྔལ་དེ་སེལ་རོགས་བྱས་ན་ཅིས་མི་ཆོག
རྩོམ་པ་པོ་ངོ་སྤྲོད།
ཚེ་གྲུབ། སྐྱེས་མིང་ཚེ་རིང་དོན་གྲུབ། 1993ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་དངོས་གཞི་མཐར་ཕྱིན། ད་རག་བར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་བཞིན་ཡོད།

འབྲེལ་ཡོད་འོས་སྦྱོར།