logo

ཞི་བདེ་ཉི་མའི་སྙན་རྩོམ་རིང་མོ་དབྱིན་འགྱུར་མ་ཨ་མེ་རི་ཀ་ནས་པར་སྐྲུན་འགྲེམ་སྤེལ་བྱས་འདུག

རྩོམ་པ་པོ།:ལེ་ཞོའི། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-04-05 ཀློག་གྲངས།:

 

《ཡ་གླིང་མཐའ་ཁུལ་གྱི་སྙན་རྩོམ་ཕྱོགས་བསྡུས》ཀྱི་དཔེ་ཆ།

          ཞི་བདེ་ཉི་མས་བོད་ཡིག་གི་ལམ་ནས་བརྩམས་པའི་སྙན་རྩོམ་རིང་མོགངས་ལྗོངས་སྨོན་ལམ་ཆེན་མོའིདབྱིན་འགྱུར་མ་དེ།  ཉེ་ལམ་ཨ་མེ་རི་ཀ་ནསཡ་གླིང་མཐའ་ཁུལ་གྱི་སྙན་རྩོམ་ཕྱོགས་བསྡུསཟེར་བའི་དཔེ་དེབ་ནང་གདམས་ནས་པར་སྐྲུན་འགྲེམ་སྤེལ་བྱས་འདུག  དཔེ་དེབ་འདིའི་ནང་ཁྱོན་བསྡོམས་ཡ་གླིང་རྒྱལ་ཁབ་ཁག་གི་སྙན་ངག་པ་བཞི་བཅུ་ཞེ་བརྒྱད་ཀྱི་བརྩམས་ཆོས་འདེམས་སྒྱུར་བྱས་ཡོད་པ་དང་། བོད་ནང་དུ་བོད་ཡིག་གི་ལམ་ནས་སྙན་ངག་འབྲི་མཁན་ཞི་བདེ་ཉི་མ་དང་།   རྒྱ་ཡིག་གི་ལམ་ནས་སྙན་ངག་འབྲི་མཁན་བཀྲ་ཤིས་ཚེ་རིང་གཉིས་ཀྱི་བརྩམས་ཆོས་བདམས་ཡོད་པ་རེད།

སྙན་ངག་འབྲི་མཁན་ཞི་བདེ་ཉི་མ། 

   《གངས་ལྗོངས་སྨོན་ལམ་ཆེན་མོཟེར་བའི་སྙན་རྩོམ་རིང་མོ་འདི་ནི།  ཉིས་སྟོང་བཅུ་བཞི་ལོའིགངས་རྒྱན་མེ་ཏོགདེབ་གཉིས་པའི་སྟེང་བཀོད་ཡོད་ལ།  སྙན་ངག་འདིའི་རྒྱ་འགྱུར་མར་ཉིས་སྟོང་བཅུ་བཞི་ལོའི་ཀྲུང་གོའི་ཁྱད་འཕགས་སྙན་རྩོམ་བྱ་དགའ་ཐོབ་པ་དང་།  པེ་ཅིན་ཡན་ཧྲན་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།