འཕུར་ནག་དང་འཁྲུག་རྩོད་བརྒྱབ་པ།
རྩོམ་པ་པོ།:ཅོ་བྱང་སྐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-01-13
ཀློག་གྲངས།:
ཅོ་བྱང་སྐར།
གནམ་གཤིས་ནག་ཐིབ་ཐིབ་ཏུ་གྱུར་ལ་མཚམས་སྤྲིན་ཡང་སྔ་མོ་ནས་གཟིམས་མལ་ཏུ་སོང་ཚར། གྲང་རླུང་བསིལ་མོ་ཞིག་གིས་སྔོན་བསུ་བྱེད་པའི་གྲོང་ཁྱེར་འདིའི་དགོང་མོའི་མཁའ་དབུགས་ནི་ཉིན་མོ་ལས་ཅུང་ཟད་གྲང་ཏུ་ཕྱིན་ཡོད་མོད། ཁེ་ཕུ་ཏོ་ནི་དབྱར་དགུན་སྟོན་དཔྱིད་མེད་པར་ཚ་དྲོད་ཀྱི་ངང་ན་གནས་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པས། མཐོ་སྒང་ལྟ་བུའི་བསིལ་རླུང་གྲང་མོ་ཞིག་དང་གནམ་གཤིས་ཡག་པོ་ཞིག་རྩ་བ་ནས་མེད།
ད་ནི་གྲོང་ཁྱེར་འདིའི་ཚ་རླབས་ཀྱི་ཁྲོད་མང་ཚོགས་ཀྱི་ཆེད་དུ་རང་ནུས་ཅི་ཡོད་བཏོན་ནས་ཡོད་པའི་རྒྱལ་པོ་ཅོ་བྱང་སྐར་ནི་ཆོས་ལུགས་ལ་དད་པ་རྩེ་གཅིག་ཏུ་ཡོད་པའི་རྒྱལ་པོ་ཡ་རབས་ཤིག་ཡིན། ཁོང་གིས་ནམ་ཡིན་ཡང་ཞི་བདེ་དང་འཆམ་མཐུན་ཐུགས་སུ་བཟུང་ནས། གྲོང་ཁྱེར་འདིའི་ཆབ་དཔལ་རིག་གསུམ་གྱི་གོམ་འགྲོས་མདུན་དུ་བསྐྱོད་པར་འབད་བཞིན་ཡོད། ཡིན་ནཡང་བཟང་ས་ན་ངན། ཡག་ས་ན་བཙོག་ཅེས་པ་ལྟར་གྲོང་ཁྱེར་འདི་དང་ཐག་ཉེ་བའི་བྱང་ཕྱོགས་མཚམས་ན་ངན་རེངས་ཨུ་ཙུགས་པ་བསྐོར་ཞིག་ཡོད་པ་དེས་དུས་རྒྱུན་ཁོའི་མི་དམངས་ལ་གནོད་འཚེ་བསྐྱལ་བཞིན་ཡོད་པ་དང་དོན་དག་དེ་ཁོང་གི་སེམས་ཀྱི་ནད་ཞིག་ཏུ་གྱུར་ཡོད།
ད་ནི་ཉིས་སྟོང་བཅུ་དྲུག་ལོའི་སྤྱི་ཟླ་ལྔ་པའི་ཚེས་ཉི་ཤུ་ཡིན། ག་མ་ཏེའི་(ག་མ་ཏེ་ནི་ཁེ་ཕུ་ཏོ་ཡི་བྱང་ཕྱོགས་མཚམས་སུ་ཡོད་པའི་ངན་ལངས་ཕྱོགས་པ་ཞིག་གི་མིང་ཡིན།)ངན་རེངས་ཚོགས་པའི་དམག་དཔོན་འཕུར་ནག་ཁྲ་ཁྲས་མཚན་ལྗོངས་རིང་མོ་རྒྱབ་ལོགས་སུ་བཟུང་ནས་སྔར་བཞིན་ཧ་ལ་སའི་ཕྱོགས་སུ་འཇབ་ནས་ཐོན་ཡོང་ལ། དེ་ཐེངས་ཁོའི་དམིགས་ཡུལ་ནི་རྒྱལ་ས་ཁེ་ཕུ་ཏོ་ན་གཟིམས་ཡོད་པའི་རྒྱལ་པོ་ཅོ་བྱང་སྐར་རེད།
རྒྱུས་ལོན་བྱུང་པ་ལྟར་ན་ཚེས་བཅུ་དགུའི་དགོང་མོའི་དུས་ཚོད་བཅུ་ཙམ་གྱི་བར་ལ་ཧ་ལ་སའི་རྒྱལ་པོ་ཅོ་བྱང་སྐར་གྱིས་ཉིན་གཅིག་གི་སྲིད་གྲོས་བྱ་བ་མཇུག་བསྒྲིལ་རྗེས་རང་ཁྱིམ་སྒྲུབ་ཕུག་ནག་པོ་རུ་ངལ་གསོ་བྱེད་པའི་སྐབས་སུ། ག་མ་ཏེའི་འཕུར་ནག་ཁྲ་ཁྲ་གནམ་གྲུ་ཆུང་ངུ་ཞིག་ལ་བསྡད་དེ་སྒེའུ་ཁུང་གི་བར་སྲིབ་ཏུ་འཛུལ་ནས་འཇབ་རྒོལ་གྱི་སྟ་གོན་བྱས། རྨི་ལམ་གྱི་ཞིང་ཁམས་འགྲིམས་ལ་ཉེ་བའི་རྒྱལ་པོ་ཅོ་བྱང་སྐར་གྱིས་རང་གི་རྣམ་རིག་གི་ཚོར་ཤེས་ལ་བརྟེན་ནས། འཇབ་རྒོལ་གྱི་དྲི་མ་ཚོར་ནས་ལམ་སང་ངོ་རྒོལ་བྱས་པ་དང་བསྒྲགས་སྐུ་སྲུང་བ་སོགས་རྒྱུགས་ཡོང་པས་འཕུར་ནག་ཁྲ་ཁྲ་ཕྱི་རུ་བྲོས།
རབ་རིབ་ནས་རབ་རིབ་ཏུ་གྱུར་བཞིན་པའི་མཚན་ལྗོངས་འདིའི་གང་ཟག་ཀྱི་རྣམ་ཤེས་རྡབ་རྡིབ་ཀྱི་ངང་གན་གནས་ཡོད་མོད། དེ་ལྟ་བུའི་འཇབ་རྒོལ་གྱིས་རབ་རིབ་གྱི་མཚན་ལྗོངས་འདི་འུར་སིང་ངེར་བཟོས་སོང་པ་དང་རྡབ་རྡིབ་གྱི་རྣམ་ཤེས་ཀྱང་དངས་གྱི་ལེར་བཏང་སོང་།
དུས་ཚོད་གཉིས་ཙམ་ལ་སྒུག་སྒུག་པའི་མཐར་ཡང་བསྐྱར་རྨི་ལམ་གྱི་ཞིང་ཁམས་འགྲིམས་པའི་རྒྱལ་པོ་ཅོ་བྱང་སྐར་ལ་འཕུར་ནག་ཁྲ་ཁྲའི་འཐབ་རྒོལ་གཉིས་པ་ཐེབས། སྐབས་དེའི་མཚན་ལྗོངས་ནི་ནག་ཐིབ་ཐིབ་ཏུ་ཡོད་ལ་ཐག་རིང་གི་རྒྱ་ལམ་ཏུ་གློག་སྒྲོན་འགའ་རེ་གསལ་གྱི་ལེར་ཡོད་མོད། བལྟས་ཚོད་ཀྱིས་འཕུར་ནག་ཁྲ་ཁྲའི་འཇབ་རྒོལ་ལ་ལྟ་རུ་ཡོང་བའི་ལྟ་མོ་བ་དང་གཉིས་སུ་མེད།
རྒྱུད་འཇམ་ལ་གཤིས་བཟང་། བློ་གྲོས་ཀྱི་རྩལ་ཡག་པའི་རྒྱལ་པོ་ཅོ་བྱང་སྐར་གྱིས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་རྗེས། འཕུར་ནག་ཁྲ་ཁྲའི་འཇབ་རྒོལ་ཐེངས་གཉིས་པར་ཁ་ཡ་ཙམ་ཡང་མི་བྱེད་པས་མིག་མདངས་ལས་འཛུམ་ཞིག་འཕྲོ་ཞོར་ཏུ་རང་གི་གཟིམས་མལ་ལས་ཡར་ལ་ལངས་སྟེ། དེང་གི་འཕྲུལ་གྱི་ནུས་པས་གྲུབ་པའི་འཁྱམས་རའི་ནང་ཏུ་རང་གི་ཉལ་གོས་སོགས་ཁྱེར་ནས་སོང་། གནམ་མཁའ་ན་སྐར་མ་མེད་ལ་གནམ་ཟླ་ནི་ཇེ་དྲོ་ནས་ཇེ་དྲོ་རེད། རྒྱ་ལམ་འགྲམ་གྱི་གློག་སྒྲོན་དག་ལས་མིག་ལ་འཚེར་བའི་འོད་འཚེར་བཞིན་འདུག་ལ། བལྟས་ཚོད་ཀྱིས་རྒྱལ་པོ་ཅོ་བྱང་སྐར་གྱི་སྤྱོད་པ་དེ་ལ་ཡ་མཚར་སྐྱེས་པ་དང་གཉིས་སུ་མེད།
དུས་རབས་ཉི་ཤུ་པ་ནི་ཚན་རྩལ་གྱི་དུས་རབས་ཞིག་ཡིན། དུས་རབས་ཉི་ཤུ་པ་ནི་ཞི་བདེ་དང་འཆམ་མཐུན་གྱི་དུས་རབས་ཤིག་ཡིན། རྒྱལ་པོ་ཅོ་བྱང་སྐར་གྱིས་རང་གི་སེམས་སུ་ཤར་ཡོད་པའི་དོན་དག་དེ་མི་འབྱུང་བར་གསོལ་བ་རྩེ་གཅིག་ཏུ་གཏད་རྗེས། འཁྱམས་རའི་འབོལ་ཁྲིའི་སྟེང་ནས་རྨི་ལམ་གྱི་ཞིང་ཁམས་འགྲིམས་པར་ཕེབས།
ཨུ་ཚུགས་འཁྲེགས་བཟུང་གི་ལྟ་བ་ཁྱེར་ཡོད་པའི་ངན་རེངས་ཚོགས་པའི་ག་མ་ཏེའི་དམག་དཔོན་འཕུར་ནག་ཁྲ་ཁྲས། གྲོང་ཁྱེར་འདིའི་མཁའ་དབྱིངས་ནས་སོ་ལྟ་ཡུན་རིང་བྱས་རྗེས། སྔར་བཞིན་རྒྱལ་པོར་འཐབ་རྒོལ་བྱས། ཡིན་ཡང་དེ་ནི་འཕྲུལ་ཆས་ཀྱིས་བཟོས་ཡོད་པའི་འཁྱམས་ར་ཞིག་ཡིན་ལ། རྒྱལ་པོ་ཅོ་བྱང་སྐར་གྱིས་མ་ཤེས་མ་ཚོར་བ་ལྟར་དལ་མོར་ཡར་ལངས་ནས་སྒོ་རུ་བུད་པ་དང་བསྟུན་འཁྱམས་རིའི་སྒོ་དེ་གློ་བུར་ཏུ་གཏན་སོང་། ད་ནི་འཕུར་ནག་ཁྲ་ཁྲར་གཤོག་པ་ཡོད་རུང་འཕུར་མི་ཐུབ་ལ་རྫུན་འཕྲུལ་ཡོད་རུང་གཏོན་པ་མེད་པའི་གནས་སུ་ལྷུང་སོང་། མཚན་མོའི་སྨག་རིམ་ཇེ་མཐུག་ནས་ཇེ་མཐུག་རེད། ད་ནི་འཕུར་ནག་ཁྲ་ཁྲ་འཁྱམས་རའི་གཟུགས་མེད་ཁང་པའི་ནང་ན་ལངས་མ་འདར། ཅི་བྱ་བཏོལ་མེད་དུ་གྱུར་འདུག
རྒྱལ་པོ་ཅོ་བྱང་སྐར་དལ་གྱིས་རང་གི་གཟིམས་མལ་ཏུ་འགྲོ་ཞོར་འདང་བརྒྱག་ནང་ལྷུང་འདུག་ལ། འཕུར་ནག་ཁྲ་ཁྲ་ལྟ་བུའི་ངན་རེངས་ཚོགས་པ་དང་སང་ཉིན་ཅི་ལྟར་གྲོས་མོལ་བགྱི་བའམ་ཡང་ན་འཆིང་ཡིག་འཇོག་ཡང་ན་་་་་་་་་
(འབུ་ནག་ཞིག་གིས་རང་ཉིད་གཉིད་དུ་མ་བཅུག་པའི་དོན་དངོས་ཤིག་གཞིར་བཟུང་ནས་བྲིས།)

འབྲེལ་ཡོད་འོས་སྦྱོར།