མཐོ་རྒྱུགས་ནི་སྤྲིན་དཀར་དུམ་བུ་ཞིག་དང་འདྲ་བར་ང་ཡི་མགོ་ཐོག་ལ་ཐོན་བྱུང་།
རྩོམ་པ་པོ།:རོང་བའི་འབྲོག་ཁྱིམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-06-10
ཀློག་གྲངས།:
མི་ལོ་ཉི་ཤུ་འགོར་སོང་། རང་གིས་ཕ་མ་ཞིག་གི་ཚོད་ནས་ཁོ་བོར་བདག་སྐྱོང་དང་བསླབ་བྱ་ག་འདྲ་གནངས་སོང་བ་མི་ཤིས་མོད། དེ་རིང་མཐོ་རྒྱུགས་རྒྱུགས་རའི་ནང་དུ་འགྲོ་དུས་ང་ཡི་སེམས་པ་བདེ་ལ་འབབ་གྱིན་མི་འདུག རང་ཉིད་སློབ་གྲྭ་བ་ཡིན་དུས་མཐོ་རྒྱུགས་ལ་ཞུགས་མྱོང་ཞིང་དེའི་སྐྱིད་སྡུག་མ་ལུས་ད་རུང་ཡིན་ཡང་བརྗེད་པར་གྱུར་མེད། རང་ཉིད་བློ་རིག་རྟུལ་བོ་ཞིག་ཡིན་པས་དུས་ནམ་ཡིན་ཡང་རྒྱུགས་ལ་ཞུགས་རྒྱུར་སྔ་ས་ནས་གྲ་སྒྲིག་བཟང་བོ་རེ་བྱེད་པའི་གོམས་གཤིས་ཞིག་ཆགས་ཡོད་པས།རྒྱུགས་རར་འགྲོ་དུས་འཇིགས་སྐྲག་དང་འཚུབ་ཆ་ལངས་མ་མྱོང་། འོན་ཀྱང་དེ་རིང་ཁོ་བོར་འཇིགས་སྐྲག་དང་འཚུབ་ཆ་ཆེན་པོ་ལངས་ཀྱིན་འདུག
ཁོ་བོ་ཆུང་དུས་ཨ་ཕ་ལོ་ལོན་གྱི་གཅེས་ཕྲུག་ཡིན། ངེས་གཉིས་ཀས་གཅེས་སྐྱོང་བྱེད་འདོད་ཅིང་སྐལ་བ་མི་ཐོབ་པས་སློབ་ཆུང་མཐར་ཕྱིན་རེག་བར་ཨ་ཕ་ལོ་ལོན་གྱི་རྩིབ་ནས་བསྡད་པ་རེད། ཁོ་བོ་ནི་ངེད་གཉིས་ཀའི་བུ་སྐྱེས་མགོ་མ་ཡིན་པས་འཇིག་རྟེན་འདིར་ཐོན་ནས་ཐོག་དང་པོར་ཨ་ཕ་བྱས་པའི་སྐབས་སུ་རང་ལ་བླ་ལྷག་གིས་གཉོར་སྐྱོང་བྱ་རྒྱ་དང་གཅེས་སྐྱོང་བྱེད་འདོད་ཡོད་མོད། ཨ་ཕ་ལོ་ལོན་ལ་དེ་བས་ལྷག་པའི་སེམས་པ་ཞིག་འདུག་པས། ངེད་གཉིས་ཀས་ལོགས་སུ་སྡུག་སྨྲས་འདོན་ཞོར་ཁོང་གི་རྩིབ་ལ་བུད་སོང་ན་འབོད་ཐག་མ་ཆོད་པར་ལུས་ཞིང་། ཡང་ནས་ཡང་དུ་བོས་ཚེ་ཁོང་ཉིད་ཐུགས་ཁྲོས་པར་འགྱུར་བས་དེ་བཞིན་དུ་འགྲོ་རུ་བཅུག་སོང་། ཡིན་ནའང་ཁོ་བོ་ནི་བྱིས་པ་བྲ་ཚགས་ཞིག་མིན་པ་དང་ཁ་ལེན་ཚིག་བརྩི་བྱེད་མཁན་ཞིག་ཡིན་པས་ལངས་ཤོར་ཏུ་འགྲོ་རྒྱུར་འཇིགས་ནའང་ཨ་ཕ་ལོ་ལོན་གྱིས་ངའི་གཅེས་ཕྲུག་ཟེར་ཞིང་མགོ་ལ་བྱིལ་བྱིལ་བྱས་པ་མཐོང་དུས་སེམས་གྱིས་ལ་ལོངས་པར་མི་སྐྱུར་ཐུ་མེད་དུ་གྱུར་སོང་། སླར་ཡང་ཁོ་བོའི་སློབ་སྦྱོང་ནི་ཁོང་གིས་བདག་སྐྱོང་བྱེད་མི་ཐུབ་ལ་ལོ་རིམ་ཇེ་མཐོར་སོང་དུས་ལྷག་པར་དུ་སེམས་ཚེགས་བྱེད་ཐུབ་གྱིན་མེད་པས། རང་གིས་ཁོ་བོའི་སློབ་སྦྱོང་ལ་དོ་ཁུར་བྱ་དགོས་ཞེས་ཁོང་ལ་ཡང་ནས་ཡང་དུ་ཞུས་མྱོང་། སློབ་ཆུང་མཐར་ཕྱིན་ལ་ཉེ་དུས་ངེད་བཟའ་ཟླ་གཉིས་ཀས་ཁུལ་སློབ་འབྲིང་དུ་སྐྱེལ་རྒྱུའི་བསམ་ཚུལ་བཤད་པ་ན། དུས་དེ་ནས་བཟུང་ཁོང་ཉིད་མཚན་མོའི་གཉིད་མི་བདེ་བ་དང་ཉིན་དཀར་ཁམས་མི་དྭངས་པར་གྱུར། ངེད་གཉིས་ལ་ཐད་ཀར་དུ་མི་འཐད་པའི་སྐད་ཆ་མ་གསུངས་ཀྱང་དུས་རྒྱུན་དུ་ཤུགས་རིང་འཐེན་པ་དང་ཁོ་བོ་ཁུལ་ཐོག་ལ་བུད་སོང་ན་ངེད་རྒན་རྒོན་གཉིས་ཀ་ཁོ་བོ་འགྲོ་སར་ཁང་མིག་གཅིག་གླས་ནས་མི་འདུག་ཐུ་མེད་རེད་འུ་ཞེས་སྨྲས་ངག་འདོན་པར་བྱེད། ངས་ཁོང་གིས་ཁུལ་ཐོག་ལ་མངགས་འདོད་མེད་པའི་བསམ་པ་ཤེས་ཡོད་ནའང་ཁོ་བོའི་མདུན་ལམ་ནི་དོན་དག་གལ་ཆེན་ཞིག་ཡིན་པས་མཐར་ཕྱིན་སྐབས་ཁུལ་སློབ་འབྲིང་ལ་རྒྱུགས་ལེན་དུ་བཅུག་པ་ཡིན། སློབ་སྦྱོང་ལ་ཡར་ཐོན་ཆེན་པོ་མེད་པའི་ཁོ་བོ་སྐབས་དེར་རྒྱུགས་འབྲས་ལེགས་པོ་ལོན་མེད་པས་ཨ་ཕ་ལོ་ལོན་གྱི་བསམ་ཐོག་ལ་བུད་སོང་།
ཁོ་བོས་དམའ་འབྲིང་རྫོང་སློབ་འབྲིང་ནས་བཏོན་པ་རེད། སློབ་གྲྭ་དེ་ནི་ཤག་འདུག་སློབ་གྲྭ་ཞིག་ཡིན་པས་དུས་རྒྱུན་དུ་སློབ་གྲྭ་ནས་བསྡོད་དགོས་སོང་། ཁོང་གིས་ཁ་ཟས་ཞིམ་པོ་དང་ཞོར་ཟས་སྣ་ཚོགས་བཟུང་ནས་སློབ་གྲྭར་ཁོ་བོ་འཚོལ་དུ་བུད་འགྲོ། ཁོང་ལ་བུ་དང་བུ་མོ་བཅུ་གཉིས་ཡོད། ཨ་ཕ་རུ་གྱུར་བའི་ཉིན་དེ་ནས་བཟུང་རང་གི་ལུས་མགྲམ་ན་གཅེས་ཕྲུག་ཏུ་གྱུར་བའི་བུ་དང་བུ་མོ་ཡོད་པ་དང་རེ་རེ་བཞིན་གཞན་གྱི་མོག་པ་དང་བནའ་མར་གྱུར་དུས་སླར་ཡང་བུའི་བུ་དང་བུ་མོ་ཚོར་སེམས་པ་གླན་སོང་། དེ་བས་ངས་ཁོང་གི་འཛད་མཐའ་མེད་པའི་བྱམས་བརྩེ་དང་གཅེས་སྐྱོང་གནང་པར་ཡིད་མོས་དང་གུས་འདུད་ཞུ་བཞིན་ཡོད་ལ། ཕ་མའི་རླབས་ཆེ་བའི་བརྩེ་བ་དེ་དགོང་ཨ་སྔོན་དབྱིངས་ལས་ཅིང་མཐའ་མེད་པ་དང་ནུབ་རྒྱ་མཚོའི་ཀླུང་ལས་ཀྱང་གཏིང་ཟབ་པ་ཞིག་རེད་ཨང་སྙམ་གྱིན་ཡོད། ཁོ་བོ་མཐོ་གཉིས་སློབ་སྐབས་དང་པོར་བུད་དུས་ཨ་ཕ་ལོ་ལོན་གློ་བུར་དུ་ཚེ་ལས་འདས་སོང་། སྐྱོ་གདུང་ཆེན་པོས་བཟུང་བའི་ཁོ་བོ་ཕྱི་དྲོ་ཞིག་ལ་ངུས་པ་རེད། ཟླ་བ་འགའ་འགོར་སོང་། ཁོ་བོར་བཟོད་མི་ཐུབ་པའི་སྐྱོ་བ་དང་མྱ་ངན་བྱེད་རྒྱུ་མེད་པས་ངའི་སེམས་སུ་གྲོལ་མི་ཐུབ་པའི་མདུད་ནག་ཅིག་བབ་སོང་། འོན་ཀྱང་ཕྱིས་ཀྱི་སྣང་ཚུལ་འགས་ང་རང་ཧ་ལས་སུ་བཅུག་སོང་།
ངས་རང་གི་གཅེས་ཕྲུག་ལ་དེ་འདྲའི་མནར་སྡུག་ཞིག་གཏོང་གིན་ཡོད་པ་ཡིད་ལའང་མ་ཤར། མཐོ་འབྲིང་གི་འཚོ་བ་དེ་རང་གི་གནམ་དང་འདྲ་བའི་ཨ་ཕ་ལོ་ལོན་ཚེ་ལས་འདས་པ་ནས་བཟུང་སྔོན་དང་གཞི་ནས་མི་འདྲ་བར་གྱུར། སློབ་སྦྱོང་ཇེ་ངན་དུ་སོང་པས་དགེ་རྒན་གྱིས་ཚ་འདེད་བྱེད་པའི་དུས་ཇེ་མང་ལ་སོང་པ་དང་། སློབ་གྲོགས་ཚོར་འབྲེལ་འདྲིས་བྱས་པ་སྔོན་དང་མི་གཅིག་པའི་ཚོར་བ་བྱུང་། རང་གི་རང་ཉིད་ཁེར་རྐྱང་དུ་ཕུད་པས་ཉི་མ་འོད་ཟེར་མེད་པ་དང་མི་ཡུལ་དང་འཛུམ་མདངས་མེད་པ་ལྟ་བུའི་ཚོར་བ་སྐྱེས། སྐབས་དེར་ཁོ་བོར་དགའ་མོས་ཞིག་ཡོད་པ་ནི་རི་མོ་འབྲི་རྒྱུ་དེ་ཁོ་ན་རེད། ངས་གྲོང་ཁྱེར་ཆེ་ས་ཞིག་ལ་རི་མོ་སློབ་སྦྱོང་བྱེད་དུ་བསྐྱལ་བ་ཡིན། རི་མོའི་སྒྱུ་རྩལ་གྱིས་ཁོ་བོའི་སེམས་པའི་རྨ་ཁ་གང་མང་ཞིག་སོས་པར་གྱུར་བ་དང་སླར་ཡར་དྲོད་སྐྱིད་ལྡན་པའི་རང་ཁྱིམ་དུ་འགུགས་ཐུབ་སོང་།
དེ་རིང་ཁོ་བོ་མཐོ་རྒྱུགས་ལ་ཞུགས་ཀྱིན་འདུག ངས་ཁོ་བོར་སྒུག་ནས་རྒྱུགས་རའི་ཕྱི་ནས་སློབ་ཁང་གི་ཕྱོགས་སུ་ཡང་ཡང་བལྟོས།

འབྲེལ་ཡོད་འོས་སྦྱོར།