རྟོགས་བརྗོད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-05-13
ཀློག་གྲངས།:
ངོ་མཚར་བཅུ་ཕྲག་རིག་པའི་གཞུང་ལུགས་ཀྱི།།
ཟབ་ཡངས་ཤེས་པར་བྱ་བའི་ཆུ་གཏེར་ཆེ།།
སྔོན་མེད་རྣམ་དཔྱོད་གྲུ་ཡིས་བརྒལ་པ་ལ།།
དབང་བསྒྱུར་པཎ་གྲུབ་ཉི་ཟེར་རྡུལ་ལ་འགྲན།།
ཁྱད་པར་གངས་ལྗོངས་རིགས་པའི་ཤིང་རྟ་པ།།
འཇམ་དཔལ་རྣམ་སྤྲུལ་ཆོས་ཀྱི་རྒྱལ་མཚན་གྱི།།
དྲི་མེད་རིང་ལུགས་འཛིན་པའི་ཐོས་བསམ་གླིང་།།
གཅིག་ལས་གཅིག་ལྷག་འཛམ་གླིང་རྒྱན་དུ་ཆེ།།
རབ་འབྱམས་མདོ་རྒྱུད་ཆོས་ཚུལ་སྙིང་བོའི་དོན།།
རྗེ་བཙུན་ཡིག་ཆའི་ངོ་མཚར་རིགས་འཕྲུལ་ལས།།
མཚན་ཡང་ཉིན་ལྟར་ལུང་རིགས་བརྒལ་བརྟག་གིས།།
མ་འདྲེས་སོ་སོར་འབྱེད་པའི་མཁས་མང་བརྗིད།།
དེ་ལྟ་ན་ཡང་ཞིང་འདིའི་མཁས་རྣམས་ཀྱིས།།
ཐལ་འགྱུར་ཤིང་རྟའི་སྲོལ་འབྱེད་ཟླ་མེད་པ།།
གཉིས་མེད་བསིལ་ལྗོངས་སྟོན་པ་ཟླ་བ་གྲགས།།
སྤྱན་འདྲེན་ཞུ་ཚིག་དངོས་བརྒྱུད་ལན་མང་ཕུལ།།
དུས་དེར་སྔོན་གནས་མཁྱེན་པའི་མེ་ལོང་ངོར།།
འབྱུང་འགྱུར་དགེ་བའི་སྣང་བརྙན་འཆར་བ་ན།།
ཁྱོད་ཞལ་ཆུ་འཛིན་གཡོ་བའི་ཀློང་ཡངས་ལས།།
ཞལ་བཞེས་བཀའ་ལུང་དབྱར་རྔའི་ཟོལ་གྱིས་ལྡིར།།
མདོ་ཁམས་སཱ་ལའི་ལྗོངས་ཀྱི་ཐིག་ལེ་གཞིར།།
ཞབས་ཟུང་གསེར་གྱི་འཁོར་ལོ་བཀོད་པ་ན།།
དཀར་ཕྱོགས་ལྷ་ཡི་འཛུམ་པའི་ལང་ཚོ་དང་།།
བདུད་སྡེའི་སྙིང་ལ་སྡུག་བསྔལ་ལྷན་ཅིག་རྒྱས།།
རིམ་བཞིན་རྭ་རྒྱ་བཀྲ་ཤིས་འབྱུང་གནས་དང་།།
ཨ་རིག་དོན་ཀུན་གྲུབ་པའི་རབ་བརྟན་གླིང་།།
རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་།།
ལ་སོགས་ཆོས་སྡེ་མང་བོར་ཞབས་སོར་འཁོད།།
མདོ་སྨད་ལྷོ་བྱང་ལུང་རིགས་སྨྲ་བའི་བཤེས།།
མཁའ་ལ་རྒྱུ་སྐར་ཇི་བཞིན་བསྐོར་པའི་དབུས།།
མདོ་རྒྱུད་འཆད་ཁྲིད་ཟླ་བའི་འོད་དཀར་གྱིས།།
མཁས་མང་བློ་ཡི་ཀུ་མུད་བཞད་པར་མཛད།།
ཁྱད་པར་ལུང་རིགས་སྟོང་གི་རླབས་ཕྲེང་ནི།།
གོ་ལ་ཟླུམ་པོའི་མཐའ་ལ་འགྲིམས་པའི་དཔལ།།
འཇང་གི་དགུན་ཆོས་ཞེས་བྱའི་སྔོན་མེད་སྲོལ།།
མདོ་ཁམས་གཡེར་མོ་ཐང་གི་དཔལ་དུ་བསྐྲུན།།
མདོ་སྨད་བྱང་རྒྱུད་ལེགས་བཤད་སྒྲོག་པའི་ཚལ།།
དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་གི་སྡེར།།
རྒྱལ་ཀུན་གསུང་གསང་ལམ་གཙོ་རྣམ་གསུམ་གྱི།།
ཟབ་ཁྲིད་ཆོས་ཆར་ཀུན་གསལ་ཀློང་ནས་ཕབ།།
བློ་བཟང་རྒྱལ་བསྟན་རྣམ་བཞིའི་ཆུ་ཀླུང་རྒྱུན།།
གང་ལས་འབབ་པའི་གངས་དཀར་ལྷུན་པོ་སྟེ།།
དཔལ་ལྡན་ཐེག་ཆེན་དར་རྒྱས་གླིང་གི་སྡེར།།
ལེགས་བཤད་འོད་བརྒྱའི་སྣང་པ་ཅི་ཡང་སྤྲོས།།
བརྩེ་ཆེན་ཆུ་འཛིན་འཁྲིགས་པའི་བ་གམ་ལས།།
མདོ་སྔགས་ཆོས་ཀྱི་བདུད་རྩི་འབུམ་སྤྲོས་པས།།
བཤད་སྒྲུབ་བསྟན་པའི་ཆུ་སྐྱེས་གཞོན་ནུའི་ཚལ།།
ཡངས་པའི་ནོར་འཛིན་བུ་མོའི་དཔལ་དུ་བཞད།།
ཁྱད་པར་འཇམ་མགོན་བློ་བཟང་གྲགས་པ་ཡི།།
བཤད་སྒྲུབ་ཆོས་ཚུལ་ཕྱོགས་ཀུན་སྤེལ་བ་ལས།།
དགེ་ལྡན་རིང་ལུགས་དྲི་མེད་འདབ་བརྒྱ་པ།།
ལུང་རྟོགས་ཆོས་ཀྱི་གེ་སར་ཁོང་ནས་འཛུམ།།
ནུབ་ཕྱོགས་ལྷ་ལྡན་ཆོས་ཀྱི་གྲོང་ཁྱེར་ནས།།
ཤར་ཕྱོགས་མ་ཧཱ་ཙི་ནའི་ཞིང་ཁམས་བར།།
འཇང་ཡུལ་དགུན་གྱི་ཚད་མའི་ཆོས་ཚུལ་གྱི།།
ངོ་མཚར་ལམ་སྲོལ་ཡུན་གྱིས་དར་བར་བྱས།།
དེ་ཡིས་རྒྱལ་བསྟན་གངས་དཀར་ས་འཛིན་ཆེར།།
སྔོན་མེད་བཤད་སྒྲུབ་འོད་ཀྱི་དཔལ་བྱིན་པས།།
ལུང་རིགས་སྒྲ་དབྱངས་ཆུ་གཏེར་རླབས་ཀྱི་ཕྲེང་།།
མཁའ་ལ་འཕྱུར་བས་འཛིན་མའི་མཐའ་ཡང་རལ།།
དུས་ངན་གདུག་སྲིན་ཁྲོས་པའི་མེ་དཔུང་གིས།།
རྒྱ་བོད་ལེགས་བཤད་ཞལ་ལ་བཏབ་པའི་ཚེ།།
མགོན་ཁྱོད་སྙིང་སྟོབས་ཉི་མའི་གཟི་བྱིན་གྱིས།།
སེར་གཙུག་འཕྲུལ་གྱི་པར་ཁང་ལྗོངས་འདིར་ཕྱེ།།
དེ་ཕྱིར་འཕགས་བོད་ཀུན་རིག་འབུམ་ཕྲག་གི།
ངོ་མཚར་ཆོས་ཀྱི་ལེགས་བཤད་རྒྱུ་སྐར་ཕྲེང་།།
འཛམ་གླིང་ནོར་འཛིན་བུ་མོའི་མཛེས་རྒྱན་དུ།།
ཐོར་བའི་གྲགས་པ་སྟོང་གསུམ་ཞིང་དུ་བསྐྱོད།།
ཟབ་བརླིང་གཞུང་གི་དཀའ་གནད་པདྨོའི་སྦུབས།།
རབ་ཡངས་རྣམ་དཔྱོད་ཉི་མའི་འོད་རླབས་ཀྱིས།།
གསལ་བར་ཕྱེ་བའི་སྔོན་མེད་ལེགས་བཤད་གཏེར།།
མཁས་མང་རྐང་དྲུག་བྱེ་བའི་དཔལ་དུ་བསྟབས།།
སྔོན་བྱོན་མཁས་པའི་ལྗགས་ལས་མ་ཐོན་པའི།།
ཕྱོགས་གླང་ཡབ་སྲས་རིགས་པའི་གསང་བ་ཀུན།།
མ་ནོར་མ་འདྲེས་བཀྲལ་པའི་ལེགས་བཤད་ཕྲེང་།།
བློ་གསལ་བློ་གྲོས་འབར་བའི་རྒྱན་དུ་བསྐྲུན།།
ཀླུ་སྒྲུབ་ཡབ་སྲས་དགོངས་དོན་འཁྲུལ་མེད་ལམ།།
ཟླ་བའི་ཞབས་ཀྱིས་ལེགས་པར་གསལ་མཛད་པ།།
ཟབ་མོ་དབུ་མའི་རྟོགས་པར་དཀའ་བའི་གནས།།
མ་འདྲེས་ལེགས་པར་བསྟན་པ་བློ་ལས་འགོངས།།
ཁྱད་པར་བློ་བཟང་གསུང་གི་གསང་བའི་དཔལ།།
ལྕགས་མདའ་ལྕགས་ཀྱི་གཞུ་ཞེས་གྲགས་པ་ཡི།།
དྲང་ངེས་ལེགས་བཤད་སྟོང་གི་སྙིང་པོའི་གནད།།
གསལ་བར་སྟོན་པ་གངས་རིའི་ཀློང་དུ་བཞག།
སྔོན་བྱོན་མཁས་མང་རྒྱུ་སྐར་འོད་རླབས་ཀྱིས།།
ཡང་ཡང་འབད་ཀྱང་འབྱེད་པར་མ་ནུས་པའི།།
བྱམས་ཆེན་ཆོས་རྗེའི་རྣམ་ཐར་ལོ་ཚིགས་ཚལ།
མགོན་ཁྱོད་རྣམ་དཔྱོད་ཉི་མས་ལེགས་པར་ཕྱེ།།
སྡོམ་གསུམ་ནོར་བུའི་དཀྱིལ་འཁོར་ཀུན་ནས་ཟླུམ།།
ཏིང་འཛིན་ཡོན་ཏན་དཀར་པོའི་ལང་ཚོ་འབར།།
ཤེས་རབ་འོད་རླབས་སྟོང་གིས་རྨོངས་འཇོམས་པ།།
མཚན་མོའི་མགོན་ཁྱོད་གངས་རིའི་མཁར་ཤར་ཚེ།།
བློ་འཆལ་ཚུལ་འཆལ་གཡོ་སྒྱུའི་ཐབས་འཕྲུལ་གྱིས།།
བཤད་དང་སྒྲུབ་པའི་བསྟན་ལ་དབང་བསྒྱུར་ཞིང་།།
རྒྱལ་བའི་རིང་ལུགས་འོ་རླབས་འཁྱིལ་བའི་མཚོར།།
རྨ་སྲོལ་ཁྲག་ཐིགས་གཏོར་བའི་བདུད་རྣམས་འདར།།
སྐར་ཚོགས་དབུས་ན་དཀར་གསལ་ཟླ་བ་དང་།།
རི་དྭགས་ཁྲོད་ན་འཇིགས་བྲལ་སེང་གེ་བཞིན།།
བདེ་གཤེགས་བསྟན་ལ་ཀུན་མཁྱེན་ཙོང་ཁ་པའི།།
རྨད་བྱུང་མཛད་འཕྲིན་ཉིན་བྱེད་འོད་སྣང་སྤུན།།
བསྲེ་ལྷད་བྲལ་བའི་རྣམ་ཐར་གཙང་མ་ཡིས།།
ཆེ་བ་བཞི་དང་ཁྱད་ཆོས་གསུམ་ལྡན་གྱིས།།
རྣམ་པར་རྒྱལ་བའི་དགེ་ལྡན་ཆོས་ཚུལ་སྲོལ།།
ཡངས་པའི་ནོར་འཛིན་བུ་མོའི་རྒྱན་དུ་བྱིན།།
རྨད་བྱུང་རྣམ་དཔྱོད་གཡུ་རལ་གནམ་དུ་གསིག།
ལུང་རིགས་མི་ཟད་སྒྲ་དབྱངས་འབྲུག་སྟོང་ལྡིར།།
ཕས་རྒོལ་གླང་ཆེན་འབུམ་ཕྲག་ཀླད་འགེམས་པ།།
སྨྲ་བའི་སེང་ཆེན་ཁྱོད་གཅིག་གངས་རིའི་རྒྱན།།
འཆད་པའི་གཞུང་ལུགས་བདུད་རྩི་ཆར་དུ་སྙིལ།།
རྩོད་པའི་གནམ་ལྕགས་རྒོལ་ངན་སྙིང་རྩ་འདར།།
ལེགས་བཤད་རྩོམ་པའི་འབྲུག་གི་གད་རྒྱངས་མཐོ།།
ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་འབར།།
རབ་འབྱམས་མདོ་རྒྱུད་ཀུན་ལ་སྦྱངས་པས་མཁས།།
སྒོ་གསུམ་བག་ཡོད་ཁྲིམས་ཀྱིས་དུལ་བས་བཙུན།།
བླ་མེད་བྱང་ཆུབ་སེམས་མཆོག་འབྱོངས་པས་བཟང་།།
འཛམ་གླིང་མཁས་གྲུབ་བྱེ་བའི་མགོན་དུ་བསྔགས།།
མཐའ་བརྒྱད་སྤྲོས་བྲལ་ལྟ་བ་གཞན་ལས་མཐོ།།
བྱིང་རྒོད་སྤངས་པའི་ཏིང་འཛིན་སྒོམ་པ་བཟང་།།
མཐའ་གཉིས་སྐྱོན་དང་བྲལ་བའི་སྤྱོད་པ་མཛེས།།
བློ་བཟང་རྒྱལ་བའི་གདུང་ཚོབ་ཁྱོད་གཅིག་ཉིད།།
ཐོས་པ་གཞུང་ལུགས་རྒྱ་མཚོའི་མཐའ་ལ་བསྐྱོད།།
བསམ་བྱུང་རྣམ་དཔྱོད་མེ་ཏོག་ཚར་དུ་དངར།།
སྒོམ་པ་འགྱུར་མེད་ལྷུན་པོའི་གཤིས་སུ་བརྟན།།
ལུང་རྟོགས་ཡོན་ཏན་བྱེ་བའི་འོད་སྣང་མཛེས།།
མཁྱེན་པས་ཆོས་ཀུན་མ་འདྲེས་གསལ་བར་གཟིགས།།
བརྩེ་བས་ཁམས་གསུམ་འགྲོ་རྣམས་རྗེས་སུ་བཟུང་།།
ནུས་པས་རྒྱལ་བསྟན་སྒྲོན་འོད་གསལ་བར་མཛད།།
བདེ་གཤེགས་བསྟན་ལ་བློ་བཟང་རྒྱལ་བའི་འཕྲུལ།།
རབ་རྒྱས་བཞིན་བཟང་ནམ་ཡང་འཛུམ་པའི་སྐུ།།
འགག་མེད་ཚངས་པའི་རོལ་མོ་ལྡིར་བའི་གསུང་།།
བརྩེ་བའི་གཟིགས་པ་མི་ལྷོད་ཐུགས་རྗེའི་གཏེར།།
ངེས་དོན་སྐྱེས་བུར་ཁྱོད་ཉིད་གཅིག་བུར་གསལ།།
རྒྱལ་བའི་ཐུགས་བསྐྱེད་སྨིན་པའི་འོད་ཀྱི་ཕྲེང་།།
བསྐལ་བ་ཇི་སྲིད་རྫོགས་པར་ནུས་མིན་ཡང་།།
མ་དག་གདུལ་བྱའི་ལས་ངན་འགྲོ་བའི་ངོར།།
རེ་ཞིག་བསྡུས་པ་སྐལ་དམན་སྣང་པའི་གཤིས།།
དེ་ཕྱིར་ཚེ་འདིའི་བཞེད་དགོངས་རྫོགས་པ་ན།།
དགུང་གྲངས་གྱ་གསུམ་རབ་རྒྱན་ཆུ་སྦྲུལ་ལོར།།
གངས་ཅན་ལྷ་ལྡན་ཐེག་ཆེན་ཆོས་གླིང་ནས།།
དགའ་བ་བརྒྱ་ལྡན་དག་པའི་ཞིང་དུ་གཤེགས།།
ཀྱེ་ཧུད་མཐོང་གྲོལ་མཚན་དཔེའི་ཉིན་བྱེད་སྐུ།།
ཆོས་དབྱིངས་ནུབ་རིའི་ཕང་བར་བསྐྱོད་པ་ན།།
སྤྲེལ་སྲིན་རིགས་རྒྱུད་སྐྱེ་དགུའི་ཡིད་ཀྱི་མཚོར།།
སྐྱོ་གདུང་རླབས་ཀྱི་ཕྲེང་པ་མཁའ་ལ་དཀྲིགས།།
ཁྱད་པར་ཉམ་ཆུང་བདག་ཅག་བུ་སློབ་རྣམས།།
གློ་བུར་མགོན་མེད་གྱུར་པའི་སྡུག་བསྔལ་གྱིས།།
མ་བཟོད་གདུང་བའི་དབྱངས་ཀྱིས་གསོལ་བ་ན།།
བརྩེ་བས་དགོངས་ཤིག་བླ་མ་ཐུགས་རྗེའི་གཏེར།།
མཚན་ཡང་ཉིན་བཞིན་ཁྱོད་སྐུ་དྲན་པའི་བློ།།
སྙིང་ཁའི་འཁོར་ལོར་ལྷན་སྐྱེས་བཞིན་གྱུར་ན།།
ཐུགས་རྗེ་ཆུ་འཛིན་རྒྱས་པའི་ཀློང་ཡངས་ནས།།
མཆོག་གི་སྤྲུལ་སྐུའི་འཛུམ་ཞལ་མྱུར་དུ་སྟོན།།
དེ་ལྟར་ལུང་རྟོགས་ཡོན་ཏན་གཏེར་གྱུར་པའི།།
གསང་གསུམ་རྣམ་ཐར་ལྷ་ཡི་ལམ་འགེངས་ཀྱང་།།
ཐུན་མོང་མཛད་འཕྲིན་ཆུ་གཏེར་ཆེན་པོ་ལས།།
ཐིགས་པ་ཙམ་ཞིག་དད་པས་གསོལ་བ་ལགས།།
འདི་ལྟར་དགེ་ཚོགས་གངས་རིའི་ལྷུན་པོ་ལ།།
ལྷག་བསམ་ཟླ་འོད་སྟོང་གིས་འཁྱུད་པ་འདིས།།
ཡབ་གཅིག་བླ་མས་བདེ་ལྡན་ཞིང་ཁམས་ནས།།
བརྩེ་བའི་སྤྱན་ཞགས་ཉམ་ཆུང་འགྲོ་ལ་རྐྱོངས།།
བདག་སོགས་དེང་ནས་བྱང་ཆུབ་སྙིང་བོའི་བར།།
མགོན་པོ་གང་གི་བྱམས་བརྩེའི་ཕྱག་ཟུང་གིས།།
ནམ་ཡང་མི་གཏོང་བཀའ་བཞིན་སྒྲུབ་པ་ཡི།།
སྲས་ཀྱི་ཐུ་བོར་འགྱུར་བའི་སྐལ་བཟང་སྩོལ།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྙིང་བོའི་བཅུད།།
ཚད་མའི་སྟོན་པ་འཇམ་དཔལ་གཞོན་ནུ་ཡི།།
མདོ་རྒྱུད་ཟུང་དུ་འཇུག་པའི་ཉམས་ལེན་གྱིས།།
ཀུན་མཁྱེན་རྒྱལ་བོའི་གོ་འཕང་ཐོབ་པར་ཤོག།
རྒྱལ་བསྟན་ཉིན་བྱེད་འཛམ་གླིང་རྒྱན་དུ་གསལ།།
སྐྱེས་བུ་དམ་པའི་མཛད་འཕྲིན་ཟླ་བཞིན་འཕེལ།།
མཐའ་ཀླས་སྐྱེ་དགུའི་བདེ་སྐྱིད་དར་ཞིང་རྒྱས།།
དགེ་ལེགས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག།

འབྲེལ་ཡོད་འོས་སྦྱོར།