གངས་སྙེག་གིས་སྦྱར་བའི་རང་མོས་སྙན་རྩོམ་ཁག་གསུམ།
རྩོམ་པ་པོ།:གངས་སྙེག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-03-23
ཀློག་གྲངས།:
ས་སྲོད་ཅིག་གི་འགྲེལ་བ།མུན་པས་ས་གཞི་ལ་ཚོན་མདངས་བྱུགས་སོང
ང་ཚོས་དེ་ལ་མཚན་མོ་ཞེས་དབྱངས་སུ་གྱེར
མཚན་མོ་འདིའི་སྔ་རོལ་ཏུ
ས་སྲོད་ཅིག་ཡོད་པ་ང་ཚོར་ཁྲིག་ཁྲིག་ཡིན
ས་སྲོད་གློག་སྒྲོན་གྱི་ཡུ་བར་ཁེན་ནས
མུན་ནག་གིས་རུབ་བྱུང་བས
མཐོང་སྣང་གི་གངས་རི་དཀར་བོའང་ར་རི་ནས
སྐྱ་བོ་ཞིག་གིས་སྣང་ཡུལ་དུ་ཡལ
ས་སྲོད་མ་གཞི་ནས་གོས་ཧྲུལ་ཐེབས་ཆག་ཅིག་སྟེ
མཚན་མོས་དེ་ལ་ལྷན་པ་དགུ་རྩེག་བརྒྱབ་པས
ང་ཚོས་མུན་དོང་ནས་དེ་ཉིད་གྱེར་ཞིང
དེ་ཉིད་ལ་སྒྱུ་རྩལ་གྱི་མིག་ཟུང་སྦྲིད
ཡང་ན ས་སྲོད་དང་མཚན་མོ་གཉི་ངོ་བོ་གཅིག་པའང
བརྒྱུད་རིམ་དང་བྱེད་ཐབས་མི་འདྲ་བ་ལས
མུན་པ་ཡིན་པས་འདྲ་ཚོད་རེད
དོ་ནུབ ངས་ས་སྲོད་འདི་ཐེངས་ཤིག་བཀླགས
གློན་སྒྲོན་གྱི་སྣང་བར་འཇུ་ནས
བརྒྱུད་རིམ་དེ་འཚོལ་ཞིང་བྱེད་ཐབས་དེ་སྒྲུབ
ས་སྲོད་དུ མི་ཚོ་འདུར་གྱིན་འདུག
རྒྱ་མཚོའི་རླབས་ཕྲེང་ལྟར་འཕྱོ
སྤྲིན་པའི་འདུ་ལོང་བཞིན་འཁྲུགས
ཆང་ཁང་དང་ཤོ་ཁང་གི་སྣང་བ་ཟ་ཟི
གསོལ་ཁང་དང་མགྲོན་ཁང་གི་སེམས་པ་ཀྲོག་ཀྲོག
སེམས་ཁ་མཐུན་པའི་བདེ་བ་རོལ་ས
རང་སེམས་ཕུང་བའི་འཆི་ལམ་འདེད་ས
བུད་མེད་ཅིག་གི་མཆི་མ་བརླ་བར་དུ་ལྷུང་སོང
གསར་བུ་ཞིག་གི་ཀུ་རྒྱང་མིད་པ་ནས་འགག
དཔོན་ངན་ཞིག་གི་དགོད་སྒྲ་ཁ་ནས་ཤོར་ཐལ
སྤྲང་ཕྲུག་ཅིག་གིས་ཅི་མི་སྙམ་པར་སོ་འཆའ་བཞིན་གདའ
ས་སྲོད་དུ མུན་པས་མི་དག་ལ་མུན་ནག་གི་ལྭ་བ་གྱོན
མི་ཚོས་ལག་སྙོབ་བྱས་བྱས་ཀྱང
མུན་པ་ལས་ཅི་ཡང་མ་རྙེད
ས་སྲོད བརྙན་རིས་ནང་གི་ཟློས་གར་ཡིན་པ་འདྲ
ས་སྲོད མི་གཟུགས་འཆར་བའི་མེ་ལོང་ཡིན་པའང་འདྲ
ས་སྲོད ས་སྲོད ས་སྲོད
ང་ཚོས་དེ་ལ་མཚན་མོ་ཞེས་དབྱངས་སུ་གྱེར
མཚན་མོ་འདིའི་སྔ་རོལ་ཏུ
ས་སྲོད་ཅིག་ཡོད་པ་ང་ཚོར་ཁྲིག་ཁྲིག་ཡིན
ས་སྲོད་གློག་སྒྲོན་གྱི་ཡུ་བར་ཁེན་ནས
མུན་ནག་གིས་རུབ་བྱུང་བས
མཐོང་སྣང་གི་གངས་རི་དཀར་བོའང་ར་རི་ནས
སྐྱ་བོ་ཞིག་གིས་སྣང་ཡུལ་དུ་ཡལ
ས་སྲོད་མ་གཞི་ནས་གོས་ཧྲུལ་ཐེབས་ཆག་ཅིག་སྟེ
མཚན་མོས་དེ་ལ་ལྷན་པ་དགུ་རྩེག་བརྒྱབ་པས
ང་ཚོས་མུན་དོང་ནས་དེ་ཉིད་གྱེར་ཞིང
དེ་ཉིད་ལ་སྒྱུ་རྩལ་གྱི་མིག་ཟུང་སྦྲིད
ཡང་ན ས་སྲོད་དང་མཚན་མོ་གཉི་ངོ་བོ་གཅིག་པའང
བརྒྱུད་རིམ་དང་བྱེད་ཐབས་མི་འདྲ་བ་ལས
མུན་པ་ཡིན་པས་འདྲ་ཚོད་རེད
དོ་ནུབ ངས་ས་སྲོད་འདི་ཐེངས་ཤིག་བཀླགས
གློན་སྒྲོན་གྱི་སྣང་བར་འཇུ་ནས
བརྒྱུད་རིམ་དེ་འཚོལ་ཞིང་བྱེད་ཐབས་དེ་སྒྲུབ
ས་སྲོད་དུ མི་ཚོ་འདུར་གྱིན་འདུག
རྒྱ་མཚོའི་རླབས་ཕྲེང་ལྟར་འཕྱོ
སྤྲིན་པའི་འདུ་ལོང་བཞིན་འཁྲུགས
ཆང་ཁང་དང་ཤོ་ཁང་གི་སྣང་བ་ཟ་ཟི
གསོལ་ཁང་དང་མགྲོན་ཁང་གི་སེམས་པ་ཀྲོག་ཀྲོག
སེམས་ཁ་མཐུན་པའི་བདེ་བ་རོལ་ས
རང་སེམས་ཕུང་བའི་འཆི་ལམ་འདེད་ས
བུད་མེད་ཅིག་གི་མཆི་མ་བརླ་བར་དུ་ལྷུང་སོང
གསར་བུ་ཞིག་གི་ཀུ་རྒྱང་མིད་པ་ནས་འགག
དཔོན་ངན་ཞིག་གི་དགོད་སྒྲ་ཁ་ནས་ཤོར་ཐལ
སྤྲང་ཕྲུག་ཅིག་གིས་ཅི་མི་སྙམ་པར་སོ་འཆའ་བཞིན་གདའ
ས་སྲོད་དུ མུན་པས་མི་དག་ལ་མུན་ནག་གི་ལྭ་བ་གྱོན
མི་ཚོས་ལག་སྙོབ་བྱས་བྱས་ཀྱང
མུན་པ་ལས་ཅི་ཡང་མ་རྙེད
ས་སྲོད བརྙན་རིས་ནང་གི་ཟློས་གར་ཡིན་པ་འདྲ
ས་སྲོད མི་གཟུགས་འཆར་བའི་མེ་ལོང་ཡིན་པའང་འདྲ
ས་སྲོད ས་སྲོད ས་སྲོད
2015-3-21
འབྲེལ་ཡོད་འོས་སྦྱོར།