logo

སྨྱུག་འཛིན་པའི་འཚོ་བ།

རྩོམ་པ་པོ།:སྦྲ་སྲས་གངས་བུ་འཛུམ་གྲོལ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-29 ཀློག་གྲངས།:

སྨྱུག་འཛིན་པའི་འཚོ་བ
                      __སྦྲ་སྲས་གངས་བུ་འཛུམ་གྲོལ
སྨྱུག་འཛིན་པ
ཁ་སང
ཕྱིར་དྲིན་གྱི་ལོ་ཟླ་རེ་རེར
དགའ་སྐྱིད་ཀྱི་སྡུག་བསྔལ་ཡིན
དེ་རིང
ཆུང་དུས་ཀྱི་སྨྲེ་སྔགས་རེ་རེར
དུས་རབས་ཀྱི་དགོད་སྒྲ་ཡིན
སྡུག་ལ་སྐྱིད་སྣང་གི་འཚོ་དང
སེམས་ཀྱི་རོལ་དབྱངས་འདི
སྨྱུག་འཛིན་པའི་འཚོ་བ་ཡིན
སྨྱུག་འཛིན་པ
དགའ་དུས་སྐྱོ་དུས
སྐྱིད་དུས་སྡུག་དུས
སྨྲེ་སྔགས་ཀྱི་ན་ཟུག་ཁུར
སྐྱོ་སྣང་གི་མིག་ཆུ་ལྷུང
འཚོ་བའི་མེ་ལྕེ་འདི
བཟོད་ཐབས་བྲལ་བས་སྡུག་བསྔལ
འཚོར་མི་ཐབས་པའི་ལོ་རྒྱུས་ངུ་ངག་གི་མགུར་དབྱངས་འདི
སྨྱུག་འཛིན་པའི་འཚོ་བ་ཡིན
སྨྱུག་འཛིན་པ
གདུང་སེམས་ཀྱི་རི་མོ་དང
དྲན་གདུང་གི་ན་ཟུག་ལས
བདེ་སྐྱིད་ཀྱི་འཚོ་བ་འཚོལ
འཇིགས་སྣང་གི་ཆག་གྲུམ་དང
དུས་བཞིའི་འགྱུར་ལྡོག་ལས
བརྩེ་དུང་གི་གཏམ་རྒྱུད་དེ་སྙེག
ཆུང་དུས་ཀྱི་རྨི་ལམ་དང ི
བརྩེ་འཛུམ་གྱི་རང་མདངས་ལས
མཐུན་སྒྲིལ་གྱི་ཨ་ལོང་འདི
སྨྱུག་འཛིན་པའི་འཚོ་བ་ཡིན
སྨྱུག་འཛིན་པ
དཔལ་བོ་དང་དཔལ་མོ
ཕྱི་ཐག་དང་ཁྲེལ་གཞུང
བརྩེ་བ་དང་དུང་བ
གཏན་ཚིགས་ཀྱི་འགྱུར་མེད
ཕར་འགྲོ་ཚུར་འོང་གི་མགྲོན་པོ
སྨྱུག་འཛིན་པའི་འཚོ་བ་ཡིན
སྨྱུག་འཛིན་པ
ལ་རྒྱ་དང་སྤོབས་པ
ལས་དབང་དང་ཚེ་སྲོག
རྨི་ལམ་དང་ཕ་ཡུལ
དགའ་བ་དང་སྙིང་གཏམ
ཡོད་ཚད་ཀྱི་ཡོད་ཚད
སྨྱུག་འཛིན་པའི་འཚོ་བ
                   __གཡུ་ཆུང་དགའ་ཚལ་གླིང་ནས།


འབྲེལ་ཡོད་འོས་སྦྱོར།