ཁ་བ་རྐང་གླིང་གི་སྙན་ངག་ཚན་པ་ལྔ།
ཁ་བ་རྐང་གླིང་གི་སྙན་ངག་ཚན་པ་ལྔ།
ཁ་བ་རྐང་གླིང་།༼གཞིས་ཀ་རྩེ༽
དགུན་ཁ།
རྒྱན་གོས་མེད་པའི་བུ་མོ་ལྟར།
ལྗོན་ཤིང་རྣམས་དམར་ཧྲེང་ངེར་བསྡད་འདུག
ལྷགས་པས་དེད་དེ་འོང་བའི་གད་སྙིག་འདི་དག
ངའི་གློ་མཆིན་གྱི་གཏིང་ལ་འཐིམས་རྗེས།
རུས་རྐང་ནས་ཟུང་ཁྲག་གི་བར་དུ། ཁྲུག་ཁྲུག་འདར་ཅིང་།
ངས་ དགུན་ཁར་འཁང་ར་དང་ལེ་བདའ་ཡེ་ནས་བྱེད་མི་འདོད།
ཁ་བ་ནི་དགུན་དུས་ཀྱི་རྟགས་མཚན་ཞིག་རེད།
ཁ་བ་མེད་ན་གངས་ལྗོངས་མི་ཟེར།
ཁ་བ་མེད་ན་སང་ཉིན་གྱི་དཔྱིད་ཀ་ཡང་དཔྱིད་ཀ་ཞིག་ཡིན་ནམ།
སེམས་ཀྱི་འགྱུར་བ།
ཉི་འོད་ཀྱིས་བར་སྣང་བརྟོལ་ཏེ།
སྙིང་དང་རུས་རྐང་གི་སྟེང་དུ་བབས་བྱུང་།
སེམས་པ་ཞེས་པ་ལག་ནས་བསྟན་རྒྱུ་མེད་པ་འདིས།
ངའི་མགོ་བོ་ནས་རྐང་པའི་བར་བསྣན་པས་ཇི་འདྲའི་མི་ལྕི་འམ།
དེ་རིང་ཞོགས་པར་ནམ་ཟླ་ཡག
དྲོད་ཁོལ་གྱི་ཁེངས་དགོས་པའི་སེམས་པ་འདི།
ལྷ་འདྲེ་ཞིག་གིས་འཁྱེར་བ་ལྟར་མི་གནས།
བུ་མོ་ཞིག་གིས་བཟུང་བ་ལྟར་རྒྱུག་འགྲོ
ཕྱི་རོལ་གྱི་ནམ་ཟླ་ད་ལྟ་གྲང་མོ་རེད།
ངའི་སེམས་པ་དྲོད་ལམ་ལམ་གྱིས།
ཆུང་མ་དང་བུ་ཆུང་གི་གམ་ན་ཡོད།
ཤར་ཕྱོགས་ཀྱི་ལྗང་མྱུག
ལོ་མའི་སྟེང་གི་ཟིལ་བ་ཞིག
མཁའ་རླངས་མང་པོ་ལས་གྲུབ།
མཁའ་རླངས་ལས་བསག་པའི་ཟིལ་བ་ལྟ་བུའི་ཁྱེད།
ཉི་འོད་མ་ཡིན་པའི་ཉི་འོད་ཀྱི་སྐྱངས་ཏེ།
ག་ལེ་ག་ལེར་ལོངས་བཞིན་འདུག
ཉི་འོད་ཀྱི་གཙོ་སྦྱང་ལས་ལྷག་པའི་ང་ཚོས།
ད་ལྟ ཐམས་ཅད་བཀྲ་ཤིས་སུ་རྟགས་ཏེ།
འཛམ་གླིང་གི་ཡོད་ཚད་བདེ་སྐྱིད་ཅིག་ཏུ་སྒོམ་བཞིན།
སང་ཉིན་ཡང་དེ་ལྟར་ཡིན་པར་སྨོན།
བུ་མོ་སྒྲོལ་མ།
གསེར་རག་གི་ཚོས་པའི་མགོ་བོ་དེ།
འདོད་མའི་སྤྲ་ཡི་གྱོན་པའི་པགས་ལྷེབ་འདི།
ངས་གང་ནས་བཙལ་ཀྱང་མི་རྙེད།
ཕྱིན་ཕྱིན་པའི་དེ་རིང་།
བཙལ་བཙལ་བའི་པགས་ལྷེབ་དེ་རྙེད་བྱུང་།
ཁ་སང་དང་ཁ་སང་གི་སྔ་ལོ།
ངའི་ཨ་མས་ང་ལ་ལྭ་བ་གྱོན་དགོས་ཟེར།
དེ་རིང་གི་རས་ལྷེབ་གྱོན་པའི་སྨད་ཚོང་མ་འདི་ལ།
ངས་ཨ་མས་ག་རེ་ཟེར་རམ།
ཁ་པར་དང་འབྲེལ་བའི་གཏམ།
ལྷོ་ཕྱོགས་ན་སྤྲིན་པ་ལྡིང་ནས་འདུག
སྤྲིན་པས་ཆར་པ་འབེབ་བཞིན།
ཆར་པ་ནི་ངའི་མིག་ཆུ་རེད།
སྲིང་ཆུང་མའི་ཁ་པར་གྱིས།
ངའི་སེམས་པ་འདི་ལང་ལིང་མག་མོག་ཏུ་ཟོས་སོང་།
སྤྲིན་པའི་མིག་ཆུ་དང་སྟོང་ཧང་ཧང་གྱི་སེམས་པ་འདིས།
ཡོད་ཚད་འདང་རྒྱག་ཏུ་བསྐྱལ་ཞིང་།
ཐམས་བཅད་ཆང་ཕོར་ལ་རེ་ལྟོས་བྱེད་དུ་བཅུག་བྱུང་།