ཀུ་ཤུ་རྟགས་ཅན་གྱི་ཁ་པར།
རྩོམ་པ་པོ།:འབའ་བ་བློ་བཟང་མགོན་པོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-07-29
ཀློག་གྲངས།:
ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེ་མི་ཁ་ཤས་ལ་མཚོན་ན་དམིགས་བསམ་གྱི་ཁ་པར་ཞིག་ཏུ་བརྩིས་མེད། འོན་ཀྱང་། ཁོ་བོ་ལ་མཚོན་ན་ཁ་པར་གཞན་དང་མི་འདྲ་བའི་ཕན་ཆེན་པོ་ཐོགས་མྱོང་། རྒྱུ་མཚན་ནི་ང་རང་ནམ་རྒྱུན་གློག་ཀླད་བེད་སྤྱོད་གཏོང་རྒྱུ་ལ་དགའ་པོ་མེད། གློག་ཀླད་ནང་ལ་བོད་ཡིག་གི་མཉེན་ཆས་ཕབ་ལེན་བྱེད་ཡོད་ཀྱང་བེད་སྤྱོད་གཏོང་མ་མྱོང་། གློག་ཀླད་མདུན་དུ་འདུག་ཡུན་རིང་དུས་རྒྱབ་དང་སྐེད་ན་བ། ས་ཆ་གཞན་ལ་འགྲོ་འཁུར་སྟབས་མི་བདེ་བ། ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནི་འཁུར་སྟབས་ཧ་ཅང་བདེ་བ་མ་ཟད་བོད་ཡིག་འབྲི་སྟོབས་ཡང་བདེ། ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེ་ཉོས་ཚར་རྗེས་ང་རང་གྲོགས་པོ་ཚོ་དང་མཉམ་དུ་བོད་ཡིག་ཐོག་ལ་ཕན་ཚུན་ཁ་བརྡ་བྱེད་པ་མ་ཟད་ཕ་སྐད་རྩོམ་ཡིག་འབྲི་རྒྱུའི་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན།
ཉིན་ཞིག་ངས་དྲ་ཐོག་ཏུ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེའི་སྐོར་ཀྱི་ཤེས་བྱ་གང་མང་འཚོལ་བ་ཡིན། ཀུ་ཤུ་རྟགས་ཅན་གྱི་སྲོལ་འབྱེད་པ་པོ(Steve Jobs)སི་ཏྲི་ཧྥེན་རྒྱབ་པུ་སེའི་སྐོར་གྱི་ཤེས་བྱ་མང་པོ་བརྙེད་སོང་། ལྷག་པར་ཏུ་ཁོ་རང་ནང་པ་སངས་རྒྱས་ལ་དད་པ་བརྟན་པོ་ཡོད་པ་རྟོགས་བྱུང་། སྔོན་མ་ང་རང་ཁོང་གིས་ནང་ཆོས་ལ་བརྩི་གུས་ཡོད་པ་གོ་མྱོང་། འོན་ཀྱང་། ཁོང་ནི་ནང་ཆོས་མཉམ་ལེན་པ་ཞིག་ཡིན་མིན་ཤེས་མ་མྱོང་། ཁོང་གིས་རླབས་ཆེན་གྱི་བྱས་རྗེས་དང་ངོ་ཚ་བའི་ལོ་རྒྱུས་དེ་ཚོ་བཀླགས་ཚར་རྗེས་ངས་སེམས་གཏིང་ནས་ཁོང་ལ་རྗེས་སུ་ཡིད་རང་བྱེད། ཁོང་གི་སྲོལ་གཏད་པའི་ཁ་པར་ནང་དུ་བོད་ཡིག་བཞག་པ་དེ་དངོས་གནས་དྲིན་ཆེན་པོ་འདུག
ང་རང་ཁ་པར་རིགས་མི་འདྲ་བ་མང་པོ་བེད་སྤྱོད་གཏོང་མྱོང་། འོན་ཀྱང་། ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནི་ང་རང་ཆེས་དགའ་བ་དང་བེད་སྤྱོད་གཏོང་མང་བའི་ཁ་པར་ཞིག་རེད། ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེ་བརྒྱུད་ནས་ང་རང་འཕྲིན་ཕྲན་ཐོག་ལ་ཕ་སྐད་ལ་བརྩེ་བ་ཟབ་པའི་སྤུན་ཟླ་མང་པོ་ངོ་ཤེས་སོང་། རང་གི་བོད་ཡིག་ཆུ་ཚད་ཇེ་མཐོ་རུ་གཏོང་བ་མ་ཟད་བོད་ཡིག་ཡིག་ནོར་ཇེ་ཉུང་འབྲི་བའི་གོམས་གཤིས་བཟང་པོ་ཆགས་སོང་། དེ་ཚོ་ནི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་གྱིས་ང་ལ་གནང་བའི་ལེགས་སྐྱེས་ཡག་ཤོས་ཞིག་ངོས་འཛིན་བྱེད་ཡོད།
ཅ་ལག་ཅི་འདྲ་ཞིག་ཡིན་ཡང་དགེ་སྐྱོན་ཟུང་འབྲེལ་ཡིན་པ་ཚང་མས་མཁྱེན་གསལ་ལྟར་རེད། ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེ་ཉོས་ཚར་རྗེས་ང་རང་ནམ་རྒྱུན་ཁྱིམ་མི་ཚོ་དང་མཉམ་དུ་ཁ་བརྡ་བྱེད་རྒྱུ་ཇེ་ཉུང་དུ་འགྲོ་བ། ནམ་རྒྱུན་མགོ་སྒུར་སྒུར་བྱས་ནས་ཁ་པར་རྩེད་ཡུན་རིང་བས་མཇིང་རུས་ལ་སྐྱོན་ཕོག་ནས་ན་བ། ཁ་པར་དེ་གདོང་དང་མིག ཐོད་པ་སོགས་ཐག་ཉེ་ཆེ་སོང་ནས་འཕྲོ་ཐིག་གིས་མིག་ནད་དང་པགས་ནད་སོགས་ཕོག་བ་རེད།
ཉིན་ཞིག་ངས་ཁྱིམ་དུ་བུ་མོར་ལྟ་བཞིན་ཡོད། དྲ་གྲོགས་ཤིག་གིས་ང་ལ་རྒྱ་ཡིག་ཐུང་ཐུང་ཞིག་བསྐུར་ནས་བོད་ཡིག་ལ་བསྒྱུར་རོགས་གསུངས། ངས་ཁ་པར་ནང་དུ་བོད་ཡིག་གཏག་ནས་མགོ་འཁོར་སོང་། བུ་མོས་ཇ་ལྟིར་འཐེན་ནས་མོ་རང་གི་ལག་པ་ཇ་ཚ་པོས་སྲེག་སོང་། ངས་མྱུར་དུ་བུ་མོ་སྨན་ཁང་ལ་བསྟེན་དུ་སོང་བ་ཡིན། རྗེས་སུ་ཉམས་མྱོང་དེར་བརྒྱུད་ནས་ངས་བུ་མོ་ལྟ་དུས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེ་བེད་སྤྱོད་གཏན་ནས་བྱེད་བཞིན་མེད།
གང་ལྟར་ང་རང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ལ་ཤིན་ཏུ་དགའ། སི་ཏྲི་ཧྥེན་རྒྱབ་པུ་སེ་དང་ཁོང་གིས་སྤྱི་གཉེར་ཁང་གི་ལས་སྒྲུབ་མི་སྣ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ཁ་པར་རྟགས་གཞན་དག་ཚང་མ་ཡང་ཀུ་ཤུ་ལ་སློབ་སྦྱོང་བྱས་ནས་མྱུར་དུ་ཁ་པར་ནང་དུ་བོད་ཡིག་མཉེན་ཆས་འཇོག་བར་སྨོན་འདུན་ཞུ།

འབྲེལ་ཡོད་འོས་སྦྱོར།