logo

འབའ་ཚེ་སྨྱོན་གྱིས་སྦྱར་བའི་ལྷོ་རོང་ཡུལ་གྱི་ཟིན་བྲིས།

རྩོམ་པ་པོ།:འབའ་ཚེ་སྨྱོན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-20 ཀློག་གྲངས།:

ལྷོ་རོང་ཡུལ་གྱི་ཟིན་བྲིས།
          རྩོམ་པ་པོ། འབའ་ཚེ་སྨྱོན།

      ཁོར་ཡུག་ནི་རང་ཉིད་ཀྱི་འཚར་ལོངས་འབྱུང་སའི་མལ་ས་དྲོན་མོ་དེ་ལགས་ན། ངས་ནི་གནམ་རྒན་མས་ཆེད་བསྩལ་གྱིས་མི་གཤིས་ལ་ལྷན་པ་བརྒྱག་པར་མཁོ་བའི་རྩེད་ཆས་རྣལ་མ་ཞིག་ཏུ་སེམས་ལ། ལྷོ་རོང་ནས་འཆར་བའི་ཉི་མ་ནི་གོ་ལ་འདིའི་སྤྱི་གཙུག་གི་མེ་ལོང་རང་ལགས་ན། ཁོ་བོའི་སེམས་ཀྱི་སང་ཉིན་གྱི་དུས་ཚོད་ཡང་ད་ལྟ་བྲག་ངོས་སུ་རྒྱུག་གིན་པའི་དེ་རིང་གི་ཉི་ཟེར་དེ་མིན་པར་ཤོག
      ཉེ་འཁོར་ན་བཞུར་གྱིན་པའི་རྒྱུགས་ཆུ་ལ་ཅེར་ཐེངས་རེ་རེར་ངས་ནི་ཕ་ཡུལ་གྱི་འབའ་ཆུ་སྔོན་མོའི་གྲིབ་གཟུགས་ཤིག་མཐོང་འགྲོ་ལ། སྐྱུག་བྲོ་བའི་ངག་འཕྲིན་དང་འཛུམ་མདངས་རེ་རེས་རང་ལུས་ཀྱི་སྤྱི་རུས་གསེང་དུ་འཐིམ་གྱིན་པའི་འཁོར་བའི་ཉེས་དམིགས་རེ་རེ་ནི་སྔོན་བྱས་ཀྱི་ཆེད་དམིགས་ཤིག་ཏུ་མི་བརྩི་ག་མེད་རེད། འདི་ཡང་ལས་དང་རྒྱུ་འབྲས་ཞེས་པའི་རྩེད་ཆས་རིགས་ཤིག་གི་འགྲོ་སྟངས་ཙམ་ལས་རྒྱུ་འབྱོར་གྱི་མཐུན་རྐྱེན་ཁོ་ན་ཞིག་ཏུ་མི་བརྩི་བ་དེའོ།།
      ལས་དང་རྒྱུ་འབྲས་ལ་མཁྱེན་པ་རང་མངའ་ན་ངས་ནི་སྟོན་པའི་རྟོགས་བརྗོད་ཀྱི་ཆེ་བ་བརྗོད་པར་མཁོ་བའི་ལྷུ་ལག་ཅིག་ཏུ་སེམས་ལ།རང་ཉིད་ཀྱང་ཆེད་བཟོས་ཀྱི་རྩེད་ཆས་རྣལ་མ་ཞིག་ཏུ་འདོད། འདི་ནི་ལྷོ་རོང་དུ་སྡོད་པའི་སྨྱོན་པའི་སེམས་ཀྱི་ཁ་ཏོག་རེད་ལ། དྲན་པའི་སྙིང་གི་གཞས་ཆུང་ཡང་ཅི་ལ་མིན་ཨང་།

བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ལྷོ་རོང་རྫོང་ཨུའི་རྩ་འཛུགས་པུའི་ཚེ་བརྟན་རྡོ་རྗེ་ནས།


འབྲེལ་ཡོད་འོས་སྦྱོར།