logo

ཐོལ་བྱུང་གི་སེམས་གཞས།

རྩོམ་པ་པོ།:རྨེ་རུ་ཕག་མོ་ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-26 ཀློག་གྲངས།:
      ཐོལ་བྱུང་གི་སེམས་གཞས། 
        རྨེ་རུ་ཕག་མོ་ཚེ་བརྟན། (ཉི་ཧོང་།)


རི་དེ་གསེར་རི་ཡིན་པ།།
སྟེང་གི་གཟི་འོད་མཛེས་པ།།
འོད་དེར་ཕྱོགས་རིས་དབེན་པ།།
ཕྱོགས་བཅུ་སྣང་བས་ཁྱབ་པ།།
མགོན་དེ་ལུང་གིས་ཕྱུག་པ།།
གསུང་པ་རྒྱུད་ལ་འཚམ་པ།།
སྨྲ་མཁས་ཕན་འདོད་དྲགས་པ།།
སྣོད་ལྡན་ཡར་བསྐྱེད་ཆེ་བ།།
སྒ་དེ་གསེར་སྒ་ཡིན་པ།།
བསྟད་ན་རྒྱབ་ལ་བདེ་བ།།
རྟ་དེ་ལྷ་རྟ་ཡིན་པ།།
བརྒྱུགས་ན་གོམ་ལག་བདེ་བ།།
གྲོགས་དེ་ཚེ་གྲོགས་ཡིན་པ།།
འདྲིས་ན་ཕྱི་ཐག་རིང་བ།།
མ་དེ་གཤིས་བཟང་ཡིན་པ།།
འགྲོགས་ན་ཁྲེལ་གཞུང་ཆེ་བ།།


འབྲེལ་ཡོད་འོས་སྦྱོར།