དམངས་ཁྲོད་གཏམ་དཔེ་ཁག་ཅིག
བྱང་ཕུ་མེད་གནམ་ལུང་སྐྱ་མོ་ན།
མགོ་བྱ་མེད་ཀྱི་ཕོ་རོག་ནག་ཆུང་འདི།
བྱ་མེད་ཀྱང་གནམ་འཕང་བསྟོད་ནི་ཞིག་རེད།
རྒྱབ་གོས་མེད་ཀྱི་རི་སྐྱང་སྔོན་མོ་འདི།།
གོས་མེད་ཀྱང་ཁ་སྐྱིད་རྒྱག་ནི་ཞིག་རེད།།
བྱ་རྒྱ་པོས་བྱ་རྒྱལ་ཁྱུང་ལ་ལྟོས།།
བྱ་མ་བུས་རང་གི་འདང་ལ་ལྟོས།།
ཁྱོད་རི་རབ་མགོ་ཡི་ཁྱུང་ཆེན་རིག་ས།།
ཁྱོད་རྒྱ་མཚོའི་སྟེང་གི་ནོར་བུ་རིག་ས།།
ཤ་ལྷོད་ལ་འབབ་པའི་ཁྱི་ཡོད་ནི་རེད།།
ཁྱི་ལ་ཀར་འབུད་པའི་ལྟོ་ཡོད་ནི་རེད།།
ཨ་མ་ཚང་ལ་བུ་ཞིག་ཡོད་ནོ།།
དུང་བ་ཚང་ལ་མདའ་ཞིག་ཡོད་ནོ།།
ཡ་ཆུང་ལ་སྒོ་ཆུང་ཅན་པོ།།
གངས་དཀར་ལ་ཧྲག་ཀ་ཅན་པོ།།
ད་རྒོད་པོས་གནམ་འཕང་གཏད་དང་ནི་རེད་ཡ།།
རྟ་མགྱོགས་པོས་བྱང་ལམ་བཅད་དང་ནི་རེད་ཡ།།
སྟག་ཐིག་ལེ་ཅན་པོ་ནགས་ལ་གཤར་སོང་ནི་རེད་ཡ།།
འབྲོང་རྭ་ཁ་ཅན་པོ་རྫ་ལ་གཤར་སོང་ནི་རེད་ཡ།།
ཁྱི་རྔ་མ་ཅན་པོ་ཤུལ་ནས་ལུས་སོང་ནི་རེད་ཡ།།
ང་ཡག་ན་གེ་བུའི་བློ་རེད་ཡ།།
ང་བཙོག་ན་འགྲིག་གེ་བྱ་རེད་ཡ།།
ཆང་དཀར་ཡོལ་ནང་ནས་མི་འཕོ།།
གཏམ་ཁ་ལྕེ་བར་ནས་མི་འབོད།།
ཁག་འཇོག་ས་ཁ་དཀར་རྐྱང་རེད།།
མདའ་འཕེན་ས་བྲེ་སེར་འབྲོང་རེད།།
རྟ་རག་རག་ཅན་ལ་རན་ནི་བཤད་ལ།།
རྟ་ཁམ་ཁམ་ཅན་ལ་ཁམ་ནི་བཤད་ལ།།
དགོང་ཕྱི་དྲོའི་མགྲོན་པོ་ཁྲིད་ལ་ཟེར་ར།།
ཁོས་མཁྱེན་པའི་འདུ་ཤེས་བླ་མ་ཡོད་ནི་རེད།།
ཁོས་བཤད་པའི་འདུ་ཤེས་རྒད་པོ་ཡོད་ནི་རེད།།
ཡ་ཆུང་ཁོག་ནས་རྟ་རྒྱུག་ན་ཆོག་ནི་རེད།།
མ་ཆུང་ཁོག་ནས་ངལ་གསོས་ན་ཆོག་ནི་རེད།།
ཁྱོད་ས་མགོའི་ལབ་ཙེ་རེད།།
ཁྱོད་སྡེ་བའི་དཔོན་པོ་རེད།།
ཐང་ནས་སྒང་རིག་ནི་དཀའ་ནི་རེད།།
སྒང་ནས་ཐང་རིག་ནི་མང་ནི་རེད།།
རྩྭ་ཉལ་ལེ་བོའི་ནང་གི །
དུག་ལངས་ལེ་བོ།།
ས་རྟ་བ་སྒ་ར་མའི་ལྡོམ་ཐག་ཅན་པོ།།
ལོ་ད་ལོ་ལྟ་རྒྱུ་མེད་ཀྱང་སང་ལོ་ཡོད།།
བཞི་བརྒྱ་ནད་ཀྱི་འབྱུང་ཁུངས།།
དམར་ནག་འདེབས་པའི་ས་བོན།།
རྡོ་རིལ་རིལ་མཁར་གྱི་རྩིག་པ།།
ཤིང་རྒུ་རུ་ལྷ་འདྲེ་འབུད་ཤིང་།།
ང་ཆུང་དུས་ཧ་ཅང་དྭངས་ནི་ཞིག །
ང་རྨ་ཁ་རྡིང་གི་སང་ནི་ཞིག །
མདའ་འཕེན་སའི་ལམ་གྱི་རྡོ་བསེལ་དགོས།།
རྟ་རྒྱུག་སའི་ལམ་གྱི་དོང་བསུབ་དགོས།།
(མུ་འགོད།)