logo

གཡག་རྔ་དཔའ་མ་ཞུམ།

རྩོམ་པ་པོ།:ཧོར་བུ་བཀྲ་རྡོར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-22 ཀློག་གྲངས།:

 

         ཟླ4པའི་ཚེས20ཉིན།

         སུས་ཀྱང་བྱོལ་ཐབས་མེད་པའི་ས་འགུལ་ཞིག

         ལན་འགར་ཡོམ་པས།

         ཚེ་སྲོག་དུ་མ་ལྔ་ལམ་དུ་དྲངས།

         དོན་ལྡན་གྱི་ཚེ་སྲོག་དུ་མ་རང་དབང་མེད་པར།

         འདི་ལྟར་གོད་ཆགས་ཁྲོད་མར་མེ་ལ་ཕུ་བཏབ་པ་བཞིན།

         ནག་ཚུབ་བར་ས་ཆེན་ལ་དུ་བས་ཁེངས།

         འདས་སོང་གི་གཉེན་ཉེ། བདེ་བར་ཕེབས་རོགས།

         གོ་ལའི་སྟེང་སུ་འཚོ་བའི་མི་བུ་དུ་མའི་སྨོན་ལམ་ཡོད།

         འཚོ་བཞིན་པའི་གཡག་རྔའི་སྤུན་གྲོགས།  དཔའ་མ་ཞུམ།

         ང་ཚོ་ལྷན་དུ་དཀའ་སྡུག་མཉམ་མྱོང་ལས།

         སང་ཉིན་གྱི་ཉི་གཞོན་བསུ་བར་འགྲོ།

         གཡག་རྔ། གཡག་རྔ།  དཔའ་མ་ཞུམ།


འབྲེལ་ཡོད་འོས་སྦྱོར།