མེ་འབར་གྱི་རང་མོས་སྙན་རྩོམ་ཁག་བཏུས།
འབྲོང་།
ས་གཞི་ཁ་བས་གཡོགས་ཤིང
བྱམས་སེམས་དང་རྙིང་རྗེས་དབུལ་བའི་ནམ་མཁའ་འདིས
ད་དུང་ཡང བར་མེད་ཀྱི་ཁ་བ་དབྱུགས་ཀྱིན
ཆད་མེད་ཀྱི་དྲང་རླུང་ཤུགས་ཀྱི་ལྡང་བས
ང་རང་གདུང་བས་མནར་བྱུང
ཡིན་ནའང ཁྱེད་ཉིད་དྲང་ངར་གྱིས་མདུན་དུ
གང་ཡང་མི་སྙམ་ཞིང
སུ་ལའང་ཁག་དཀྲི་མི་བྱེད་པར
མདུན་ནས་དུ་བསྐྱོད་ཅིང
བདེ་སྐྱིད་ཀྱི་ཞིང་ས་འཚོལ་ཞིང
རང་གི་ཕུགས་འདུན་སྙེག་གྱིན
དྲང་ངར་དང་ན་ཟུག་གི་ལམ་དུ་བསྐྱོད་ཅིང་འདུག
ཕུག་བསམ།
གཅིག་བྱས་ན་ལག་རྩལ་མི་ལེགས་པས
བྲིས་པའི་རི་མོར་གསོན་ཤུགས་མི་ལྡན
གཅིག་བྱས་ན་རྣམ་འགྱུར་མི་ལེགས་པས
མཛེས་ཉམས་འདི་དྲ་མི་ལྡན
སྐབས་ཤིག་གི་རྗེས
ཡང་ན་ལག་པར་ན་ཟུག་གི་རླན་པས་ཡིན་སྲིད
གང་ལྟར་ ནོར་འཁྲུལ་བར་མེད་ཤོར
དོན་ཆུང་ལ་ཡིད་གཟབ་མ་བྱས་པས
མགོ་བོ་གཅོད་ལ་ཉེ་བའི་ལས་རེ་བྱུང
ཕྱིན་པའི་ལམ་མང་བས
རྐང་པས་འགྲོ་སྟང་ལེགས་པར་ཤེས་ཞིང
ངས་གཅིག་རྟོགས་བྱུང
ཕུག་བསམ་མེད་ན
མདུན་ལམ་ལ་ཁ་ཕྱོགས་མེད
ཕུགས་བསམ་མེད་ན
བྱོལ་སོང་གི་བསན་ཡན་རེད
ང་ཚོར་ཕུགས་བསམ་ལྡན་དགོས
ཕུག་བསམ་གྱི་ཆེད་དུ་བློས་གཏོང་ཐུབ་པ་དགོས
ཕུགས་བསམ་གྱི་ཆེད་དུ་གང་ཡང་བྱེད་དགོས
འོན་ཀྱང་བྱོལ་སོང་དང་བོང་བུ་བཞིན
ལེགས་ཉེས་མེད་པའི་ཕུགས་བསམ་མ་བསྒྲུབ་རོགས
༢༠༡༡ལོའི་ཟླ༡༢པའི་ཚེས༩ཉིན།
མི་ལ་རས་པ།
ཟས་སུ་ཟ་འཐུག་ཟ་བཞིན
གོས་སུ་ཟན་རལ་ཞིག་གྱོན་ནས
གནམ་ལ་འཕུར་ཞོར
ས་ལ་འཛུལ་གྱིན
ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན
གནམ་གྱི་མཐོང་ནས
ང་འབོད་ཀྱིན
ཕུར་རྩལ་སློབ་ཞིང
འཛུལ་ཚུལ་སློབ་གྱིན
ངུ་ངག་དང་ཤོམ་རྭ་བྱེད་བཞིན་འདུག
ལྐུག་དྲགས་པས་ཡིན་ནམ
ལུས་ལ་སྦ་འབུས་ཁེངས་པས་ཡིན་
ཡང་ན་ཞིམ་ཟས་ཟ་རྒྱུ་མང་བས་ཡིན
ངས་འཕུར་རྩལ་ཅི་ཡང་མི་ཤེས་ཤིང
འཛུལ་རྩལ་ཡང་ནས་ཡང་དུ་བརྗེད་ཀྱིན་འདུག
ཕལ་ཆེར་ང་ལ་ནུས་པ་མེད་པས་འདྲ
སྣང་བ་བན་བུན།
ཁ་པར་ལས་འཚམས་འདྲི་བྱེད་ཞོར
ཕ་རོལ་གྱིས་ནམ་ཟླ་འདྲི་བཞིན
ཚུ་རོལ་གྱིས་གནམ་གཤིས་བཤོད་ཀྱིན
ཕ་རོལ་ནི་དྭངས་གཙང་ཉི་འོད་ཀྱིས་འཕྲོས་ཤིང
ཚུ་རོལ་ན་ནག་ལོང་སྨུག་སྤྲིན་གཡོ་བཞིན
ངའི་མདུན་ངོས་མི་གསལ
ངའི་མགོ་ཐོག་ཆར་གྱིས་བརླན་པས
ངའི་ན་ཟུག་བཤོད་ཀྱིན་བཤོད་ཀྱིན
མིག་ཆུའི་ཐིགས་ཕྲེང་ས་རུ་ཟག་བཞིན་འདུག
ཕ་ཡུལ། གྲོང་ཁྱེར།
གྲོང་ཁྱེར་ནས་ཕ་ཡུལ་དུ
འ་འུར་གྱི་སྐད་སྒྲ
ཟང་ཟིང་གི་མི་ཚོགས
སློང་མོས་ཁེངས་པའི་སྲང་ལམ
རྫུན་མ་ཡག་རབ་བརྗོད་པའི་ཁྲོམ་གཞུང
གནས་དེར་ང་ཅི་ཡང་མི་དགའ་ཞིང
ཕ་ཡུལ་གྱིས་རླང་འཁོར་ཁ་ལོ་སྒྱུར་གྱིན་སྒྱུར་གྱིན
སྔོ་ཐིང་ཐིང་གི་སྤང་ལྗོངས
ཁྲ་ཆིལ་ཆིལ་གྱིས་མེ་ཏོག
ད་དུང་ནག་ཚལ་ལྗོན་པའི་སྟེང་གི་བྱེའུ་ཆུང
ཅིའུ་ཅིའུ་སྙན་པའི་མགྲིན་གླུ་ལེན་ཞོར
ངའི་སེམས་གྱིས་གདུང་བ་བསེལ་ཞིང
དགའ་སྤྲོས་མྱོས་པར་བྱས་སོང
དེ་རིང་གི་ནམ་ཟླ།
སྦར་མོས་རེགས་རྒྱུ་མེད་པའི་གནམ་ལ
ཡར་ལྟ་ཐེངས་གཅིག་གིས
ངའི་མགོ་བོ་ཆར་གྱིས་བརླན་ཞིང
ངའི་ལུས་པོ་གྲང་ཟུག་གིས་མནར་བས
ནག་སེང་སེང་གི་ནམ་མཁའ་ལ་ལྟ་མི་འདོད
རླུང་འཚུབ་འཚུབ་གྱི་མཁའ་དབྱིངས་ལ་ཁ་ཡ་བྱེད་མི་འདོད
ང་རང་གཅིག་པོར
མྱ་ངམ་ཐང་དུ་འདྲེ་ལོག་རྒྱབ་ནས
གང་འདོད་ཀྱི་རྩེད་འཇོར་རོལ་འདོད