logo

རང་ལ་དྲན་གསོ་གཏོང་བ།

རྩོམ་པ་པོ།:ལྷམ་ཀོག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-10 ཀློག་གྲངས།:

འོད་ཟེར་ཐིགས་པ་འགའ།

 

མིག་གི་གཏིང་ནས

ས་རྡུལ་ལ་བཙོ་སྦྱངས་བྱས་ཟིན་པའི་རྔུལ་ཆུ

རུས་པའི་གསེབ་ཀྱི་འོད་ཟེར་གྱི་སྐུད་པ

རིམ་གྱི་མཐོ་རུ་བརྩེགས་ན་ཅི་ཞིག་ཡིན་ནམ

རྨི་ལམ་ཞིག་སྟེ

ཡིད་ཀྱིས་བློས་བཏགས་བྱས་ཟིན་པའི་ལྡེབས་སུ

སྔོ་ཡོམ་ཡོམ་གྱི་མཚོ་མོ  སྐྱོ་ལྷང་ལྷང་གི་འདས་སྐད

བླ་ནས་སྟོབས་ཤུགས་སུ་འཕྱུར་ཡོད

 

ལུས་ངག་གི་ཕྱི་ནང་ན

མུན་ནག་གི་རེ་བའི་ཕུག་པ་ན

ལྷ་སའི་བུ་མོ་ཞིག་གི་རལ་བའི་གཡབ་གཡུག

བླ་སྐར་ལ་དུད་པས  སྙིང་ཚ་ཚ

རུས་པར་བརྡུངས་པའི་གྲོག་མ ཚང་མལ་སྙེག་པའི་གྲོག་མ

མགོ་བོ་ཀྲོག་ཀྲོག  ཀྲོག་ཀྲོག་གི་མགོ་བོ

ཉི་མའི་རྩེ་ལ་རེག་པས

ལམ་འཕྲད་བྱམས་པའི་སྙིང་ལ་ལྷུང་བའི་བདུད་རྩི་ཐིགས་པ་འགའ

གྲུ་ཆུང་ལ་སྤྲད་པའི་རྟ་མགོ

སྐྱིད་ཆུའི་གཞུང་ན་ཕྱིར་དཀྱོགས་འདུག

ཉི་འོད་ལ་བསྙེགས་ནས་ཕྱིར་དཀྱོགས་འདུག
 


འབྲེལ་ཡོད་འོས་སྦྱོར།