༄༅།།སྲུང་ལྭ་དཀར་པོའི་ཐུ་འོག་གི་ཝུའུ་ཧཱན།
རྩོམ་པ་པོ།:ཁ་བ་བུ་ཡུག(མགོ་ལོག )
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-02-10
ཀློག་གྲངས།:
ལོ་ངོ་སུམ་སྟོང་ལྔ་བརྒྱའི་སྔ་རོལ་དུ
ཁྱོད་ཀྱིས་གཅན་གཟན་གྱི་རས་པའི་ངོས་སུ
ཞཱང་ཝུའུ་གོང་མ་ཆེན་པོའི་ལྷ་སྒྲུང་བསྟར་ཨེ་མྱོང
དཔྱིད་མགོའི་མེ་ཏོག་ཐ་མ་དེ་སད་ཀྱིས་ཁྱེར་དུས
ཀྲུང་ཙཱི་ཆཱས་དང་དབྱི་པཱོ་ཡཱའི་མཐའ་མཇུག་གི་དཀྲོལ་དབྱངས་དེའང
ཧིང་ཧཱེ་ཐོག་ཁང་གི་རྒྱ་ཕིབས་རྩེ་ནས་ལྷོད་ཀྱིས་འཇགས་སོང
འོན་ཀྱང་། ང་ཡི་འཁྲེངས་སེམས་ནང་གི་ཝུའུ་ཧཱན་ལགས
ཁྱེད་ཀྱི་ལོ་རྒྱུས་ཀྱི་སྙན་པའི་དིང་གླིང་དེ་ནམ་ཡང་འཇགས་མི་ཐུབ
ལོ་ངོ་སུམ་བརྒྱའི་རྗེས་ཀྱི་དེ་རིང་སྟེ
ལུག་གསར་གྱི་སྤྱི་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན
ཁྱོད་ཀྱི་ཡངས་བའི་གྲུ་ཁ་རུ་གྲུ་གཟིངས་མི་མཐོང
རྔམ་བརྗིད་ཀྱི་འབབ་ཚུགས་རེ་རེར་སྟོང་བར་ལུས
ཁྲ་ཚོམ་གྱི་གློག་བཞུ་དང་ཟང་ཟིང་གི་མི་ཚོགས་ཀྱང
དུས་མཐའི་ཤ་འོད་ཀློང་ན་ཉམ་ཆུང་གིས་ཁེགས
འོན་ཀྱང་། སྲུང་ལྭ་དཀར་པོའི་ཐུ་འོག་གི་མཚོ་གྲོང་ལགས
ཁྱེད་ཀྱི་མཛད་མཐའ་བྲལ་བའི་ཚེ་སྲོག་གི་ཆུ་རྒྱུན་ནམ་ཡང་མི་ཁེགས
རིགས་ཞེན་གྱི་རྦ་རླབས་འོག་ན་དྲག་ཏུ་འཕྱོ་བའི་དཔུང་རྡང་འདི
ཁྱོད་ཀྱི་རྒྱལ་ཁའི་སང་ཉིན་བསུ་བའི་ལག་བརྡ་ཡིན
བརྩེ་ཞེན་གྱི་འབོད་སྐུལ་བར་ན་ཆེམ་ཆེམ་འགུལ་བའི་མིག་ཆུ་འདི
ཁྱོད་ཀྱི་དགའ་སྐྱིད་མ་འོངས་འདྲེན་པའི་སྐྱ་རེངས་ཡིན
ནད་ཡམས་ཀྱི་མུན་པ་འདི་ཇི་ལྟར་མཐའ་ཀླས་ཀྱང
གོད་ཆགས་ཀྱི་གཅོང་རོང་འདི་ཅི་ཙམ་གཏིང་རིང་ཡང
སྲུང་ལྭ་དཀར་པོའི་ཐུ་འོག་གི་མཚོ་གྲོང་ལགས
ཁྱོད་ལ་ལྷ་རྗེ་ཀྲུང་ནན་ཧྲཱན་གྱི་སྐྱབས་འཇུག་ཡོད
ཁྱོད་ལ་དཔའ་བོ་ལིས་ཝུན་ལཱིང་གི་རྒྱབ་དཔུང་ཡོད
ལེའི་པཱེའི་སྙན་ངག་ཁྲོད་ཀྱི་ཧོར་ཟླ་གསུམ་པ་སྔར་བཞིན་ཚེས་འོང
ནགས་བལ་འཇམ་པོའི་ཆར་ཟིམ་སྔར་བཞིན་དབབ་འོང
གནམ་གྱི་ཕ་མཐའ་བསྙེག་པའི་འབྲི་ཆུའི་འགྲམ་རྒྱུད་ནས
འུ་ཅག་གིས་རྒྱལ་ཁ་འདྲེན་པའི་དར་ཤིང་མཐོ་རུ་བཏེག
འུ་ཅག་གིས་སང་ཉིན་བསུ་བའི་ཕྱྭ་གཡང་བརྩེ་བས་དགུག
མཆན།
1 མཚོ་གྲོང་། 江城
2 ཞཱང་ཝུའུ་གོང་མ། 玄武大帝
3 ཧིང་ཧཱེ་ཐོག་ཁང་། 黄鹤楼
4 ཀྲུང་ཙཱི་ཆས། དབྱི་པཱོ་ཡཱ། 钟子期 俞伯牙
5 ལེའི་པཱེ། 李白

འབྲེལ་ཡོད་འོས་སྦྱོར།