logo

ཁ་བ་ན་རོའི་སྙན་ངག་ཚན་པ་གཉིས།

རྩོམ་པ་པོ།:ཁ་བ་ན་རོ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-02-18 ཀློག་གྲངས།:
                    མིང་མེད།

རླུང་གིས་བཤད་འཕྲོར་ལུས་པའི་སྙིང་གཏམ
ཆར་བས་བཤད་སོང

ཆར་བས་བཤད་འཕྲོར་ལུས་པའི་སྙིང་གཏམ
ཁ་བས་བཤད་སོང

ཁ་བས་བཤད་འཕྲོར་ལུས་པའི་སྙིང་གཏམ
ད་ནི་ངས་བཤད་ཡོང

སྙིང་ལགས  བརྩེ་བ་ནི་མདུད་པ་ཞིག་ཡིན
སྐུད་པ་གཉིས་ཕྱོགས་གཉིས་ནས་ཡོང་སྟེ
མཉམ་གཅིག་ཏུ་གྲུབ་པའི་མདུད་པ་ཞིག་ཡིན
དེ་བས  སྙིང་ལགས
ངེད་གཉིས་བརྩེ་བའི་མདུན་ལ་འགྲོ
འགྱུར་མེད་ཀྱི་བརྩེ་བའི་མདུན་ལ་སོང་ནས
མཉམ་དུ་ལྷོད་མི་སྲིད་པའི་མདུད་པ་ཞིག་རྒྱག

                    མི་ཚེ།

མི་ཚེ་སྟེ
རིང་ལ་མི་རིང་བའི་མི་ཚེ་ནི
ཉིན་སྣེར་ཉིན་མཐུད་ཀྱང
ལོ་སྣེར་ལོ་མཐུད་ཀྱང
སྐབས་སྐབས་སུ་སྤྲོ་སྣང་དང
སྐབས་སྐབས་སུ་སྡུག་བསྔལ་ལས་མེད
མཇུག་མཐར་རུས་པ་ལས་ཅི་ཡང་ལྷག་མེད་དུས
ང་ཚོས  ང་ཚོའི་ནང་མི་དག་ལ
མིག་ཆུ་དང་སྐྱོ་གདུང་ལས་ཅི་ཡང་བཞག་མེད
འབྲེལ་ཡོད་འོས་སྦྱོར།