མགུར་མའི་གདངས་གླུ།
རྩོམ་པ་པོ།:དབུ་འཇིགས་མེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-06-30
ཀློག་གྲངས།:
ཞི་བའི་ལེགས་མཛེས་ཡིད་འོང་དབྱངས་ཅན་མ།།
སྙན་ཚིག་ཟག་མེད་དབྱངས་ཀྱི་མགུར་ཆེན་འདི།།
རིག་བྱེད་ངག་གི་མཆོད་པའི་དབྱིངས་སུ་འདྲེན།།
ལེགས་མཛེས་ཚིག་གི་སྙན་ངག་ཤིས་པར་སྩོལ།།
ཚོགས་དྲུག་སྣང་བའི་མགུར་མ་ངག་གིས་གྱེར།།
ཞི་བའི་ངག་གི་གདངས་གླུར་མཛེས་དཔལ་རྒྱས།།
ཉམས་སྣང་ཀུན་རྟོག་སྒྱུ་མའི་ཆོ་འཕྲུལ་མཛེས།།
སེམས་ཉིད་ངལ་དུབ་སངས་བའི་རྒྱུ་ཉིད་གྱུར།།
ཚིག་གི་གདངས་དབྱངས་དཀྲོལ་བའི་ཚོར་བ་ཤིག།
འཇིག་མེད་ཤེས་རབ་སྣང་བའི་གླུ་རུ་བཞེངས།།
རིག་བྱེད་ངག་གི་ལང་ཚོར་མཛེས་དཔལ་རྒྱས།།
བདག་ཡིད་ཀུན་ཏུ་དགའ་བའི་ཚོར་བ་སྐྲུན།།
མགུར་མའི་རང་བཞིན་དཀྲོལ་བའི་ཚོར་བ་ཤིག།
སེམས་བྱུང་སྒྱུ་མའི་སྣང་བ་རང་སར་གཤེགས།།
སྙན་ཚིག་མེ་ཏོག་འཐོར་བའི་ཡིད་འཕྲོག་མ།།
ཚོགས་དྲུག་སྣང་བ་འགུག་པའི་མཛེས་སྡུག་མ།།
སྣང་སྲིད་མགུར་མར་སྦྱར་བའི་སྐྱོ་གདུང་ཅིག།།
མཛེས་པའི་མེ་ཏོག་པད་མས་སེལ་བར་གྱུར།།
ངག་ལ་འཐོར་བའི་དབྱངས་ཀྱི་ཆོ་འཕྲུལ་ཅིག།
མ་བཅོས་སེམས་ཀྱིས་བཞེངས་བའི་ངག་གླུ་ཡིན།།
ཞི་བའི་ཏིང་འཛིན་སེམས་ཉིད་ངང་གིས་བཞག།
སྣང་བ་ཚིག་གི་གདངས་དབྱངས་ངག་ལ་བསྐུལ།།
དབྱངས་ཅན་ཀུན་ཏུ་དགའ་བའི་མགུར་མ་ལ།།
མཐའ་མེད་མཛེས་པའི་འོད་ཟེར་རབ་ཏུ་འཕྲོས།།
ཚོར་བའི་དེ་བཞིན་ཉིད་ལ་མགུར་མ་བརྩམས།།
སྒྱུ་འཕྲུལ་མགུར་གྱི་འོད་ཟེར་མཐའ་མེད་འཕྲོས།།
ནམ་རྟོག་ཚིག་གི་ལོ་འདབ་དབྱངས་ལ་ཐིམ།།
ངག་རིག་པདྨའི་འཛུམ་གྱིས་དབྱངས་སུ་བཀུག།།
ཚོར་བའི་སྒོམ་བྱུང་གྲོལ་བའི་འདི་དག་ལ།།
སྙན་ངག་རླབས་ཀྱི་ཟེགས་མ་ཇེ་ཆེར་གྱུར།།
སྟོང་ཉིད་ཟབ་དོན་རིག་བྱེད་ངག་གིས་གྱེར།།
དབྱངས་ཅན་དགྱེས་པའི་ངག་གི་མཆོད་གཟུཊ་ཡིན།།
༢༠༢༢.༤.༩ ཉིན་བརྩམས།
སྙན་ཚིག་ཟག་མེད་དབྱངས་ཀྱི་མགུར་ཆེན་འདི།།
རིག་བྱེད་ངག་གི་མཆོད་པའི་དབྱིངས་སུ་འདྲེན།།
ལེགས་མཛེས་ཚིག་གི་སྙན་ངག་ཤིས་པར་སྩོལ།།
ཚོགས་དྲུག་སྣང་བའི་མགུར་མ་ངག་གིས་གྱེར།།
ཞི་བའི་ངག་གི་གདངས་གླུར་མཛེས་དཔལ་རྒྱས།།
ཉམས་སྣང་ཀུན་རྟོག་སྒྱུ་མའི་ཆོ་འཕྲུལ་མཛེས།།
སེམས་ཉིད་ངལ་དུབ་སངས་བའི་རྒྱུ་ཉིད་གྱུར།།
ཚིག་གི་གདངས་དབྱངས་དཀྲོལ་བའི་ཚོར་བ་ཤིག།
འཇིག་མེད་ཤེས་རབ་སྣང་བའི་གླུ་རུ་བཞེངས།།
རིག་བྱེད་ངག་གི་ལང་ཚོར་མཛེས་དཔལ་རྒྱས།།
བདག་ཡིད་ཀུན་ཏུ་དགའ་བའི་ཚོར་བ་སྐྲུན།།
མགུར་མའི་རང་བཞིན་དཀྲོལ་བའི་ཚོར་བ་ཤིག།
སེམས་བྱུང་སྒྱུ་མའི་སྣང་བ་རང་སར་གཤེགས།།
སྙན་ཚིག་མེ་ཏོག་འཐོར་བའི་ཡིད་འཕྲོག་མ།།
ཚོགས་དྲུག་སྣང་བ་འགུག་པའི་མཛེས་སྡུག་མ།།
སྣང་སྲིད་མགུར་མར་སྦྱར་བའི་སྐྱོ་གདུང་ཅིག།།
མཛེས་པའི་མེ་ཏོག་པད་མས་སེལ་བར་གྱུར།།
ངག་ལ་འཐོར་བའི་དབྱངས་ཀྱི་ཆོ་འཕྲུལ་ཅིག།
མ་བཅོས་སེམས་ཀྱིས་བཞེངས་བའི་ངག་གླུ་ཡིན།།
ཞི་བའི་ཏིང་འཛིན་སེམས་ཉིད་ངང་གིས་བཞག།
སྣང་བ་ཚིག་གི་གདངས་དབྱངས་ངག་ལ་བསྐུལ།།
དབྱངས་ཅན་ཀུན་ཏུ་དགའ་བའི་མགུར་མ་ལ།།
མཐའ་མེད་མཛེས་པའི་འོད་ཟེར་རབ་ཏུ་འཕྲོས།།
ཚོར་བའི་དེ་བཞིན་ཉིད་ལ་མགུར་མ་བརྩམས།།
སྒྱུ་འཕྲུལ་མགུར་གྱི་འོད་ཟེར་མཐའ་མེད་འཕྲོས།།
ནམ་རྟོག་ཚིག་གི་ལོ་འདབ་དབྱངས་ལ་ཐིམ།།
ངག་རིག་པདྨའི་འཛུམ་གྱིས་དབྱངས་སུ་བཀུག།།
ཚོར་བའི་སྒོམ་བྱུང་གྲོལ་བའི་འདི་དག་ལ།།
སྙན་ངག་རླབས་ཀྱི་ཟེགས་མ་ཇེ་ཆེར་གྱུར།།
སྟོང་ཉིད་ཟབ་དོན་རིག་བྱེད་ངག་གིས་གྱེར།།
དབྱངས་ཅན་དགྱེས་པའི་ངག་གི་མཆོད་གཟུཊ་ཡིན།།
༢༠༢༢.༤.༩ ཉིན་བརྩམས།
འབྲེལ་ཡོད་འོས་སྦྱོར།