ཁ་བ་ལྷ་མོའི་སྙན་ངག
རྩོམ་པ་པོ།:ཁ་བ་ལྷ་མོ།
ཡོང་ཁུངས།:༢༠༢༢ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།
དུས་ཚོད།:2022-08-11
ཀློག་གྲངས།:
ས་སྨྱུག་གི་ཁ་དོག་འགྱུར་བ་ནས།
ཁ་བ་ལྷ་མོ།
བཤུལ་ཐག་རིང་དུ་སོང་།
གློ་བའང་རིང་དུ་སོང་།
ཟེ་མ་དང་མིག་འབྲས་ལ་ས་རྡུལ་འགོས་པ་ནས་བཟུང་།
ལ་མོ་མཉམ་གཅིག་བརྒལ་རྒྱུ་བརྗེད།
མཛོ་བོ་དོས་ཤེད་མཉམ་རྒྱུའང་བརྗེད།
རྭ་རྩེ་དང་རྣ་རྩེར་ཙོར་ལོ་སྣ་ཚོགས་དཔྱངས་པ་ནས་བཟུང་།
གྲགས་པའི་སྡེབ་ཁ་འབའ་ཞིག་སྦྱོར་བ་ནི།
རྡོ་བར་མཆིན་པ་གླན་པ་དང་འདྲ།
ས་སྨྱུག་དཀར་པོའི་ཁ་དོག་རྫས་ཀྱིས་འགྱུར་བ་ནས།
བྱིས་པ་དག་ཤ་སྲབ་རུས་སྙི་ཁོ་ནར་སྐྱེས།
རྫས་ཀྱིས་བསྐྱེད་པ་དེ་དག
ལོ་ཟླའི་ཆུ་མོས་དེད་པའི་གྲལ་སྐེད་ནས་དྲན།
ནམ་ཟླའི་བསེར་བུས་གཅུད་པའི་ཁུགས་མགོ་ནས་དྲན།
ཉེ་ནས་དྲན། རྒྱང་ནས་དྲན།
འབྲེལ་ཡོད་འོས་སྦྱོར།
-
སྒྲུང་དང་ལྡེའུ་ཚར་ཆུང་ནང་མ་བྱས། ཨ་ལོང་སྟོང་འཁྱིལ་ར...